Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐར་ཁུང་དྲ་བ་སྒོ་ཕྱེས་ཡོད་།

Posted on 2012-07-292012-07-29 By ཁ་བརྡ་ 39 Comments on སྐར་ཁུང་དྲ་བ་སྒོ་ཕྱེས་ཡོད་།

སྐར་ཁུང་རྩོམ་སྒྲིག་པས།
འདི་རུ་བསྣུན་ནས་གཟིགས།

དྲ་རྒྱའི་བཀོལ་སྤྱོད་དང་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་པའི་སྐབས་སུ། བོད་ཀྱི་སྐད་ཡིག་ལ་ཡང་བེད་སྤྱོད་ཀྱི་གོ་སྐབས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། བོད་ཕྱི་ནང་གཉིས་སུ་། ཉེ་བའི་ལོ་ཤས་ནང་བོད་ཡིག་གི་དྲ་རྒྱ་ཉིས་བརྒྱ་བརྒལ་བ་ཙམ་ཐོན་འདུག དྲ་རྒྱའི་གྲངས་ཀ་དང་ཀློག་པ་པོའི་གྲངས་འབོར་གཉིས་ཀྱི་ཐོག་ནས་འདི་དགའ་འོས་བའི་བྱ་བ་ཞིག་རེད་མོད་། བྲིས་རྩོམ་གྱི་བརྗོད་བྱའི་ཐད་ནས་ད་དུང་ཡང་གླུ་བརྒྱ་མགྲིན་གཅིག་ལྟ་བུ་ཞིག་ཆགས་ནས་འདུག

སྐར་ཁུང་དྲ་བས་སྔ་མོ་ནས་གླུ་བརྒྱ་མགྲིན་གཅིག་གི་མདུད་པ་དེ་གཏོར་འདོད་ཡོད་ཅིང་། ད་ནི་ལག་ལེན་བརྒྱུད་གཏོར་བར་རྩོམ་བཞིན་ཡོད་།

སྐར་ཁུང་དྲ་བ་འདི་། ཡིག་སྒྱུར་ལ་སྤྲོ་སྣང་དང་ཉམས་མྱོང་། ཡིག་སྒྱུར་གྱི་ལམ་ནས་་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཕྲ་མོ་ཙམ་སྒྲུབ་འདོད་པའི་། བོད་རིགས་ཡིག་སྒྱུར་བ་སྐོར་ཅིག་དང་མཉམ་རུབ་བརྒྱུད་དེ་རིང་གཞི་ནས་སྒོ་ཕྱེས་ཐུབ་ཙམ་བྱུང་།

སྐར་ཁུང་དྲ་བའི་དམིགས་ཡུལ་ནི། བོད་ཡིག་གི་བརྗོད་བྱའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་བོད་ཡིག་གི་བཀོལ་སྤྱོད་མ་ལག་ཇེ་འཐུས་སུ་གཏོང་བ། ཕྱིའི་རིག་གནས་ནང་འདྲེན་བྱེད་པ། བོད་ཡིག་ནང་རྩོམ་བྲིས་སྤེལ་མཁན་རྣམས་ལ་ཆེ་མཐོང་བསྐྲུན་པ་བཅས་ཡིན་ཞིང་། དམིགས་ཡུལ་འདི་དག་འགྲུབ་པ་ལ། ང་ཚོས་དབྱིན་ཡིག་དང་རྒྱ་ཡིག་ནང་ཡོད་པའི་ལེགས་རྩོམ་རིགས་བོད་བསྒྱུར་བྱེད་བཞིན་ཡོད་། དེའི་ཞོར་ནས་། ང་ཚོས་འཛམ་གླིང་ཤར་ནུབ་ཀྱི་བོད་རིགས་ཤེས་ལྡན་པ་ཚོར་དྲི་བ་གསུམ་ཅན་གྱི་བཅར་འདྲི་རེ་བྱེད་རྒྱུ་དང་བོད་ཡིག་ནང་བྲིས་བའི་ལེགས་རྩོམ་རིགས་ལ་མ་འོངས་པར་རྩོམ་ཡོན་ཕུལ་རྒྱུ་བཅས་ཡིན། འོན་ཀྱང་། དམིགས་ཡུལ་སྔ་མ་དག་གཙོ་བོ་དང་ཕྱི་མ་གཉིས་ཕལ་བ་ཡིན།

ང་ཚོས་རྩོམ་ཡིག་ལེགས་འདེམས་ཡོང་ཆེད་དབྱིན་ཡིག་དང་རྒྱ་ཡིག་གི་ཀློག་རྒྱ་ཅན་གྱི་ཤེས་ལྡན་པ་སྐོར་ཞིག་ལ་ཀློག་འོས་ཆེ་བའི་རྩོམ་ཡིག་ང་ཚོར་ངོ་སྤྲོད་བྱེད་རོགས་ཞེས་སྐྱབས་འཇུག་ཞུས་ཡོད་ལ། ཁོང་ཚོས་ཀྱང་དགའ་སྣང་དང་བཅས་ང་ཚོར་ལེགས་རྩོམ་ངོ་སྤྲོད་གནང་བཞིན་ཡོད་། ང་ཚོར་ལེགས་རྩོམ་ངོ་སྤྲོད་གནང་མཁན་ཚོའི་ཁྲོད་དུ་། ཚེ་རིང་ཤཱཀྱ་དང་ལོ་རན་ ཧར་ཁྲི་ལིས་། རབ་འབྱོར་། སྡོམ་པ་ཚེ་རིང་དབང་མོ། བསྟན་འཛིན་བདེ་སྐྱིད་། བསྟན་འཛིན་རིག་གྲོལ། དཀའ་ཐུབ་ཚེ་རིང་སོགས་ཡོད་། དེ་བཞིན་དྲ་གྲོགས་རྣམས་ཀྱི་ཁྲོད་ནས་ཀྱང་སྐད་ཡིག་གཞན་པའི་ཐོག་་བྲིས་པའི་རྩོམ་ཡིག་ཀློག་འོས་ཆེ་བར་སྙམ་པ་རེ་གཟིགས་ཚེ་འདི་ག་རྩོམ་སྒྲིག་པར་ངོ་སྤྲོད་རེ་གནང་རྒྱུ་ཡང་ཐུགས་རྗེ་ཆེ་སྔོན་སོང་གིས་ཞུའོ།

ངོ་སྤྲོད་བྱུང་བའི་རྩོམ་རྣམས་སྒྱུར་མཁན་རྣམས་ལ་ཆེད་དུ་སྐྱབས་འཇུག་ཞུས་ནས་ཁོང་ཚོར་སྒྱུར་ཡོན་ཡང་འབུལ་བཞིན་ཡོད་ལ། ང་ཚོར་དབྱིན་ཡིག་ནས་བསྒྱུར་མཁན་དྲུག་དང་རྒྱ་ཡིག་ནས་བསྒྱུར་མཁན་བཞི་ཡོད་། ད་དུང་། བོད་རིགས་གཞན་གྱིས་བསྒྱུར་པའི་ལེགས་རྩོམ་དེ་འདྲ་ང་ཚོར་བཏང་ཚེ་དེ་ལ་ཡང་དགའ་བསུ་ཞུ་བཞིན་ཡོད་།

སྐར་ཁུང་དུ་ཐོན་པའི་རྩོམ་རྣམས་ལ་མཆན་བུ་བཏབ་ལོས་ཆོག་ཀྱང་དངོས་མིང་བེད་སྤྱོད་གཏོང་མཁན་ཚོར་མ་གཏོགས་མཆན་བུའི་གོ་སྐབས་མེད་། ལྷག་པར་དུ་། རང་གིས་གཏམ་ཡག་པོ་ཞིག་བཤད་པ་ལ་གཞན་གྱི་གཏམ་ལ་ཡག་པོ་ཉན་དགོས་པ་ལྟར། སྐར་ཁུང་ནི་ཆེད་དུ་གཞན་གྱི་གཏམ་ལ་ཉན་ས་དང་གཞན་གྱི་ཚིག་ལ་བལྟ་སའི་དྲ་བ་ཞིག་ཡིན།

སྤྱི་ལོ་༢༠༡༢ལོའི་ཟླ་༧པའི་ཚེས་༢༩ཉིན་གྱི་མཚན་མོར་ཨ་རིའི་ནེའུ་ཡོག་ཏུ།
www.karkhung.com
karkhungeditor@gmail.com

གསར་འགྱུར།

Post navigation

Previous Post: བོད་གནས་གོ་ལོ་ཐོས་ལོ།
Next Post: རྩམ་པ་ནི་བོད་པ་ཁོ་ནའི་མ་རེད།།

Comments (39) on “སྐར་ཁུང་དྲ་བ་སྒོ་ཕྱེས་ཡོད་།”

  1. བོད་ལ་ཞེན། says:
    2012-07-29 at 11:27 pm

    ཡག་པོ་རེད། ཡར་རྒྱས་ནས་ཡར་རྒྱས་འགྲོ་བ་སྨོན།

  2. མེ་ཏོག་དཀར་པོ། says:
    2012-07-29 at 11:41 pm

    ཐུགས་རྗེ་ཆེ། ཡིན་ནའང་སྨྱུག་མིང་འོག་སླེབས་མི་ཆོག་ན་དགོངས་པ་ཞུ་རྒྱུ་རང་རེད། ད་བར་དྲྭ་རྒྱ་དེ་མཐོང་མ་སོང་ལ་མཐོང་འདོད་ཀྱང་མིན་འདུག
    ད་བར་དུ་བཅུན་ཆེ་ནས་ད་བཅུན་ས་དེ་ཚོར་ཡི་ག་ལོག་གི་འདུག
    ཁ་བརྡ་འདི་བཀའ་དྲིན་ཆེ།

  3. རིག་རྣམ། says:
    2012-07-29 at 11:46 pm

    བོད་ཕྱི་ནང་གཉིས་ལ་མེད་པའི་ཡིག་བསྒྱུར་གྱི་དྲ་རྒྱ་འདི་འདྲ་ཞིག་སྒོ་ཕྱེས་པར་དགའ་བསུ་དང་ཆགས་ཅིག་དྲ་བ་འདིས་བྱ་བཞག་རླབས་ཆེན་སྒྲུབ་ཐུབ་པའི་རེ་བ་ཆེའོ།

  4. རི་རྒྱལ་ཏི་སེ། says:
    2012-07-30 at 12:00 am

    སྐར་ཁུང་དྲ་བ་སྒོ་ཕྱེས་གནང་བ་ལ་འཚམ་ཕྲིན་བཀྲ་ཤིས་བདེ་ལེགས་གང་མང་དང་འབྲེལ། སྐད་རིགས་གཞན་ནས་སྒྲུང་གཏམ་སོགས་ཕབ་བསྒྱུར་བྱས་པ་ལས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཕུགས་ཀྱི་ཐུགས་དགོངས་བཞིན་ཚན་རིག་གི་སྐོར་ལ་ཤེས་བྱ་མང་ཙམ་ནང་འདྲེན་ཞུ་ཐུབ་ན་ཁ་ཚ་དགོས་གཏུགས་ཀྱི་ཕན་ཐོགས་ཆེ་བར་སྙམ།

  5. གཅན་བཟོད་རྒྱམ། says:
    2012-07-30 at 12:04 am

    སྐར་ཁུང་དྲ་བ་སྒོ་ཕྱེས་པར་ཡིད་དགའ་ཞིང་རྟེན་འབྲེལ་ཞུ།
    སྐར་ཁུང་དྲ་བ་དེར་མཆན་བུ་འདེབས་པར་དངོས་མིང་སྤྱོད་དགོས་པ་དེ་ནི་དགའ་སྣང་སྐྱེ་བ་ཞིག་རེད། ད་དུང་གཏམ་ཉག་ཉོག་མི་བཤད་པའི་ཆེད་དུ་གཞན་རྩོམ་ཡག་པོ་ཀློག་དགོས་སྐོར་གསུང་བ་འདི་ཡང་དུས་ལ་བབ་པའི་རེ་སྐུལ་དང་དགོས་འདུན་ཡིན་ན། དེ་དེ་བཞིན་དུ་བྱའོ། ། སྐར་ཁུང་ལ་བསྐྱར་དུ་རྟེན་འབྲེལ་ཞུ།

  6. སེང་བུ་འབྲུག་ཞོན།། says:
    2012-07-30 at 12:52 am

    སྐར་ཁུང་དྲ་བར་བཀྲ་ཤིས་བདེ་ལེགས་ཡོད། སྐར་ཁུང་དྲ་བ་ནང་དུ་མཆན་འདེབས་ན་དངོས་མིང་སྤྱོད་དགོས་པར་བསམ་འཆར་གང་ཡང་ཞུ་མི་སྤོབས་སོ།

  7. མེ་ཏོག་དཀར་པོ། says:
    2012-07-30 at 1:18 am

    མི་ཞིག་གིས་མིང་ཞིག་བཀོལ་ནས་སླེབས་དུས་དངོས་མིང་ཡིན་མིན་ཤེས་པར་ཤོག
    དེ་མིང་རྫུན་མིན་པར་ཤོག

  8. སྦྲ་དཔལ་ལྡན། says:
    2012-07-30 at 1:20 am

    སྐར་ཁུང་གི་སྐྱེ་སྐར་ལ་རྟེན་འབྲེལ་ཞུ། བསྐལ་བ་མ་སྟོང་བར་ཏུ་འཚོ་བར་ཤོག

  9. རྭ་རྒྱ་བློ་དབང་། says:
    2012-07-30 at 1:34 am

    དམིགས་དོན་འགྲུབ་པར་སྨོན།

  10. གནམ says:
    2012-07-30 at 2:25 am

    སྐར་ཁུང་ཟེར་བ་འདི་ལ་འགྲེལ་བ་རིགས་གསུམ་རྒྱས་བ་ཞིག་ཡོད་པར་ཞུ།

    རྟ་མགྲིན་མགོན་པོ་ཕྱག་རྡོར་དཔང་ཕྱུག་ལ་སོགས་མདོ་ཁམས་སྒང་གི་ལྟེ་བ་གང་ནས་ཡོད།།
    པ་སངས་མིག་དམར་ལྷག་པ་ཕུར་བུ་དབུས་གཙང་རུ་བཞིའི་ཕྱོགས་མཚམས་ཀུན་ན་རྩི་ཐབས་མེད།།
    སྒྲོལ་མ་འཕགས་མོ་གདུགས་དཀར་ལྷ་མོ་ཆོལ་གསུམ་རིས་མེད་གང་ས་གང་ན་མེད་ས་མེད།
    བསྟན་འཛིན་རྒྱ་མཚོ་འབུམ་ཁྲིར་བརྒལ་བའི་ཡུལ་གྲུ་འདི་ནས་དངོས་མིང་བཀོད་པའི་དགེ་བ་ཅི།།

    དེ་ནས་རྩོམ་ལ་རྩོམ་ཡོན་ཡོད་ན་མཆན་ལ་མཆན་ཡོན་མི་འབབ་པ་ཅི་ཕྱིར།

    དྲ་བདག་པ་ཚང་མར་ལམ་འགྲོ་ཡོངས་བར་ཤོག
    སྨྱུག་མིང་འཛིན་པ་ཐམས་ཅད་ཡུན་གིས་རྒྱལ་བར་ཤོག

  11. གངས་ལྗོངས་རྒྱལ་སྲས says:
    2012-07-30 at 4:43 am

    ༼ སྐར་ཁུང་དུ་ཐོན་པའི་རྩོམ་རྣམས་ལ་མཆན་བུ་བཏབ་ལོས་ཆོག་ཀྱང་དངོས་མིང་བེད་སྤྱོད་གཏོང་མཁན་ཚོར་མ་གཏོགས་མཆན་བུའི་གོ་སྐབས་མེད། ༽ཚིག་རྐང་འདི་ལ་ཉེན་ཁ་ཆེ་ཡ་དཔེར་ན་ བན་དེ་བ་དང་ གཞོན་ནུ་ཟླ་མེད་ ལ་སྟོད་བུ་ གཡུ་འབྲུག་དཀར་པོ་ མེ་ཏོག་དཀར་པོ་སོགས་ག་རེ་གནང་གི་རེད་དངོས་མིང་མིན་པ་དྲྭ་འབུ་ཚང་མའི་ཤེས་གསལ་རེད།ས་མཚམས་ག་འདྲ་བྱེད་ཡཱ།

  12. yum says:
    2012-07-30 at 6:48 am

    ན་ག ཁུང་དུ་ཐོན་པའི་རྩོམ་རྣམས་ལ་མཆན་བུ་བཏབ་ལོས་ཆོག་ཀྱང་དངོས་མིང་བེད་སྤྱོད་གཏོང་མཁན་ཚོར་མ་གཏོགས་མཆན་བུའི་གོ་སྐབས་མེད།

  13. མེ་ཏོག་དཀར་པོ། says:
    2012-07-30 at 6:49 am

    གངས་ལྗོངས་རྒྱལ་སྲས་ལགས། ང་ལ་སེམས་ཁྲལ་མི་དགོས། ང་དེར་འགྲོ་འདོད་མེད་ཅེས་མཆན་དང་པོ་ནང་བཤད་ཟིན། རྒྱུ་མཚན་ནི་དྲྭ་ཚིགས་དེ་སྡུག་ཆེ་ནས་མིན་ཏེ། དེའི་སྒྲིག་འཛུག་ཁུར་མི་ཐུབ་པས་ཡིན། གངས་ལྗོངས་རྒྱལ་སྲས་ཟེར་བ་དངོས་མིང་ཡིན་པར་ཤོག

  14. རྒྱ་གར་རྨ་བྱ། says:
    2012-07-30 at 7:22 am

    སྐར་ཁུང་། ཟེར་བའི་མིང་དེ་སྣང་བ་འགྲོ་བོར་མཐོང་་་་་་སྔ་ས་ཞིག་ནས་་་་་་་ལེགས་པོ་བཏགས་འདུག

    དངོས་མིང་དགོས་ཞེས་པའང་དོན་དུ་མི་འཚམ་མི་འདུག

    ང་ཚོ་བོད་པར་བཀར་ས་ཞིག་མེད་ན་གང་བྱུང་དུ་སྨྲ་བ་ཡིན་པས་་་་་་་་

    སྐར་ཁུང་དྲ་བར་བཀྲིས་བདེ་ལེགས་ཡོད།

  15. ཉི་མ་ལྷ་མོ་ says:
    2012-07-30 at 8:42 am

    སྐར་ཁུང་དྲ་བས་མི་རིགས་གཞན་གྱི་རིག་གནས་བོད་ཡིག་ཏུ་འགྱུར་ནས་ནང་འདྲེན་བྱེད་འཆར་ཡོད་པ་དེར་དགའ་བསུ་ཞུ། དེ་ནི་དགོས་ངེས་ཀྱི་བྱ་བ་ཞིག་རེད། ཁྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།

  16. གཉིས་མེད་སེངྒེ says:
    2012-07-30 at 1:07 pm

    སྐར་ཁུང་དེ་མཐོང་རྒྱ་སྐྱེད་པའི་སྒོ་ཆེན་དུ་འགྱུར་བར་གྱུར་ཅིག་གུ། ཁ་དྲོ་བཀྲ་ཤིས།

  17. དྭངས་བླངས་པ says:
    2012-07-30 at 2:02 pm

    སྨྱུག་མིང་དེ་མེད་ན་ཐབས་མེད་ཞིག་རེད། དཔེར་ན་ཆབ་སྲིད་གི་གསར་བརྗེའི་ངོ་རྒོལ་བའི་བསླབ་བྱ་འདྲ་ཡོད་ན་སྨྱུག་མིང་དེས་སོ་སོར་སྲུང་སྐྱོབས་བྱེད་ཐུབ། ད་དུང་མིང་ནས་སྨོས་འདོད་མེད་པའི་མཆན་བུ་བ་དག་ལ་ཡང་ཕན་ཐོག་ཆེན་པོ་ཡོད། སྐར་ཁུང་དྲྭ་བ་དེའི་བོད་རིགས་བརྩོམ་པ་པོ་དེ་དག་དགྲ་ལག་སྤྲོད་འདོད་ཡོད་ན་དངོས་མིང་ཡོད་པ་མ་གཏོག་སྨྱུག་མིང་འཛིན་མཁན་ཚོ་སྤྲོད་མི་ཐུབ། ཡིན་ན་ཡང་འདིས་ཀྱང་བོད་བསྟན་པ་ཆབ་སྲིད་ལ་གནད་དུ་སྨིན་པའི་གསོས་སུ་འགྱུར་བའི་སྨོན་ལམ་ཡོད།

  18. ཨེ་མི་ལེ། says:
    2012-07-30 at 2:50 pm

    སྙིང་ཐག་པ་ནས་རྟེན་འབྲེལ་ཞུ།

  19. བཙན་པོའི་བུ། says:
    2012-07-30 at 6:21 pm

    འཆར་གཞི་ཁྱེར་ཡོང་སྟངས་དེར་བལྟས་ན་ཡག་པོ་ཡོད་པ་འདྲ། འོན་ཀྱང་བཤད་པར་མི་བལྟ་ལས་པར་བལྟ་ཞེས་པ་ལྟར་རིམ་པས་བལྟ་གི་ཡིན། དྲི་བ་གཞན་ཞིག་ཡོད་པ་ནི། གཞན་ཞིག་ནི་ཁྱེད་ཅག་རྩོམ་སྒྱུར་བ་རྣམས་ཕུད་དེ་མིན་བོད་རིགས་གཞན་གྱིས་ཆེད་རྩོམ་སྤུས་ལེགས་བསྒྱུར་ཚེ་ཁྱེད་ཚོས་འདོན་ངེས་ཡིན་དང་མིན། གོང་དུ་སྨྲས་པའི་ཡིག་སྒྱུར་བ་དེ་དག་གི་ཁྲོད་ནས་ཆད་ལྡན་ག་ཚོད་ཡོད་དམ། དེ་ལ་ང་དོག་པ་ཡོད། གནས་སྐབས་དེ་ཙམ་ཡིན།

  20. འདོད་ལྷ་ཁམས་པ། says:
    2012-07-30 at 8:12 pm

    སྐར་ཁུང་དྲ་བ་གསར་དུ་སྒོ་ཕྱེས་པར་དགའ་བསུ་དང་རྟེན་འབྲེལ་ཞུ། ཁྱེད་དྲ་བའི་སྒྲིག་གཞི་དང་དམིགས་ཡུལ་ལ་རྒྱབ་སྐྱོར་ཡོད། ཡིན་ན་ཡང་གུས་པས་སྐར་ཁུང་ཞེས་པའི་མིང་ཚིག་གི་གོ་དོན་ཇི་བཞིན་ཡིད་ལ་ངེས་དཀའ་བས་ན་ཅི་ཞིག་ལ་སྐར་ཁུང་ཟེར་རམ། ཡང་ན་སྐར་ཁུང་ཞེས་པའི་མིང་གི་བསྟན་དོན་ལ་མཆན་འགྲེལ་ཐུང་ངུ་ཞིག་ཡོད་པ་ཞུ།
    ཕལ་ཆེར་དཀར་ཁུང་དང་དོན་གཅིག་མིན་ལས་ཆེ་སྙམ།

  21. ཀླུ་སྨྱོན། says:
    2012-07-30 at 8:20 pm

    སྐར་ཁུང་ཨང་། གླང་ཆེན་སྐར་ཁུང་ནས་འཛུལ་ཀྱང་མཇུག་མ་སྐར་ཁུང་ལ་ཐོགས་པའི་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་དེ་མངོན་འགྱུར་ཡོང་བཞིན་འདུག་ཨང་།

  22. ཅོག་མྱི says:
    2012-07-30 at 10:05 pm

    ཧྲ་ཀི་ཧྲ་ཀི

  23. ngaris ses1 says:
    2012-07-30 at 10:06 pm

    ཨོ་ད་འདི་ན་ཡང་དགེ་སྐོས་བཙན་པོ་ཞིག་འདུག་ད། དངོས་མིང་པ་མ་གཏོགས་ཡོང་ས་མེད། སྡོམ་པ་ཡོད་མཁན་མ་གཏོགས་ཡོང་ས་མེད། དེ་བྱེད་དུས་ཁག་སེ་ཡིན་དྲོ། གཅིག་བྱས་ནས་ཀླུ་སྨྱོན་མ་གཏོགས་ཡོང་མི་ཐུབ། ཡིན་ནའང་ཀླུ་སྨྱོན་ཅེས་པའང་དངོས་མིང་མ་རེད།

  24. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-30 at 10:18 pm

    སྐར་ཁུང་དྲྭ་བ་ལས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་རྣམས་པའི་བྱ་བ་ལེགསའགྲུབ་དང་རྒྱུན་འཁྱོངས་ཡོང་བའི་སྨོན་འདུན་ཞུ། ད་དུང་སྐར་ཁུང་དྲྭ་བར་མཆན་རྒྱབ་པའི་ཆ་རྐྱེན་དང་པོ་དེ་དངོས་མིང་ངེས་པ་སྤྱོད་དགོས་གསུང་པ་དེ་ཧ་ཅང་གི་བྱ་བ་རླབས་ཆེན་ཞིག་མཐོང། གང་ཡིན་ཞེ་ན། མིའི་བཟང་སྤྱོད་དང་བྲལ་བའི་སྨྱུག་འཛིན་པ་འགའ་ཞིག་གིས་རང་ཉིད་མ་གཏོགས་མི་ཤེས་པའི་མིང་རྫུན་གྱི་འོག་ནས་འགན་འཁུར་མེད་པའི་དཀྲོག་གཏམ་མང་དུ་འགྲོ་བཞིན་པའི་འདི་ཡིས་སོ། དཔེར་ན། རྩོམ་པ་པོ་གང་ཞིག་གིས་རྩོམ་ཡིག་ཕུལ་བྱུང་ཞིག་བྲིས་ཏེ་གླེང་སློང་བ་ཡིན་ན་ཡང་། དྲྭ་མཆན་པ་འགའ་ཞིག་གིས་བརྗོད་གཞི་དང་འབྲེལ་བ་གང་ཡང་མེད་པའི་དོན་མེད་ཀྱི་རྙོག་གཏམ་ཁོ་ན་བཤད་དེ་དུས་འདའ་བའི་དངོས་ཡོད་ཀྱི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་འདིས་ཤེས་ཐུབ། རྩོམ་གང་ཞིག་གི་བརྗོད་བྱ་དང་འབྲེལ་བ་མེད་པའི་མཆན་རྣམས་ནི་འབྲེལ་མེད་དོན་གཞན་རང་རེད། རྩོམ་བྲིས་པ་དེ་སྤྱི་ཚོགས་ཡར་རྒྱས་དང་། མིའི་ཤེས་ཡོན་དང་བཟང་སྤྱོད་ཡར་རྒྱས། ད་དུང་སྤྱི་ཚོགས་ནང་གི་དངོས་ཡོད་ཀྱི་་སྐྱོན་རྣམས་གཟུར་བོ་གནས་པའི་སྒོ་ནས་ལེགས་སྤེལ་ཉེན་འགོག་བྱེད་དགོས་པ་དེ་བོད་ཀྱི་སྨྱུག་ཐོག་པ་རྣམས་ཀྱི་ཁུར་དུ་བབ་པའི་འོས་འགན་གཙོ་བོ་དེ་རེད་སྙམ་མོ།

  25. ལྷོ་པ་ལུང་རིགས། says:
    2012-07-31 at 12:12 am

    སྐར་ཁུང་དྲ་བའི་རྩོམ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ། སྨྱུག་མིང་ངོས་ལེན་མེད་ཟེར་བ་འདི་ཧ་ཅང་ལེགས། ད་གདོང་སྟོན་ཕོད་མཁན་ཚང་མ་ཕེབས་ཤོག དྲ་འབུ་ཚོ་ཡང་རང་ཉིད་ཀྱི་ངོ་གདོང་གི་སྟེང་ནས་ཕེབས་ཤོག ངས་བལྟས་ན། དངོས་མིང་གི་ངོ་བོ་ནས་མཆན་སྤེལ་བའི་འཆར་གཞི་འདིའི་ཆ་ཤས་གཅིག་ལ། ད་འདྲ་པར་རེ་ཡང་ལྷན་དུ་ཡོད་པ་ཞིག་གི་རྣམ་པ་ལྡན་པ་ཞིག་ཡིན་ན་ཧྲ་ག

  26. མེ་ཏོག་དཀར་པོ། says:
    2012-07-31 at 12:19 am

    ལྷོ་པ་ལུང་རིགས་ལགས། ཉིད་ཀྱི་དངོས་མིང་། འདྲ་པར་ཞིག་ཁ་བརྡའི་སྟེང་བཞག དེ་དང་མཉམ་དུ་གོང་གི་མཆན་དེ་འགོད་ན་དགའ་བསུའི་ཐལ་མོ་བརྡེབ།
    དེ་མིན་ངུ་བྲོ་བ་ཙམ་དུ་ཟད།

  27. བོད་པ་སྐྱབས says:
    2012-07-31 at 12:45 am

    དངོས་མིང་ཡིན་མིན་ག་འདྲ་སུ་ཤེས་ནི་རེད།
    དཔེར་ན་ངའི་དངོས་མིང་ལ་རིན་ཆེན་རེད་ངས་བསྟན་པ་ཡིན་ཟེར་ན་སུས་ཤེས་ནི་རེད།

  28. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-31 at 2:33 am

    དངོས་མིང་ཡིན་མིན་དེ་རང་གི་ཤེས་པའི་ཐོག་ནས་དཀོལ་སྤྱོད་ཐུབ་ན་ད་གཟོད་བཟང་སྤྱོད་ལྡན་པའི་མི་བུ་དངོས་གནས་དེ་ཡིན་པ་འདོད། གལ་སྲིད་ཁྱོད་ཀྱི་མིང་ལ་ཉི་མ་ཟེར་གི་ཡོད་ན། ཁྱེད་ཀྱིས་བཀྲ་ཤིས་ཟེར་ནས་བྲིས་པ་ཡིན་ན་དངོས་མིང་མིན་པ་ཤེས་ལྡན་སུས་ཀྱང་ཤེས་ནུས་པས་སོ། དངོས་མིང་བེད་སྤྱོད་བྱེད་པའི་ཐོག་ནས་མཆན་བྲིས་པ་ཡིན་ན་དངོས་ཡོད་བདེན་པ་ལས་བརྒལ་མི་སྲིད་པ་མ་ཟད་མ་ཉེས་ཁག་གཡོག་ཀྱང་བྱེད་མི་སྲིད། གང་ཡིན་ཞེ་ན་རང་གི་གང་གླེང་བ་ཐམས་ཅད་རང་གི་འགན་འཁུར་ངེས་པ་བྱེད་དགོས་པའི་ཕྱིར་རོ། མདོར་ན་དྲྭ་མཆན་པ་ཚད་ལྡན་ཞིག་ཡིན་ཕྱིན་༼སེམས་ཚོར་དང་འགན་འཁུར་གཉིས་ལྡན་ཞིག་ཡིན་དགོས་༽པ་སེམས། དེ་ནི་སྤྱི་ཚོགས་ལ་དགོས་ངེས་ཅན་གྱི་ཁ་བའི་ལྗོངས་ཀྱི་མི་བུ་དག་མ་དེ་རེད་སྙམ་མོ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

  29. མེ་ཏོག་དཀར་པོ། says:
    2012-07-31 at 2:48 am

    སེར་བྱེས་ངག་དབང་སྟོབས་ལྡན་ཞེས་པ་འདི་མཆན་ ༢༨ འབྲི་བ་པོ་ཁྱོད་ཀྱི་དངོས་མིང་ཡིན་པ་ཀློག་པ་ཚོས་ཇི་ལྟར་ཤེས།

  30. ཨ་ར་དཀར་པོ says:
    2012-07-31 at 7:07 am

    བཟང་གི བཀྲ་ཤིས་བདེ་ལེགས་ཡོད། དྲ་བ་དེར་ཐོག་མ་ནས་དངོས་མིང་བཀོལ་ནས་འཛུལ་གྱི་ཡིན།

  31. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-31 at 1:50 pm

    ཐ་ན་གུས་པའི་ཉེ་འཁོར་ཏུ་ཡོད་པའི་མི་སྟོང་ཕྲག་ཁ་ཤས་ཀྱིས་གུས་པའི་དངོས་མིང་ཡིན་མིན་ཤེས་པས་དེས་ན་ང་ཡིས་གང་བཤད་པ་དེ་ང་ཡི་འགན་འཁུར་ངེས་པ་བྱེད་དགོས་ངེས་ཡིན། མེ་ཏོག་དཀར་པོ་ཤེས་མཁན་གང་ཟག་གཉིས་པ་ཞིག་ཡོད་དམ།

  32. བསང་ཆུ་འབྲུག་བྷེ། says:
    2012-07-31 at 1:54 pm

    སྐད་གཉིས་སྨྲ་བའི་ལོ་ཙྭ་བ་གྲོགས་པོ་ཁ་བརྡ་ངོ་ཤེས་སྐོར་ཞིག་གིས་སྐར་ཁུང་དྲ་བ་གསར་དུ་དབུ་འབྱེད་གནང་བར་རྟེན་འབྲེལ་ཞུ།

  33. ngaris ses1 says:
    2012-07-31 at 1:55 pm

    མེ་ཏོག་གངས་ལ་ཕོག་པ།
    ནམ་ཟླ་ཡལ་བའི་རྙིང་མ།
    གཡུ་སྦྲང་ང་ཡིས་ཤེས་ཀྱང།
    མེ་ཏོག་ནམ་ཟླ་ཡལ་སོང།

  34. ngaris ses1 says:
    2012-07-31 at 1:58 pm

    འཇིག་རྟེན་མཐོང་ཡོང་བསམ་ནས།
    སྐར་ཁུང་མདུན་དུ་སླེབས་ཡིན།
    ཁྲིམས་སྒྲིགས་ལྕགས་དྲས་གཡོགས་པས།
    བལྟ་བའི་གོ་སྐབས་མ་ཐོབ།

  35. ཤར་ཕྱོགས་ཁུག་རྟ། says:
    2012-07-31 at 2:19 pm

    ལས་བྲེལ་གྱིས་ཞིབ་ལྟ་བྱེད་ཁོམ་མ་བྱུང་ཡང། ཇུས་འགོད་དང་དམིགས་ཡུལ་སོགས་དོ་སྣང་འདྲེན་པ་ཞིག་འདུག རྟེན་འབྲེལ་ཞུ།

  36. ཤར་ཕྱོགས་ཁུག་རྟ། says:
    2012-07-31 at 2:57 pm

    ༧པཎ་ཆེན་གསང་ཡུམ་ཟེར་བ་དེ་ཚར་གཅིག་བཀླགས་ཟིན། ཞུ་དག་སོང་མི་འདུག གོ་ནོར་ཐེབས་པ་ཡོད་འདུག་སྙམ། གཅེན་པོ་རྒྱལ་ལོ་དོན་གྲུབ་སྤྲུལ་སྐུ་མ་རེད། དེ་ལྟག་འཚེར་རིན་པོ་ཆེ་ནོར་བ་མིན་འགྲོ དེ་འདྲ་འདུག འབྲི་མཁན་དང་བསྒྱུར་མཁན་སུས་ནོར་མིན་གང་ཤེས།

    གང་ལྟར་ཉུང་མཐའ་ལ་ཞུ་དག་ཡག་པོ་དང་བརྗོད་བདེ་བོ་ཞིག་བསྒྱུར་རྩོམ་ལ་འཛོམས་དགོས་ཀྱི་འདུག

  37. བསེ་རུ། says:
    2012-07-31 at 3:01 pm

    སྐོམ་པར་ཆུ་དང་། ལྟོགས་པར་ཟས་ལྟར།
    སྐར་ཁུང་གི་དྲ་བ་ལས་ཕྱི་ནོར་ནང་འདྲེན་གནང་སྟངས་འདི་ནི་བོད་མི་རིགས་ཀྱི་སྐད་ཡིག་གི་གཞི་རྐང་བརྟན་དུ་འགྲོ་རྒྱུའི་མཐུན་རྐྱེན་སོགས་དགེ་མཚན་ཧ་ཅང་མང་བས།
    འབྲེལ་ཡོད་ཚང་མར་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

    ད་དུང་གཟབ་དགོས་པ་ཞིག་ལ་ནང་གི་ནོར་བུ་ཕྱིར་སྐྱེལ་མཁན་ཚོ་ཡང་ཐུགས་གཟབ་མ་གནང་ན་སྐད་ཡིག་གི་ཚེ་སྲོག་ལའང་གནོད་སྐྱོན་ཧ་ཅང་ཆེ། ནོར་བུ་ཕྱི་ལ་སྐྱེལ་བར་སྐྱེལ་སྟངས་རྣམ་པ་བཅོ་བརྒྱད་འདུག

    སྔར་གྱི་ལོ་ཙཱ་བ་ཚོས་ཕྱི་ཡི་ནོར་བུ་ནང་དུ་གདན་འདྲེན་གནང་བ་མང་ཞིང་། དེང་གི་ལོ་ཙཱ་བ་དེ་ཚོས་ནང་གི་ནོར་བུ་ཕྱི་ལ་བསྐྱལ་བ་མང་བ་མི་འདུག་གམ།

  38. ཐུབ་པ། says:
    2012-07-31 at 3:24 pm

    འཆར་གཞི་ཁྱེར་ཡོང་སྟངས་དེར་བལྟས་ན་ཡག་པོ་ཡོད་པ་འདྲ། འོན་ཀྱང་བཤད་པར་མི་བལྟ་ལས་པར་བལྟ་ཞེས་པ་ལྟར་རིམ་པས་བལྟ་གི་ཡིན། དྲི་བ་གཞན་ཞིག་ཡོད་པ་ནི། གཞན་ཞིག་ནི་ཁྱེད་ཅག་རྩོམ་སྒྱུར་བ་རྣམས་ཕུད་དེ་མིན་བོད་རིགས་གཞན་གྱིས་ཆེད་རྩོམ་སྤུས་ལེགས་བསྒྱུར་ཚེ་ཁྱེད་ཚོས་འདོན་ངེས་ཡིན་དང་མིན། གོང་དུ་སྨྲས་པའི་ཡིག་སྒྱུར་བ་དེ་དག་གི་ཁྲོད་ནས་ཆད་ལྡན་ག་ཚོད་ཡོད་དམ། དེ་ལ་ང་དོག་པ་ཡོད། གནས་སྐབས་དེ་ཙམ་ཡིན།

    བཙན་པོའི་བུས་བཤད་པ་བདེན་པར་འདུག
    ཡིག་སྒྱུར་བ་དེ་དག་བོད་ཡིག་ཀྱང་རང་མགོ་འཁྱོངས་མཁན་ཞིག་མི་འདུག རིག་འབྱུང་ཟེར་བ་དེ་དང་འབྲོང་བུ་ཟེར་བ་སོགས་འདིའི་ཡིག་སྒྱུར་བའི་ཁོངས་སུ་འདུས་པ་ཚང་མ་སུ་ཇཱའི་སློབ་མ་ལོ་སུམ་ཅུ་བརྒལ་ཡོད་པ་རྐྱང་རྐྱང་ཡིན་འདུག་ནའང་བོད་ཡིག་རང་མགོ་ཐོན་ལ་མ་ཐོན་རྐྱང་རྐྱང་རེད་འདུག བོད་ཡིག་ཏུ་འཕྲིན་ཡིག་འབྲི་ཐུབ་པ་ཙམ་རེ་རེད། དེ་ལྟ་བུ་དག་གིས་སྒྱུར་རྩོམ་བོད་ལ་ཕན་པ་རེ་བསྒྱུར་ཡོང་གི་སྙམ་པའི་རེ་བ་སྔར་ནས་མེད།
    དབྱིན་རྒྱ་གཉིས་ནས་བསྒྱུར་རྒྱུ་ཡིན་ཟེར། དབྱིན་ཇི་ཨའུ་ཙམ་ཡིན་འགྲོ། འདིའི་ཁྲོད་དུ་རྒྱ་ཡིག་རང་མགོ་འཁྱོངས་ཤིག་མེད་ཅེས་བདག་གིས་ཁག་ཐེག་བྱེད་ཐུབ། ཡིག་སྒྱུར་བྱེད་མཁན་ཁེ་གྲགས་མི་གཉེར་བའི་ལྷག་བསམ་ཅན་གྱི་མི་སྒེར་བ་(དབྱིན་ཇིའི་སྐད་དུ་unsungཟེར)དེ་དག་ལེགས་པོ་འདུག་ལ། དེ་དག་ལ་རེ་བའང་ཆེན་པོ་བཟུང་ཡོད།
    དང་པོ་ནས་སྐད་རྒྱག་རྒྱུ་མི་དགའ་བར་གྲུབ་འབྲས་ངོ་མ་ཞིག་བསྟན་རྒྱུ་ཡོད་ན་ཅི་མ་རུང་། འུར་རྒྱག་མཁན་མང་མེད་ན་ཉུང་མི་འདུག

  39. གནས་ཤིང་དྲུང་བ། says:
    2014-04-03 at 1:09 pm

    སྐར་ཁུང་དྲྭ་བའི་ལས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme