Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིད་སྐྱོའི་གནས་ཚུལ།

Posted on 2012-07-262012-07-26 By ཁ་བརྡ་ 16 Comments on ཡིད་སྐྱོའི་གནས་ཚུལ།

༄༅།། ཞིང་གཤེགས་དམ་པ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་གི་བླ་བྲང་དང། འབྲེལ་ཡོད་དགོན་སྡེ་ཁག སློབ་མ། ལས་སྣེ་སྐུ་འཁོར་ལྷན་རྒྱས་མཆོག་གི་དྲུང་དུ།
ཆེད་འབུལ།

དེ་རིང་སྟེ་ཕྱི་ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢:༡༥སྟེང་བཀའ་ཟུར་ཨ་ལགས་འཇིག་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་འདི་ནི་བོད་བསྟན་སྲིད་སྤྱི་དང། ཡང་སྒོས་མདོ་སྨད་ཆོལ་ཁར་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ལ་སོང་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡིད་གདུང་དྲག་པོ་བྱུང་ཞིང། བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༨ ལོར་མདོ་སྨད་རེབ་གོང་རྒྱལ་བོ་དཔོན་ཚང་གི་སྲས་སུ་འཁྲུངས། དགུང་ལོ་ ༧ སྟེང་རེབ་གོང་རོང་པོ་དགོན་ཆེན་གྱི་འཇིགས་མེད་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གྱིས་རོང་པོ་དགོན་ཆེན་དུ་ཕེབས་ཏེ་འབྲི་ཀློག་དང་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་བ་དང་། ཤར་སྐལ་ལྡན་རྒྱ་མཚོ་དང་འཇིགས་མེད་དམ་ཆོས་རྒྱ་མཚོ། དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་བླ་མ་དགེ་བཤེས་མང་པོའི་མདུན་ནས་དབང་ལུང་གསན་གནང་མཛད་ཡོད། རོང་པོ་དགོན་ཆེན་གྱི་གྲྭ་ཚང་གསེར་ཁྲི་ལོ་གསུམ་རིང་བསྐྱངས། ༡༩༥༤ ལོར་ཡབ་ཡུམ་དང་མཉམ་ལྷ་སར་གནས་མཇལ་དུ་ཕེབས་ཞིང་། རྩེ་ཕོ་བྲང་དུ་༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་སྐབས་གདན་ས་གང་རུང་ཞིག་ཏུ་སློབ་གཉེར་གསན་བཞེས་གནང་ན་ལེགས་པོའི་བཀའ་སློབ་སྤྱི་ཕེབས་ལྟར། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བཞུགས་ནས་ཕར་ཕྱིན་དང་དབུ་མའི་གཞུང་ལ་སློབ་གཉེར་གནང་། ༡༩༥༩ ལོར་དགའ་ལྡན་དུ་༸གོང་ས་མཆོག་གིས་གྲྭ་སྐོར་དམ་བཅའི་མཛད་རིམ་བསྐྱངས་སྐབས། འཇིགས་མེད་རིན་པོ་ཆེས་༸གོང་ས་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཕེབས་གདན་ཞུས་ཀྱིས་མཎྜལ་ལྗགས་བཤད་དང་སྦྲགས་༸གོང་ས་མཆོག་ལ་དབུལ་དངོས་དང་། དགའ་ལྡན་ཚོགས་ཆེན་དང་བྱང་རྩེ་གྲྭ་ཚང་བཅས་ལ་བསྙེན་བཀུར་རྒྱ་ཆེ་ཞུས་ཡོད། ༡༩༥༩ ལོའི་ཕྱི་ཟླ་ ༥ པའི་ནང་འབྲུག་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པ་དང་། དེ་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་ཞིང་། བྱང་རྩེ་གྲྭ་ཚང་དུ་དབུ་མ་གསར་བའི་དམ་བཅའ་ཡང་བཞག ༡༩༦༥ ལོའི་ལོ་མཇུག་ཏུ་སྐབས་གསུམ་པའི་མདོ་སྨད་སྤྱི་འཐུས་ལ་འོས་འདེམས་བྱུང་ཞིང་། སྐབས་དེར་བཀའ་ཤག་དང་༸གོང་ས་མཆོག་ལ་སློབ་གཉེར་འཕྲོ་སྐྱོང་ཆེད་སྤྱི་འཐུས་ལས་ཁུར་དགོངས་ཞུ་གནང་ཡང་བཀའ་འཁྲོལ་མ་ཐོབ་པར་བརྟེན་སྤྱི་འཐུས་ཀྱི་ཕྱག་ལས་གནང་། དེ་ནས་རིམ་བཞིན་སྤྱི་འཐུས་སྐབས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་སྤྱི་འཐུས་སྐབས་བཞིའི་ལས་རྒྱུན་ལོ་ ༡༣ རིང་གནང་ཡོད། སྐབས་ལྔ་བའི་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་པ་དང་འོས་བསྡུའི་ཚོགས་ཆུང་གི་ཚོགས་གཙོ་ཞོར་ལྕོག་གནང་བ་དང་། སྐབས་དྲུག་པའི་སྤྱི་འཐུས་ཚོགས་གཙོ་གནང་ཡོད། ༡༩༧༩ ལོ་ནས་ལོ་ ༦ རིང་རྩིས་ཞིབ་འགན་འཛིན་གནང་བ་དང་། ༡༩༨༥ ལོར་༸གོང་ས་མཆོག་གི་སྐུ་ཚབ་ཐེངས་བཞི་བ་བོད་དུ་བསྐྱོད་སྐབས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའི་མིང་ཐོག་ནས་ཕེབས། ༡༩༨༦ ལོར་ནང་སྲིད་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་རིང་ཕྱག་ལས་གནང་བ་དང་། དེ་ནས་བདེ་སྲུང་བཀའ་བློན་ལས་རོགས་སུ་བསྐོ་བཞག་གིས་ཟླ་ཤས་སོང་མཚམས་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གིས་ལོ་ ༤ ཙམ་རིང་བདེ་སྲུང་བཀའ་བློན་གནང་། ལོ་དེར་ཀུན་གཟིགས་པཎ་ཆེན་རིན་པོ་བལ་ཡུལ་དུ་འཛམ་གླིང་ནང་པའི་ཆོས་ཚོགས་སུ་ཆིབས་བསྒྱུར་སྐབས་༸གོང་ས་མཆོག་སྐུ་ཚབ་གནང་སྟེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་དུ་ཕེབས། ༡༩༩༡ ལོར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་གིས་ལོ་ ༦ རིང་ཕྱག་ལས་གནང་། ༡༩༩༦ ལོར་བཅའ་ཁྲིམས་དགོངས་དོ་ལྟར་༸གོང་ས་མཆོག་གིས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དུ་ཐད་བསྐོས་གནང་བ་དང་། བཅའ་ཁྲིམས་དགོངས་དོན་བཞིན་༸གོང་ས་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཏེ་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་གྱི་ཕྱག་ལས་གནང་། ༡༩༩༩ ལོར་གཞིས་བྱེས་མང་ཚོགས་ཀྱི་ངོ་བོ་མཚོན་པའི་ཚོགས་ཆེན་གྱི་ཐོག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་གསོལ་འདེབས་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་དགོངས་པ་རྫོགས་ནས་ལོ་ ༡༠ འཁོར་བའི་རྗེས་དྲན་མཛད་སྒོའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་འགན་བཞེས་ཏེ་མཛད་རིམ་དེའི་ཐོག་མཐའ་བར་གསུམ་གྱི་འགྲོ་གྲོན་རྣམས་ཀྱང་རིན་པོ་ཆེ་རང་ཉིད་ཀྱིས་ཐབས་ཤེས་བཅས་གནང་ཡོད་འདུག དེ་ལྟར་བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་སྤྱིའི་བསྟན་པ་ཆབ་སྲིད་ཐོག་ལྷག་བསམ་ཡོད་ཚད་ཀྱིས་ཕྱག་ལས་གནང་ཡོད་པ་དང་། བྱེ་བྲག་ཏུ་མདོ་སྨད་ཆོལ་ཁའི་ལས་དོན་ཆེ་ཕྲ་ཡོངས་ལ་ཐུགས་ཁུར་ཆེ་བཞེས་ཀྱི་འགན་ལེན་གནང་མུས་ཡོད་པ་སྟེ། གོང་དུ་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཀྱི་ཐུགས་འགན་གནང་བ་སོགས་སོང་ཟིན་པ་ལྟར་དང་། དེ་བཞིན་དུ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་དང་སློབ་སྟོན་པའི་མཚན་གནས་ཐོག་དོལ་རྒྱལ་དགག་ལན་གཡའ་སེལ་མེ་ལོང་དང་། ས་བྱི་ཞི་རྒོལ་ཆེན་མོ། ལྕགས་ཡོས་བཙན་རྒོལ་མེ་ལྕེ་སོགས་ཀྱི་རྩོམ་སྒྲིག་པའི་འགན་འཁུར་གནང་ཡོད་པ་དང་། མདོ་སྨད་ཛ་དྲག་ཉམ་ཐག་མ་དངུལ་ཚོགས་ཆུང་གི་རྒྱུན་ལས་དང་། མདོ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་སོགས་ཀྱི་ཐུགས་འགན་བཞེས་མུས་སུ། དེ་རིང་ཕྱི་ཚེས ༢༦ ཉིན་དམ་པ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན་པ་འདིས་བོད་སྤྱིའི་བསྟན་སྲིད་དང་། ཁྱད་པར་མདོ་སྨད་ཆོལ་ཁར་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་བླ་བྲང་དང། འབྲེལ་ཡོད་དགོན་སྡེ་ཁག སློབ་མ། ལས་སྣེ་སྐུ་འཁོར་བཅས་ལ་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཡིད་གདུང་དྲག་པོས་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ ལ་ཕུལ།།

གསལ་བསྒྲགས།

Post navigation

Previous Post: བཀའ་ཟུར་ཨ་ལཊ་འཇིཊ་མེད་མཆོག་སྐུ་གཤེཊ།
Next Post: ཞིང་གཤེགས་བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིས་ལས་ལྷུན་འགྲུབ་རིན་པོ་ཆེའི་མཛད་རྗེས་ངོ་སྤྲོད་མདོར་བསྡུས།

Comments (16) on “ཡིད་སྐྱོའི་གནས་ཚུལ།”

  1. རུ་ཤུལ་བུ་ says:
    2012-07-26 at 11:45 am

    སྣ་ཚོགས་ཤིག་བཤད་རྒྱུ་ཡོད་མོད་ཁོང་གི་ཆེད་དུ་་་ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།

  2. khawa says:
    2012-07-26 at 12:09 pm

    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།

  3. སྦྲ་དཔལ་ལྡན། says:
    2012-07-26 at 12:33 pm

    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།དྨེ་ཧཱུྃ།

  4. ནམ་མཁའ says:
    2012-07-26 at 12:48 pm

    སྐུ་ཚེ་གང་བོར་བོད་གཞུང་གི་ཞབས་ཞུ་ཁ་ཞེ་གཉིས་མེད་ཀྱིས་སྒྲུབས་ཡོད་པས་དེ་རིང་གློ་བུར་དུ་སྐུ་ཚེ་མ་ཟིན་པ་འདིས་།སེམས་སུ་གདུངས་ཤུགས་དྲག་པོས་མནར་སོང་། ཁོང་གི་ནང་མི་སྤུན་མཆེད་གཞི་བྱེས་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཡོད།སྤྲུལ་སྐུ་མྱུར་དུ་བྱོན་པའི་རེ་བ་སྨོན་ལམ་དང་བཅས།

  5. མིག་བརྒྱད་པ། says:
    2012-07-26 at 2:01 pm

    ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིང་།།ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་།།
    བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ།།དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག།

  6. བཀྲིས། says:
    2012-07-26 at 6:59 pm

    ཨ་ལགས་འཇིགས་མེད་མཆོག་སྐུ་གཤེགས་པར་མྱ་ངན་དང་། ཁོང་གི་མ་འོངས་པའི་ཆེད་དུ་མ་ནི་འདོན་རྒྱུ་ལགས།
    དམ་པ་ཁོང་གི་བྱས་རྗེས་ནི་ཤོད་མི་དགོས་པར་རྩོམ་ཁ་ཤས་ཤིག་ལ་ཕྲ་ལྷམ་མེར་གསུངས་འདུག། ང་ཚོ་བོད་པའི་སྐྱོན་ཆེ་ཤོས་གཉིས་ཡོད་པ་འདི་ཡང་ད་རེས་སྐབས་འདི་དང་བསྟུན་ནས་འཕྱུར་ཡོང་བཞིན་འདུག

    སྐྱོན་དང་པོ་འདི། བོད་མི་ཞིག་གསོན་པོར་ཡོད་དུས། སྐྱོན་མ་གཏོགས་དགེ་མཚན་གསུངས་མཁན་མེད། དེར་བརྟེན། འཇིགས་མེད་རིན་པོ་ཆེ་ཡང་གསོན་པོར་ཡོད་དུས། ཨ་མདོ་བ་གཙོས། ཁམས་པ་དང་དབུས་པ་ཚོས་ཁོང་གི་སྐྱོན་ཤ་སྟག་གསུང་བ་ལས། ཡོན་ཏན་གསུང་བ་གོ་མྱོང་མེད་པ་ལྟ་བུ་རེད།

    བོད་པའི་སྐྱོན་གཉིས་པ་དེ། བོད་མི་ཞིག་ཤི་རྗེས། ཡོན་ཏན་མ་གཏོགས་འདི་པའི་སྐྱོན་ཤོད་མཁན་མེད། དེར་བརྟེན། བོད་པ་ཞིག་ཡིན་ན། གསོན་དུས་འདྲེ་དང་ཤི་དུས་ལྷ་ལྟ་བུའི་གནས་བབ་ཤིག་སྤྲོད་པར་སྣང་།

    འཇིགས་མེད་རིན་པོ་ཆེར་སྐྱོན་དང་ཡོན་ཏན་གཉིས་ཀ་ཡོད་བཞིན་དུ། འདིར་ཁོང་གི་སྐྱོན་རྣམས་སྦས་ནས་ཡོན་ཏན་འབུར་ཐོན་བྱེད་པ་ནི་ཅུང་དྲང་པོ་མ་རེད། ལྷག་པར་དུ་ཁོང་དང་འཇུ་ཆེན་གཉིས་མ་འཆམ་པར། ཨ་མདོ་དང་ཁམས་པའི་དབར་ལ་ཁྱོད་ཤི་ང་གསོན་གྱི་རྩོད་རྙོག་བྱུང་ནས། མཐར་སྐབས་དེ་དུས་ཀྱི་བཀའ་ཤག་ཀྱང་སྒོ་བརྒྱབ་ཡོད་ལ། བཀའ་བློན་ཡང་དགོངས་པ་ཞུ་དགོས་པ་བྱུང་བ་རེད།

    བོད་ཀྱི་ལོ་རྒྱུས་ཐོག་ལ་དེ་ཚོ་གལ་ཤིན་དུ་ཆེ་བའི་བསླབ་བྱ་ཞིག་ཡིན་པར། འདི་དག་མ་བརྗེད་པ་བྱེད་པ་ནི། རྙོག་འདྲ་འདི་ལྟ་བུ་མ་འོངས་པ་ན་མི་ཡོང་བའི་སྔོན་འགོག་ལྟ་བུ་རེད་ལགས།

  7. གཞོན་སྐྱེས་སུ says:
    2012-07-26 at 9:07 pm

    མདོ་སྨད་དབུས་རྒྱུན་ཚོགས་གཙོ་དང་རྒྱུན་ལས་རྣམས་པའི་དུས་ཐོག་ཏུ་ཐུགས་འགན་གཞེས་ནས་ལས་ཀ་ཚགས་ཚུལ་ཡོད་པ་ལ་བསྔགས་བརྗོད་དང་ཐུགས་ཆེ་གནང་།
    རིན་པོ་ཆེ་མཆོག་ནི་བོད་སྤྱི་དང་ལྷག་པར་མདོ་སྨད་ཚང་ལ་དགོས་མཁོ་ཅན་གྱི་སྐྱེས་པུ་ཞིག་ཡིན་པ་སྨྲས་མི་དགོས། ཡིད་སྐྱོ་བ་ལ།

  8. ཀླུ་སྨྱོན། says:
    2012-07-26 at 10:19 pm

    ཁོང་འདི་གར་ཟླ་ཤས་སྔོན་ཕེབས་ནས་ལྷོད་མཇལ་བྱུང་། ཕར་ཕེབས་ཁར་ད་ངེད་གཉིས་རྗེས་སུ་ཐུག་ཐུབ་རྒྱུ་མ་རེད་གསུངས་སོང་བས། ཨ་ལགས་ཁྱེད་ཀྱིས་དེ་ལྟར་མ་གསུངས། ང་འདི་ལོའི་དགུན་སྟོད་ལ་རྡ་སར་ཡོང་གི་ཡིན་པས་དེ་དུས་མཇལ་ཆོག་པ་ཞེས་ཞུས་པ་ཡིན། དེ་དུས་ཁོང་གི་ཞལ་རས་ཞུམ་ཉམས་ཙམ་མ་གཏོགས་དེ་ཙམ་གྱི་སྙུང་གཞི་ཡོད་བཟོ་མི་འདུག་ཀྱང་། སྨན་པས་ཡུན་རིང་མི་འཚོ་ཚུལ་བརྗོད་པའམ་ཁོང་གིས་ཁོང་ཉིད་རྒྱུན་རིང་མི་བཞུགས་པ་མཁྱེན་པ་གང་ལྟར་དོགས་པ་སྐྱེ་གཞིའི་གསུང་དེ་འདྲ་ཞིག་བྱོན་ནས་ཕེབས་སོང་། ད་ནི་འདུས་བྱས་མི་རྟག་པའི་རང་མཚང་ངོམ་སོང་། བདེ་བ་ཅན་དུ་སྐྱེ་བར་སྨོན།

  9. གནམ says:
    2012-07-27 at 12:18 am

    བཀྲིས་ཁོ།
    མྱ་ངན་ཞུ་དང་མི་ཞུ་ཁྱེད་ངར་གི་འདོད་པ་རེད།
    མྱི་ངན་ཁ་ན་གཏམ་ངན། ཞར་བའི་མྱིག་ལ་ལྟས་ངན། ཤི་བོའི་གཞུག་གི་མྱི་མང་སྡུག་ལ་ཡོད་དུས་སྐྱོན་མཚང་མ་རྗོད་ན་དྲང་མོ་མ་རེད་ཟེར་བ་དེ་ཡིས་ཁྱོ་ལ་མྱི་ཞིག་མཚན་ཉིད་ཚང་གི་ནེ།
    དུས་དང་མཐུན་པའི་སྐད་ཆ་བཤད་ས་ཞིག་དང་ཉན་ས་ཞིག་གི་ངོ་བོའི་དབྱེ་བ་མི་ཤེས་པའི་སྐྱོན་ཅན་ཁྱོ་ང་ཚོའི་སྤྱི་ཚོགས་ནང་བསམ་བློ་མེད་པའི་མི་བུ་འཁོན་འདྲེ་ཞིག་ཡིན་པ་གཞུག་ནས་གསལ་པོ་བྱུང་སོང་།

  10. རང་དབང་ཨ་རྡུ་མན་ says:
    2012-07-27 at 1:03 am

    རབ་ཏུ་བྱུང་བ་ཞིག་དགོངས་པ་རྫོགས་པ་ནི་་་་་སྡུག་བསྔལ་བྱེད་དགོས་ཡག་ནི་རྩ་བ་ནས་ཡོ་མ་རེད། འོན་ཀྱང་ཆབ་སྲིད་ཀྱི་ལམ་དུ་ཞུགས་མཁན་ཞིག་ཡིན་ན་ནི་་་་་ཨ་ཁ་ཁ་་་་་་ལས་དཀར་ནག་གཉིས་ཀྱི་ནང་ནས་་་་་ནག་པོ་དེ་མང་ཤོས་མིན་འདྲ་སྙམ།
    མགོན་པོ་འོད་དཔག་མེད་ཀྱིས་མཁྱེན་ནོ།།

  11. འཇམ་དབྱངས། says:
    2012-07-27 at 2:24 am

    བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་སུ་ད་དུང་བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་ལགས་སྐུ་གྲོངས་པའི་གནས་ཚུལ་བཀོད་མེད་དོན་ཅི།

  12. རང་གྲོལ། says:
    2012-07-27 at 2:57 am

    ཡིད་སྐྱོ་གནས་ཚུལ་གོ་ནས་བློ་ཕམ་བྱུང་། ཡང་སྲིད་མྱུར་དུ་བྱོན་ཏེ་སྔར་ལྟར་༧གོང་ས་མཆོག་ལ་ཞབས་ཞུ་གནང་ཐུབ་པའི་སྨོན་འདུན་ཞུ།

  13. མེ་ཏོག་དཀར་པོ། says:
    2012-07-27 at 3:02 am

    མགོན་པོ་འོད་དཔག་མེད་མཁྱེན། ཁོང་ཉིད་དེ་རང་དུ་བདག་པོ་རྒྱག་ནས་བཞག་རོགས། འདི་ནས་མར་སྤྲལ་སྤྲལ་དང་སྤྲུལ་སྤྲུལ་ཟེར་བའི་བྱིས་པའི་རྣམ་པ་ཅན་དུ་མ་གཏོང་མཁྱེན། འདི་ན་སྤྲུལ་སྐུ་མང་སོང་། གཉའ་གནོན་བཤུ་ཞོག་མང་སོང་།

  14. རང་གྲོལ། says:
    2012-07-27 at 3:02 am

    འཇམ་དབྱངས་ལགས། བཀའ་བློན་ཁྲི་བ་སོགས་གནད་ཡོད་མི་སྣ་མང་བོས་ཁོང་གི་བཞུགས་ཤག་དུ་ཕེབས་ནས་མྱ་ངན་རྗེས་དྲན་བྱས་དང་བྱེད་བཞིན་ཡོད་པས་བོད་མའི་སྒྲིག་འཛུགས་ཀྱིས་གནས་ཚུལ་ཆ་ཆང་བཀོད་ངེས་ལ་ཁྱེད་ཀྱི་སེམས་ཁྲལ་དང་དོགས་པ་གང་ཡང་གནང་དགོས་དོན་མི་འདུག

  15. འཇམ་དབྱངས། says:
    2012-07-27 at 2:16 pm

    མཚམས་ལན་རེར་ངའི་སེམས་པ་ནི་མཐོངས་ཡངས་པའི་ཨ་སྔོན་བཞིན་སུ་ཡང་དགའ་མགུར་དང་ཅི་བདེར་ལོངས་སྤྱད་ཆོག་ལ། སྐབས་ལན་རེར་ངའི་སེམས་ཁམས་ནི་འཇུར་མིག་ཏུ་དྲངས་པའི་བྱ་དངོས་བཞིན་ཅི་ཡང་བྱ་ལོང་མེད་ཅིང་གང་ཡང་བྱེད་དབང་མེད། འདི་ནི་སྤྱི་ཚོགས་ཤིག་གི་ཤུགས་རྐྱེན་ཡིན་ནམ། ཡང་ན། སུ་ཞིག་གིས་ང་ལ་བཏང་བའི་ཉེས་ཆད་རེད།

  16. འཇམ་དབྱངས། says:
    2012-07-27 at 2:26 pm

    ཅི་ཞིག་བཤད་ཀྱང་ཆོག ཚིག་བརྒྱ་བཤད་རྩ་བ་མདོར་སྒྲིལ་ན། ད་བར་༧རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་བཀའ་དྲིན་ཚོར་ཏེ་བཀའ་དྲིན་རྗེས་དྲན་དང་། རླབས་ཆེན་གྱི་སྐྱེས་བུ་དེ་དག་གི་རྗེས་སུ་འབྲངས་དགོས་པའི་བསྐུལ་མ་དང་ཆབས་ཅིག གང་ཟག་རང་ངོས་ནས་ཀྱང་མི་ཚེ་ཧྲིལ་བོ་དེ་ལྟར་བསྐྱལ་བ་དེ་རླབས་ཆེན་རེད། དེ་ལྟ་བུ་སོགས་ཀྱི་རྐྱེན་གྱིས་ང་ཚོ་ཅི་འདྲའི་ཕངས་པ་དང་འདི་འདྲའི་སྐྱོ་གདུང་དང་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་དེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme