Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་དང་ངའི་སྙན་ངག

Posted on 2012-07-272012-07-27 By ཁ་བརྡ་ 14 Comments on ང་དང་ངའི་སྙན་ངག

རིན་ཆེན་སྒྲོལ་མ།

ཕུགས་བསམ་ནུབ་ཕྱོགས་རི་ཡི་ཕྲག་གོང་ནས།།
སྟོང་འདང་འཇའ་འོད་སྣ་ལྔའི་གུར་ཁྱིམ་ཕུབ།།
ཅི་ཞིག་ཐོབ་འདོད་རེ་བའི་སྣེ་མོ་རུ།།
མུན་པར་ལག་སྙོབ་ཙམ་གྱི་རི་མོ་གསལ།།

གདོང་བཞིའི་སྲས་མོ་སྙིང་ལ་བསྒོམས་ནས་ནི།།
མགོ་ཡི་སྐྲ་ལོ་དུང་གིས་ཟོས་ཀྱང་རུང་།།
རིག་བྱེད་དབྱངས་ཀྱི་འགྱུར་ཁུག་མ་རྙེད་པར།།
མི་སྡུག་ཐོད་པའི་གཉེར་མ་འཕྲོ་མདུད་རྒྱག།

ཁ་ཅིག་འཛུམ་མདངས་ཀྱི་ལིར་ནུབ་ཏུ་འཕུར།།
འགའ་ཞིག་རྔ་མ་གཡུག་བཞིན་ཤར་ཏུ་བཤར།།
རང་ཉིད་རང་ལ་སྡང་བའི་ན་ཟུག་ཁྲོད།།
ཐམས་ཅད་མཆི་མས་བཞུར་བའི་ལས་འདི་བཙོག།

རི་མགོའི་ན་བུན་ཁོ་མོའི་སྙན་ངག་དང་།།
རྩྭ་མགོའི་བསིལ་ཐིགས་ཁོ་མོའི་དམིགས་རེ་སྟེ།།
མཁོ་མེད་ཤོག་སྨྱུག་རུམ་པའི་རྨི་ལམ་ཁྲོད།།
གཏན་གྱི་འདུན་མ་བྱེ་བར་བཀོད་པའི་རྗེས།།

ཀ་ཁའི་བུ་མོར་འཐམ་འཁྱུད་བྱས་ནས་ནི།།
སྙན་ཚིག་རིག་པའི་སྒྱུ་རྩལ་ལ་རོལ་ཀྱང་།།
འཁྱམ་ཉུལ་འཚོ་བ་རིན་ཐང་ཆུང་དྲག་པས།།
བགྲོད་པའི་ལམ་བུ་དོག་ནས་དོག་ཏུ་ཕྱིན།

སྙན་ངག

Post navigation

Previous Post: ཆུང་མ་ ༥ ཡིས་ཁྱོ་གར་བཙན་གཡེམ་གྱིས་བསད།
Next Post: ཆོས་གོས་འོག་གི་ཁྱིམ་གཞིས།

Comments (14) on “ང་དང་ངའི་སྙན་ངག”

  1. དོལ་སྨྱོན། says:
    2012-07-27 at 10:14 am

    ཁྱེད་ཀྱིས་སྙན་ངག་བྲིས་པར་དགའ་བསུ་ཞུ།
    ནམ་རྒྱུན་དྲ་རྒྱ་འདིར་ཚེ་རིང་ལྷ་མོ་ལས་གཞན་པའི་བུ་མོས་སྙན་ངག་འབྲི་བ་ཉུང་ཙམ་རེད།
    དེ་རིང་ཡང་སྙན་ཚིག་རིག་པར་དུང་ཞེན་ཟབ་པའི་བུ་ཞིག་ཐོན་སོང་།
    ཁྱེད་དང་ཁྱེད་ཀྱི་སྙན་ངག་གཉིས་ཀ་སྐུ་ཚེ་བརྟན་པར་སྨོན།

  2. དོལ་སྨྱོན། says:
    2012-07-27 at 10:15 am

    བུ་མོ་ཞིག་་་་་ཅེས་བཅོས་རོགས།

  3. མེ་ཏོག་དཀར་པོ། says:
    2012-07-27 at 10:24 am

    རིན་ཆེན་སྒྲོལ་མ་ད་རེས་མཇལ་ཐེངས་ཐོག་མ་ཡིན་སྟབས་བཀྲ་ཤིས་བདེ་ལེགས་ཞུ།
    དོལ་སྨྱོན་ལ་གཟབ་ཙམ་གནང་རོགས་མ་གཏོགས་རྩ་རྒན་རེད་ད།
    ཧ་ཧ་ཧཧ་ཧ་

  4. ཕྱུགས་རྫི says:
    2012-07-27 at 12:49 pm

    སྙན་ཚིག་གོམ་ལག་བདེ་བའི་རྟ་ཕོ་ལ།།
    ཐུབ་འདོད་གསེར་གྱི་རྟགས་མ་ཡིད་སྒོམས་ནས།།
    ཚིག་རྒྱན་ལྕག་གི་སྐུལ་བའི་ཅང་ཤེས་ལ།།
    འགྲོ་མགྱོགས་བང་ཁ་རླུང་ལ་འགྲེན་ནས་ཤོག།

  5. མིག་གསུམ་པ། says:
    2012-07-27 at 3:57 pm

    ཁྱོད་ཀྱི་སྙན་ཚིག་རིན་ཆེན་དོ་ཤལ་དེ།།
    ཁོ་བོའི་ངག་གི་བུ་ཆུང་འགུལ་ལ་སྒྲོན།།
    སྙན་འཇེབས་སྙིང་བོ་སྦྲུམ་པའི་སྒྲ་དབྱངས་ལ།།
    ལན་མང་ཐོས་པའི་སྨོན་པ་སྟོང་གིས་སྐུལ།།

    གང་ཞིག་གང་དུ་མཆིས་པ་མ་རྟོགས་མོད།།
    སྙན་ཚིག་དུམ་བུར་དེ་རིང་འདི་ནས་མཇལ།།
    སྲོག་དབང་མ་འགག་གནས་པའི་བརྡ་ལན་དེས།།
    ཁོ་བོ་བདེ་བར་བདོག་པས་འཐུས་པར་བགྱིས།།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-27 at 11:46 pm

    སྔོན་དུས་བོད་རིགས་ཙམ་མིན་ཡུལ་གཞན་དུའང་།
    སྐྱེས་མ་རྣམས་ལ་བྱ་བའི་ཐོབ་ཐང་དཀོན།
    དེའི་ཕྱིར་རྒྱ་གར་ཡུལ་དང་བོད་ཡུལ་དུ།
    སྐྱེས་མས་བརྩམས་པ་སྙན་དངགས་སྣང་ཡུལ་མེད།།

    དིང་དུས་སྐྱེས་པ་དང་ནི་སྐྱེས་མ་ལ།
    ཐོབ་ཐང་འདྲ་མཉམ་ཡོད་ཀྱང་སྐྱེས་མའི་རིགས།
    སྐྱེས་པ་བཞིན་དུ་མངོན་གསལ་འཐོན་པ་དཀོན།
    རིན་ཆེན་སྒྲོལ་མའི་སྙན་དངགས་རྒྱལ་གྱུར་ཅིག།

    དེ་ཡང་དིང་སང་སྒྲའི་འགྲོ་སྟངས་ལ་སྦྱངས་སྟོབས་མེད་པ་དག་གིས་སྙན་དངགས་ལ་སྙན་ངག་མ་གཏོགས་སྙན་དངགས་ཞེས་འབྲི་མཁན་དཀོན། ངག་དང་དངགས་ལ་སྒྲ་དོན་མི་འདྲ་བས། སྔོན་གྱི་བོད་ཀྱི་མཁས་པ་རྣམས་ཀྱིས་སྙན་དངགས་ཞེས་འདོན་ཅིང་འབྲི། དིང་སང་བོད་ཡུལ་མང་ཆེ་སར་སྔོན་གྱི་འདོན་སྙངས་ཉམས། དེ་ཉིད་སླར་གསོ་བ་ལ་བསམ་བློ་གཏོང་མཁན་ཡང་དཀོན། སའི་གོ་ལ་འདིར་བོད་ཀྱི་རིག་གཞུང་མ་ཉམས་པར་འདོད་མཁན་ཀུན་ལ་བོད་ཀྱི་སྔར་གི་སྒྲ་གདངས་རྣམས་སླར་གསོ་དགོས་པ་རྒྱ་གར་གྱི་ལེགས་སྦྱར་སྐད་ཀྱི་སྒྲ་གདངས་ཆག་ནས་སྐད་རིགས་མི་འདྲ་བ་དུ་མ་བྱུང་ཡང་། ལེགས་སྦྱར་སྐད་ལ་གཅེས་པ་དག་གིས་སྒྲ་གདངས་དམ་ཏུ་བཟུང་སྟེ། ད་ལྟ་ཡང་སྔོན་གྱི་ལེགས་སྦྱར་ཇི་ལྟར་བྲིས་པ་བཞིན་འདོན་ཐུབ་མཁན་ཡང་རྒྱ་གར་དུ་ལུས་ཐུབ་པ་ཡིན། དེ་བཞིན་རང་རེ་བོད་པས་ཀྱང་རྒྱ་གར་པ་ལེགས་སྦྱར་འཛིན་གྱི་ལད་མོ་བྱེད་དགོས་པར་མཐོང་། རིན་ཆེན་སྒྲོལ་མའི་སྙན་ཚིག་ཏུ་གསལ་བའི་སྒྲ་འགའ་ཞིག་ལ་དཔྱད་པར་བྱ་སྟེ། རྒྱག་ཅེས་པ་རྒྱབ་ཀྱི་ཁ་སྐད་སྟེ། རྗེས་འཇུག་གྱུར་ནས་རྒྱག་ཅེས་ཆགས་པར་འདོད། དེས་ན། རྒྱབ་ཅེས་དགོས་པར་མཐོང་། རྒྱབ་མིང་དང་བྱ་ཚིག་གཉིས་སུ་དབྱེ། དེ་ལྟར་ཙམ་ལ་ཆ་མ་བཞག་པར་རིག་གཞུང་སྐད་ན། རྒྱབ་བམ་རྒྱག་ཅེས་གང་འདུག རང་རེས་བཙལ་ནས། དཔྱད་དགོས། ལིར་ཞེས་པའི་དོན་མ་ཤེས། འདུན་མ་དང་མདུན་མ་གཉིས་ལས་གང་དག་པ་དེ་ཡིན་ནམ། བྱེ་བར། ཞེས་པའི་དོན་ཅི་ཡིན་ནམ། འབྱེ་ བྱེ་ འབྱེ་ ཞེས་ད་ལྟ་འདས་མ་འོངས་་བཅས་བྱ་ཡུལ་མེད་པའི་བྱ་ཚིག་དང་། འབྱེད། ཕྱེ་ དབྱེ་ ཕྱེས། ཞེས་ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་བྱ་ཡུལ་ཡོད་པའི་བྱ་ཚིག་རྣམས་ལས་གང་དེ་ཡིན་ནམ། སྒྲོལ་བསྟོད་དུ། གེ་སར་བྱེ་བ་ལས་ནི་བྱུང་མ། ཞེས་པ་དང་དོན་འདྲ་བ་ཞིག་ཡིན་ནམ། ཞེས་སོ།།

  7. ཚངས་པ། says:
    2012-07-28 at 12:35 am

    ལ་དྭགས་བློ་བཟང་འཇམ་དཔལ་མཆོག་རང་མི་རིགས་ཀྱི་སྐད་ཡིག་ལ་ལར་ཞེན་གནང་བ་བཀའ་དྲིན་ཆེ། འོན་ཀྱང་སྐུ་ཉིད་ཀྱིས་ལ་དྭགས་ཀྱི་ཡུལ་ལ་དོ་སྣང་དགོས་རྒྱུ་གལ་འགངས་ཤིན་ཏུ་ཆེ། ལ་དྭགས་ཀྱི་མི་རྣམས་ཀྱིས་རང་གི་རིག་གཞུང་ལ་དོ་སྣང་མེད་པའི་སྐྱེན་གྱིས་བོད་ཡིག་ཤེས་མཁན་ཤིན་ཏུ་དཀོན་པ་མ་ཟད། ལ་དྭགས་ཀྱི་ཁ་སྐད་ནང་རྒྱ་གར་སྐད་དང་དབྱིན་སྐད་སོགས་མང་དག་ཅིག་འདྲེས་ནས་ཆ་འཛིན་མེད་པ་ཆགས་འདུག བོད་དུ་སྐད་ཡིག་ཉམས་པ་ལས་ལ་དྭགས་ལ་ཚབ་ཆེ་བ་ཉམས་འདུག ཁྱད་པར་སྤི་ཏི་༼སྤྱི་ཏི་༽ཁུལ་ཏུ་ཕ་མ་ཁག་ཅིག་གིས་བུ་ཕྲུག་ལ་རྒྱ་གར་མིང་འདོགས་ཀྱི་འདུག དེ་ནི་མི་རིགས་རྩ་མེད་འགྲོ་བར་ཉེན་ཁའི་གནས་ཤིག་ལགས།

  8. རོང་པོ་མཇོ་ན་ནས says:
    2012-07-28 at 1:15 am

    མཚན་མོའི་ཟླ་འོད་བསིལ་རླུང་ཁུ་སི་གསྟེར།
    དྭངས་གཙང་ཆུ་བོའི་གླུ་སྒྲས་ཤག་ཤག་སྦྱིན།
    ཁང་ཆུང་གྲུ་བཞི་ནང་གི་མལ་ཁྲི་སྟེང།
    ང་ཡི་སེམས་པ་ཟླ་འོད་ཁྱོད་དང་འགྲོགས།

  9. རིན་ཆེན་སྒྲོལ་མ། says:
    2012-07-28 at 2:45 am

    ལ་དྭགས་རྒན་ལགས་ཀྱིས་ཐུགས་ཞིབ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལར་སྙན་ངག་གི་ངག་ལ་དངགས་འབྲི་བ་བརྡ་རྙིང་ཡིན་པ་སྨོས་མེད་ཀྱང་། བོད་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོས་ངག་ཅེས་བྲིས་དང་འབྲི་བཞིན་པ་རེད་ལ། དེར་རྒྱུ་མཚན་མེད་པ་མིན་པར་འདོད། ཀྱི་ལིར་ཞེས་བྲིས་པ་སྤྱིར་རྒྱན་ཚིག་ཡིན་ཏེ་དཔེར་ན་ཀྱི་ལི་ལི་ཞེས་པ་ལྟ་བུ་དང་དེའི་དོན་མྱུར་བའམ་མགྱོགས་པོར་གོ་ན་ཆོག བྱེ་བར་ཞེས་བྲིས་པ་ནོར་འདུག བྱེ་མར་ཞེས་བཅོས་ན་འགྲིགས། རྒྱབ་དང་རྒྱག་གཉིས་གང་བདེར་འབྲི་ཆོག་པ་ཚིག་མཛོད་མང་པོར་གསལ། འོན་ཀྱང་སྙན་ངག་སྐབས་ཚིག་དོན་གཉིས་ཆའི་ཉམས་འགྱུར་གཙོ་འདོན་དགོས་གཤིས་གང་བདེར་བེད་སྤྱོད་བྱས་པ་ཙམ་ཡིན།

    གཞན་ཡང་། གུས་མོའི་རྩོམ་ཉོག་འདིར་དགེ་སྐྱོན་གླེང་མཁན་དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ་ཞུ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-28 at 3:42 am

    ཚངས་པ་ལེགས། ཁྱེད་ཀྱིས་གཞེན་བསྐུལ་མཛད་པར་དགའ། ལ་དྭགས་ལ་ཆོས་སྐད་དེ་མ་ཉམས་པར་འཇོག་པ་ལ་ཐབས་གང་དྲག་བྱེད། ཆོས་སྐད་དུ་གསར་ཤོག་བཏོན་ཏེ། མི་མངས་ལ་ཀློག་ཏུ་འཇུག་པ་གལ་ཆེ། མི་གཅིག་གི་འབད་པས་ལ་དྭགས་གསར་འགྱུར་ཞིག་འཐོན་བཞིན་ཡོད་པ་དེ་ལ་ལོ་མངས་ནས་གྲོགས་ཕྲན་བུ་བྱས། ད་དེ་ཉིད་ལ་ཡར་རྒྱས་གཏོང་དགོས་པ་འདུག ད་ལྟ་གསར་ཤོག་བཟོ་མཁན་དེ་ལོ་དྲུག་ཅུ་རེ་གྲངས་ལས་བརྒལ་པའི་གཞུང་གི་ལས་ཡོལ་པ་ཞིག་ཡིན་འདུག མི་མངས་རྣམས་ཆོས་ལ་མོས་པ་ཆེ་བས་རང་གི་བླ་མས་ཅི་གསུངས་སྒྲུབ་མཁན་ཞིག་ཡིན་པ་གཞིར་བཟུང་སྟེ། ལ་དྭགས་ལ་བཀའ་བསྟན་སྐད་དང་མཐུན་པ་ཞིག་གི་གསར་ཤོག་དགོས་པ་ལ་རྗེ་བླ་མ་མཆོག་གིས་བཀའ་སློབ་སྩོལ་བ་ཕན་ཐོགས་ཆེ་བ་འགྱུར་ངེས་པས། རྗེ་བླ་མ་མཆོག་ལ་སྐྱབས་འཇུག་ཞུས་ཡོད་ཅིང་། ང་རང་ཕྱོགས་ནས་ཨ་རིའི་ཀོ་ལམ་བི་ཡ་ནས་ལས་ཡོལ་རྒན་ཕོགས་ཅི་འབྱུང་བ་དེ་གསར་ཤོག་འདོན་པའི་མཐུན་རྐྱེན་དུ་འབུལ་ངེས་དང་། དེ་བཞིན་ལ་དྭགས་རང་ན་འབྱོར་ལྡན་རྣམས་ནས་ཞལ་འདེབས་འབུལ་སྡུད་བྱེད་དགོས་པ་ཡིན། ད་ལྟ་ངས་བོད་ཀྱི་སྤྱིའི་སྐད་ཡིག་མི་ཉམས་པར་བྱེད་པ་འདི་ཉིད་ལ་དྭགས་སོགས་བོད་སྤྱི་ལ་ཕན་པ་ཞིག་བྱེད་པ་ཡིན་སྙམ་མོ།།

  11. གནམ says:
    2012-07-28 at 3:59 am

    ཀ་ཁའི་བུ་མོ་འཐམ་འཁྱུད་བྱེད་པའི་རིན་ཆེན་སྒྲོལ་མ་ནི་ཨ་ནེ་ཞིག་མིན་ནི་ཨ། བུ་མོས་བུ་མོར་འཐམ་པའི་འཇིག་རྟེན་སྣང་བ་ཞིག་གི་དཔེ་མཚོན་ཡོད་པ་འདི་ཡག་པོ་ཞིག་མ་རེད་ཞེས་ཞུ་ཚོད་མ་ཐུབ་ཐལ། མང་པོ་ཕྲིས་རེད། མང་པོ་ཀློག་གི་ཡིན། ཁ་བརྡ་ན་མོ་དྲི་ངོ་མ་ཞིག་བྲོ་རྒྱུ་ཡོད་ན་སྐྱིད་པོ་འདྲ་ཞིག་མིན་རྒྱུ་མེད་ཀི

  12. མེ་ཏོག་དཀར་པོ། says:
    2012-07-28 at 4:04 am

    བཀུར་འོས་རྒན་ལེགས། ཁྱེད་ཀྱི་ཐུགས་བསམ་བཞེས་ཕྱོགས་དང་ཕྱག་ལེན་བསྟར་སྟངས་ལ་ཡི་རངས་བསྔགས་བརྗོད་ཡོད། ཕྱིས་སུ་ཁོ་བོར་གོ་སྐབས་དང་ནུས་པ་ལྡན་པར་གྱུར་ཚེ་སྤྱི་ཚོགས་ཀྱི་བྱ་བ་འདི་འདྲ་ལ་ཞུགས་ངེས་ཡིན། རྒན་སྐུ་ཚེ་རིང་།

  13. ཟུར་གནས། says:
    2012-07-28 at 11:14 pm

    ཁྱེད་ཀྱི་ན་ཆུང་མིག་གཉིས་ཕྲ་ལ་གསལ།
    བཞིན་རས་ཅུང་ཙམ་ནར་ལ་རུས་བཟོ་ལེགས།
    ད་དུང་ཕྲ་ལ་མཉེན་པའི་ལུས་དེ་དང་།
    ནག་ལ་འཚོམ་པའི་དབུ་སྐྲ་དེ་བས་མཛེས།
    ང་ཡི་སྙིང་ནས་དྲན་པའི་ན་ཆུང་མ།

    ཐོག་མ་མཇལ་བའི་སྐབས་ལ་དོ་སྣང་མེད།
    བུད་མེད་དཀྱུས་མ་གཞན་མཚུངས་བཏང་སྙོམས་བཞག
    རིམ་བཞིན་ཁྱེད་དང་འདྲིས་ནས་ཡོང་བའི་སྐབས།
    ང་ཡི་སེམས་པ་འཕྲོག་པ་སུ་ཡིས་རྟོགས།
    སྙིང་ནས་འགྱོད་དོ་ང་ཡི་ཆུང་འདྲིས་མ།

    ལོ་ངོ་བཅུ་ལྷག་འགྲོ་བའི་དོ་ནུབ་འདིར།
    ཁྱེད་ཀྱི་བཞིན་རས་གསུང་སྒྲ་ཝ་ལེར་ཤར།
    ལྷག་དོན་ཉེ་ཆར་སྙིང་གཏམ་ཞུས་པ་དེར།
    སྙིང་ནས་དགོངས་རོགས་ང་ཡི་ཡིད་འཕྲོག་མ།
    བདག་ལ་སྐལ་བ་ཅི་ནས་གནོངས་རོགས་མཛོད།

    ཁྱེད་དང་ཚེ་གཅིག་གྲོགས་པའི་ལས་མེད་ཀྱང་།
    གང་གི་ཉེ་བར་གནས་པའི་ལས་མེད་ཀྱང་།
    མིག་གི་མདུན་དུ་གཟིགས་པའི་ལས་མེད་ཀྱང་།
    ཐུགས་ཀྱི་ཟུར་ལ་འཇོག་པའི་རེ་བ་ཞུ།
    བརྩེ་བའི་ཁ་པར་གནོངས་རོགས་ང་ཡི་སྙིང་།

    ཨེ་མ་ཁྱེད་ནི་གངས་རིའི་ལྷུན་པོ་ལྟར།
    མཐོང་ན་མཛེས་ལ་གོ་ན་གདུང་སེལ་བས།
    ནམ་ཞིག་སྐལ་བ་མ་འཛད་སླར་འཕྲད་ཚེ།
    ཅི་ནས་དགྱེས་པའི་མཛུམ་གདངས་སྟོན་རོགས་ཞུ།
    ང་ཡི་ནོར་བུ་སྙིང་ནས་དྲན་པའི་ཏེའུ།

    ད་དུང་གསུང་བཟང་སྙན་མོ་བྱོན་པར་ཞུ།
    ལུས་ཀྱི་ལྡེམ་ཁྱུར་སྤྱན་གྱི་གཟིགས་ཕྱོགས་སོགས།
    སྔར་བཞིན་བུ་ངའི་ཡིད་དབང་འཕྲོག་པའི་རྒྱུ།
    ཅི་ནས་སྟོན་རོགས་ང་ཡི་སྙིང་སྡུག་མ།
    ཁྱེད་རང་དྲན་པས་ཚེ་ལ་སྙིང་པོ་བྲལ།

  14. རང་དབང་ཨ་རྡུ་མན་ says:
    2012-07-29 at 12:03 am

    རིན་ཆེན་སྒྲོལ་མ་ལགས་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ཉིད་ཀྱི་སྙན་ཚིག་དུམ་བུ་དེ་ནི་ཧ་ཅང་གི་སྙན་མོ་འདུག་ལ་བརྗོད་བྱ་ཡང་དེ་བས་ཟབ། ད་རེས་ངས་ཞུ་འདོད་པ་ནི་་་་་ཁྱེད་རང་ནས་ཐོག་མར་སྙན་དངགས་ཀྱི་ལམ་དུ་གང་འདྲ་སེ་ཞུགས་ཡོད་མེད་སྐོར་དང་སྙན་གཞུང་གང་ལ་སྦྱངས་བརྩོན་ཇི་ལྟར་གནང་ཚུལ་བཅས་རོབ་ཙམ་ཞིག་འགྲེལ་བརྗོད་ཡོང་བ་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme