Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲྭ་འབུའི་ངོ་བོ་འཚོལ་བ

Posted on 2012-07-282012-07-28 By ཁ་བརྡ་ 27 Comments on དྲྭ་འབུའི་ངོ་བོ་འཚོལ་བ

མགཪ་འཇམ་དབྱངས།

༡ དྲྭ་འབུ་ཟེར་བ་ནི། གཞན་གྱི་ལྷང་འཇགས་ཀྱི་འཚོ་གནས་ལ་བཟོད་སྒོམ་མི་ཐུབ་པའི་དུག་སྦྲང་ཞིག གཞན་གྱི་ཁྲག་རྒྱུན་གྱི་ལོངས་སྤྱོད་ནི། ཁོའི་ཚེ་སྲོག་གསོ་བའི་སྟོབས་ཤུགས་སུ་བརྩིས་ཡོད།
༢ དྲྭ་འབུ་ཟེར་བ་ནི། གདོང་འབག་མཐུག་པོ་ཞིག་གི་ཕག་ན་སྦས་སྐུང་བྱས་ཡོད་པའི་སྙིང་ཆུང་སྡར་མ་ཞིག འདར་སིག་རྒྱག་བཞིན་པའི་ལག་པ་དང་སྐྲག་སྣང་གིས་དེད་པའི་ཕྱི་མིག་གཉོམ་པོའི་ཁྲོད། གཞན་མཚང་རེ་བྲིས་ཏེ་ཉི་མ་འཁྱོལ་ཐབས་བྱ་རྒྱུ་དེ་ཁོའི་ལས་བྱ་ཞིག་ཏུ་གྲུབ་ཡོད།
༣ དྲྭ་འབུ་ཟེར་བ་ནི། གདོང་ལྤགས་བརྗེ་བསྒྱུར་བྱས་ཡོད་པའི་མེ་ཁལ་རྗག་སོན་ michael jackson ལྟ་བུ་ཞིག ཡག་ས་ཞིག་ནས་རྐུ་ཤེས་ཤིང་། བདེ་ས་ཞིག་ཏུ་འགོད་ཤེས་པའི་ལག་པ་རིང་པོའི་འཁྱུག་རྩལ་གྱིས། གཞན་སྨྱོ་བར་བྱེད་ཅིང་འཐོམ་པར་བྱེད་ཀྱིན་ཡོད།
༤ དྲྭ་འབུ་ཟེར་བ་ནི། སུས་ཀྱང་མཐོང་མི་ཐུབ་པའི་གསང་བའི་ནག་ཚོགས་ཤིག རྩེད་ཆས་སུ་གྱུར་པའི་གཞན་གྱི་དོན་ལྔ་སྣོད་དྲུག་ལ་འཇབ་རྒོལ་རེ་བྱས་ཏེ། ས་བདེ་ཞོད་འཇགས་ཤིག་ཏུ་ཉེན་གཡོལ་བྱས་ཏེ་བསྡད་ཡོད།
༥ དྲྭ་འབུ་ཟེར་བ་ནི། ཕྱག་སྟོང་སྤྱན་སྟོང་མངའ་བའི་འཇིག་རྟེན་པའི་ནང་རུལ་བ་རྣལ་མ་ཞིག ཕྱོགས་འཐེན་དང་རིས་སུ་བལྟ་བར་དགའ་ཞིང་། གང་ན་དགྲ་དགའ་གཉེན་སྡུག་གི་སྦྱོར་བ་མང་ན་དེ་རུ་མགོན་སྐྱབས་མཛད་ནུས་པའི་སྐབས་འཚོལ་བ་ཞིག
༦ དྲྭ་འབུ་ཟེར་བ་ནི། དེང་དུས་ཀྱི་ཆ་འཕྲིན་ཉུལ་བའི་འདས་པོའི་རྣམ་ཤེས་གསོན་པོ་ཞིག སུ་ཞིག་ལ་བདེ་བ་རྡོག་རྡོག་ཅིག་དང་སྙན་གྲགས་ལེབ་ལེབ་ཅིག་མངའ་ཚེ། ཁོ་ལ་ཟུག་གཟེར་ལངས་ཏེ་གདོན་འདྲེའི་ངོ་བོར་འཕོ་བཞིན་ཡོད།

སྣ་ཚོགས།

Post navigation

Previous Post: ཨོ་རྩལ་འགྲན་བསྡུར་བ་བོད་མོ་ཤི་ལོག་སྐྱིད།
Next Post: “ངོ་རྒོལ་བྱེད་མཁན་གྱི་གྲྭ་པ་ཚོ་ཆོས་ལུགས་པ་མ་རེད།” པཎ་ཆེན་བླ་མ།

Comments (27) on “དྲྭ་འབུའི་ངོ་བོ་འཚོལ་བ”

  1. རྒྱ་མཚོ་ཆེན་པོ་ says:
    2012-07-28 at 9:48 am

    དེ་དེ་བཞིན་ནོ། བློ་ལྡན་ཁྱེད་ལ་མོས་མཐུན་ཡོད་ཞུ་རྒྱུ་ཡིན།

  2. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-28 at 9:55 am

    དངོས་གནས་རེད། འཇམ་དབྱངས་ལགས་ཀྱིས་དྲྭ་འབུ་ཡིི་ངོ་བོ་ཡག་པོ་ཞིག་བཞག་འདུག དེ་ལྟར་རེད།
    ཐུགས་རྗེ་ཆེ། ཁ་བརྡ་དྲྭ་བ་འདི་དྲྭ་འབུ་མེད་པའི་ངོ་བོ་ཞིག་ག་དུས་གྱུར་ན་ད་གཟོད་སྤྱི་ཚོགས་ལ་ཕན་ཐོག་ཆེ་བའི་དྲྭ་ཚིག་ཏུ་འགྱུར་བ་འདོད།

  3. གནམ says:
    2012-07-28 at 10:29 am

    དྲ་འབུ་མེད་ས་ན། ཁྱོ་ནི་སྐྱབས་རྗེ་བླ་ཆེན་ཞིག འབུལ་བ་ལེན་རྐྱང་དང་མགོ་སྐོར་གཏོང་རྐྱང་རེད།
    དྲ་འབུ་མེད་ས་ན། ཁྱོ་ནི་མཁས་ཆེན་སྨྱུག་ཐེགས་ཞིག ཡོད་ཚད་མཁྱེན་མདོག་དང་བྲིས་ཚད་སྙན་ངག་རེད།

    དྲ་འབུ་ཚོའི་ཁ་རྡུང་འོག་ནས། ཁྱོས་ཚོད་ཚོད་ལ་འབྲི་མི་ཉན་པའི་རང་ངོ་ཟིན།
    དྲ་འབུ་ཚོའི་རྣམ་དཔྱོད་རྩེ་ནས། ཁྱོ་ལ་མ་འདང་བ་ཕྱོགས་ཀྱི་ཤེས་བྱ་སྩལ།

    དྲ་འབུའི་བཀའ་དྲིན་ལ། ཁྱོད་ཀྱི་སྐྱོན་མཚང་ཡོ་བསྲང་བྱུང་། གཞན་གྱི་ཡིག་ངོ་ཇེ་འདགའ་སོང་། བོད་ཡིག་གི་བསྟན་པ་དར། ཡུལ་སྐད་ཀྱི་དྭངས་མ་རྙེད།

    དྲ་འབུ་ལ་སྐྲོག་ན། ཁྱོ་ནི་མཁས་བ་མིན། བསམ་བློ་བ་མིན། དཔྱོད་ལྡན་པ་མིན། སྒྱུ་སྩལ་བ་མིན། གསར་གཏོད་པ་ནི་དེ་བས་ཀྱང་གང་ལ་ཡིན།

  4. གནམ says:
    2012-07-28 at 10:32 am

    གོང་གི་ཐེགས་ནི་ཐོགས་ལ་བཅོས།

  5. སྦྲ་དཔལ་ལྡན། says:
    2012-07-28 at 10:46 am

    ཡང་དྲ་འབུ་ཁ་ཤས་ཀྱི་ཁོར་ཡུག་ལ་ལ་རེ་རྙོག་སློང་བཟོ་བཞིན་ཡོད་ཚོད་རེད་ཡ། དྲ་འབུ་གསད་མཁན་མང་བོ་ཡོད་ཚོད་རེད། འཚམས་རེ་དྲ་འབུ་རེ་དགོ་ས་ཡོད་ཀི་ཡ་ཨ་རོགས་ཚོ། ག་དུས་ཡིན་ན་དྲ་འབུ་དྲ་འབུ་མ་ཟེར་རོགས་ ཁོར་ཡུག་ཁ་ཤས་ལ་དྲ་འབུ་རེ་དགོ་འདུག་

  6. ཆབ་བྲག་ཕོ་ཉ says:
    2012-07-28 at 11:22 am

    གལ་ཏེ་ང་ལ་མི་དགའ་བ་ཞིག་གིས་ང་ལ་སྐྱོན་བརྗོད་ཅི་རིགས་བྱས་པ་ཙམ་གྱིས་དེ་དྲྭ་འབུ་ཆགས་མེད།
    མདོར་ན་མ་རྟོགས་པ་དང་ལོག་རྟོག་པ་དག་དྲྭ་འབུ་ངོ་མ་མིན། བསམ་བཞིན་དུ་མ་ཉེས་ཁག་གཡོག་བྱེད་མཁན་དག་ནི་ད་གཟོད་དྲྭ་འབུ་ནག་པོའམ་ཡང་ན་དྲྭ་ཇག་དམར་པོ་ཡིན།
    གལ་ཏེ་ཁོ་རང་གིས་རང་ཉིད་དྲྭ་འབུ་ཡིན་པར་ཁས་ལེན་ཕོད་ན་དེ་ནི་དྲྭ་འབུ་དཔའ་རྒོད་ཅིག་ཏུ་བརྩི་འོས། དེས་ན་ང་རང་ཚོའི་དྲྭ་ལམ་ཁག་ཏུ་་དྲྭ་འབུ་འགའ་ཞིག་ཡོད་སྲིད་ཀྱང་དྲྭ་འབུ་དཔའ་རྒོད་ཅིག་ད་དུང་བྱུང་མེད་ཚོད།

  7. ལོ་མ་ལྗང་ཁུ་། says:
    2012-07-28 at 5:09 pm

    དྲ་འབུ་ནི་མང་གཙོའི་སྤྱི་ཚོགས་ཀྱི་སྒུལ་ཤུགས་ཡིན་། དྲ་འབུ་མེད་ན་འུ་ཚོ་སྒང་བ་བོད་པར་ཡང་དག་པའི་མང་གཙོ་དར་མི་ཐུབ་ཅིང་། འུ་ཚང་ལ་དུས་ཡུན་རིང་བོ་ནས་འཇགས་པའི་གོམས་གཤིས་ངན་པ་དེ་གཞན་རྒྱུ་རྒེར་སྤྱོད་པ་དང་མི་ཤེས་ཀྱང་ཤེས་ཁུལ་དང་རྫུན་སྐྱལ་ཚོར་འགྱུར་བ་གཏོང་དཀའ་བས་དེ་རྣམས་ཧ་ཅང་ལྷོད་ལྷང་ངངས་འདུག་ངེས་རེད་། གང་ལྟར་།
    འུ་ཚོའོ་སྤྱི་ཚོགས་སུ་དྲ་འབུ་སྐྱེས་ནས་དུས་ཚོད་དེ་ཙམ་སོང་མེད་པས་བླ་རྫུན་དང་མཁས་རྫུན་། དཔོན་རྫུན་ཚོས་ནམ་ཡང་དྲ་འབུར་དགའ་བོ་མི་བྱེད་པ་ནི་ཁོང་ཚོའི་འཚོ་གནས་ཀྱི་ཆེད་དུ་ཡིན་། ཁོང་ཚོས་ནུས་བ་གང་ཡོད་ཀྱིས་སྤྱི་ཚོགས་བེད་སྤྱོད་བྱེད་དེ་དྲ་འབུ་ཚོར་རྒོལ་ངེས་ཡིན་། དྲ་འབུ་ཚོ་ཁྲི་ལོ་བརྟན་པར་ཤོགས་།།

  8. ཁྱབ་འཇུག says:
    2012-07-29 at 2:28 am

    དྲ་འབུ་ནི་མགར་འཇམ་དབྱངས་ལཊ་ཀྱིས་གསུངས་བ་རང་རེད།
    ༡དྲ་འབུ་ནི་རང་གི་འགོ་བར་དམོད་ཅིང་གཞན་གྱི་འགོ་བར་བསྟོད་པའི་བསམ་མེད་ཀྱི་བྱིས་པ་ཅིག
    ༢དྲ་འབུ་ནི་རང་གི་རིཊ་ལ་སྡང་ཞིང་གཞན་གྱི་རིཊ་ལ་བྱམས་པའི་མདོ་མེད་ཀྱི་སྤྱོན་པ་ཞིག
    ༣དྲ་འབུ་ནི་ལག་དམར་དགྲ་ལ་བྱམས་ཤིང་གཉེན་ཉེ་སྤུན་ལ་རྩུབ་པའི་ཁྲེད་མེད་ཀྱི་སྡར་མ་ཞིག
    ༤དྲ་འབུ་ནི་རང་གི་སྐྱོན་ལ་ལྡོངས་ཤིང་གཞན་ཀྱི་ཡོན་ལ་བརྒོལ་བའི་རྩ་མེད་ཀྱི་ལོང་བ་ཞིག
    ༥དྲ་འབུ་ནི་བདེན་པའི་དོན་ལ་གཡོལ་ཞིང་རྫུན་པའི་ཤོབ་ལ་བྲེལ་བའི་ཀླད་མེད་ཀྱི་ནད་པ་ཞིག
    ༦དྲ་འབུ་ནི་གཞན་ཀྱི་བྲིས་རྩོམ་རྐུ་ཞིང་རང་གི་འོང་མགོ་འགེབས་པའི་ཅང་མེད་ཀྱི་སྤྲང་བོ་ཞིག

  9. མེ་ཏོག་དཀར་པོ། says:
    2012-07-29 at 2:52 am

    ལོ་མ་ལྗང་ཁུའི་༼བླ་རྫུན་དང་མཁས་རྫུན་། དཔོན་རྫུན་ཚོས་ནམ་ཡང་དྲ་འབུར་དགའ་བོ་མི་བྱེད་པ་ནི་ཁོང་ཚོའི་འཚོ་གནས་ཀྱི་ཆེད་དུ་ཡིན༽ ཞེས་པ་འདི་དེ་དེ་བཞིན་ནོ་ཞུ་འོ།།

  10. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-29 at 3:47 am

    དྲྭ་གྲོགས་འགའ་ཞིག་གིས་དྲྭ་འབུ་ངོས་འཛིན་བྱེད་གཏང་ནོར་འདུག་བསམ། གཟུར་བོ་བློ་ཡིས་དཔྱོད་དེ་སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་བ་ནི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བའི་ཐབས་ལམ་གྱི་ཆ་ཤས་གཅིག་རེད། དེ་ནི་དགོས་ངེས་རེད། དེ་ལས་གཞན་དྲྭ་འབུ་ནི་དངོས་མིང་རྫུན་མ་དང་སྨྱུག་མིང་རྫུན་མའི་འོག་ནས་དངོས་ཡོད་མིན་པའི་སྤྱི་སྒེར་གང་རིམ་ལ་དོན་མེད་ཀྱི་སྐྱོན་མེད་བཞིན་དུ་སྒྲོ་འདོག་དང་སྐུར་འདེབས་བྱེད་མཁན་དག་ནི་དངོས་གནས་དྲྭ་འབུ་རང་རེད། དེ་དག་གི་དང་པོ་ནས་དངོས་མིང་བེད་སྤྱོད་མི་བྱེད་པའི་རྒྱུ་མཚན་ཡང་དག་གང་ཡོད་གསུང་དང་། དེས་ན་གཞིར་རྩ་འགྲོ་བ་མིའི་བཟང་སྤྱོད་དང་བྲལ་བའི་མིའི་གཟུགས་བརྙན་ཙམ་ཞིག་ལས་མ་འདས་སོ། བཟང་སྤྱོད་རྒྱལ་གྱུར་ཅིག དྲང་བདེན་རྒྱལ་གྱུར་ཅིག ལྷག་བསམ་རྒྱལ་གྱུར་ཅིག

  11. མེ་ཏོག་དཀར་པོ། says:
    2012-07-29 at 4:06 am

    ངག་དབང་སྟོབས་ལྡན་ལགས། མི་རེ་ལ་རང་ལ་དཔག་པའི་གསང་བ་བདེ་འཇགས་ཀྱི་རང་དབང་ཡོད། དེས་ན་དངོས་མིང་སྦས་པའི་བྱུང་རིམ་ཡང་སྣ་ཚོགས་ཤིག་ཡོད་ངེས། ཁྱེད་ཀྱི་དངོས་མིང་འོག་ནས་སེམས་ལ་དྲན་ནའང་བཤད་མི་ཕོད་པ་དུ་མ་ཞིག་ཡོད་ངེས། དེ་ནི་དངོས་བཀོལ་བས་ཚད་བཀག་ཐེབས་པ་རེད། ང་ལ་ཆ་བཞག་ན་ཁ་བརྡར་འཛུལ་ནས་ལོ་གསུམ་ལ་ཁ་ལོངས་གི་འདུག
    སྨྱུག་མིང་མེ་ཏོག་དཀར་པོ་ཞེས་པ་འདི་ལས་གཞན་ན་གཅིག་བཀོལ་མེད། སྤྱི་ཚོགས་ཀྱི་ཚད་བཀག་ཅིག་གིས་དངོས་མིང་བཀོད་རྒྱུ་བདེ་པོ་མིན་འདུག སེམས་ལ་དྲན་པའི་སྤྱི་ཚོགས་ཀྱི་གསང་བ་མང་པོ་ཞིག་ཁ་བརྡའི་མགྲོན་པོ་དག་གི་མིག་མདུན་བསྟར་བཞིན་ཡོད། ཁྱེད་ཀྱང་དངོས་མིང་འདི་རང་ནས་ཁ་བརྡར་འོངས་ན་བརྒྱ་ཆ་ ༨༠ འོ་རེད་རེད། དེ་རང་རེད། ཡང་འོ་དེ་མ་རེད། དེ་མ་རེད་ཅེས་གཞན་གྱི་རྗེས་སུ་ཤོག་བུ་རླུང་གིས་དེད་པ་བཞིན་འགྲོ་རྒྱུ་ལས་གཞན་ཅི། ཁྱེད་ཀྱི་མིང་ཟུར་དུ་སེར་བྱེས་བྲིས་པ་ལ་དཔག་ན་ལྷོ་ཕྱོགས་ཀྱི་དགེ་ལུགས་པའི་གྲྭ་ས་ཞིག་ནས་ཡིན་ཚོད་འདུག་པས་ཁྱོད་རང་སྡོད་སའི་ནང་གི་མི་འོས་པའི་གནས་སྟངས་ཁྱོད་ཀྱིས་གཏན་ནས་བཤད་མི་ཕོད་པ་ངེས་གཏན་རེད། ཅིའི་ཕྱིར་ན་དངོས་མིང་བཀོལ་བས་སོ།།

  12. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-29 at 8:48 am

    དྲྭ་གྲོགས་ལགས་ཀྱིས་གསུང་པ་འདྲ་བོ་རེད། མིང་རྫུན་གྱི་འོག་ནས་དངོས་ཡོད་སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་ན་ཅུང་ཙམ་འགྲིག་མེད།
    དེ་ལས་ལྡོག་སྟེ་ཕྱོགས་རིས་དང་འཐེན་འཁྱེར་ཆོལ་ཁ་དང་ཆོས་ལུགས་ཁོ་ན་དཀྲུག་ཤིང་རྒྱབ་ནས་སྡོད་ན་བོད་མི་རིགསཆགས་འཇིག་གི་སོར་མཚམས་འདི་ལ་དགྲ་བོ་རྒྱ་ནག་གི་འདོད་ཕྱོགས་དང་མཐུན་པའི་མི་ཞིག་ཏུ་གྱུར་པ་འདོད།
    སྤྱིར་ན་མིང་རྫུན་གྱི་འོག་ནས་སྤྱི་ཚོགས་ཀྱི་དགེ་སྐྱོན་གང་མང་གླེང་ན་ཡང་དེར་བདག་པོ་བྱེད་མཁན་དཀོན་པོ་རེད།
    དངོས་ཡོད་དང་བདེན་པ་རྣམས་མིང་རྫུན་ཁོ་ནའི་འོག་ནས་བཤད་ཀྱང་བྱེད་དགོས་ན།
    བདེན་རྫུན་གཉིས་ཀྱི་ནང་ནས་བདེན་པའི་ཤུགས་རྐྱེན་ཆུང་རུ་འགྲོ་བའི་སྣང་ཚུལ་ཡང་ཡང་ཡོང་བཞིན་འདུག
    རང་གང་དུ་ཡོད་པའི་སྤྱི་ཚོགས་ཀྱི་སྐྱོན་གང་ཡོད་གླེང་དགོས་པ་མ་མཐོང་ཡང་། སྐྱོན་དང་དགེ་གཉིས་ཀྱི་ནང་ནས་དགེ་མཚན་ཆེ་བ་དང་། འཕྲལ་གྱི་ཅུང་ཟད་གནད་ཀྱང་ཕུགས་སུ་དགེ་མཚན་ཆེ་བ་ཡིན་ན་ངེས་པ་གླེང་དགོས་པ་འདོད། མདོར་ན་སེམས་ཚོར་ཙམ་མིན་པ་འགན་འཁུར་ངེས་པ་དགོས་པ་མཐོང་། དེས་ན་སེམས་ཚོར་དང་འགན་འཁུར་གཉིས་ལྡན་གྱི་དྲྭ་མཆན་པ་ཞིག་ཡིན་ཕྱིན་སྤྱི་ཚོགས་ཀྱི་དགོས་མཁོ་ཡོད་པའི་བོད་མི་ཚད་ལྡན་ཞིག་ཡིན་པ་སེམས།

  13. amdo baglab says:
    2012-07-29 at 8:57 am

    དྲ་འབུ་ཡིས་མ་ཉེས་ཁག་གཡོག་བྱས་པའི་དཔེ་མཚོན་འདྲ་ཡོད་ན་ཅིག་གསུངས་དང་།་ དེ་མིན་དྲ་འབུ་དྲ་འབུ་ལབ་གི་མ་འདུག

  14. བདེ་འཚོལ་ says:
    2012-07-29 at 9:07 am

    གང་ཤེས།
    བོད་ཀྱི་སྤྱི་ཚོགས་འདི་དང་།
    ལྷག་པར་དུ།
    ཡིག་འབྲི་བ་ཚོས་རྣམ་རྟོག་འདི།
    ད་རུང་།
    ཁེ་ཕན་སྲུང་སྐྱོབ་ཀྱི་ཆེད་དུ།
    སྐྱོན་ཆ་འགེབ་སྲུང་གི་ཆེད་དུ།
    དྲ་འབུ་དྲ་འབུ་ཟེར་ནས་བསྡད་ན།
    ཨེ་འགྲིག་གམ།
    དྲ་འབུ་ལ་སྡང་བ་ནི། རང་ཉིད་གསལ་འདོན་དང་འགེབ་སྲུང་གི་ཆེད་དུ་རེད་ཡ།
    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  15. མེ་ཏོག་དཀར་པོ། says:
    2012-07-29 at 11:50 am

    མཆན་བུ ༨ ཁྱབ་འཇུག་གིས་རང་རྣམ་ཡག་པོ་ཞིག་བྲིས་འདུག

  16. ལོ་མ་ལྗང་ཁུ་། says:
    2012-07-29 at 2:46 pm

    སྨྱུག་མིང་སྤྱོད་པ་ནི་འུ་ཚང་སྒང་བ་བོད་པ་ཁོ་ན་མིན་པར་འདས་བ་དང་ད་ལྟ་བཅས་སུ་མི་རིགས་འདྲ་མིན་ཀྱིས་སྤྱོད་ཀྱིན་པ་ནི་ཡོངས་གྲགས་རེད་ལ་། དེ་སྤྱོད་དགོས་བའང་མདོར་བསྡུས་ན་སྲིད་དབང་རྒེར་སྤྱོད་པ་དང་ལྐོག་ཟ་ལ་གོམས་པའིདཔོན་ངན་དང་། ངོ་བསྟོད་ལ་དགའ་བའི་བླ་མིང་དང་ཆོས་མིང་འཛིན་ཅིང་གཞི་རིམ་མི་མང་མགོ་བསྐོར་གཏོང་མཁན་རྣམས་པའི་སྤྱོད་ངན་སྤྱི་ཚོགས་སུ་གསལ་བཤད་དང་། མི་མང་རང་ཉིད་ལ་བདག་པའི་ཐོབ་ཐང་དག་ངོ་ཟིན་བྱེད་པའི་ཆེད་རེད་། དེར་རྟེན། ཁ་སང་ཆབ་སྲིད་པ་དང་རྩོམ་པ་སོགས་ཀྱིས་སྨྱུག་མིང་སྤྱོད་པ་ལ་བརྟེན་ནས་སྲིད་དབང་རྒེར་སྤྱོད་པ་དང་ཆོས་མིང་འཛིན་པ་ཚོའི་རྫུན་རྐུབ་བརྡོལ་དེ་སྤྱི་ཚོགས་ཀྱི་ནག་ཉེས་ཅན་དུ་ཆགས་ཚར་བའང་ཡོད་། གང་ལྟར་ཤེས་ཡོན་པ་ཞིག་ཡིན་ན་དྲ་འབུ་བཅས་དྲ་བ་ནས་སྨྱུག་མིང་སྤྱོད་མཁན་ཡོངས་ལ་སྨོད་ན་ཤེས་ཡོན་པ་ཁོའི་ཀུན་སྤྱོད་དང་མི་མཛེས་བའི་ལེགས་ཉེས་དབྱེ་འབྱེད་བཅས་སུས་དོན་དངོས་དང་འགལ་བའི་རྩོམ་པ་པོ་སུ་ཡིན་ན་དེ་ལ་སྐྱོན་བརྗོད་བྱེད་ན་རྒྱུ་མཚན་དང་གནས་ལུགས་ཡོད་པ་ལས་རང་དགའ་སའི་མི་བུར་བསྟོད་པ་དང་མི་དགའ་སར་ནམ་ཡང་སྐྱོན་བརྗོད་བྱེད་ན་སྐྱོན་བརྗོད་མཁན་དེ་ཐ་ཤལ་ཡིན་ལ་སྤྱི་ཚོགས་ཀྱི་ཉེས་ཅན་ཀྱང་ཡིན་།

  17. མདོ་སྨད་པ་བླུན་པོ་ནས་ says:
    2012-07-30 at 8:09 am

    དྲ་འབུ་མེད་ན་ཀླད་མེད་རྩོམ་པ་པོ་ཁ་ཤས་ཀྱི་ཁ་ལ་བདག་པོ་རྒྱག་གི་མེད་ལ། དྲ་འབུ་མེད་ན་ཀླད་སྟོང་རྩོམ་པ་པོ་ཚོས་སྤྱི་ཚོགས་ལ་དཀྲུགས་ཤིང་འཕེན། དྲ་འབུ་མེད་ན་ཅོལ་ཆུང་རྩོམ་པ་པོ་ཚོས་དགྲ་གཉེན་གྱི་དབྱེ་བ་མི་ཤེས། དྲ་འབུ་མེད་ན་རང་རློམ་རྩོམ་པ་པོ་ཚོས་གཏམ་དོན་ཕྱི་རུ་བསྐྱལ་འོང་། དྲ་འབུ་ནི་དྲ་ཚིགས་ནང་གི་བདེ་སྲུང་བ་ཡིན།

  18. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-30 at 8:39 am

    སྨྱུག་མིང་སྤྱོད་མཁན་ཚང་མར་དྲྭ་འབུ་ཡིན་པའི་ངོས་ལན་ནམ་ཡང་བྱེད་མྱོང་མེད།  གང་དུ་གུས་པའི་དྲྭ་མཆན་དག་ལ་གཟུར་བོ་གནས་པའི་དཔྱོད་ཞིབ་ཡག་པོ་གནང་ན་མཁྱེན་ངེས་ཡོད། ཡིན་ན་ཡང་དངོས་མིང་རྫུན་མ་དང་སྨྱུག་མིང་རྫུན་མའི་འོག་ནས་དངོས་ཡོད་མིན་པའི་སྤྱི་སྒེར་གཉིས་ཀ་ལ་དཀྲུག་ཤིང་དང་ཆོལ་ཁ་དང་ཆོས་ལུགས་དབར་ཕྱོགས་རིས་དང་འཐེན་འཁྱེར་ཁོ་ན་བཤད་ནས་དུས་འདའ་བའི་དྲྭ་འབུ་དག་དག་ནི་སྤྱི་ཚོགས་ལ་ཕན་ལས་གནད་ཆེ་བར་ངོ་འཛིན་བྱེད་བཞིན་ཡོད།  དུས་རབས་འདི་ནང་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་པར་སྨྱུག་ཐོག་པ་རྣམས་ཀྱིས་འོས་འགན་གཙོ་བོ་དེ་མ་ཡིན་ནམ། དེ་ལས་གཞན་མི་གཅིག་གིས་མིང་རྫུན་མང་པོ་སྤྱོད་དེ་རང་གི་འདོད་ཕྱོགས་ལ་རང་གི་མཆན་བྲིས་ཏེ་ཡག་སར་སྒྲུབ་པ་ནི་ཅི་འདྲ་བྱ་བ་ཐ་ཤལ་ཞིག་མ་རེད་དམ།
    མདོར་ན་མིང་རྫུན་གྱི་འོག་ནས་དངོས་ཡོད་བདེན་པར་མིན་པའི་འཆལ་གཏམ་ཁོ་ན་གླེང་མཁན་དག་ནི་མིའི་བཟང་སྤྱོད་དང་བྲལ་བའི་ཕྱུག་དང་མི་མཚུངས་སམ། 

  19. གནམ says:
    2012-07-30 at 9:32 am

    སེར་བྱེས་ངག་དབང་སྟོབས་ལྡན་མང་པོ་ཡོད་པའི་ནང་ནས་ཁྱོ་གང་ཡིན། སྨྱུག་མིང་གིས་མྱི་གཅིག་ངོ་སྤྲོད་བྱེད་པ་དང་དངོས་མིང་གིས་མི་ཉུང་མཐའ་ལ་མི་ལྔ་བཅུ་ངོ་སྤྲོད་བྱེད་པས་ངས་ནི་ཁྱོ་སེར་བྱེས་ངག་དབང་སྟོབས་ལྡན་རྒན་གཞོན་སུ་ཡིན་མ་ཤེས་སོ། དངོས་སྤྱད་པའི་དགོས་བ་མ་ཡོད་དོ།
    དངོས་མིང་དགོས་ཟེར་མཁན་ཚང་མ་ཕྲག་དོག་གི་རལ་གྲི་འཁྱེར་མཁན་དང་ང་རྒྱལ་གྱི་དུག་ལྕེ་དབྱུག་མཁན་དང་ནང་ཚོགས་ལ་དཀྲུག་ཤིང་གཏོང་མཁན། སྒོ་ཀུན་ནས་ཀུན་སློང་ངན་པ་ཅན་ཏག་ཏག་རེད། མདོར་དད་ན་ཁོང་ཚོ་འཇིགས་སྐུལ་བ་ཞིག་ལ་ཆགས་རྒྱུ་ཡིན་ཡིན་པ་རེད། མི་ལ་ཁ་ཁྲིམས་འཇོག་མཁན། དེ་མིན་ན་སྲོག་ལ་གནོད་མཁན་ཞིག་ཡོད་པ་གསལ་བོ་རེད།

    ཡོད་ཚད་གསང་དགོས་ནིའི་ངེས་བ་མེད་ལ་ཡོད་ཚད་བཤད་དགོས་པའི་ངེས་བ་ཡང་ག་ལ་ཡོད།
    བཤད་ཚད་བདེན་དགོས་བའི་ཁ་ཁྲིམས་མེད་ལ་བདེན་མིན་རྩོད་དགོས་བའི་འགན་ཁུར་དེ་བས་ཀྱང་མེད།
    བློ་ལ་བབ་ན་ཤེས་བྱ་རེད། བློ་སྐྱེད་མེད་ན་གད་སྙིགས་རེད།

  20. རྩམ་ཕྲུག says:
    2012-07-30 at 12:24 pm

    དྲྭ་གྲོགས་ཚོས་དྲྭ་འབུའི་སྐོར་ལ་གླེང་སློང་ཡག་པོ་གནང་འདུག་པས་སེམས་སྤྲོ་བོ་བྱུང་།

  21. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-30 at 12:49 pm

    སོ་སོའི་དངོས་མིང་ཙམ་ཡང་སྨྲ་མི་ཐུབ་པའི་སྤྱི་ཚོགས་ཀྱི་དཀྲུག་ཤིང་ཁོ་ན་སློང་མཁན་དག་ནི་བཟང་སྤྱོད་ལྡན་པའི་མི་བུ་དངོས་ནི་མིན་པ་འདོད། ཁོ་ཚོའི་གང་གླེང་ཡང་རང་འགན་འཁུར་མི་དགོས་པའི་རྒྱུ་མཚན་གྱི་ཡིན་པའི་ཕྱིར། དེ་དག་ནི་དྲང་བདེན་གྱི་རྒྱབ་དཔུང་མེད་པའི་ལྐོག་ཏུ་ཡིབ་པའི་དྲྭ་འབུ་ཁོ་ན་ཡིན་པའི་ཕྱིར། གུས་པའི་འདི་ལྟར་གླེང་བ་མང་ནས་མང་དུ་དྲྭ་འབུ་དག་གི་དངོས་བདེན་མིན་པའི་འཁྱོག་བཤད་གང་བཤད་ཀྱང་ཆོག ༡༽དངོས་མིང་མི་སྤྱོད་པ་དང་། ༢༽དྲང་བདེན་མིན་པ་དང་། འགན་འཁུར་མེད་པ་དང་། གཞན་སྐྱོན་ཁོ་ན་འཚོལ་བའི་དྲྭ་འབུ་དག་ལ་རྒོལ་བཞིན་ཡོད། ཤེས་དགོས་པ་ཞིག་ལ་དངོས་མིང་མ་སྨྲོས་མཁན་དང་། སྨྱུག་མིང་སྤྱོད་མཁན་ཐམས་ཅད་ལ་ཞུ་བ་མིན། གང་དུ་ཞུས་པ་ལྟར་དྲང་བདེན་དང་དངོས་ཡོད་ཀྱི་བླ་སྲོག་བྲལ་བའི་མིའི་གཟུགས་གརྙན་ཅན་དག་ལ་ཞུ་བཞིན་ཡོད་པ་ངེས་པ་མཁྱེན་དགོས། ད་དུང་དྲྭ་འབུ་དེ་དག་གིས་སྤྱི་ཚོགས་ཀྱི་ཆིག་སྒྲིལ་གཏོར་སྐྱོན་གཏང་སྟེ་རང་ཉིད་ནི་སྤྱི་ཚོགས་ཀྱི་གྲྭ་ཟུར་ཞིག་ཏུ་སླེབ་སྡོད་བྱེད་བཞིན་ཡོད་པ་དངོས་མཐོང་མང་ངོ་། ད་ལྟར་གུས་པའི་གང་བཤད་པ་ཐམས་ཅད་དྲྭ་འབུ་སོ་སོའི་གོ་ལ་གཞན་གྱི་མི་གོ་ཙམ་ཞུ་པ་ཡིན།

  22. དྲ་འབུ། says:
    2012-07-31 at 3:28 pm

    སེར་བྱེས་ངག་སྟོབས་ལགས་ཀྱིས་དྲ་འབུ་ཟེར་བ་སྨྱུག་མིང་སྤྱོད་མཁན་ཐམས་ཅད་ལ་གོ་བ་མིན་པར་སྨྱུག་མིང་སྤྱོད་ཅིང་སྤྱི་ཚོགས་དཀྲུགས་མཁན་དག་ལ་གོ་བར་བཤད་ཅིང་ངོ་རྒོལ་ཡོད་ཚུལ་བཤད། འོ་ན་དངོས་མིན་སྤྱོད་ཅིང་སྤྱི་ཚོགས་དཀྲུགས་མཁན་དག་དྲ་འབུ་མ་རེད་དམ། དེ་དག་ལ་ངོ་རྒོལ་མེད་པས། དེ་བཞིན་དངོས་མིང་མེད་པས་སྤྱི་ཚོགས་སུ་ནུས་པ་མེད་རབས་བཤད་བཞིན་དུ་རྒྱ་མིིའི་ལག་ཆར་འགྱུར་ཚུལ་བཤད་པ་ནི་ནང་འགལ་ཆེ། སྤྱི་ཚོགས་སུ་ནུས་མེད་ཅིག་རྒྱ་མིས་བེད་སྤྱོད་ཀྱང་ནུས་པ་ཅི་ཞིག་ཡོད། གང་ལྟར་དངོས་མིང་སྤྱོད་མཁན་ཚོའི་ནང་དུ་བཟང་ངན་རིགས་མི་འདྲ་བ་ཡོད་ལ་དངོས་མིང་མེད་མཁན་ནང་དུའང་དེ་བཞིན་ཡོད་པས་དེ་ནི་དངོས་མིན་ཡོད་མེད་ཀྱི་ཁྱེད་པར་གཏན་ནས་མིན། དེ་བཞིན་དངོས་མིང་མེད་པའང་ཡུལ་དང་དུས་སྤྱི་ཚོགས་སོགས་ཀྱི་གནས་བབས་མི་འདྲ་བས་ཡོང་བཞིན་ཡོད་ལ་དེ་ལ་དགག་ཇི་ལྟར་ནུས། དེ་དག་ནི་མཆན་༡༡་རུ་གསལ་པོ་འདུག

  23. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-08-01 at 5:07 am

    ཨ་ཧ་ཡག་པོ་གཟིགས་ཞིབ་གནང་དང་། ཐ་ན་དངོས་མིང་སྤྱོད་ནས་མཆན་བྲིས་པ་ཡིན་ན་བྱ་བ་ཡིན་མིན་གྱི་འགན་ཆ་ཚང་མཆན་བྲིས་པ་པོ་རང་ཉིད་ཀྱིས་ལན་དགོས་པའི་ཕྱིར། དེས་ན་སོ་སོར་རང་ཉིད་ལ་ཆེ་འདོད་དང་གྲགས་འདོད་དབང་གིས་སྤྱི་ཚོགས་ཀྱི་དངོས་ཡོད་མིན་པའི་སྐྱོན་བརྗོད་ཀྱི་རིགས་ཉུང་དུ་འགྲོ་བ་ནི་ཆོས་ཉིད་རེད། དོན་དམ་པའི་བདེན་དོན་རྩོད་མཁན་ཞིག་ཡིན་ན་དངོས་མིང་བེད་སྤྱོད་གཏང་ཏེ་སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་ན་ཕན་ཐོག་ངེས་ཅན་ཡོང་བ་ངེས་པའི་ཕྱིར། རང་ཉིད་སུ་ཡིན་མིང་གང་ཟག་གཉིས་པ་ཞིག་གིས་ཤེས་བཅུག་འདོད་པའི་དྲྭ་འབུ་རྣམས་ནི་སྤྱི་སྒེར་གཉིས་ལ་བདེན་པར་མིན་པའི་དོན་མེད་སྐྱོན་བརྗོད་དང་སྤྱི་ཚོགས་ཕུང་དཀྲུག་ཁོ་ན་སློང་མཁན་དག་ནི་དུས་རབས་ཉེར་གཅིག་པའི་བཟང་སྤྱོད་དང་བྲལ་བའི་མིའི་མཚན་ཉིད་གང་ཡང་མ་ཚང་བའི་ཕྱིར་རོ།

  24. དྲ་འབུ། says:
    2012-08-01 at 12:19 pm

    རུལ་སུངས་ཀྱི་སྤྱི་ཚོགས་ཤིག་ཏུ་དངོས་མིང་སྤྱོད་ཅིང་སྤྱི་ཚོགས་ཀྱི་སྐྱོན་ཆ་ཐེར་འདོན་དགོས་ན་སྲོག་དང་མི་ཚེ་བློས་གཏོང་ཐུབ་པ་ཞིག་ཕལ་ཆེར་དགོས། ལུང་ཤར་རྡོ་རྗེ་ཚེ་རིང་གིས་དམངས་གཙོའི་གོ་དོན་འགྲེལ་བཤད་བརྒྱབས་པའི་འབྲས་བུར་སྲིད་དབང་གཅིག་སྡུད་པ་འགས་གསོན་མིག་ཕྱི་རུ་བཏོན་པ་དང་། དགེ་ཆོས་ཀྱིས་འཛམ་གླིང་གི་སྤྱི་ཚོགས་ཀྱི་འགྲོ་སྟངས་བཤད་པར་ནག་བཙོན་དུ་བཅུག་པ་སོགས་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། ཁྱེད་ཅག་ལྟར་མི་ཆེན་དང་རྒྱུ་ཆེན་སོགས་ལ་བསྟོད་ར་གཏོང་བཞིན་སྡོད་པར་དངོས་མིང་སྤྱོད་ཀྱང་ཉེན་ཁ་མེད།

  25. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-08-01 at 1:50 pm

    དྲྭ་གྲོགས་ཁྱེད་ནི་་མིང་དོན་མཚུངས་པའི་དྲྭ་འབུ་ཞིག་མིན་པ་ཤོག ཁྱེད་ཀྱི་དངོས་མིང་མེད་པའི་རྒྱུ་མཚན་གྱིས་ང་ལ་དོན་མེད་ཀྱི་སྐྱོན་འཛུགས་མ་བྱེད་རོགས། ང་ཡིས་མི་ཆེན་དང་རྒྱུ་ཆེ་རིགས་ལ་བསྟོད་ར་བཏོང་བཞིན་ཡོད་པ་ཁུངས་སྐྱེལ་གནང་ཡ་ཡོད་དམ། གུས་པའི་ཐ་ན་དོལ་ཚོགས་ཀྱི་མི་རྣམས་ལ་བོད་སྤྱི་དོན་གྱི་ཁྱེད་དུ་གདོང་ལན་ག་འདྲ་བྱས་མིན་ཤེས་བཞིན་ཡོད་དམ། དེ་དང་དེ་ལ་སོགས་པ་མང་མོད་བོད་མི་རིགས་རིག་གཞུང་དང་བཅས་པའི་ཆེད་ཁོ་ན་ཡིན་པས་གང་ལ་ངོ་སོ་དང་སྡུག་ཡུས་བཤད་བཞིན་མེད། གུས་པའི་ད་བར་ཕན་ཐོག་མཐོང་ན་བློས་གཏང་མང་པོ་ཞུས་ཡོད། ཁྱེད་ཀྱིས་མིང་རྫུན་གྱི་འོག་ནས་དངོས་ཡོད་མིན་པའི་སྐྱོན་བརྗོད་ཀྱི་རིགས་སྤོང་ན་མཛེས་སོ་སྙམ། ད་དུང་བཟང་སྤྱོད་དང་བྲལ་བའི་འཆའ་གཏམ་ནི་སྤྱི་ཚོགས་ཀྱི་བདེ་འཇག་དཀྲོག་པའི་དུག་ནག་རེད། གལ་སྲིད་ཁྱེད་ཀྱིས་དངོས་མིང་དཀོལ་སྤྱོད་གནང་ཡོད་ཚེ་དོན་མེད་ཀྱི་རྙོག་གཏམ་རིགས་བཤད་མི་སྲིད། དྲང་པོ་གསུང་ལན་གནང་དང་།

  26. དྲ་འབུ། says:
    2012-08-01 at 7:48 pm

    ཁྱེད་ཀྱིས་དོལ་ཚོགས་ལ་བོད་སྤྱི་དོན་གྱི་ཆེད་དུ་གདོང་ལེན་གནང་ཡོད་ན་དགའ་བསུ་ཞུ། ཁྱེད་ཀྱིས་བཤད་པ་བདེན་ན་ཁྱེད་ཀྱང་རྒྱལ་ཞེན་དང་སྙིང་སྟོབས་ལྡན་པ་ཞིག་ཡིན་བཟོ་རེད། ངས་ཁྱེད་ལ་དམིགས་སུ་དཀར་ནས་བཤད་པ་མིན་ཀྱང་རྒྱུ་ཆེན་དང་མི་ཆེན་ཟེར་བ་དོལ་ཚོགས་ལ་གོ་དོན་ཅི་ཡོད། རྒྱུ་ཆེན་དང་མི་ཆེན་ཟེར་བ་རླུང་རྟ་ཡར་འགྲོ་དག་ལ་གོ་བ་ལས་དོལ་ཚོགས་ལྟར་རླུང་རྟ་མཐུར་འགྲོ་དག་ལ་ཇི་ལྟར་གོ ང་ནི་དྲ་འབུ་ཞིག་ཡིན་ཀྱང་དྲ་བ་གསོ་བྱེད་ཀྱི་འབུའམ་ཡང་ན་དྲ་བ་གཅོད་བྱེད་ཀྱི་འབུ་ཡིན་དཔྱད་པའི་སྒང་ཡིན། མ་གཞི་ནས་ཁྱེད་ཀྱིས་མིང་དངོས་མེད་པའི་རྩོམ་ལ་ནུས་པ་མེད་རབས་བཤད་ཀྱང(ཁྱེད་ཅག་ལྟར་མི་ཆེན་དང་རྒྱུ་ཆེན་སོགས་ལ་བསྟོད་ར་གཏོང་བཞིན་སྡོད་པར་དངོས་མིང་སྤྱོད་ཀྱང་ཉེན་ཁ་མེད།)ཚིག་ཐུང་འདིས་ཁྱེད་ཀྱི་དོན་ལྔ་སྣོད་དྲུག་ཕྱིར་མ་བཏོན་ཙམ་བྱུང་འདུག་པ་འདིའང་ནུས་པ་ཞིག་མ་ཡིན་ནམ། ཀུ་རེ་ཡིན། ཧཧཧཧཧཧཧ

  27. དྲ་འབུ། says:
    2012-08-01 at 7:54 pm

    ངག་སྟོབས་ལགས། ངས་གོང་དུ་བྲིས་ཟིན་པའི་ཁོངས་སུ་སྤྱི་ཚོགས་ལ་གནོད་པའི་གཏམ་འདྲ་ཡོད་ན་དགོངས་དག་ཞུ། དེ་བཞིན་ཁྱེད་ཀྱང་ཐུགས་མི་ཁྲོ་བའི་རེ་བ་ཡོད། ངས་གཏམ་གླེང་རིང་མ་ཐུང་གསུམ་སྤེལ་བ་འདི་འང་འགན་ཁུར་གྱི་འདུ་ཤེས་མི་འདྲ་བ་ཞིག་གི་ཐོག་ནས་ཡིན། འོན་ཀྱང་འགན་ཁུར་སྟངས་ནོར་བ་ཡིན་ན་བསྐྱར་དུ་བཟོད་གསོལ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme