Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་ནོར་སྤོངས། ད་ལྟ་ནས་སྤོངས། མ་འོངས་པར་སྤོངས། དུས་གཏན་དུ་སྤོངས།

Posted on 2012-08-02 By ཀླུ་ 17 Comments on ཡིག་ནོར་སྤོངས། ད་ལྟ་ནས་སྤོངས། མ་འོངས་པར་སྤོངས། དུས་གཏན་དུ་སྤོངས།

་                                                                                                                                                                  བསེ་རུ། 

ངས་ནམ་ཡང་མཐོང་མི་ཐུབ་པའི་ཡིག་ནོར། ཡིག་ནོར། ངས་ནམ་ཡང་མཐོང་མི་འདོད་པའི་ཡིག་ནོར། ཡིག་ནོར། ང་ཆེས་འཇིགས་སྣང་སྐྱེ་སའི་མི་མངོན་པའི་ནད་ཡམས་ཤིག ཡིག་ནོར། འཇིག་རྟེན་གྱི་གད་སྙིགས་ཁྲོད་ཀྱི་གད་སྙིགས་ཤིག ཡིག་ནོར། སྐད་ཡིག་གི་བླ་སྲོག་འཕྲོག་མཁན་གྱི་གཤིན་རྗེ་གཏུམ་པོ་ཞིག ཡིག་ནོར། ངས་བྲིས་པའི་ཡིག་ནོར། ཁྱེད་ཀྱིས་བྲིས་པའི་ཡིག་ནོར། ང་ཚོ་ཚང་མས་བྲིས་པའི་ཡིག་ནོར། ཡིག་ནོར། རྒྱལ་ཁབ་ཀྱི་ཡིག་ནོར། ཁྱིམ་ཚང་གི་ཡིག་ནོར། ས་གཞིས་ཐེག་མི་བཟོད་པ་ཡིག་ནོར། ཡིག་ནོར། མིང་བྱང་གི་ཡིག་ནོར། སྒོ་བྱང་གི་ཡིག་ནོར། རྟགས་ཐམ་གྱི་ཡིག་ནོར། ཡིག་ནོར། སློབ་དེབ་ཀྱི་ཡིག་ནོར། ཚིག་མཛོད་ཀྱི་ཡིག་ནོར། གསུང་འབུམ་གྱི་ཡིག་ནོར། ཡིག་ནོར། ནམ་མཁའ་ནས་བབས་པའི་ཡིག་ནོར། ས་གཞི་ནས་སྐྱེས་པའི་ཡིག་ནོར། རྒྱ་མཚོ་ནས་ཐོན་པའི་ཡིག་ནོར། ཡིག་ནོར། བོད་སྐད་ཀྱིས་ཕོངས་པའི་ཡིག་ནོར། བོད་ཡིག་གིས་དབུལ་བའི་ཡིག་ནོར། བོད་ཀྱི་བརྡ་སྤྲོད་ལ་རྨོངས་པའི་ཡིག་ནོར། ཡིག་ནོར། ངའི་སྙིང་གི་འདབ་མ་གཅོད་པར་བྲེལ་བའི་ཡིག་ནོར། ངའི་ཟུངས་ཁྲག་དྲོན་མོ་འཇིབ་མཁན་གྱི་ཡིག་ནོར། ངའི་བླ་སྲོག་ལ་འཇབ་རྒོལ་བྱེད་མཁན་གྱི་ཡིག་ནོར། ཡིག་ནོར། གོ་ལའི་མཁའ་དབུགས་བཙོག་པ་བཟོ་མཁན་གྱི་ཡིག་ནོར། ཚེ་ཚེ་རབས་རབས་ནས་རྒོལ་དགོས་པའི་ཡིག་ནོར། བསྐལ་པ་མ་སྟོངས་བར་དུ་རྒོལ་དགོས་པའི་ཡིག་ནོར། ཡིག་ནོར་སྤོངས། ད་ལྟ་ནས་སྤོངས། མ་འོངས་པར་སྤོངས། དུས་གཏན་དུ་སྤོངས། ཡིག་ནོར། ངའི་ལུས་ངག་ཡིད་གསུམ་ལ་འཇབ་རྒོལ་ནམ་ཡང་མ་བྱེད་རོགས། ཡིག་ནོར། ངའི་ཤ་ཁྲག་རུས་གསུམ་ལ་དུག་རླངས་ནམ་ཡང་མ་གཏོང་རོགས། ཡིག་ནོར། ངའི་བླ་ཚེ་སྲོག་གསུམ་ལ་བྱུར་ཁ་ནམ་ཡང་མ་འདྲེན་རོགས། །

 

 

རྩོམ་རིག

Post navigation

Previous Post: གནམ་ཐང་གི་མགྱོགས་བྲིས།
Next Post: སྟོང་ལོ་གསར་པའི་མི་ཆོས།

Comments (17) on “ཡིག་ནོར་སྤོངས། ད་ལྟ་ནས་སྤོངས། མ་འོངས་པར་སྤོངས། དུས་གཏན་དུ་སྤོངས།”

  1. འབའ་སྲས། says:
    2012-08-02 at 2:52 pm

    ཁྱེད་ཀྱིས་མཐོང་མ

  2. འབའ་སྲས། says:
    2012-08-02 at 2:55 pm

    ཁྱེད་ཀྱིས་མཐོང་མི་འདོད་པ་ཡིག་ནོར་ཡིན་ན། ངས་འབྲི་མི་སྲིད་པ་ཡང་ཡིག་ནོར་ཡིན། དང་ཐོག་ཁྱེད་ཀྱིས་ཡིག་ནོར་སྤོངས། དེ་ནས་བདག་གིས་དོ་སྣང་བྱེད།

  3. ཆུ་ཐིགས་སྔོན་མོ says:
    2012-08-02 at 4:15 pm

    ང་ཡང་དེ་བཞིན་དུ་་་་་་་ངས་འབྲི་མ་མྱོང་བ་ནི་ཡིག་ནོར་ཡིན་་་་་་ངས་ཡིག་ནོར་འབྲི་མི་ཤེས་་་་་ཡིག་ནོར་ངེད་གཉིས་ངོ་མི་ཤེས་་་་་་

  4. འབའ་སྲས། says:
    2012-08-02 at 4:32 pm

    ཧ་ཧ་ཧ། ཆུ་ཐིགས་སྔོན་མོས་བཤད་པ་ཅི་མ་བདེན། ཡིག་ནོར་ཟེར་ན་ཅི་ཞིག་རེད། རིག་མ་མྱོང་ལ་ཐོས་ཀྱང་མ་མྱོང་། དོན་ངོ་མ་ཡིག་ནོར་ཟེར་ན་ཅི་ཞིག་རེད།

  5. འདྲེ་རྐང་ཐོ། says:
    2012-08-02 at 5:31 pm

    ཡིག་ནོར་སྐོར་ལ་དོ་སྣང་གནང་བ་གལ་ཆེན་རེད་ཀྱང་་་་མཚམས་རེར་ཤེས་བཞིན་དུ་ལག་ནས་ཤོར་འགྲོ་བ་དེ་འདྲའང་ཡོང་གི་འདུག་ག ཡིག་ནོར་མེད་པའི་རྩོམ་བྲིས་པ་ཞིག་འདི་རུ་མེད་པས་་་་ཅུང་གུ་ཡངས་གནང་རོགས།

  6. ngaris ses1 says:
    2012-08-02 at 9:31 pm

    བསེ་རུ་འདི་ཁེར་རྐྱང་རང་བསྡད་འདོད་ཡོད་ས་རེད།
    ཡིག་ནོར་མེད་པའི་དེབ་གཅིག་མཐོང་རྒྱུ་ཡོད་དམ།
    ཡིག་ནོར་ཡོད་ཚད་བལྟ་འདོད་པ་དང་མཐོང་འདོད་པ་མེད་ན་ད་དེབ་ཀློག་རྒྱུ་མཚམས་འཇོག་བྱེད་དགོས་ངེས་རེད།
    འོག་གི་མཆན་བུ་བ་ཚོས་ཡིག་ནོར་མ་མཐོང་ཟེར། ཡིག་ནོར་ཡོད་མེད། རྒན་ལ་དྭགས་པ་ལ་དྲིས་དང་ཁོང་ཡིག་ནོར་ལ་བལྟ་རྟོག་བྱེད་མཁན་ཚོགས་ཆེན་དགེ་སྐོས་རེད།

  7. སྲིན་པོ་རྫ་རྒན། says:
    2012-08-02 at 10:16 pm

    དུས་བབ་དང་ཁ་བརྡ་དྲ་ངོས་ཀྱི་ཡིག་འབྲི་བ་བརྒྱ་ཆ་གོ་ལྔ་ཡིག་ནོར་འབྲི་མཁན་རེད། ཡིག་ནོར་འབྲི་མི་དགོས་པའི་མཛུབ་མོ་ཡོད་མཁན་ལྔ་ཙམ་རེད། མཚམས་རེར་ཡིག་ནོར་གླེང་མཁན་ཚོའི་ནང་ནའང་ཡིག་ནོར་འབྲི་མཁན་ཡོད། ཡིག་ནོར་སྐོར་གླེང་བའི་སྤོབས་པ་ཡོད་མཁན་ཁ་ཤས་ཤིག་ལས་མེད། མང་ཆེ་བ་ཡིག་ནོར་འབྲི་མཁན་ཡིན་པ་རེད། ཡིག་ནོར་གླེང་ན། ཡིག་ནོར་འབྲི་མཁན་ཚོའི་མཚང་ལ་ཕོག་ནས་དམོད་མོ་འདོར་མཁན་ཡོད། དེ་ཡིག་ནོར་གླེང་མཁན་ཞིག་མེད་ན་བསམ་པ་རེད། དགེ་བཤེས་ཚོས་ཡིག་ནོར་འབྲི་བ་དང་། མཁས་པ་ཚོས་ཡིག་ནོར་འབྲི་བ། དགེ་རྒན་ཚོས་ཡིག་ནོར་འབྲི་བ། སློབ་མ་ཚོས་ཡིག་ནོར་འབྲི་བ་བཅས་མང་། ང་ཧང་སངས་ཤོས་ནི། མཐོ་བ་གཞུང་ལུགས་རབ་འབྱམས་ལ་མཁས་པར་སྦྱངས་པ་ཡིན་ཟེར་མཁན་གྱི་དགེ་བཤེས་ནས་དམའ་སློབ་མ་བར་ཚང་མས་ཡིག་ནོར་འབྲི་བ་འདི་རེད། འདི་ལ་ཞབས་རིམ་འདྲ་སྒྲུབ་རྒྱུ་ཡོད་ན་སྒྲུབ་རན་རེད། གཏོ་བཅོས་འདྲ་བྱ་རྒྱུ་ཡོད་ན་བྱ་རན་རེད།

    མ་གཞི་ཁ་བརྡ་དང་དུས་བབ་སོགས་ཀྱི་དྲ་བདག་ཚོ་ལ་ལན་པ་གཅིག་ཡོད་པར་མཐོང་གི་ཡོད། ཁོང་ཚོས། ཡིག་ནོར་ཅན་གྱི་རྩོམ་ཡིག་ངོས་ལེན་མི་བྱེད་པ། ཡིག་ནོར་ཅན་གྱི་མཆན་ངོས་ལེན་མི་བྱེད་པའི་ལམ་ཁ་ཞིག་བཟོས་པ་ཡིན་ན། དམའ་མཐའ་མཐའ་ལ་ཚོད་ལྟ་ཞིག་བྱས་པ་ཡིན་ན། ཡིག་ནོར་ལ་བཅོས་ཐབས་མེད་པ་མ་རེད། སྤྱི་ཡོངས་ནས་དག་ཆའི་ཐད་ལ་དོ་སྣང་ཡོང་བར་ཕན་གྱི་རེད། དེ་མིན་མི་གཅིག་གཉིས་ཤིག་གིས་མི་བརྒྱ་སྐོར་གྱི་ཡིག་ནོར་ལ་གཏོ་བཅོས་བྱེད་ཐུབ་ཀྱི་མ་རེད། ཡིག་ནོར་འབྲི་མཁན་ང་ལྟ་བུ་ཚང་མས་ཀྱང་རང་རང་ས་ནས་གཟབ་ནན་རེ་གནང་ན་དེ་ནས་ཡིག་ནོར་ཉུང་དུ་ཕྱིན་ནས། མཁས་པ་ཚོའི་མདུན་ནས་ཉམས་དམའ་པོ་བྱས་ནས་འདུག་མི་དགོས་པའི་མཛུབ་མོ་མང་པོ་ཞིག་ཐོན་ཡོང་གི་རེད་འདོད།

  8. སྐྱུ་རྩི་ནས། says:
    2012-08-02 at 10:50 pm

    ང་ལ་མི་དགོས་པ་ནི་ཡིག་ནོར་ཡིན་ཡང་། ངའི་ལག་པས་བྲིས་པ་ཡང་ཡིག་ནོར་ཡིན།

  9. རང་དབང་ཨ་རྡུ་མན་ says:
    2012-08-02 at 11:23 pm

    ཡིག་ནོར་སྤོངས་ཟེར་ཡག་དེའི་བརྗོད་བྱ་་་་་ངོ་མ་དེ་་་་་་ཡིག་ནོར་རང་ཡིན་ས་མ་རེད་་་་་དེ་ལས་གཏིང་ཟབ་པ་ཞིག་ཡོ་པར་ངེས་་་་་ཁོང་གི་རྩོམ་ཡིག་དེ་་་་་་་ཡང་སྐྱུར་ཐེངས་གཅིག་ཀློག་དང་། ཧ་ཅང་གི་ཟབ་མོ་འདུག།

  10. བཙན་བྱོལ་བ་ says:
    2012-08-03 at 3:08 am

    ཡིག་ནོར་འབྲི་བ་དེ་སྤོང་དགོས་པ་ནི་ངོ་མ་བདེན་པ་རེད། དེ་བས་ཀྱང་ངེས་པར་དུ་སྤོང་དགོས་པ་ནི། ཤེས་བཞིན་དུ་རང་གི་ལུང་ཚན་གྱི་ཁ་སྐད་དེ་ཡི་གེའི་ནང་དུ་ཁྱབ་ཆེན་པོས་བཀོལ་སྤྱོད་ཀྱིས་བསྲེས་ལྷད་བྱེད་བཞིན་པ་དེ་རེད། ཡོད་དགོས་ནི་རེད་ཟེར་བྲིས་པ་དང་། དགོས་ཟིག་ཟེར་བ་སོགས་ཧ་ཅང་མང་། དེ་འདྲ་ནི་ཤེས་བཞིན་དུ་སྐད་ཡིག་ལ་ཉམས་ཆག་གཏོང་བཞིན་འདུག་པས་རང་གི་སྐད་ཡིག་ལ་དོན་དམ་པར་ལར་ཞེན་ཞིག་ཡོད་ཚེ་གཏན་དུ་སྤོང་དགོས་པ་ཡིན།

  11. རྡ་སའི་གླུ་བ། says:
    2012-08-03 at 6:11 am

    ཁྱོད་ཀྱི་ཡིག་ནོར་དང་ངའི་ཡིག་ནོར་ཞེས་གཅིག་གིས་གཅིག་ལ་ཞུ་དག་གཏོང་རེས་བྱས་ན་ཕན་པ་ཞིག་ཡོད་ངེས་ཀྱང་། ངའི་བསམ་པར་དེ་ལས་ཀྱང་ཕན་པ་ཆེ་བ་ནི་ཐོག་མར་རང་ཉིད་ཀྱིས་ཡིག་ནོར་མི་འབྲི་རྒྱུ་དེ་རེད། ཡིག་ནོར་འབྲི་མཁན་ཡིན་ན་འདྲ། ཡིག་ནོར་གླེང་མཁན་ཡིན་ན་འདྲ། རང་ཉིད་ཀྱིས་ཡི་གེ་ཐིག་ཕྲེང་གཅིག་ལས་མ་བྲིས་ཀྱང་དེའི་ནང་ཡིག་ནོར་མི་གཏོང་རྒྱུ་དེ་གནད་ཀྱི་དོན་པོ་ཡིན་པར་མཐོང་། ལྷག་པར་དུ་ང་དང་འདྲ་བའི་ཁ་ལག་མང་བ་ཚོས་གཟབ་གནད་གལ་ཆེན་ཞིག་ཡིན།

  12. བསེ་རུ། says:
    2012-08-03 at 7:46 am

    རྣམ་པ་ཚོས།
    ཡིག་ནོར་ཐོག་ཐུགས་སྣང་གནང་བཞིན་ཡོད་པ་ནི་བཀའ་དྲིན་བླ་མེད་དུ་ཆེ།

    ཡིག་ནོར་ནི་སྐད་ཡིག་གི་དགྲ་བོ་ངོ་མ་དེ་ཡིན།
    ཡིག་ནོར་ནི་སྐད་ཡིག་གི་བླ་སྲོག་འཕྲོག་མཁན་ཞིག་ཡིན།
    ཡིག་ནོར་ནི་ཀུན་གྱིས་སྤོངས་དགོས་པའི་ནད་ཡམས་ཚབས་ཆེན་ཞིག་ཡིན།

    ཡིག་ནོར། ཁྱེད་ལ་མི་དགོས་པའི་གད་སྙིགས།
    ཡིག་ནོར། ང་ལ་མི་དགོས་པའི་གད་སྙིགས།
    ཡིག་ནོར། གད་སྙིགས་ཁྲོད་ཀྱི་གད་སྙིགས།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-03 at 8:39 am

    སྦྲ་དཔལ་ལྡན་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢ གི་ཆུ་ཚོད་ ༤ སྐར་མ་ ༠༠
    ལ་དྭགས་ལགས་ལ་ཁ་སང་བཤད་པར་མི་ཉན་ཀི ཡང་ཞབས་འདྲེན་ཞུས་འདུག་ཀ་ ཁྱོད་རང་གིས་ཞིབ་བལྟ་ཞིག་བྱོས་དང་།
    ངས་ཞབས་འདྲེན་བཞག་པ་བསྟན་དགོས་པ་ཡིན། གོང་གི་བརྗོད་པ་ན།
    ཉན་ཀི འདུག་ཀ་ བོད་ཀྱི་དག་ཆ་ལ་དངོས་གནས་ཞབས་འདྲེན་བཞག་པ་ཞིག་མི་འདུག་གམ། ང་འགྲུལ་པ་ཞིག་ཆགས་ནས་མང་དུ་འབྲི་ལོང་མེད་དོ།།

  14. གནམ says:
    2012-08-03 at 9:21 pm

    ཡི་གེ་ལ་ནོར་བ་ག་འདྲ་ཟེ་འབྱུང་བ་རེད། ཡི་གེ་ཡི་དག་ནོར་འམ་དག་ཆ་ནོར་བ་བྱུང་བ་མ་རེད་ནེ། ཡིག་ནོར་ལས་དག་ནོར་ལ་གཟབ་ན་མི་བཟང་གི་ནེ། དག་ནོར་གི་ཡི་གེ་ལ་གོ་དོན་མེད་པ་དང་ཡིག་ནོར་གི་ཡི་གེ་ལ་ད་དུང་གོ་དོན་ཞིག་ཡོད་པས། གང་གཙོ་བ་མ་ཤེས་ཐལ་བསེ་རུ་ལགས།

  15. བསེ་རུ། says:
    2012-08-04 at 3:10 am

    གནམ་ལགས།
    བཀའ་དྲིན་ཆེ།
    ངས་མ་ཤེས་པ་དང་མ་རྟོགས་པ་ཤིན་ཏུ་མང་།
    སའི་རྡུལ་ཕྲན་ལས་ཀྱང་མང་།
    ཆུའི་ཆུ་ཐིགས་ལས་ཀྱང་མང་།
    དེར་བརྟེན། གཟུར་བོར་གནས་པའི་ཐོག་ནས་འདི་དང་དེ་ཞེས་ནན་ཏན་ངང་ཕྱོགས་གང་ཅིའི་ཐད་ནས་ལམ་སྟོན་དང་རོགས་མགོན་གནང་རོགས།
    རོགས་མགོན་དེ་ནི་ང་བསེ་རུར་རོགས་མགོན་རེད་ལ། བོད་མི་རིགས་ལའང་རོགས་མགོན་རེད།

    ཐུགས་རྗེ་ཆེ།

  16. དགེ་བསྙེན་རྡོ་རྗེ་ says:
    2012-08-04 at 11:06 am

    ཡིག་ནོར་སྤོངས་ཐབས་ཅིག་ནི། ལ་དྭགས་བློ་བཟང་འཇམ་དཔལ་སོགས་ཀྱི་ཞལ་ལ་གསན་མི་དགོས་སམ།

  17. ལོ་མ་ལྗང་ཁུ་། says:
    2012-08-04 at 4:27 pm

    མི་མང་གིས་ཁ་ནས་བཤད་པའི་བོད་སྐད་མི་དག་པ་།
    སྤྲུལ་སྐུས་ཆབ་སྲིད་མཁྱེན་ཁུལ་གྱིས་ནང་བ་མི་དག་པ་།
    དཔོན་པོ་ཚོས་ཆོས་ཤེས་ཁུལ་གྱིས་ཆབ་སྲིད་མི་དག་པ་།
    མཁས་བ་རྣམས་བརྡ་དག་ལ་རྨོངས་བའི་རྩོམ་མི་དག་པ་། 
    ཕ་མར་དག་ཕུགས་འདུན་དབེན་པའི་སླབ་བྱ་མི་དག་པ་།
    ཅོ་མོ་བུ་ལ་མི་དུངས་ཁུལ་གྱིས་ཕར་ཕྱོགས་ནས་རྒས་།
    གྲྭ་བ་མོ་ལ་མི་དགའ་ཁུལ་གྱིས་ཚུར་ཕྱོགས་ནས་ཚར་། 
    གངས་ཅན་པའི་རིགས་རྒྱུད་ཉུང་བའི་བོད་ཡུལ་མི་དག་པ་།
    དབུ་མས་ལོ་རྒྱུས་མི་འཁོ་རང་དབང་ཞེས་ཞུ་བ་འཐེན་།
    རང་གཙན་པས་ལོ་རྒྱུས་གླེང་བཞིན་དབུ་མ་བ་ལ་སྡིགས་། 
    ལྟ་བ་ཟུང་གི་བར་ནས་བོད་པའི་ལངས་ཕྱོགས་མི་དག་པ་། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme