Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་”ཟེར་བ་དེ་འཆལ་གཏམ་ཞིག་ཡིན་པར་ར་སྤྲོད།

Posted on 2012-07-202012-07-20 By ཁ་བརྡ་ 97 Comments on “མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་”ཟེར་བ་དེ་འཆལ་གཏམ་ཞིག་ཡིན་པར་ར་སྤྲོད།

གངས་སེང་།

ཉེ་ཆར་བྱང་བྱ་དུར་དགའ་མལ་དགོན་ནས་དགོན་དེའི་མཁན་སློབ་ཀྱིས་དབུས་པའི་ལྷག་བསམ་གྱིས་ཕྱུག་པའི་དགེ་བའི་བཤེས་གཉེན་འགས་བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་རྩིས་འཁོར་ནང་དུ་བཅུག་ནས་འཛམ་གླིང་མཁས་དབང་རྣམ་པའི་སྤྱན་བསྟར་དུ་འགྲེམས་སྤེལ་གནང་བ་དེ་ལ། གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་སྐྱེ་བོ་འགས་རྒྱུ་མཚན་ཡང་དག་གིས་དབུལ་བའི་གང་དྲན་བྱུང་རྒྱལ་གྱི་འཆལ་གཏམ་ཞིག་སྤེལ་བ་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནང་ནས་མཐོང་བས་དེ་ལ་ཁྱབ་མཚུངས་ཀྱི་སྒོ་ནས་གོ་བརྡ་ཞིག་སྤྲོད་འདོད་བྱུང་བས་རྩོམ་ཐུང་འདི་བྲིས་པ་ཡིན། ཨོ་རྒྱན་ཉི་མར་འབོད་པ་དེས་འདི་ལྟར་བཤད་དེ། “མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་” ཟེར་ནས་ཞང་ཞུང་སྨར་ཡིག་རྫུན་མ་ཡིན་པའི་རྒྱུ་མཚན་བཞི་བཀོད་པ་ནི་རིམ་བཞིན།
༡༽ “དེང་སང་བོན་པོའི་སྐད་ཡིག་ཏུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པ་དང་།” ཟེར་བ་འདི་ནི་རང་སྐྱོན་རི་བོ་ཙམ་རྒྱབ་ཏུ་གཡུགས་ནས་གཞན་སྐྱོན་རྟ་རྔ་ཙམ་ལྷང་ངེར་མདུན་དུ་བསྟན་པའི་དཔེ་ལྟར་སོང་འདུག་སྟེ། བན་དྷེ་ཚོས་ནམ་རྒྱུན་བཤད་སྟངས་ལ་རྫོགས་པ་ཆེན་པོ་སོགས་གསང་བ་བླ་ན་མེད་པའི་རྒྱུད་སྡེ་རྣམས་ཨོ་རྒྱན་ཡུལ་ནས་བོད་ལ་གདན་འདྲེན་ཞུ་རབས་ཆོས་འབྱུང་རྣམས་སུ་ཨ་བསྐོར་ཡང་བསྐོར་བྱས་ནས་བཤད་ཡོད། ཨོ་རྒྱན་ནི་རྒྱ་གར་ལས་ཐ་དད་པའི་མི་རིགས་དང་། རིག་གནས། སྐད་རིགས་སོགས་ཕུན་སུམ་ཚོགས་པ་ཡོད་པའི་རྒྱལ་ཁབ་ཅིག་ངོས་འཛིན་བྱས་ཏེ། གུ་རུ་རིན་པོ་ཆེ་ཡང་ལུང་པ་དེ་ནས་ཡིན་པ་མ་ཟད། སློབ་དཔོན་དགའ་རབ་རྡོ་རྗེ་ཡང་ལུང་པ་དེའི་མི་ཡིན་པར་བཤད་ཡོད། དུས་རབས་བརྒྱད་པའི་ནང་སློབ་དཔོན་བཻ་རོ་ཙ་ན་སོགས་ལོ་ཙྭ་བས་སློབ་དཔོན་དགའ་རབ་རྡོ་རྗེའི་ཆོས་ཚོགས་མང་པོ་བོད་སྐད་དུ་བསྒྱུར་ནས་སྤེལ་བར་ལོ་རྒྱུས་རྣམས་སུ་ཁེངས་ནས་བསྡད་ཡོད། ཡིན་ནའང་ཨོ་རྒྱན་གྱི་ཡུལ་འདི་རེད་ཅེས་མཐའ་གཅིག་ཏུ་ཐག་ཆོད་པའི་ངོས་འཛིན་ད་དུང་ཐུབ་མེད། ཕྱི་རྒྱལ་བ་སོགས་ཞིབ་འཇུག་པ་མང་པོས་ལོ་མང་རིང་མུ་མཐུད་ནས་དེ་འཚོལ་གཞིག་བྱས་དང་བྱེད་མུས་ཡིན་ཡང་ད་ལྟའི་བར་ཨོ་རྒྱན་གྱི་ཡུལ་འདི་རེད་དང་། དེའི་མི་རིགས་འདི་འདྲ། སྐད་ཡིག་དང་རིག་གནས་སོགས་འདི་རེད་ཟེར་ནས་ཐག་ཆོད་པའི་བསྡོམ་ཚིག་ཅིག་སུས་ཀྱང་བསྟན་མ་ཐུབ་ནས་ལུས་ཡོད། དེར་མ་ཟད་ལོ་རྒྱུས་ནང་དུ་ཤམ་བྷ་ལའི་ཡུལ་ཟེར་བ་ཞིག་ཡོད་པ་དང་། སྟོན་པ་བཅོམ་ལྡན་འདས་དེར་ཕེབས་ནས་དུས་འཁོར་སོགས་སྔགས་ཀྱི་རྒྱུད་སྡེ་མང་པོ་གསུངས་པ་བཀོད་ཡོད་ཀྱང་། ཡུལ་དེ་གང་དུ་ཡོད་པ། མི་རིགས་གང་འདྲ་ཞིག་ཡོད་པ། སྐད་ཡིག་གང་སྨྲ་ད་ལྟའི་བར་དུ་སུས་ཀྱང་ངེས་ཤེས་ཐུབ་མེད། བྱས་ཙང་། གོང་དུ་ཁྱོད་ཀྱིས་བཤད་པ་དེ་བདེན་པ་ཡིན་ན་བན་དྷེའི་རྫོགས་ཆེན་སོགས་གསང་བ་བླ་ན་མེད་པའི་ཆོས་སྐོར་དང་། དུས་ཀྱི་འཁོར་ལོ་སོགས་གསང་བ་སྔགས་ཀྱི་རྒྱུད་སྡེ་དེ་དག་ཁུངས་མེད་ལུང་མེད་དུ་འགྲོ་བ་ངས་བཙན་ཤད་ཀྱིས་བཤད་པ་མ་ཡིན་པར་ཁྱོད་རང་རང་གིས་ཤུགས་སྒྲུབ་ཡིན་པ་རིག་པ་སྨྲ་བ་དག་གིས་རྟོགས་ནུས་ཏེ། དེང་སང་ཤམ་བྷ་ལ་དང་ཨོ་རྒྱན་གྱི་སྐད་ཡིག་དང་རིག་གནས་སུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པའི་ཕྱིར།
༢༽ “ལོ་ལྔ་བརྒྱའི་གོང་གི་བོད་ཀྱི་ལོ་རྒྱུས་ལ་མེད་པ་དང་།” ཟེར་བ་འདིས་ཁྱོད་ཀྱི་མཐོང་རྒྱ་ལག་མཐིལ་ལས་ཆུང་ཞིང་བློ་མིག་ཁབ་མིག་ལས་ཕྲ་བའི་རྟགས་རྗེན་གཅེར་དུ་བསྟན་པའི་ཚུལ་ནི། རྒྱལ་རབས་གསལ་བའི་མེ་ལོང་(མི་རིགས་དཔེ་སྐྲུན་ཁང་༡༩༩༦དཔར་སྡེབ་༥༧)ལས། “རྒྱལ་བློན་འདི་(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་)གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད།” ཅེས་བཤད་པ་ནི་ཁྱོད་ཀྱིས་མ་མཐོང་བས་བློ་རྒྱ་ཆེ་ཙམ་བྱས་ཏེ་བོད་ཀྱི་ལོ་རྒྱུས་ལ་ལྟ་བའི་བློ་གྲོས་བཙལ་ན་ལེགས་ཀྱིས་རྣམ་དཔྱོད་ཕུར་ཁུང་ལ་གཏུགས་ན་ཤེས་བྱ་རིག་པའི་གླང་པོ་ཆེ་ཁུང་བུའི་ནང་དུ་ཤོང་པ་ཤིན་ཏུ་དཀའ་བས་ཁོ་བོས་ཁྱོད་ལ་སྙིང་བརྩེ་བས་གདམས་སོ། ཞང་ཞུང་ནས་བོད་དུ་གཡུང་དྲུང་གི་བོན་བསྒྱུར་བའི་བྱ་བ་བྱས་པར་གསུང་པའི་ཤུགས་ལས་ཞང་ཡིག་དང་བོད་ཡིག་ཡོད་པ་མ་བརྟགས་ཀྱང་མཁས་བླུན་ཀུན་གྱིས་རྟོགས་ནུས་སོ། བཀའ་ཆེམས་བཀའ་ཁོལ་མ་ལས། ལུང་གི་ཆོས་གོ་བར་བྱའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པར་བྱ་བའི་ཕྱིར་གཡུང་དྲུང་གི་བོན་བསྟན། ཅེས་གསུང་པ་དེ་ཁྱོད་ཀྱི་མཐོང་ཡུལ་དུ་མ་གྱུར་པའི་རྒྱུ་མཚན་ཅི་ལ་ཐུག །ལུང་དེས་སྲོང་བཙན་གོང་གི་བོད་རྒྱལ་རྣམས་ཀྱི་དུས་སུ་སྒྲུང་ལྡེའུ་བོན་གསུམ་དར་ཚུལ་བཤད་ལ། དེ་ནི་ཚིག་འགའ་ཤས་ཙམ་མ་ཡིན་པ་རྒྱལ་སྲིད་སྐྱོང་བྱེད་དང་མིའི་བློ་སྒོ་འབྱེད་བྱེད་དུ་གསུང་པས་ཡི་གེའི་བརྒྱུད་ནས་བསྟན་པ་མ་གཏོགས་གནའ་མི་དེ་ཚོས་རྒྱ་ཆེའི་རིག་གནས་དེ་རྣམས་བློར་ངེས་ཐུབ་ཀྱི་རྒྱུ་མཚན་རྙེད་ཤིན་ཏུ་དཀའ།
༣༽ “ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ལ་མེད་པ་དང་།” ཟེར་བ་འདི་ནི། རྣམ་དཔྱོད་ཀྱི་རིག་པ་ལས་འདས་ཏེ་གཞན་ཀྱི་ལོ་རྒྱུས་ལ་ལྟ་བའི་མིག་ལོང་། བློ་མུན་ནག་ནང་གི་མདའ་འཕེན་ལྟར་གྱུར་མོད། འོན་ཀྱང་མང་དུ་བཤད་མི་དགོས་པ་གོང་དུ་ཨོ་རྒྱན་གྱི་ལོ་རྒྱུས་དང་། མི་རིགས། སྐད་ཡིག་སོགས་ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ནང་དུ་གསལ་ཡོད་མེད་ལ་བློ་ཁ་ནང་དུ་ཕྱོགས་ཏེ་བལྟས་ཙམ་བྱས་པས་ལོག་རྟོག་རང་ཞིག་ཏུ་འགྲོ་བ་ལ་སྨོས་ཅི་དགོས། གལ་སྲིད་ཨོ་རྒྱན་གྱི་ལོ་རྒྱུས་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་ནང་དུ་གསལ་པོ་བཀོད་ཡོད་ན་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ཨོ་རྒྱན་གྱི་ཡུལ་ཐག་ཆོད་པའི་ངོས་འཛིན་ཡུལ་རྙེད་དཀའ་ཟེར་བ་དེ་ཡོང་དོན་རྩ་བ་ནས་མེད།
༤༽ “དུས་རབས་བདུན་པའི་སྔོན་གྱི་དཔེ་རིས་རྙིང་པ་མེད་པ་སྟེ།” ཟེར་བ་འདི་ཡང་། བསམ་མནོ་རྩ་བ་ནས་མ་བཏང་ནས་རང་མགོ་རང་གིས་གཡོག་བྱེད་ཞིག་འདུག་སྟེ། དུས་རབས་གང་གི་ནང་དུ་ཡོད་པ་དེ་སྐབས་དེར་བྲིས་པའི་དཔེ་རིས་ཞིག་ཡོད་དགོས་ན། བོད་ཀྱི་ལོ་རྒྱུས་རྣམས་སུ་དུས་རབས་བདུན་པའི་ནང་དུ་དམ་པའི་ཆོས་མང་པོ་རྒྱ་གར་ནས་བོད་དུ་བསྒྱུར་བར་བཤད་པས་སྐབས་དེར་བྲིས་པའི་རྒྱ་དཔེ་དང་བོད་དཔེ་ཞིག་བསྟན་རྒྱུ་མེད་པས་ཁྱོད་ལྟར་ན་དེའི་ལོ་རྒྱུས་ཐམས་ཅད་ཁུངས་མེད་དུ་ཐལ་བ་དང་། དུས་རབས་བརྒྱད་པའི་ནང་དུ་ཀ་མ་ལ་ཤཱི་ལས་ཧཱ་ཤང་གི་དགག་ཡིག་སྒོམ་རིམ་དང་པོ་བར་བ་མཐའ་མ་གསུམ་མཛད་ཟེར་བ་དེ་རྫུན་དུ་འགྱུར་ཏེ། སྐབས་དེར་བྲིས་པའི་དཔེ་རྙིང་སྒོམ་རིམ་དང་བར་མཐའ་གསུམ་རྩ་བ་ནས་བསྟན་རྒྱུ་མེད་པའི་ཕྱིར། དེ་ལྟར་ཁྱོད་ཀྱིས་བཤད་ཚད་ཐམས་ཅད་རྒྱུ་མཚན་ཡང་དག་གིས་དབེན་ཞིང་ལུང་རིགས་སྟོང་ཕྲག་གིས་གནོད་པ་ཡོད་པ་ཁོ་བོས་བསྒྲུབས་སོ། གཞན་ཡང་འདིར་དམིགས་ཀྱིས་བཀར་ནས་བཤད་དགོས་པ་ཞིག་ལ། དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡིག་སྦྱོར་གྱི་ལམ་ནས་ཕན་ཚུན་བརྡ་སྤྲོད་ཡོད་པའི་དགོངས་ཚུལ་ནི། བོན་པོ་གཅིག་པུས་རང་ལྟ་མཁྲེགས་འཛིན་མིན་པར། ཤེས་བྱ་རིག་པའི་གནས་ལ་བློ་གྲོས་ཀྱི་སྤོབས་པ་རྒྱས་ཤིང་གྲུབ་འཐའི་ཕྱོགས་འཛིན་གྱི་ངན་རྟོག་ཐམས་ཅད་རྫོགས་པ་ཆེན་པོ་རང་འབྱུང་རིག་པའི་དབྱིངས་སུ་རང་གྲོལ་དུ་སོང་པའི་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་༧གོང་ས་སྐྱབས་མགོན་རིན་པོ་ཆེས་དབུས་པའི་བན་དྷེའི་མཁས་དབང་བརྒྱ་ཕྲག་གིས་འཛམ་གླིང་གི་མི་དམངས་རྣམས་ཀྱི་མདུན་སར་ངོ་སྤྲོད་གནང་དང་གནང་མུས་ཡིན་པས་དེ་ལ་དོ་སྣང་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ།

རྩོམ་རིག

Post navigation

Previous Post: དམྱལ་བར་ཕྱིན་པའི་གཏམ།
Next Post: བཀའ་བློན་ཁྲི་པར་བཅར་འདྲི་ཞིག

Comments (97) on ““མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་”ཟེར་བ་དེ་འཆལ་གཏམ་ཞིག་ཡིན་པར་ར་སྤྲོད།”

  1. རྫ་ཕྲུག says:
    2012-07-20 at 1:01 pm

    གངས་སེང་ཀྱི་སྐད་ཆ་འདི་གངས་ཁྱིས་ངུ་སྐད་ནང་བཞིན་རེད་སོང་། བན་བོན་གཉིས་ཀྱི་རྩོད་པ་མཚམས་བཞག་ཚར་བ་རེད། ད་ཡར་མ་སློངས་ཨ།

  2. ཀརྨ་ཡེ་ཤེས says:
    2012-07-20 at 1:14 pm

    ཡང་བན་བོན་གྱི་འཛམ་གླིང་འཁྲུག་ཆེན་གསུམ་པ་དེ་འགོ་བརྩམས་ཚར་འདུག སྒུག་ཨ།

  3. བན་དེ་བ། says:
    2012-07-20 at 1:22 pm

    སྒུག་ཨ།

  4. རྒད་པོ། says:
    2012-07-20 at 1:39 pm

    རབ་བྱུང་ན། སྔོན་ལ་བོན་དང་བན་གྱི་ཐུན་མོང་དགྲ་དེ་ལ་རྒོལ། དེ་རྒྱ་གུང་ཁྲན་རེད། ཁྱེད་གཉིས་ཀའི་ཨ་ཕ་བསད། ཨ་མ་ཕུད། གཅེན་པོ་བཙོན་ལ་བཅུག གཅེན་མོའི་ཁ་རྐུབ་གཉིས་ཀའ་ནང་ལ་རྒྱོས་ནས། བྱིས་ཕྲུག་གནམ་ས་གང་བ་བཟོས་སོང་། 

    རྒྱ་དགྲ་དེས། བན་བོན་བླ་མ་ཡོད་དོ་ཅོག་བསད་གསོད་རྡུང་གསུམ་བྱས་སོང་། དགོན་པ་ཡོད་དོ་ཅོག་གཏོར་བཅོམ་འཕྲོག་གསུམ་བྱས་སོང་། བན་བོན་བསྟན་པ་ནུབ་རིར་མ་བསླེབས་བར་ལ་འདེད་སོང་། ཁྱོད་ཚོ་བན་བོན་གྱི་སྲུང་མ་གཅིག་ལ་ཡང་ནུས་པ་མིན་འདུག ལྟས་མོ་བལྟས་ནས་འདུག་སོང་། 

    རྒྱ་དགྲ་དེས། ཐབས་ཤེས་ཡོད་རྒུ་བཏོན་ནས། བན་བོན་གྱི་བསྟན་པ་དང་། དེའི་བསྟན་འཛིན་བོད་པ་ཚོ་མིང་གི་ཤུལ་ལྷག་མེད་པ་བཟོ་ཆེད། བན་བོན་གནས་སའི་ཞིང་གྲོང་གི་ས་ཆ་ཚང་མར། རྒྱ་རིགས་གུང་བྲན་རྗེས་འཛིན་པ་བུམ་དང་བུམ་བྱས་ནས། བན་བོན་གྱི་མི་རིགས་དེ་གཡང་དཀར་ལུག་ཁྱུའི་ནང་གི་ལུག་ནག་བཞིན་གྲངས་ཉུང་ལ་གཏོང་བཞིན་འདུག

    སྔོན་མ་ཨ་ལགས་བོན་རྒྱ་ཚང་བཙོན་ལ་ཡོད་དུས། སྐྱག་པ་ཟ་རུ་བཅུག་ནས་སྡུག་བསམ་ཡུལ་ལས་འདས་པ་བཏང་འདུག དེ་བཞིན་མཁན་པོ་འཇིགས་ཕུན་ཡང་སྡུག་དམྱལ་བ་ལ་མེད་པ་ལྟ་བུ་མི་ཡུལ་ལ་སྟེར་འདུག འཇིགས་ཕུན་གྱི་བླ་མ། རྒྱ་ཕྲུག་གཉིས་ཀྱི་ད་ས་ལ་འཛུལ་རྒྱུ་ཡོད་མ་རྫུ་འཕྲུལ་སྟོན་དང་། གནམ་ལ་ཕུར་རྒྱུ་ཡོད་ན་ཕུར་དང་ཟེར་ནས། ཕྱག་མའི་ཡུ་བ་མགོ་ལ་ཆུ་ཚོད་གཅིག་ཙམ་ཞུས་ནས། དེའི་དགོངས་མོ་ཁྲག་བཀག་མ་ཐུབ་པར་བསད་པ་མཁན་པོ་འཇིགས་ཕུན་ངོ་མས་གསུངས་འདུག 

    ད་དགྲ་དེ་སྣང་མེད་ལ་བཞག་ནས། བན་བོན་གྱི་རྩོད་པ་སློང་ཡོང་དུས། རྒྱལ་བ་དགེ་འདུན་གྲུབ་པས། དགྲ་ཤར་ལ་གནས་པ་དེར། ཀླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་ཟེར་བ་སྙིང་ན་ཁྱུག་ཁྱུག་བཞིན་དྲན་གསོ་ལྷོངས།
    བསམ་བློ་དེ་འདྲ་གཏོང་དུས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་འདི་ངོ་མ་ཨ་ཕའི་བུ་རེད། བོད་ཆིག་སྒྲིལ་བཟོས། ཆོས་ལུགས་ཐན་ཁྱེར་མེད་པ་བཟོས། མི་རིགས་ཤིག་གི་སྟོབས་ཤུགས་ཡོད་ཚད། ཁ་ཕྱོགས་གཅིག་ལ་སྒྲིལ་ནས། རྒྱ་ལ་གཏད་པའི་སྐབས་ལ། ལྟས་ངན་བན་བོན་མིང་འཛིན་པ་དེ་ཚོས། ང་ཚོ་བོད་མིའི་གཡུལ་རའི་ངོས་ན། སྟོབས་ཤུགས་ཆེ་བའི་དགྲའི་དཔུང་གིས་བརྡུང་བཞིན་པའི་སྐབས་ལ། ང་ཚོའི་དམག་སའི་བླ་སྲོག་གི་རྒྱུན་པ། ང་ཚོ་བོད་པ་ཚང་མ་སྡུག་མྱོང་མཁན་གཅིག་པ་ཡིན་བསམ་པའི་རྨང་གཞི་དེ་གཏོར་གྱི་འདུག

    ཁྱོད་ཚོའི་སྡིག་ཉེས་ཀྱི་ལྗི་ཚད་ག་ཚོད་ཡིན་པ་ཤེས་ཀྱི་འདུག་གམ།

    བན་བོན་ཚོ། ངའི་སྐད་ཆ་གོ་གི་ཨེ་འདུག

  5. ཇ་མ་ says:
    2012-07-20 at 1:45 pm

    ཕྱིའི་རྒྱལ་ཁ་མི་རྩོད་པར་ནང་གི་ལྗེ་ཁ་རྩོད་དོན་མེད། ནང་པ་ཚོའི་ནང་ཆོས་ཡག་པོ་དར་སྤེལ་ཐོངས། བོན་པོ་ཚོའི་བོན་པོའི་རིག་གཞུང་ཡར་རྒྱས་ཐོངས། གཅིག་གིས་གཅིག་ལ་རྩོད་རྙོགས་སླང་དགོས་དོན་མེད། དེ་བཞིན་བོན་པོ་ཚོའི་ཞང་ཞུང་སྨར་ཡིག་འདིའི་རྒྱབ་ལྗོངས་གཙང་མ་ཞིག་བཟོ་ན་ཡག་ཐོག་རྒྱན་ཐོག་རེད་བསམ།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-07-20 at 2:09 pm

    ཁ་བརྡས་གང་མགྱོགས་མཆན་བུ་བཀག་པའི་རེ་བ་ཡོད།

  7. མེ་ཏོག་དཀར་པོ། says:
    2012-07-20 at 2:43 pm

    ལན་ཚ་པོ་ཞེ་དྲག་མིན་འདུག ཉལ་ལ་ཉོལ་ལ་མང་པོ་བྲིས་འདུག

    ཆར་པ་མེད་པའི་འབྲུག་སྐད་

  8. དྭངས་བླངས་པ says:
    2012-07-20 at 3:00 pm

    ཕན་མེད་རྙོག་གླེང། མིག་ནང་ལིང་ཐོག།

  9. དྭངས་བླངས་པ says:
    2012-07-20 at 3:03 pm

    ག་རེ་བཤད་གི་ཡོད་བོན་པོ་ནི་ཕྱི་རོལ་པ་རེད། ཁོང་ཚོའི་ལྟ་བ་ཁོང་རང་ཚོའི་ཕྱོགས་ལ་བདེན་པ་རེད། ང་རང་ཚོ་ནི་ནང་པ་རེད། ང་རང་ཚོའི་ལྟ་གྲུབ་རང་ངོས་བདེན་པ་རེད། རྙོག་གྲ་མཚམས་ཞོག།

  10. བྱང་སྐར། says:
    2012-07-20 at 5:19 pm

    རྙོག་དྲ་མང་པོ་བཤད་མ་བསྡད། ཁྱོད་རང་ཚོ་བོན་པོ་ཚོས་བོན་ཆོས་སྒྲུབ། ང་རང་ཚོ་ནང་པ་ཚོས་ནང་ཆོས་བྱེད། ཐུན་མོང་གི་དགྲ་བོ་རྒྱ་ནག་གུང་ཁྲན་སྲིད་གཞུང་རེད། དེ་ལ་རྩོམ་ཡིག་སྤེལ་ནས་དགག་ལན་ཕྲིས་དང་།
    ནང་ཁུལ་ལ་དཀྲུག་ཤིང་བྱེད་པ་ལས དགྲ་བོ་ལ་དགྲ་ཤ་ལེན་རྩིས་བྱོས།

  11. BONPO says:
    2012-07-20 at 6:45 pm

    བོད་ནང་གི་བོན་བསྟན་དང་། རྒྱ་གར་ཕྱི་ཡི་བན་བསྟན་གཉིས་པོ་མཐུན་ལམ་བྱེད་དགོས་པ་གལ་ཆེ་ཡང་། བྱེད་སྟངས་དེ་ག་འདྲ་བྱ་དགོས་པ་རེད། ཁྱེད་ཚོ་དུས་དང་རྣམ་པ་ཀུན་དུ་་་ཆེན་པོ་་་སྦོམ་པོ་་་རྒྱག་པ་་་རྫིག་པོ་་་ཕྱུག་པོ་་་དཔོན་པོ་་་ཡག་ཤོས་་་ལེགས་ཤོས་་་་ནང་པ་་་་བདེན་པ་་་་མཁས་པ་་་གཙང་ཤོས་་་་སོགས་ཡག་རིས་ཡག་ཚད་དེ་ཁྱེད་ཚོ་ཡིན་དགོས་དུས། ད་ཆོས་ལུགས་གཞན་པ་ཚོ་ག་འདྲ་ཞིག་ཡིན་དགོས་པ་རེད། དེ་རྗེས་མཐུན་ལམ་ཟེར་བ་དེ་སེམས་ནང་ལ་ཚོར་བ་གང་ཡང་མེད་པར་ཁ་སྟོང་པས་སྟོང་བཤད་བྱས་པ་ཙམ་མ་ཡིན་ནམ། འོ་ན་ཁྱེད་བན་ཕྱི་བསྟན་པ་ཚོས་ལབ་ཚད་ཚང་མ་འོ་ལགས་སོ་ཟེར་ནས་བོན་ནང་བསྟན་པ་ཚོས་ཉན་དགོས་པ་རེད་དམ། ཡང་ན་ནང་རོལ་གྱི་བོན་པོ་ཚོས་བན་དེའི་ཕྱི་བསྟན་ལས་ཡག་བ་ཞིག་བོད་ནང་ལ་ཡོད་མ་རེད་ལབ་དགོས་པ་རེད་བས། འོ་ན་བོད་ནང་ལ་ཡོད་ཚད་ཚང་མ་རྒྱ་གར་ཕྱི་ནས་བྱུང་བ་ཡིན་ཟེར་ཁས་ལེན་དགོས་པ་རེད་བས། ད་ངོ་མ་་་ཕྱི་བན་ཚང་་་ལ་མཐུན་ལམ་བྱེད་འདོད་ཀྱང་བྱེད་སྟངས་དེ་ག་འདྲ་ཞིག་བྱས་ནས་བྱ་དགོས་པ་ཤེས་ས་ལ་མ་རེད་ཨ་རོགས།

  12. ཀླུ་སྨྱོན། says:
    2012-07-20 at 6:54 pm

    རྒྱ་གར་ཡུལ་དང་འོལ་མོ་ལུང་རིང་གཉིས།།
    བོད་ཡུལ་མིན་པར་ཕྱི་ཡི་རྒྱལ་ཁམས་རེད།།
    ༷ཤཀ་ཐུབ་གཤེན་རབ་གཉིས་ཀ་ཕྱི་མི་རེད།།
    ཤཀ་ཆོས་གཤེན་བོན་གཉིས་ཀ་ཕྱི་ཆོས་རེད།།
    ཕྱི་ཆོས་ཆེད་དུ་རང་རིགས་ནང་འཛིང་འདི།།
    བོད་མི་རྩ་བརླག་འགྲོ་བའི་རྒྱུ་ཡིན་པས།།
    རང་རིགས་མཐུན་སྒྲིལ་ཕྱི་ཆོས་དག་སྣང་གིས།།
    ཉམས་ལེན་ཆོས་སྲིད་སླར་གསོ་གོང་སྤེལ་མཛོད།།

  13. རྫ་ཕྲུག says:
    2012-07-20 at 7:03 pm

    བན་བོན་ཤ་རུས་གཅིག་པ་རེད།
    བན་བོན་གདུངརྒྱུད་གཅིག་པ་རེད།
    བན་བོན་འཚོ་གནས་གཅིག་པ་རེད།
    བན་བོན་མདུན་ལམ་གཅིག་པ་རེད།
    བན་བོན་སྐད་ཡིག་གཅིག་པ་རེད།
    བན་བོན་སྐྱིད་སྡུག་གཅིག་པ་རེད།
    བན་བོན་འཐབ་རྩོད་གཅིག་པ་རེད།
    བན་བོན་རེ་འདོད་གཅིག་པ་རེད།
    བན་བོན་རྡོག་རྩ་གཅིག་དྲིལ་དགོས།
    བན་བོན་ནང་ཚུན་ཆ་མཐུན་དགོས།
    བན་བོན་ཕུ་ནུའི་འདུ་ཤེས་དགོས།
    བན་བོན་དུང་བ་ཟབ་མོ་དགོས།
    བན་བོན་གངས་རིའི་བདག་པོ་ཡིན།
    བན་བོན་བྱམས་བརྩེའི་དར་ཆ་ཡོད།
    གངས་རི་དཀར་པོའི་རྩེ་རུ་སྒྲེངས།
    གོ་ལ་ཧྲིལ་པོར་ངོམ་སར་འགྲོ

  14. BONPO says:
    2012-07-20 at 7:55 pm

    མཁས་དབང་ཀླུ་སྨྱོན་ལགས། མ་ཡི་མ་ཀ་ཁྱེད་བདེན་ཀི་ཡ། ཡིན་ནའང་ངོས་ཀྱི་སྟོན་པ་གཤེན་རབ་མི་བོ་མཆོག། བོད་ཁམས་ཕྱི་ནས་ཡིན་པའི་ཕྱི་མི་ཞིག་པའི་ཡིད་ཆེས་མེད། གང་ལགས་ཞུས་ན་ཉེ་དུས་ཀྱི་ལོ་རྒྱུས་ཡག་ཤོས་དེ་སྟོན་པ་གཤེན་རབ་མི་བོ་མཆོག་ཀོང་པོའི་ཡུལ་དུ་ཕེབས་ནས་ཀོང་ཡུལ་བདེ་ལ་བཀོད་པར་མཛད་པ་དེ་རེད། དེ་དུས་ཀོང་རྗེ་དཀར་པོ་ལ་སྲས་མོ་གཉིས་ཡོད་པའི་ནང་ནས་སྲས་མོ་ཆེ་བ་་་ཀོང་བཟའ་ཁྲི་ལྕམ་་་ཞུ་བ་དེ་གཤེན་རབ་མི་བོས་ཁབ་དུ་བཞེས་པ་དང་། སྲས་མོ་ཆུང་བ་་་ཀོང་བཙུན་དེ་མོ་་་ཞུ་བ་དེ་སྟོན་པ་གཤེན་རབ་ཀྱིས་བྱིན་གྱིས་རླབས་པའི་ཐུགས་སྤྲུལ་་་་ཀོང་པོ་བོན་རི་་་་ཡི་གནས་བདག་ཏུ་བསྐོ་བཞག་མཛད་གནང་འདུག། སྟོན་པ་གཤེན་རབ་མཆོག་ཀོང་ཡུལ་དུ་ཕེབས་པའི་སྐོར་དེ་ཚོ་གཟིགས་དང་ངོ་མ་དངས་བ་འདྲེན་པ་འདུག། དེར་མ་ཚད་སྟོན་གཤེན་རབ་ཀྱི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་ནང་བྱ་བྱིའུ་དང་རི་དྭགས་དང་གཡུང་དྭགས་ཀྱི་ལོ་རྒྱུས་ངོ་མཚར་ཅན་མང་པོ་འདུག། དེ་ཚོ་ཕལ་ཆེ་བ་བོད་ཁམས་རང་གི་བྱ་བྱིའུ་དང་དུད་འགྲོ་ཤ་སྟག་རེད་འདུག། ད་དུང་སྟོན་པ་གཤེན་རབ་ཀྱི་ཡབ་མེས་གོང་མ་རྣམས་ལ་་་་དམུ་རིགས་འཕྲུལ་གྱི་རྒྱལ་པོ་་་་ཞུ་ཞིང་དེ་དག་རྒྱ་ཆེ་བའི་ཡུལ་ཁམས་ལ་དབང་བསྒྱུར་བྱེད་མཁན་ཡིན་པའི་ལོ་རྒྱུས་ཡོད། ཀོང་བཟའ་ཁྲི་ལྕམ་མཆོག་ལ་གཤེན་རབ་ཀྱི་སྲས་ཤིག་བལྟམས་ནས་མཚན་ལ་་་ཀོང་ཚ་གཡུང་དྲུང་དབང་ལྡན་་་་ཞུ་བ་རེད། ་ཀོང་ཚ་གཡུང་དྲུང་དབང་ལྡན་ནས་བརྒྱུད་པའི་དམུ་གཤེན་གྱི་གདུང་བརྒྱུད་རིན་པོ་ཆེ་དེང་སྐབས་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་སྐུ་དངོས་སུ་བཞུགས་པ་རེད་དོ།

  15. མགོན་པོ་ཕྱག་གཉིས་པ། says:
    2012-07-20 at 8:16 pm

    ངས་བལྟས་ན། རྩོད་པ་འདི་བན་བོན་གྱི་རྩོད་པ་མ་རེད། སྲོང་བཙན་སྔོན་ལ་བོད་ལ་ཡི་གེ་ཡོད་མེད་ཀྱི་རྩོད་པ་རེད། དེ་ནི་ཡག་པོ་རེད་སྙམ། ཡིན་ནའང་འདི་ནི་ང་ཚོས་རྩོད་ནས་ཐག་ཆོད་པ་ཞིག་ཨེ་ཡིན། དཔང་རྟགས་འཚོལ་བར་འབད་དགོས་པ་རེད་འདོད།
    རིགས་པས་དཔྱད་ན་དེ་སྔོན་བོད་ཡིག་ཡོད་པར་རྒྱུ་མཚན་འགའ་ཤས་ཤིག་ཡོད་པ་རེད། ལོ་རྒྱུས་ནང་ཡང་གཉའ་ཁྲི་བཙན་པོ་ནས་བཟུང་། སྟག་གཟིག་དང་ཞང་ཞུང་ནས་བོན་ཆོས་དར་ཚུལ་དང་བོད་དུ་བསྒྱུར་ཚུལ་མང་པོ་ཞིག་ཡོད་པ་རེད། བོན་གྱིས་བཤད་པ་ཚང་མ་རྫུན་རེད་ཅེས་བཤད་ན་དེ་ནི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་པ་ཞིག་ག་ལ་ཡིན། དེས་ན་བན་དེས་བྲིས་པའི་ཆོས་རྒྱལ་ཚོའི་སྐབས་ཀྱི་ལོ་རྒྱུས་དག་ཀྱང་རྫུན་མ་རེད་བཤད་ན་ལོས་ཆོག ལོ་བརྒྱ་ཕྲག་དུ་མའི་རྗེས་ལ་བྲིས་པའི་ལོ་རྒྱུས་དེ་ཚོ་ལྷ་སྒྲུང་གི་རྣམ་པ་ལྟ་བུ་ཞིག་ཏུ་ཡོད་པ་རེད། སྔོན་བྲིས་སྐད་ཀྱི་མ་ཎི་བཀའ་འབུམ་དང་བཀའ་ཆེམས་ཀ་ཁོལ་མ་སོགས་ཀྱང་ལྷ་སྒྲུང་ལྟ་བུ་ཞིག་ཡིན་པ་རེད། མདོར་དེད་ན། ཐོན་མིས་ཡི་གེ་བརྩམས་ཚུལ་དེ་ཚོའང་མི་རེས་རེ་རེ་བཤད་དེ་ཡོངས་སུ་གཅིག་གྱུར་ཅིག་ཡོད་པ་མ་རེད། ཐོན་མིས་བརྩམས་པའི་ཡི་གེ་འདི་རེད་ཟེར་ནས་བསྟན་དུ་ཡོད་པ་མ་རེད། ཏུན་ཧོང་གི་ཡིག་རྙིང་དང་རྡོ་རིང་གི་ཡི་གེ་དེ་ཚོའང་བོན་ཡིག་དང་མཐུན་པ་ལས་འགའ་ཤས་ཀྱི་བཤད་པའི་ཐོན་མིས་བརྩམས་པར་གྲགས་པའི་སུམ་རྟགས་དང་མཐུན་གྱི་ཡོད་པ་མ་རེད། དེས་ན་བན་དེས་བཤད་སྟངས་དེ་ཚོ་རྫུན་མ་རེད་ཟེར་ནས་ཀྱང་འབྲི་ཆོག་པ་ལྟ་བུའོ། དེ་ལྟར་འབྲི་བ་ནི་ངོ་མ་ཕྱོགས་ཞེན་ལས་མ་འདས།
    བོད་ནང་བོན་པོ་ཉུང་ཉུང་ཡིན་པ་དང་ཆོས་ལུགས་མི་གཅིག་པ་ལ་བསྟེན་ནས་ལོ་རྒྱུས་རིང་མོའི་ནང་གོད་ཆག་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། མཐོང་ཆུང་དང་ཟུར་ཟ། ཁྱད་གསོད་སོགས་བྱེད་པ་ནི་སྤྱིར་བཏང་གི་དོན་དག་ཅིག་ཏུ་གྱུར་ཡོད་པ་རེད། ང་ནི་དགེ་ལུགས་པ་དར་ཁྱབ་ཡོད་པའི་ས་ཆ་ཞིག་ནས་ཡིན། ང་ཆུང་དུས་བོན་པོ་ཟེར་ན་མཐོང་ཚུལ་ག་འདྲ་ཞིག་ཡོད་པ་རེད་ཟེར་ན། མི་ལ་སྡུག་པོ་དང་བསམ་ནག་བྱེད་མཁན། ངན་སྔགས་རྒྱག་མཁན་ལྟ་བུ་ཞིག་ཏུ་བསམ་གྱི་ཡོད། དེའི་ནོར་འཁྲུལ་ཅན་གྱི་མཐོང་ཚུལ་དེ་ཁོར་ཡུག་གིས་ང་ལ་གནང་བ་རེད། ད་ལྟ་ད་རུང་མི་མང་པོ་ཞིག་གི་སེམས་ནང་བོན་ཆོས་ཟེར་ན་སྡུག་ག་ཞིག་ཏུ་མཐོང་གི་འདུག ཉེ་ཆར་ངའི་ཨ་ཞང་ཞིག་གི་ཁ་ནས་འདི་འདྲ་ཞིག་ཟེར། ངེད་ཚོ་དགོན་པ་ཞིག་ཏུ་གཞུང་འབྲེལ་ལྟ་སྐོར་ལ་ཕྱིན་པ་ཡིན། ངེད་ཚོས་མ་ཤེས་པར་བོན་པོའི་དགོན་པ་ཞིག་ཏུ་ཕྱིན་འདུག ཟེར་ནས་དེ་ནི་མ་འགྲིགས་པའི་རྣམ་འགྱུར་ཞིག་བསྟན་སོང་། ངས་བོན་བན་གཉིས་ལ་དགེ་སྡུག་བླང་དོར་གྱི་གནས་ཚང་མ་གཅིག་པ་འདྲ་བོ་རེད་འདུག་ག ཁྱད་པར་ཆེན་པོ་ཡོད་པ་མ་རེད་ལབ་དུས། ཁོས་ཁྱད་པར་ལོས་ཡོད་ཁོ་ཚོ་གཡོན་སྐོར་ར་འགྲོ་གི་རེད་ཟེར། དེ་ལྟ་བུ་རེད།
    ང་ཚོས་ཆོས་ལུགས་ཀྱི་ཕྱོགས་འཛིན་ངན་པ་དེ་ཚོ་སྤངས་དགོས་ཀྱི་འདུག

  16. བློ་བཟང་ཟླ་བ་ says:
    2012-07-20 at 9:00 pm

    བན་བོན་འཐབ་ས་མ་རེད། ཁ་བརྡ་འཁྲུགས་ས་མ་རེད། ཇི་ལྟར་ཉལ་མི་ཐུབ་པ་རེད།

  17. བན་དེ་བ། says:
    2012-07-20 at 9:14 pm

    མགོན་པོ་ཕྱག་གཉིས་པས་གསུངས་པར་མངོན་པར་བསྟོད་དོ།
    ཨོ་རྒྱུ་མཚན་དེ་རེད། སྔར་ཝར་ཎ་རུ་བོན་གྱི་སྡེ་ཚན་ཐོག་མར་བཙུགས་སྐབས་སུ་དེར་ཡོད་བོད་ཀྱི་བན་དེ་བ་ཚོས་འདི་ལྟར་བཤད་འདུག ཨོ་བོན་པོ་བ་ཚོ་བོད་མི་རེད་འདུག་གཱ ཨོ་བོན་པོའི་ཡི་གེ་བོད་ཡིད་རེད་འདུག་གཱ
    ཞེས་བཤད་པ་རེད། དགོངས་དང་སྐད་ཆ་ཤོད་སྟངས་འདི་འདྲ་ཞིག་ལ་སླེབས་པའི་སྐབས་སུ་སླེབས་དུས། ཁོང་ཚོས་བོན་པོ་ནི་བོད་མི་ཞིག་མིན་པ་དང་བོན་པོའི་གཞུང་ལུགས་དག་ཀྱང་བོད་ཡིག་དུ་མེད་པའི་བལྟ་ཚུལ་འདི་འདྲ་ཡོད་པ་རེད། བོན་པོར་འདི་ལྟའི་བལྟ་ཚུལ་ཕྱི་རོལ་ཨབ་རི་ཁ་དང་དཀྱིལ་ཤར་ཡུལ་གྲུ་ལས་སོགས་བོད་ཀྱི་གནད་དོན་རྩ་བ་ཉིད་ནས་གོ་མ་མྱོངས་མཁན་ཚོས་ཀྱང་འདི་འདྲ་བཤད་ཀྱི་མི་འདུག རྒྱུ་མཚན་འདི་ཚོ་ཚང་མ་རྩ་བ་བོད་ཀྱི་བླ་མ་སྤྲུལ་སྐུ་མཁས་པ་ཡིན་ཟེར་མཁན། ལོ་རྒྱུས་སྨྲ་བ་པ་ཡིན་ཟེར་མཁན་དགེ་རྒན་ཡིན་ཟེར་མཁན་དེ་ཚོ་རེད། ཉེ་འཆར་རང་ང་ལ་ཐུག་པའི་བོན་པོ་ཞིག་གསར་འབྱོར་སློབ་གྲྭ་ནས་ཡིན་པ་ཞིག་གིས། བྷིར་གསར་འབྱོར་སློབ་གྲྭར་ཝར་ཎ་ནས་ཡིན་པའི་བན་དེ་བ་དགེ་རྒན་གཉིས་ནས་སློབ་ཚན་ཁྲིད་པའི་སྐབས་སུ་བོན་པོར་ངན་སྨྲས་རྐྱང་ཤོད་ཀྱི་འདུག་ཟེར། དེ་འདྲ་བཤད་དུས་རྒྱ་གུང་ཕྲན་ལས་ཀྱང་བསྟན་པར་སྡང་བ་ཆེ་བར་མཐོང་གི་འདུག གནད་དོན་འདི་འདྲ་རེད། བོད་ཀྱི་གནས་དུས་འདི་འདྲ་ལ་སླེབས་དུས་ངེད་ཚོས་ཚང་མས་མཐུན་བསྒྲིལ་རྡོག་རྩ་གཅིག་ཏུ་སྤུངས་དགོས་པ་རེད་དེ། ཡིན་ནའང་ཕན་ཚུན་ཡིད་ཆེས་མེད་པ་དང། ཕན་ཚུན་དབར་ལ་བཀུར་བསྟི་མེད་ཚང་ང་ཚོས་ཁ་ནས་གཅིག་བཤད་ལག་ལེན་ལ་གཞན་མ་ཞིག་བླངས་པ་ཡིན་ན་མཐུན་ལམ་ཟེར་བ་དེ་གང་འདྲ་ཞིག་ལ་སླེབས་ཀྱི་རེད། ང་ཚོ་ཚང་མ་བཙན་བྱོལ་དུ་ཅི་ཡིས་ཕྱིར་སླེབས་པ་ཡིན། དེ་ཆབ་སྲིད་ཀྱི་གནད་དོན་གཅིག་པོ་མ་རེད། སོ་སོ་རང་རང་གི་ཆོས་དང་རིག་གཞུང་ཉམས་སུ་ལེན་ས་མི་འདུག སོ་སོ་རང་རང་གི་ལུགས་སྲོལ་རྩ་མེད་གཏོང་གི་འདུག་ཅེས་སླེབས་པ་རེད་པ། བྱས་ཙང་ཡང་འདིར་ཕྱོགས་སུའང་ལས་ཀ་ལས་སྟངས་དང་བསམ་བློ་གཏོང་སྟངས་གཉིས་ཕར་ངོས་དང་གཅིག་པ་ཆགས་ན་ད་བསམ་བློ་ཅི་ཞིག་གཏོང་དགོས་ཀྱི་འདུག ད་བར་དུ་༸གོང་ས་མཆོག་གིས་བཀའ་དྲིན་ཁོ་ནས་བོད་ཀྱི་ཆོས་རྒྱུད་ཆོས་ལུགས་གདན་གཅིག་ཏུ་འཛོམས་ནས་སྐད་ཆ་བཤད། མ་མཐུན་ནའང་མཐུན་མདོག་མདོག་བྱས་དེ་གོར་གོར་བྱེད་དེ་བསྡོད་རྒྱུའི་བསྐལ་བཟང་དེ་༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་རེད། དེ་ང་ཚོ་ཚང་མས་མཁྱེན་དགོས། སྔར་བོད་གཞུང་སྐབས་སུ་ཆོས་ལུགས་བྱེ་བྲག་པ་གཅིག་གིས་དབང་བསྒྱུར་ནས་ཆོས་ལུགས་གཞན་མ་ཚོར་དབང་ཆ་ཏིལ་འབྲུ་ཙམ་ཡང་མེད། ད་དུས་སྐབས་འདི་འདྲ་ཞིག་ལ་སླེབས་དུས་ཚང་མས་བསམ་བློ་གཟབ་ནན་གཏོང་དགོས་པ་རེད། བོན་པོ་མི་རིགས་གྲངས་ཉུང་རེད་འདུག་ཟེར་ནས་ཐུབ་ཚོད་བཏང་ན་འགྲིག་གམ། བོད་གཞུང་གི་ཁྱབ་འོག་ཏུ་ཡོད་པའི་སློབ་གྲྭ་ཁག་ཏུ་བོད་རིགས་ཁ་ཆེ་བའི་སློབ་མ་ཚོར་དམིགས་བསལ་གྱི་སོ་སོའི་ཞལ་འདོན་བྱེད་པའི་གོ་སྐབས་ཡོད། བོན་པོ་བ་ཚོར་དེ་མེད། ད་དུང་སྡུག་རབས་མང་བཤད། རྒྱབ་དཔུང་མེད་པའི་རྒྱུ་མཚན་ཡིན་ནམ། བསམ་བློ་དེ་འདྲ་བཏང་ན་ནམ་ཡང་འགྲིག་ཐབས་ཡོད་པ་མ་རེད། འདི་གོང་གི་མཆན་མང་ཆེ་བས་སྐད་ཆ་ཡག་པོ་བཤད་འདུག་ཕྱིས་སུ་ཅི་ཞིག་བཤད་མིན་མི་ཤེས། དེ་ལ་ལྟས་ཏེ་བལྟ་གི་བལྟ་གི་བྱེད་ཀྱི་ཡིན་དཱ།
    མཐུན་བསྒྲིལ་དགོས་སམ། དགྲ་ཁ་གཏད་ལང་དགོས་སམ།
    མཆན་ལ་རག་ལུས་ཡོད།

  18. ལ་སྟོད་བུ་མོ་ says:
    2012-07-20 at 9:24 pm

    བོན་བྱེད་མཁན་ཚོ་བོད་པ་རེད་ལ། ཆོས་བྱེད་མཁན་ཚོ་འང་བོད་པ་རེད། བོད་པའི་རང་དབང་འཕྲོགས་མཁན་རྒྱ་མི་རེད།

  19. ཁ་ཚ་ར། says:
    2012-07-20 at 10:03 pm

    མགོན་པོ་ཕྱག་གཉིས་པ་ཟེར་བ་འདིས་མི་སྐད་ཅིག་བརྒྱབ་འདུག འདི་འདྲ་མི་སྐད་རྒྱག་མཁན་ཁ་བརྡ་དྲ་བའི་ནང་དཀོན་པོ་རེད། ཚོད་དཔག་བྱས་ན་མི་འདི་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ན་འཚོ་བཞིན་ཡོད་ཚོད་རེད། ལོ་རྒྱུས་ལའང་གཤིབ་འདྲིས་ཀྱི་ཉམས་མྱོང་ཟབ་ཚད་ཙམ་མངོན། འདི་འདྲའི་སྐད་ཆ་གླེང་དུས་བོན་པོས་ཀྱང་མ་འགྲིག་པ་རྣམས་མ་འགྲིག་པའི་ས་རུ་ངོས་ལེན་བྱེད་ཕོད་པ་འདུག ལོ་རྒྱུས་ནང་ཡག་བཙོག་ཟེར་བ་དེ་སྤྱི་ཚོགས་ཀུན་ལ་ཡོད། ཡོད་ཚད་རྫུན་སྒྲིག་རེད་ཟེར་བ་དེ་དངོས་གནས་གཟུར་གནས་ཀྱི་བློར་མི་འབབ། གང་ལྟར་ཁ་བརྡ་ཀློག་མཁན་གྱི་གྲས་སུ་འདི་འདྲའང་ཡོད་པར་དེ་རིང་ཤེས་པར་གྱུར། ཡོད་ཚད་ཕྱོགས་རིས་ཕྲག་དོག་གི་མྱོས་ཆུས་བཟི་མེད་པར་འདྲ།

  20. འབའ་གནས་། says:
    2012-07-20 at 10:05 pm

    http://www.amazon.com/gp/aw/d/B004AC4PQO/ref=redir_mdp_mobile?fb_source=message&qid=1342834341&ref_=sr_1_162&s=shoes&sr=1-162
    ཚང་མས་འདི་རྩོད་པ་དངོས་གནས་དེ་གོང་གི་དྲ་ལམ་འདི་ཡོད་གི

  21. ཐབས་ཇུས་ཅན says:
    2012-07-20 at 10:10 pm

    འདིར་རྩོད་པ་རྒྱག་མཁན་ཚང་མ་རྨོངས་དད་བྱེད་མཁན་རྐྱང་རྐྱང་རེད། ཟ་རྒྱུ་འཐུང་རྒྱུ་མ་གཏོགས་ལས་ཀ་བྱེད་མི་འདོད་མཁན་རྐྱང་རྐྱང་རེད། བོད་ལ་ཆོས་ལུགས་འདྲ་མིན་མང་དྲགས་འདུག ཚང་མ་མེད་པར་བཟོ་དགོས། རྒྱུ་མཚན་ནི་དེས་སྤྱི་ཚོགས་ནང་གནོད་པ་བྱེད་པ་ལས་ཕན་ཐོགས་ཡ་མི་འདུག

  22. བན་དེ་བ། says:
    2012-07-20 at 10:31 pm

    ཐབས་ཇུས་ཅན་ནས་ཡག་པོ་གསུངས་འདུག
    ཚང་མ་མེད་ན་ཏག་ཏག་རེད། ཡང་བླང་དོར་བྱེད་རྒྱུ་བྱས་ན་ཡག་པོ་མ་རེད།

  23. མིག་བརྒྱད་པ། says:
    2012-07-20 at 10:50 pm

    ཁྱེད་ཚོས་རྩོད་པ་རྒྱག་ཤེས་ཀྱི་མི་འདུག །གྲོང་བ་རྒན་རྒོན་ཚོས་ས་རྩོད་ཆུ་རྩོད་རྒྱག་པ་ལྟ་བུ་ཞིག་ལས་གང་ཡང་མི་འདུག །ངན་སྨོས་མཚང་འདོགས་ཅི་ཐུབ་བྱེད། དེས་ཕ་གསོད་ལག་དམར་ལས་ཀྱང་ཞེ་འཁོན་སློང་བ་འདི་རྩོད་པའི་རྩ་བ་ཆགས་འདུག །འདི་འདྲའི་རྩོད་པ་རྒྱག་སྟངས་ཤིག་བན་བོན་གྱི་གཞུང་ཚད་ལྡན་གང་ན་ཡང་མེད། སྤྱིར་ཕྱི་རྒོལ་དམ་བཅའ་བ་དང་སྔ་རྒོལ་རིགས་ལུང་བ་ཞེས་བོད་ལ་ཡོངས་སུ་གྲགས་པ་ལྟར་རྩོད་པའི་ཀུན་སློང་ལ་བསླད་མེད་ན་མི་སྐྱོན། གལ་ཏེ་ཀུན་སློང་ལ་གཡོ་སྒྱུ་ལ་སོགས་པའི་ངན་རྟོག་གི་སྐྱོན་ཡོད་ཚེ་རྩོད་པ་མ་བྱེད་ན་བཟང་། ཡིན་ཡང་རང་རང་གི་བསམ་ཚུལ་དྲང་བོར་ཤོད་པ་ལ་མི་སྐྱོན། གཞན་གྱིས་རྒྱུ་མཚན་དང་གཏན་ཚིགས་འགོད་པ་གང་ཡིན་རུང་རང་གི་ཞེ་འདོད་དང་མ་མཐུན་ཚེ་ངན་དུ་འཛིན་མི་རུང་། ལུང་རིགས་འདྲེན་པ་ལ་བདེན་དོན་ཡིན་མིན་རིགས་པས་བརྡར་ཤ་གཅད་དགོས་པ་ལས་དོན་མེད་ཆགས་སྡང་གི་ཕྱོགས་སུ་འཁྲིད་མི་རུང་། །གཞན་སེམས་རིག་པའི་མངོན་ཤེས་མེད་པས་རྩོད་པ་ཞེ་འཁོན་དུ་གྱུར་བ་ངོ་ཚ་ཡིན། ད་ནས་བཟུང་བོན་པོ་སུ་ཞིག་ཡིན་རུང་བན་དྷེའི་ཕྱོགས་ཟུར་ཙམ་ཡང་གླེང་མི་ཆོག །བན་དེ་བ་དག་གིས་ཀྱང་དེ་བཞིན་བོན་པོའི་སྐོར་ཟུར་ཙམ་ཡང་གླེང་མི་ཆོག །བན་བོན་རྩོད་པ་དོན་མེད་རེད། མཚམས་བཞག་ན་དགའ། ཁྱེད་ཚོ་ལ་བསམ་ཚུལ་བརྗེ་ལེན་བྱེད་པའི་ཀུན་སྤྱོད་མི་འདུག་པས་སོ། །

  24. དེ་ཕོ། says:
    2012-07-20 at 11:18 pm

    བན་བོན་འདི་ཚོས་བོད་པ་ཚང་སྔ་ཡང་མེད་པར་བཟོ་མྱོང་ད་ཡང་མེད་པ་བཟོ་རྩིས་འདུག
    མགོ་རིལ་འདི་ཚོ་ཡིད་ཅིག་སུན་གི་ར

  25. གཡུ་འབྲུག་དཀར་པོ། says:
    2012-07-20 at 11:32 pm

    ཡ་དག་གྲོགས་པོ་ཚོས་མང་ཚོགས་ནང་ལ་ཆོས་ལུགས་མང་དྲག་ན་དཀའ་ལས་གང་འདྲ་ཞིག་ཡོང་གི་ཡོད་པ་མཁྱེན་སོང་ང་། དེའི་སྐོར་ངས་ལོ་གཉིས་ཙམ་གྱི་སྔོན་བན་བོན་གྱི་རྩོད་པ་ཞིག་གི་སྐབས་ཁ་བརྡའི་སྒང་ལ་བཀོད་ཡོད། དེ་དུས་བོན་བསྟན་ལ་དད་པ་ཅན་འགའི་ཐུགས་ལ་ཕོག་ཐུག་བྱུང་སོང་། ད་ལྟའང་ཕོག་ཐུག་འབྱུང་སྲིད། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་ཞེས་པའི་དཔེར་བསམས་ནས་ཡང་བསྐྱར་ཅིག་ཞུ་ན་འདོད། བོད་རིགས་རྣམས་འཛམ་གླིང་གང་སར་ཁ་འཐོར་ནས་གནས་གཤིས་དེ་འདྲའི་རྙོགས་དྲགས་ག་ཚོད་བྱུང་རུང་ཁྱད་པར་ཅང་མེད་ཚོད་འདུག འབྲུག་རིགས་ལྟ་བུ་ཞིག་ཡིན་ན་ལུང་པ་ཁུག་ཀྱོག་ལྟ་བུ་ཞིག་གི་ནང་དུ་མི་འབོར་གྲངས་ཀ་རྒྱབ་ཐུབ་པ་ཙམ་ཞིག་ལས་མེད། དེ་འདྲའི་མི་རིགས་ཀྱི་ནང་དུ་ཆོས་ལུགས་ཀྱི་རྙོགས་དྲ་ཞིག་འབྱུང་སོང་ན་དེ་ནས་ཚར་ཚར་བ་རེད། ད་ལྟའི་ཆར་ལ་གཞིགས་ན་འབྲུག་ལ་བོན་བསྟན་དང་དགེ་ལུགས་ཀྱི་བསྟན་པ་མེད་ཟེར་ན་ཡང་འགྲིགས་པ་ལྟ་བུ་ཞིག་ཡོད། དེ་ཡིན་དུས་འབྲུག་ཡུལ་དུ་བན་བོན་སུ་ཞིག་གིས་ཀྱང་སྔར་མེད་ཆོས་ལུགས་གསར་པ་སྤེལ་ཐབས་མ་བྱེད་རོགས་གནང་ཞུ་གི་ཡིན། གལ་ཏེ་ཆོས་ལུགས་གསར་པ་སྤེལ་ནས་ཆོས་ལུགས་ཀྱི་རྙོག་དྲ་ཞིག་འབྱུང་སོང་ན་གོང་དུ་ཞུས་པ་ལྟར་མང་ཚོགས་ལ་དཀའ་ངལ་ཆེན་པོ་སྤྲོད་ངེས་རེད། དེ་འདྲའི་གནས་སྟངས་འབྱུང་སོང་ན་བསྟན་པ་ལ་ག་ཚོད་གནོད་ས་རེད་གཟིགས་དང་། ཨ་ཛི་ང་ངོ་མ་བཞེད་གི་ཡ།

  26. གཡུ་འབྲུག་དཀར་པོ། says:
    2012-07-20 at 11:41 pm

    ཨོ་རྒྱན་ཡུལ་རྫུན། ཤམྦྷ་ལ་རྫུན། འོལ་མོ་ལུང་རྫུན། ཞང་ཞུང་རྫུན། དེ་ལ་བརྟེན་ནས་གུ་རུ་རིན་པོ་ཆེ་རྫུན། སངས་རྒྱས་ཤཱཀྱ་ཐུབ་པ་རྫུན། སྟོན་པ་གཤེན་རབ་རྫུན། དེ་ལ་བརྟེན་ནས་རྫོགས་ཆེན་རྫུན། སངས་རྒྱས་པའི་ཆོས་རྫུན། བོན་བསྟན་རྫུན། དེ་ནས་བྱུང་བའི་ཞིང་ཁམས་དང་དམྱལ་བ་སོགས་འགྲོ་བ་རིགས་དྲུག་ཀྱང་རྫུན། དེ་ནས་བྱུང་བའི་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱང་རྫུན། རྒྱུ་མཚན་ནི་དེ་དག་ཐམས་ཅད་ཚན་རིག་པས་མ་མཐོང་བའི་ཕྱིར་རོ༎ དེ་ལྟར་བྱས་ན་རྫུན་ན་ཚང་མ་རྫུན་མཉམ་དང་བདེ་ན་ན་ཚང་མ་བདེན་མཉམ་ཞིག་རེད་འགྲོ་གི་མི་འདུག་ག

  27. རིན་ཆེན་དར་རྒྱས། says:
    2012-07-20 at 11:43 pm

    མཆོག་གསུམ་བདེན་པའི་བྱིན་རླབས་ཀྱིས་བན་བོན་གྱི་རྩོད་རྙོག་ཐམས་ཅད་མཉམ་ཉིད་ཆོས་སྐུའི་དབྱིངས་སུ་ཞི་བར་གྱུར་ཅིག བན་བོན་གྱི་ཆོས་ཚུལ་ཇི་སྙེད་པ་རིག་པ་འོད་གསལ་ཆོས་སྐུ་ཆེན་པོའི་རོལ་བ་ཉིད་དུ་རྟོགས་པར་གྱུར་ཅིག ཐམས་ཅད་དགོངས་ཀློང་རོ་གཅིག་པའི་ངང་ནས་ཕན་བདེའི་མི་ཟད་པའི་དགའ་སྟོན་ཕྱོགས་མེད་ལྷུན་ཡངས་སུ་འབྱུང་བར་གྱུར་ཅིག

  28. མེ་ཏོག་དཀར་པོ། says:
    2012-07-21 at 12:09 am

    གཡུ་འབྲུག ཁ་སང་ཁ་ཉིན་ལས་ང་གི་ཁྱོད་ལུ་ལབ་ཅི་མིན་ན།

  29. མེ་ཏོག་དཀར་པོ། says:
    2012-07-21 at 12:11 am

    མེ་ཏོག་དཀར་པོ་འདབ་མ་སྟོང་ལྡན།
    སྤངས་ལྗོངས་རྒྱན་ལ་ཤར་རོགས་གནང་དང་།

  30. བྱ་གླག་རྒོད་པོ་ says:
    2012-07-21 at 12:16 am

    ཕྱོགས་སྔའི་འདོད་པ་ཆ་ཚང་གང་ཡིན་གསལ་བོ་མི་ཤེས་ཀྱང་བོན་ཡིག་རྫུན་མ་རེད་ཟེར་སྟངས་ལ་བལྟས་ན་
    ཞང་ཞུང་སྨར་ཡིག་ཏུ་གྲགས་པ་དེ་དག་སྲོང་བཙན་གྱི་ཡར་སྔོན་དུ་བྱུང་བའི་ཡི་གེ་ཞིག་ཡིན་ཚུལ་བཤད་པ་དེ་
    རྫུན་རེད་ཟེར་བ་ཡིན་ཚོད་འདུག དེས་ན་སྲོང་བཙན་གྱི་སྔོན་དུ་ཞང་ཞུང་སྨར་ཡིག་སོགས་སུ་གྲགས་དེ་དག་
    ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་དང་། དེང་དུས་ཀྱི་ཞིབ་འཇུག་བྱེད་ཚུལ་ལྟར་ར་འཕྲོད་ངེས་པའི་དཔང་རྟགས་
    འདི་དང་འདི་ཡོད་དོ་ཞེས་བརྗོད་ན་མཛེས་ཀྱི། བན་དེ་རྫུན་ཡིན་དང་བོན་རྫུན་སོགས་ནི་མཆིལ་མའི་ཐལ་བ་
    ཇི་བཞིན་རྒྱང་རིང་དུ་དོར་བར་བྱ་བ་ཁོ་ན་ཡིན་ནོ། །དེས་ན་ང་ཚོའི་མདུན་ན་བན་བོན་གཉིས་ཀྱི་བསྟན་དགྲ་
    ནག་ཡོར་རེར་ལངས་ནས་བསྡད་འདུག་པས། ཨ་ཕའི་བུ་ལ་བུ་དྲི་བྲོ་ན་འདི་ལ་རྩོད་ཅིག

  31. ཀླུ་སྨྱོན། says:
    2012-07-21 at 12:51 am

    Bonpo ལགས། གཤེན་རབ་མི་བོས་ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་པ་དང་ཁོང་གི་སྐུ་ཐང་དགེ་སློང་གི་ཆ་ལུགས་ཅན་བཞེངས་པ་གཉིས་གང་བདེན། ལྕམ་ཁབ་ཏུ་བཞེས་དུས་ཁོང་རབ་ཏུ་མ་བྱུང་གོང་རེད་དམ། ང་བོན་གྱི་ལོ་རྒྱུས་ལ་ཆ་རྒྱུས་དེ་ཙམ་མེད་ལགས།

  32. མེ་ཏོག་དཀར་པོ། says:
    2012-07-21 at 12:58 am

    བཀུར་འོས་བོན་པོ་རྣམ་པར་ཅི་གསུངས་ལ་ལེགས་སོ་ཞུ་རྒྱུ་ལས་དྲི་བ་བཀོད་ན་དགོངས་པ་འཚོམ་འགྲོ་གི་རེད་ལགས།

  33. ལྷ་ཆབ། says:
    2012-07-21 at 1:47 am

    བོན་གྱི་བསྟན་འབྱུང་སོགས་ལ་མཇལ་མྱོང་། ལྷག་པར་དུ་བོན་གྱི་ལོ་རྒྱུས་ལ་མཇལ་མྱོང་། ཁོང་ཚོས་མཐའ་གཅིག་ཏུ་བན་དེ་ཚོར་མེད་པ་དང་མིན་པའི་སྒྲུབ་བྱེད་གཏོང་གི་མི་འདུག དྲང་མོར་བཤད་ན་རང་རེའི་མཁས་པ་སྔ་མ་དེ་ཚོ་བོན་པོར་གཏན་ནས་མི་དགའ་ཡང་ཁྲི་སྲོང་གི་གོང་ལ་བོན་ཆོས་དར་ཡོད་པ་ཁས་ལེན་གྱི་ཡོད་པ་མ་ཟད་རང་རེའི་ཆོས་འབྱུང་དག་ཏུ་བཤད་ཡོད། དེ་ལྟ་ན་བོན་ཆོས་ཟེར་བ་འདི་ཡང་དག་མིན་མི་ཤེས་ཀྱང་། ཆོས་ལུགས་རྗེས་མ་ཚོས་གཤེ་གཤེ་གཏོང་གི་ཡོད་པ་བདེན། དྲང་མོར་བཤད་ན།་བོན་ལུགས་ལྟར་སྨར་ཆེ་ཆུང་གི་ཡི་གེ་ཞིག་ཡོད་པ་ཁས་ལེན་དགོས་པ་མ་ཟད། སྲོང་བཙན་གོང་གི་ཡིག་རྙིང་དེང་སང་མང་བོ་མཐོང་རྒྱུ་ཡོད། ད་དུང་ཐོན་མིས་གསར་དུ་བཟོས་པར་གྲགས་པའི་སྟོད་ཀྱི་ཅ་ཆ་ཇ་གསུམ་དང་སྨ་ཀྱི་ཞ་ཟ་འ་གསུམ་སོགས་ཀྱང་བོན་དང་ཏན་ཏན་འབྲེལ་བ་ཡོད་པར་སྨྲ་མཁན་ཡང་ཡོད། ཁས་ལེན་དགོས་ས་ལ་ཁས་ལེན་བྱས་ཀྱང་མི་སྐྱོན། བོན་པོ་བོན་པོ་ཟེར་ཡང་བོད་མི་རིགས་རེད། དེང་སང་མི་མང་བོས་མགོ་སེར་ཚོ་མཐོང་དུས་ཁས་ལེན་ཡོད་ཚད་ཤོར་ནས་དེ་ཚོས་བཤད་པ་ཡང་དག་ཏུ་བལྟ་ཡི་ཡོད། རང་གི་མེས་པོའི་ཡིག་ཚགས་ལ་ཁ་གཏོང་གི་འདུག དེ་ཡག་པོ་མི་འདུག བན་བོན་གྱི་ལོ་རྒྱུས་དཔྱད་ནས་སྐད་ཆ་བཤད་པ་ལས་ཕུང་དཀྲུག་གི་གཞི་རུ་གྱུར་ན་ཡག་པོ་མེད། འདི་ནི་ཆིག་སྒྲིལ་གྱི་ནུས་པ་གཏོར་ཟེར་བ་དེ་མི་ཆགས་པའི་ངེས་པ་མི་འདུག

  34. པདྨ says:
    2012-07-21 at 1:57 am

    ཐ་སྙད་ཚུར་མཐོང་གི་སྐད་ཡིག་གི་རྣམ་བཞག་དང་། དག་གཟིགས་ཀྱི་སྣང་བ། དོན་དམ་རིགས་པའི་འགྲོ་སྟངས་ཙམ་ཡང་མི་ཤེས་མཁན་ཚོས་འུར་སྒྲོག་འབའ་ཞིག་དུ་ཟད་དོ། མ་ཚད་གངས་སེང་ཟེར་བས་དུས་འཁོར་སྐོར་གྱི་རྩོད་གླེང་ནི་༧གོང་ས་མཆོག་དང་ཇོ་ནང་ལ་ཟུར་ཟ་དང་ཨོ་རྒྱན་ཡུལ་སོགས་རྫོགས་ཆེན་ཆོས་དང་རྙིང་མ་པ་ལ་ཟུར་ཟ་ལས་གཞན་ཅི་ཡོད། ཨོ་རྒྱན་ཉི་མ་དེ་བན་བོན་གང་ཡང་མ་རེད། ཀརྨ་པ་སང་གི་མག་པ་རེད། བསྟོད་པའི་ལམ་ནས་སྨད་པ་ཟེར་བ་དེ་རེད། ཧ ཧ གངས་སེང་ཡོད་མེད་ཀྱང་ཡོལ་ལུང་དང་གཤིན་རབ་བཞིན་དུ་མ་ཡིན་ནམ།

  35. བོད་ལ་ཞེན། says:
    2012-07-21 at 2:17 am

    ཐབས་ཇུས་ཅན་ཟེར་བ་དེས་ག་རེ་བཤད་ཀྱི་ཡོད་རེད། ཆོས་ལུགས་པ་རྨོངས་དད་ཅན་རེད་ཟེར་བ་དང་། སྤྱི་ཚོགས་ལ་གནོད་པ་ཅན་རེད་ཟེར་བ། མེད་པ་བཟོ་དགོས་ཟེར་བ་སོགས་སྐད་ཆ་དེ་དག་ནི་ང་ཚོ་ལ་ཧ་ཅང་གི་འདྲེས་ཆེ་བ་ཞིག་རེད། རྒྱ་དམར་བོད་དུ་སླེབས་བས་བཟུང་སློབ་གསོ་གཏོང་རྒྱུ་དང་བཙན་དབང་གཏོང་རྒྱུ་ད་ག་མ་རེད་པས། འོ་ན་ཁྱོད་ཡང་་་་་་་་་་་་་་་་་་

  36. བོད་ལ་ཞེན། says:
    2012-07-21 at 2:28 am

    གངས་ཁྱི་ཟེར་མཁན་དེས་ག་རེ་བཤད་ཀྱི་ཡོད་རེད། གོ་རྒྱུ་མེད་པ་ལུང་པ་གང་བཤད་འདུག ཕྱིས་སུ་བརྩམས་པའི་ལུང་འདྲེན་ནས་གནའ་སྔོན་མའི་ཡིག་ཆ་ཡིན་ཟེར་བ་ནི་དགོད་བྲོ་བ་ཞིག་རེད། ང་ཚོ་བན་སྡེ་ཚང་ལ་ལོ་སྟོང་ཕྲག་སྔོན་གྱི་མཁས་པས་བརྩམས་པའི་ཡིག་ཆ་སྟོན་རྒྱུ་ཡོད་ལ། འཛམ་གླིང་ཀུན་གྱིས་ཁས་ལེན་དུ་རུང་བའི་རྡོ་རིང་གི་ཡི་གེ་ཡོད་པ་ཁྱོད་ཀྱིས་ངོ་མ་མ་ཤེས་པ་ཨེ་རེད། ཆོས་བཟང་ངན་ནི་ལྟ་གྲུབ་བཟང་ངན་ལ་རག་ལས་པ་ལས་གསུངས་མཁན་བོད་པ་ཡིན་མིན་ལ་ངོས་འཛིན་ག་ལ་རུང་། བོན་ཕྲུག་བརྣབ་ལུག་རྣམས་ལ་ཚན་རིག་གིས་ཁས་ལེན་དུ་རུང་བའི་ཡིག་ཆ་ཡོད་ན་སྟོན་ཤོག དེ་མིན་ལྷ་སྒྲུང་མང་པོ་བཤད་པས་ཅི་ཕན།

  37. རང་དབང་ཨ་རྡུ་མན་ says:
    2012-07-21 at 2:44 am

    རིགས་རུས་་གཅིག་པའི་སྤུན་ཟླ་ཚོ། ད་རེས་ཀྱི་རྩོད་པ་འདི་ནི་དེ་ཙམ་གྱིས་གལ་འགངས་ཆེན་པོར་མ་རེད་སྙམ། གཙོ་བོ་ཡི་གེའི་དར་སྲོལ་ཐོག་ལ་སོང་ཙང་། ཡི་གེ་ཟེར་ཡག་དེ་ལ་དར་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོ་རེད། 
    དཔེར་ན་་་་དེང་སང་སྔར་མེད་པའི་བོད་ཡིག་གི་བཟོ་དབྱིངས་ག་ཚོད་མང་པོ་འདུག །དེ་ཚོ་ཚང་མ་གསར་གཏོད་རེད་ཟེར་ནའང་མ་འགྲིག་པ་མི་འདུག །
    འོན་ཀྱང་ཟུར་བལྟས་ལེབ་མཐོང་ཞེས་པའི་དཔེ་ལྟར། དྲ་གྲོགས་མང་པོས་་་་་་བོན་གྱི་ཆོས་རྒྱུད་འཛིན་མཁན་ཚོར་མཐོང་ཆུང་དང་ཁྱད་གསོད་ཀྱི་ལམ་ལུགས་དེ་ཡོང་གི་འདུག །དེ་རྩ་བ་ནས་ཡག་པོ་མ་རེད། མི་སུ་ཡིན་རུང་ཆོས་གང་བྱེད་དང་མ་བྱེད་ཟེར་ཡག་དེ་སོ་སོའི་འདོད་པ་རེད། དཔེར་ན་ཆོས་དད་རང་དབང་ཅན་གྱི་རྒྱལ་ཁབ་་་རྒྱ་གར་ལ་གཟིགས་དང་། འགའ་ཤས་གླང་གོ་ལྷར་བརྩི། ལ་ལས་ཕག་པ་ལྷར་འདོད། ལ་ལས་སྤྲེའུ་ལྷ་རུ་བསྟེན་གྱི་ཡོད་ནའང་རང་མོས་རེད་མ་གཏོགས་་་དེ་ལ་ཆོག་གི་རེད་མ་རེད་ཟེར་ཡག་གི་སྐད་ཆ་ཁོ་རང་ཡོ་མ་རེད། སོང་ཙང་ང་ཚོ་བོད་པ་ལའང་ཆོས་དད་རང་དབང་དགོས་ཀྱི་རེད་མ་གཏོགས་་་་བོད་ཆོས་ལྡན་གྱི་ཞིང་ཁམས་ཟེར་ཡག་གི་མིང་དེ་ག་ནས་ཐོག །
    ང་ཡི་རེ་བར་་་བོན་གྱི་ཆོས་པ་སུ་ཡིན་རུང་་་་བོན་རང་ཉིད་སྟོན་པ་དང་དེའི་ལུང་རྟོག་གི་བསྟན་པ་གཉིས་པོ་དེ་སྐྱོན་མེད་པ་ཞིག་ལུང་རིགས་གཉིས་ཀྱི་སྒོ་ནས་བསྒྲུབ་པའི་དུས་ལ་བབས་རན་འདུག །དེ་ལྟར་བྱུང་ན་བོན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དེ་ཡང་ག་རེ་གཅིག་ཡོད་མེད་དང་དེ་ལ་དང་བ་འདྲེན་ཚུལ་བཅས་གསལ་པོར་ཤེས་རྟོགས་ཡོང་གི་རེད། ད་དུང་ཞུ་ཡག་གཅིག་ལ་ཆོས་ལུགས་སུ་ཡིན་རུང་་་་རང་གི་ཆོས་བརྒྱུད་རྒྱུ་མཚན་དུ་བྱས་ནས་གྲུབ་མཐའ་གཞན་ལ་ཅ་འབྱིན་པ་དང་ཅོ་འདྲི་བ་དམའ་འབེབས་པ་སོགས་རྩ་བ་མ་བྱེད་རོགས།
    གང་ཡིན་ཟེར་ན་་་་དེ་ནི་ཆོས་འཕོངས་ཀྱི་ལས་ངན་འཚབ་ཆེན་ཞིག་ཡིན་པ་བཀའ་མདོ་བརྒྱུད་མང་པོ་ནས་ཡང་ནས་ཡང་དུ་གསུང་པས་སོ།།

  38. དོལ་སྨྱོན། says:
    2012-07-21 at 3:15 am

    མཚོ་སྔོན་པོའི་ཟིན་བྲིས་ན།
    ཨོ་རྒྱན་ཉི་མས་དམ་བཅའ་རི་ལྟར་ཆེན་པོ་ཞིག་བཞག་འདུག་ན།
    ད་ནི་ཕོ་ཁྱོ་ག་ཡིན་ན་སྟོན་པའི་དུས་ལ་བབས་འདུག་གོ།།

  39. ལུང་རྟོགས། says:
    2012-07-21 at 4:10 am

    བན་བོན་གྱི་མགོ་རིལ་ཚོས་ནང་རྩོད་མཚམས་མ་བཞག་པར་མཐུན་བསྒྲིལ་གཏོར་བཤིག་བཏང་ན། བོད་པ་རང་ཉིད་ནས་རིག་གནས་གསར་རྗེ་ཞིག་སློང་མི་སྲིད་པ་མ་རེད་ལ། མགོ་རིལ་ཚོའི་མགོ་ལ་ཤོག་ཞྭ་རྩེ་རིང་དང་ལག་གཉིས་རྒྱབ་དུ་གདམ་སྟེ་འཐབ་རྩོད་བྱེད་མི་སྲིད་པ་མ་རེད། གོང་དུ་དྲ་གྲོགས་ཁ་ཤས་ནས་ཆོས་ལུགས་ཚང་མ་མེད་པ་བཟོ་དགོས་ཤེས་བཤད་འདུག་ལ། དོན་ལ་ཡང་མགོ་རིལ་ཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ཆ་ཟིན་པ་ནས། བོད་ལ་ནང་འཁྲུག་རྒྱུན་མ་ཆད་པ་བྱུང་ཡོད་པ་ལོ་རྒྱུས་ལས་གསལ་ཞིང་། དེ་ཚོ་ཚང་མ་ཆོས་རྒྱུད་བར་གྱི་ཕྱོགས་ཞེན་གྱི་དུག་རྩ་ནག་པོ་འདི་ལས་བྱུང་ཡོད་པ་གསལ་ཐིང་ཐིང་རེད། ད་ནི་ངོ་མ་ཆོས་ལུགས་པ་ཚོས་ནང་སྐྲུག་རྒྱུ་ཚོད་བཟུང་ན་ལེགས།

  40. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-21 at 4:38 am

    ད་མང་བོ་མ་བཤད། སྲུང་མ་འཁྲུགས་རྒྱུའི་ཉེན་ཁ་འདུག ཆོས་སྐྱོང་དཔལ་ལྡན་ལྷ་མོ་དང་བོན་སྐྱོང་སྲིད་པ་རྒྱལ་མོ་གཉིས་ངོ་བོ་གཅིག་ཡིན་པ་ཚད་མས་གྲུབ་འདུག དཔལ་ལྡན་ལྷ་མོའི་རྩ་སྔགས་བགྲང་དུས་ཞང་ཞུང་སྐད་དུ་བགྲང་བ་ལས་རྒྱ་གར་སྐད་དུ་རེད་མི་འདུག །

  41. དོལ་སྨྱོན། says:
    2012-07-21 at 4:59 am

    མང་དུ་བཤད་པས་ཅི་ཞིག་བྱ།།
    བོན་ཡིག་ཟེར་ནའང་བོད་པས་རེད།།
    བོད་ཡིག་ཟེར་ནའང་བོད་པས་རེད།།
    དེ་བས་དེ་ཉིད་འཛིན་སྐྱོང་བྱོས།།

  42. ཀརྨ་ཡེ་ཤེས says:
    2012-07-21 at 5:10 am

    བོན་པོ་ལ་ཞིབ་འཇུག་གནང་རོགས།
    སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེ།
    བོད་གངས་ཅན་པའི་ལྷ་སྡེ་མི་སྡེ་ཡོངས་ནས་ཐུགས་ཁུར་ནན་བཞེས་ཀྱིས་བོན་པོ་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་བའི་དུས་ཚོད་ལ་བསླེབ་ཡོད་པར་མཐོང་། ཁོ་ཚོས་རྒྱལ་རབས་ལོ་རྒྱུས་དང་། བོན་འབྱུང་སོགས་ལ་དོགས་པ་ཆེན་པོ་ཞིག་མཆིས་པས། རིག་གཞུང་གི་ཞབས་འདེགས་ཀྱི་ཆེད་དུ་དམིགས་ཏེ། ཆོས་པ་དང་། བོན་པོ། ཆོས་ཁས་མི་ལེན་པའི་བོད་མི་ཡོངས་ཀྱིས་ས་ཕྱོགས་གང་ཞིག་ཏུ་ཞིབ་འཇུག་གི་ཚོགས་པ་ཞིག་བཙུགས་ཏེ། ཁུངས་ལྡན་མི་ལྡན་ཐག་ཆོད་ནན་པོ་ཞིག་དགོས་པར་སེམས།

    གང་ཡིན་ཞེ་ན་ལོ་རྒྱུས་ཞེས་པ་དེ་འདས་པའི་ཆར་བྱུང་ཟིན་པ་ལ་ཕྱིར་བལྟས་བྱེད་ས་དང་། སྔོན་བྱོན་གྱི་ཡབ་མེས་ཚོས་བྱས་རྗེས་དང་། རིག་གཞུང་གི་འབྱུང་ཁུངས་འཚོལ་ས་ཡིན་པས་གང་འདོད་དང་། གང་དྲན་གྱིས་བསྒྱུར་བཅོས་གཏོང་མི་རུང་བར་མ་ཟད། བདེན་དཔང་བྱ་ནུས་པའི་ཁུངས་ལྡན་གྱི་ལོ་རྒྱུས་ཤིག་ལ་གཞི་བཅོལ་ཏེ། གཙང་ཞིབ་ཅིག་གནང་མ་ཐུབ་པ་ཡིན་ན། ད་ལྟའི་དུས་རབས་འདིར་ཁོ་ཚོ་ལ་གང་དྲན་བཤད་བཅུགས་ནས་གཡུག་བཞག་ན། དུས་རབས་གཅིག་གི་རྗེས་ནས་ལོ་རྒྱུས་ཆགས་ཚར་བ་རེད། དེ་དུས་བཟང་ངན་རྩོད་དགོས་ན་ཁག་པོ་རེད། ད་ལྟ་ཁོ་ཚོས་ལོ་རྒྱུས་ཀྱི་ཆ་ཡོངས་སུ་བཀང་ཐུབ་མེད་པ་དང་། རང་ལུགས་ཤིག་ཚུགས་འདོད་ཀྱིས་ཚ་ཚ་འུར་འུར་ངང་ནས་འབར་བཞིན་པ་ཡིན་དུས་རྩ་ནས། ཆོས་བོན་གཉིས་ཀས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་ཐུབ་སོང་ན། བདེན་རྫུན་དང་། ཡིན་མིན་གྱི་ཐག་ཆོད་ངེས་རེད། གལ་སྲིད་ཁོ་ཚོ་ལ་བདེན་པའི་དཔང་པོ་དང་། ལུང་རིགས་ཀྱི་ཁུངས་ཚད་ལྡན་ཁུར་ཡོང་རྒྱུ་ཡོད་ན་ཁྱེད་ཅག་རྒྱལ་སོང་བ་རེད། ཚང་མས་མགྲིན་གཅིག་ཏུ་གཟེངས་བསྟོད་བྱ་རྒྱུ་རེད།

    ཁྱེད་ཚོའི་བཤད་པ་ཚང་མ་རྫུན་འབའ་ཞིག་ལས། རྒྱུ་མཚན་རྣམ་དག་མེད་བཞིན་རང་དགར་གཡུག་བཞག་ན། བོད་མི་རིགས་ལ་གྱོང་གུད་ཆེན་པོ་ཞིག་འཐེབ་ངེས་པས། བདེ་རྫུན་གང་ཡིན་ལོ་རྒྱུས་ལ་གཏུག་དགོས་པ་དང་། རྒྱུ་མཚན་དང་འབྲེལ་བས་བརྟག་དཔྱད་གནངས་ཏེ། མཁས་པའི་མདུན་སར་ཐག་ཆོད་བྱ་དགོས་ངེས་སུ་མཐོང་། ང་རང་གིས་མཐོང་བ་ལྟར་ན་བོན་པོ་ཚོ་ཆོས་རྒྱལ་ཚོའི་གོང་དུ་མེད་ཅེས་མི་ཟེར་ཡང་། ད་ལྟའི་བོན་ནང་བཞིན་བཀའ་བསྟན་གཉིས་ཀ་ཡོད་མཁན་ཞིག་ཏུ་ཡོད་པར་མི་འདོད་ལ། བོན་གྱི་ལོ་རྒྱུས་ཕལ་ཆེ་བ་བདེན་པ་ཡིན་པར་ཁས་ལེན་མི་ནུས། ཡིན་ན་ཡང་བོད་ཀྱི་རིག་གཞུང་གི་ཐག་ངས་མི་ཆོད་པས། བོད་ཀྱི་ཤེས་ལྡན་ཚོས་ཕན་ཚུན་ཆགས་སྡང་དང་མ་འབྲེལ་བའི་སྒོ་ནས་ཞིབ་འཇུག་གཤིས་ཕྱིན་པ་གནང་ཐུབ་སོང་ན། རོགས་བདེ་བ། རང་བདེ་བ་གཉིས་ཀ་ཆགས་པར་སེམས།

    དེང་སང་བོན་པོ་འདི་ཚོས་ག་ཤེད་ཅིག་ནས་མགོ་སེར་ཞིག་གིས་ཞིབ་འཇུག་བྱས་སོང་ཟེར་བ་དང་། རྒྱ་ནག་གི་མཁས་པ་ཞིག་གིས་ཐག་བཅད་སོང་ཟེར་བ་ལ་ཡིད་ཆེས་གཏན་ནས་མེད། རང་མི་རིགས་ལས་གཞན་པའི་མཁས་པ་ཞིག་གིས་བོད་ཀྱི་རིག་གཞུང་ལ་ཤ་ཚ་ཡོད་མི་སྲིད་ལ། བོད་ཀྱི་རིག་གཞུང་གི་མཐིལ་ངོ་མ་ཞིག་གཏན་ནས་རྟོགས་མི་ནུས་དེ་ཕར་བལྟས་ཚུར་གཟིགས་རེད། དེ་ཕྱིར་བོད་ཀྱི་རིག་གཞུང་གི་གནད་གསང་དག་དོན་ངོ་མ་དེ་བོད་པ་ཚོས་ཐག་གཅོད་དགོས་པ་དང་། དེའི་གྲོགས་སུ་མི་རིགས་གཞན་པ་ཚོས་ཟུར་བརྒྱན་ན་ཡང་མི་འགྲིགས་པ་ག་ལ་ཡོད། དེ་ཕྱིར་འཕྲུལ་ཆ་ལ་བརྟེན་ནས་བརྟགས་དོན་འདི་བྱུང་སོང་ཟེར་བ་དང་། བོད་མི་ལས་གཞན་པ་ཞིག་གིས་འདི་ལྟར་བཤད་སོང་ཟེར་བ་ཙམ་མ་ཡིན་པར། བོད་རང་གི་མི་རིགས་རིག་གཞུང་ལ་ཤ་ཚ་དང་། རིན་ཐང་ལྟ་ནུས་པ་ཆོས་པ་དང་། བོན་པོ། ཆོས་མེད། བོན་མེད་ཀྱི་མཁས་པ་ཚོས་ཕན་ཚུན་བརྩེ་བས་རིག་གཞུང་ལ་གད་བརྡར་ཐེངས་ཤིག་གནང་ན་མི་ལེགས་སམ

    འགའ་ཞིག་གིས་བོད་མི་རིགས་ཀྱི་ལས་དབང་ལ་བསམ་བློ་མི་བཏང་བར་ནང་ཁུལ་རྙོགས་དྲ་བཟོ་བ་ནི་བོད་ལ་ཤ་ཞེན་དང་། ཞེན་ཆགས་མེད་པའི་འཛིན་སྟངས་ཤིག་རེད་ཅེས་བཤད་བཞིན་པ་མཐོང་མོད། བོད་ལ་ཤ་ཚ་ན་རིག་གཞུང་བདག་པོ་རྒྱག་དགོས་པ་དང་། རིག་གཞུང་དེ་ལ་གཏད་སོ་ཡོད་པ་དང་། མི་ལ་ངོམ་རིན་ཡོད་པ། རང་གིས་ཉར་རིན་ཡོད་པ་ཞིག་དགོས་པ་དང་ལས། ཕྱོགས་གཅིག་ནས་གསར་ངས་ཆེ་བ་ཚོས་མ་རིགས་གཞན་ལ་འགྲམ་ཆུ་ལྡང་བ་དང་། གཉིས་ནས་བོན་པོ་ཚོས་སྐད་ཆ་འདྲ་མིན་བཤད་པ་འདི་དག་གིས་བོད་ཀྱི་རིག་གཞུང་གི་རྩ་བ་བརླགས་ཤིང་། རང་ལུགས་འདི་ཞེས་གཏད་སོ་མེད་པ་ཞིག་ཏུ་འགྱུར་ངེས་རེད། དེ་ཕྱིར་བོད་མི་རིགས་ལ་ཤ་ཚ་དང་། སྙིང་རྗེ་ཡོད་མཁན་ཡིན་ཕྱིན་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་བའི་སྐད་ཡིག་དག་སྐྱོན་མེད་ཅིག་འཛིན་དགོས་པ་ལས། མི་ཞིག་ལ་ཡོད་ཚད་རང་ལུགས་བཞག་འདོད་པ་དང་། སྔོན་ལ་མེད་པའི་རིག་གཞུང་དང་། ལྟ་གྲུབ་གསར་གཏོད་ཀྱིས་ཁྱད་ཆོས་ཤིག་དུས་ན་ཡང་མི་ཐོན་པ་ནི། ངས་བཤད་མི་དགོས་པར་འདས་པའི་ཆ་ལ་ཕྱིར་མིག་ཅིག་ལྟོས་དང་ཤེས་ངེས་རེད།

  43. དོལ་སྨྱོན། says:
    2012-07-21 at 5:34 am

    ངས་བལྟས་ན་ད་ལྟའི་བོན་དང་དུས་རབས་སྔོན་མའི་བོན་གཉིས་གཅིག་པ་ལྟ་བུ་མི་འདུག
    དེ་གཉིས་བར་གྱི་ལྟ་གྲུབ་ལ་ཁྱད་པར་མང་པོ་ཡོད་པར་སེམས།

  44. གངས་སེང་ says:
    2012-07-21 at 5:37 am

    ཀརྨ་ཡེ་ཤེས་ལགས། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་ཟེར་ན་འདྲ། ཀརྨ་ཡེ་ཤེས་ཟེར་ན་འདྲ་དེ་གཉིས་མི་གཅིག་མ་རེད་བས།?

  45. གངས་སེང་ says:
    2012-07-21 at 5:47 am

    བོད་ལ་ཞེན་ལགས། རྒྱལ་རབས་གསལ་མེ་ལོ་ལྔ་བརྒྱའི་གོང་གི་རྩོམ་མ་རེད་བས།? བཀའ་ཆེམས་ཀ་ཁོལ་མ་དུས་རབས་བདུན་བརྒྱད་ནང་གི་རྩོམ་མ་རེད་བས།? བཀའ་སྩལ་དུ་གསོལ།

  46. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-21 at 6:00 am

    ཀརྨ་ཡེ་ཤེས་གསུངས་པ་བདེན་པར་འདུག ཞིབ་འཇུག་ལེགས་པོ་ཞིག་བྱ་རྒྱུ་ཧ་ཅང་གི་གལ་ཆེ་བར་མཐོང་།
    རང་རེའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པར་བཤད་ཀྱང་བཅུ་གཉིས་ལས་ལྷག་མ་བཞི་ཀླུ་ཡུལ་ནས་ལུས་པ་རེད་ཅེས་ཟེར། བོན་པོའི་ཡུམ་ལ་བཅུ་དྲུག་ཡོད་འདུག་པས། བོན་པོ་ཚོར་རྒྱལ་ཁ་ཐོབ་རྒྱུའི་ཉེན་ཁ་འདུག ང་ཚོས་བོན་པོའི་ཆོས་ཚང་མ་ཆོས་ལས་བརྒྱུར་བར་བཤད་ཀྱང་བོན་པོ་ཚོས་བོན་པོའི་ཁམས་བཅུ་དྲུག་མགོན་པོ་ཀླུ་སྒྲུབ་ཀྱིས་ཡུམ་ལ་བསྒྱུར་ནས་འཕྲོ་བཞི་ལྷག་པ་རེད་ཟེར།
    བློ་གཟུ་བོར་གནས་ནས་དཔྱད་ན་ཀླུ་ཡུལ་ན་ཐེག་པ་ཆེན་པོ་བསྟན་པ་ཡོད་མེད་ཐེ་ཚོམ་རེད། བོན་པོའི་ཡུམ་ཆོས་ལས་བསྒྱུར་བ་མིན་པ་ཚད་མས་གྲུབ་འདུག །

  47. མེ་ཏོག་དཀར་པོ། says:
    2012-07-21 at 6:02 am

    སྤྱིར་དེང་སང་ཆོས་ཁས་ལེན་དང་མི་ལེན་གྱི་ཕྱོགས་ཁག་གཉིས། ཆོས་ཁས་ལེན་མཁན་གྱི་ནང་ན་ཡང་ཆོས་ཤེས་མི་ཤེས་ཀྱི་ཕྱོགས་ཁག་གཉིས། ཆོས་ཤེས་མཁན་གྱི་ནང་ན་ཡང་ས་དགེ་བཀའ་རྙིང་སོགས་ཀྱི་ཕྱོགས་ཁག་དུ་མ། དཔེར་ན་རྙིང་མ་གཅིག་གི་ནང་དུ་ཡང་རབ་བྱུང་དང་སྔགས་པའི་ཕྱོགས་ཁག་གཉིས། ཡང་ན་བླ་སྤྲུལ་ལ་མི་དགའ་བའི་ཕྱོགས་ཁག ཡོན་ཏན་ཅན་རྣམས་རང་གི་མགོ་ལ་ཤོར་སྐབས་སྙིང་ན་ནས་མིང་རྫུན་བཀོལ་དེ་རྨོད་ཅི་ཐུབ་བྱེད་པའི་ཤོག་ཁག བོན་པོ་དང་ནང་པའི་ཤོག་ཁག་སོགས་ཡོད་པས་མཚན་སྙན་གྲགས་ཅན་རྣམས་ལ་དགྲ་བྱེད་མཁན་མང་ནི་རེད།
    ག་གེ་མོའི་མཆན་བུ་ལས་རྐུས་སོ།།

  48. གངས་སེང་ says:
    2012-07-21 at 6:53 am

    དྲ་འབུ་ཚོ་ལགས། ང་ཚོས་ངེས་པར་དུ་ཤེས་དགོས་རྒྱུ་ཞིག་ལ། ང་ཚོས་འདིར་དམག་འཁྲུག་རྒྱག་གི་ཡོད་མ་རེད་དཱ། ང་ཚོའི་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་སྔར་གྱི་མཁས་པ་རྣམས་ཀྱི་བཞེད་གཞུང་གཞིར་བཞག་ཐོག་ནས་ལུང་དང་རིགས་པའི་བགྲོ་གླེང་གནང་གི་ཡོད་རེད་དཱ། དེ་ཤེས་པར་གྱིས་ཨཱ།

  49. རྣ་བ་བརྒྱདཔ་ says:
    2012-07-21 at 7:25 am

    རྒྱ་ཀར་ཡུལ་དུ་ཕྱི་ནང་གྲུབ་མཐའ་གཉིས། གངས་ཅན་བོད་ན་བན་བོན་གྲུབ་མཐའ་གཉིས། རྒྱལ་ཁབ་གཅིག་ལ་གྲུབ་མཐའ་མི་འདྲ་མང། དོན་མེད་ཚོགས་ངན་མ་བསགས་གཞུང་ཆེན་ཀློག། འགྲོ་བ་རིགས་དྲུག་ཕྱི་དང་ལྷག་པར་དུ། དམན་དང་སྡུག་སྔལ་ཅན་ལ་ལྷག་བརྩེ་བ། རང་བདེ་མ་ལས་སེམས་ཅན་གཞན་ལ་བཏང། གཞན་དོན་དང་དུ་ལེན་པ་ནང་བའི་མཆོག། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་དང། སྟོན་པབསྟན་པ་ལྟ་བ་ལ་སོགས་པ། ནང་བའི་ཁྱད་ཆོས་ཤིན་དུ་མང་མོད་གྱི། གྲུབ་མཐའ་བཞི་བོ་ལྟ་བའི་ཕྱེ་ན་ཡང། སྔ་མ་ཕྱི་མའི་སྟེགས་ཕྱིར་རྐྱོན་མེད་ལ། གནས་ལུགས་སྤང་བའི་ཤེས་བྱ་མི་སྲིད་ལ། ཆོས་གཅིག་ཡིན་ལུགས་མི་འདྲ་མི་འབྱུང་ཕྱིར། མཐར་ཐུག་དབུ་མའི་ལྟ་ཚོལ་ཤིག་འང།

  50. བདག་མེད་ནས། says:
    2012-07-21 at 8:06 am

    ཨོ་རྒྱན་ཉི་མ་ཁྱོད་ལ་མཚོན་ན་སྙིང་མའི་ཆོས་འབྱུང་ཐོབ་བསྟན་འོད་གསལ་ལས་ཨ་ཏི་ཤ་ཡིས་བོད་ལ་རྒྱ་གར་ལ་མེད་པའི་ཆེས་ཟབ་མོའི་དཔེ་མང་པོ་འདུག་གསུངས་པ་དེ་མེད་པས་རྫུན་མ་གྱུར། ཡང་པུ་ཏྲི་སྒྲུབ་ཐབས་དེ་སྔོན་མཁན་སློབ་ཆོས་གསུམ་དུས་སུ་བསམ་ཡས་ཀྱི་ཀ་བའི་འོག་དུ་སྦས་དེ་ཕྱིན་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གཏེར་དུ་བཏང་ནས་རིན་ཆིན་བཟང་པོ་ལ་ཕུལ་ནས་གཞན་ལ་མི་སྤེལ་བར་གདམས་ལོ་ཆེན་གྱིས་བོན་པོ་དང་འགྲས་ཡོད་པར་བཤད་པ་དེ་མེད་པས་རྫུན་མ་གྱུར། ཡང་ཆོས་འབྱུང་ཀུན་གསལ་མེ་ལོང་ནང་བན་གྱི་འདུལ་བའི་མུ་གཟི་ལ་ཐུག་པ་གསུངས་ཡོད་དེ་མེད་པས་རྫུན་མ་གྱུར། ཡང་གཙུག་ཕྲིང་ལས་ཧེས་པོ་རི་ལ་ལྷ་ཁང་དུ་ལྷ་རྣམས་བོད་ལུགས་སུ་བྱས་ཞེས་བཤད་དེ་མེས་པས་རྫུན་པ་གྱུར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་དཔེ་འབྱུང་བོད་ལ་
    ཡོང་དུས་དགེ་བཤེས་མང་པོའི་ཕྲག་དོག་དོག་བྱས་པ་བསྟན་ཡོད་དེ་སྔོན་བོད་ལ་དགེ་བཤེས་མེད་པས་རྫུན་མ་གྱུར། ཡང་བཀའ་འཆིམས་ཀ་ཁོལ་མ་ལས་སྟོན་པ་གཤེན་རབ་ཚེ་ལོ་ཁྲི་པའི་དུས་སུ་སངས་རྒྱས་འོད་གསུང་གི་བསྟན་ནུབ་ཤག་ཀྱ་ཐོབ་པའི་བསྟན་པ་མ་དར་གོང་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབ་བྱང་ནས་འཁོར་དུ་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་བསྐོར་ནས་འཛམ་གླིང་གི་སེམས་ཅན་རྣམས་ལ་ཕན་པ་བྱས་གསུངས་པ་དེ་མེད་པས་རྫུན་མ་གྱུར། དེབ་ཐེར་ཀུན་གསལ་མེ་ལོང་ལས་བོད་ཅེས་པའི་ཐ་སྙད་འདི་བོན་ཞེས་པའི་འདི་འགྱུར་བ་ཡིན་དང་དེ་ཡང་རྗེས་འཇུག་ན་མེད་པ་བཟོས་ནས་བོད་ཆགས་པ་ཡིན་པ་གསལ་བ་དེ་མེས་པས་རྫུན་མ་གྱུར། དེབ་ཐེར་ཀུན་གསལ་མེ་ལོང་ལས་སངས་རྒྱས་ཆེས་ལུགས་པས་བོན་ལ་འཁྱོག་བཤད་བྱས་པ་དང་ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་དབྱེ་བ་འབྱེད་པར་དཀའ་བ་སོགས་བསྟན་ཡོད་དེ་མེས་པས་རྫུན་མ་གྱུར། ཐུ་བཀན་གྲུབ་མཐའ་ལས་བོན་ལ་མདོ་སྔོགས་སེམས་གསུམ་བོན་ལ་རྒྱས་པ་ཡོད་པར་བསྟན་དེ་མེས་པས་རྫུན་མ་གྱུར། ཁར་སོང་ཟླ་བ་གཅིག་སྔོན་སྐྱབས་མགོན་མཆོག་གིས་སྲོང་བཙན་སྔོན་ཞང་ཞུང་དམར་ཡིག་ཡོད་པ་གསུངས་དེ་མེད་པས་རྫུན་མ་གྱུར་མཁན་དབང་ནམ་མཁའི་ནོར་བུའི་སྲོང་བཙན་སྔོན་ལ་བོན་གྱི་མདོ་སྔགས་སེམས་ཡོད་པ་དང་བོད་ལ་ཡི་གེ་མེད་ན་དེ་གནས་ཐབས་མེད་པ་གསུངས་ཡོད་དེ་ཡང་མེད་པས་རྫུན་གྱུར་ང་ལ་དུང་བགྲོང་རྒྱུ་མང་པོ་འདུག་དེ་དེ་ཙམ་ཆོགས་པ་ཇེས་ད་དུང་དགོས་ན་ངེས་བཀོད་ཆོགས།

  51. ཐབས་ཇུས་ཅན says:
    2012-07-21 at 8:27 am

    ངའི་བསམ་ཚུལ་བྱས་ན། དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡི་གེ་ཆ་མ་ཚང་བ་ཞིག་དང་། ཡང་ན་ལག་པའི་རྣམ་འགྱུར་ལྟ་བུའི་ཕན་ཚུན་ལ་གོ་བརྡ་སྤྲོད་ཐུབ་ཙམ་ཞིག་ཡོད་ངེས་ཀྱང་། དེ་ཡང་ བོད་ཡིག་ ཡིན་པ་ལས་ བོན་ཡིག་ ཟེར་དགོས་པའི་རྒྱུ་མཚན་རྩ་བ་ནས་མཐོང་མ་སོང་། དེ་ནང་བཞིན་བོན་པོ་ཚོས་སྟོན་པ་ཤཀྱ་ཐུབ་པའི་གསུངས་ལས་གཞན་པའི་བཀའ་འགྱུར་སོགས་གཞུང་ཆ་ཚང་བ་རེ་ཡོད་པར་སྒྲུབ་པ་ནི་ངལ་བ་འབྲས་མེད་དང་། མཁས་པ་ཁོང་དགོད་ཤོར་ཡ་ལས་མ་འདས།

  52. BONPO says:
    2012-07-21 at 8:51 am

    མཁས་དབང་ཀླུ་སྨྱོན་ལགས། སྟོན་མཆོག་གཤེན་རབ་མི་བོ་མཆོག་ལ་བོན་རང་ལུགས་ཀྱི་མཛད་པ་བཅུ་གཉིས་ཀྱི་ལོ་རྒྱུས་ཆ་ཚང་བ་ཞིག་ཡོད་པ་རེད། དེ་འདྲ་ཡིན་དུས་ཁབ་བཞེས་པའི་མཛད་པ་ཡོད་ལོས་ཆོག། དགེ་སློང་ངམ་དག་པ་དྲང་སྲོང་གི་ཁྲིམས་བཞུས་པའི་མཛད་པ་ཡོད་ལོས་ཆོག། རྩ་བའི་ཆ་ནས་འདུལ་བའི་གཞུང་ལུགས་ལྟར་བྱས་ན་ཁྱིམ་སྤངས་རབ་ཏུ་བྱུང་བ་ནི་དང་པོ་རང་ལ་ཁྱིམ་ཚང་ཡོད་པ་གཞིར་བཞག་སྟེ་དེ་སྤངས་ནས་རབ་དུ་བྱུང་བ་ཡིན་པར་བསྟན་པ་རེད། གཞན་རབ་དུ་བྱུང་ཟེར་བའི་འབྱུང་ཁུངས་དེ་འཇོག་རྒྱུ་མི་འདུག་བ། ད་དུང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཟེར་དུས་དང་པོ་རང་ཉིད་ལ་རང་གིས་བཅས་པའི་ཁྱིམ་ཞིག་ཡོད་དགོས་ལ་ཁྱིམ་དེ་མེད་པར་རབ་ཏུ་བྱུང་བ་ཟེར་བ་མ་ཡིན་ནམ། སོ་སོའི་ཕ་མའི་ཁྱིམ་ཚང་ནི་ཁྱོད་ཀྱིས་བཅས་པའི་ཁྱིམ་མ་ཡིན་པས་དེ་ལས་རབ་དུ་བྱུང་ཟེར་ན་འགྲིག་གི་ཨ་ཡོད་ན། །སྟོན་མཆོག་གཤེན་རབ་མི་བོ་ཡང་དམུ་རིགས་ཀྱི་རྒྱལ་སྲས་ཤིག་ཡིན་ལ། སྟོན་པ་བཅོམ་ལྡན་འདས་ཀྱང་ཤཀྱའི་རྒྱལ་སྲས་ཤིག་ཡིན་པ་རེད། ཁོང་གཉིས་ཆ་ལ་མང་ཉུང་ལ་མ་ལྟོས་པའི་སོ་སོའི་བུ་ཕྲུག་དང་ཁབ་ཀྱི་དཔལ་འབར་སུམ་བརྒྱ་དྲུག་བཅུ་བཅས་བཞེས་པའི་ལོ་རྒྱུས་ཡོད། ད་དེང་སང་བན་དེ་ཚོས་བན་ཆོས་སྤེལ་ཆེད་ཧམ་པ་ཆེན་པོས་ཕྲུག་གུ་ལོ་ཆུང་རྣོ་མི་ཤེས་པ་ཚང་མ་གྲྭ་བ་རང་དབང་མེད་པ་བཟོས་འགྲོ་བ་འདི་འདུལ་གཞུང་དང་མཐུན་པའི་བྱ་བ་ཞིག་ཡིན་ནམ། སྟོན་པ་དག་གིས་དགོངས་གཞི་དང་མཐུན་པའི་བྱ་བ་ཞིག་ཡིན་ནམ། ཡང་ན་བོད་པས་ཡག་ཡག་བྱས་ཟེར་བ་དེ་རེད་དམ། རྒྱ་མི་ཚང་གིས་ལོ་ངོ་བཅོ་བརྒྱད་མ་ལོན་པར་གྲྭ་བ་བཟོ་མི་ཆོག་པར་བཟོས་པ་འདི་ལ་དགོངས་ཚུལ་འདྲ་ཡོད་དམ།

  53. གནམ says:
    2012-07-21 at 9:10 am

    སྐལ་བ་ས་ཆགས་པ་ནས་གདོན་མི་འམ་བོད་མི་ཡང་ན་་བོན་མིའི་ཚེ་སྲོག་བྱུང་བ་ཚུན་ཆད་ནས་སྐད་བརྡ་རིགས་པ་ཞིག་ཡོད་ཡོད་པ་རེད། དེ་ནི་བོད་སྐད་དམ་བོན་སྐད་ཡང་ན་དེ་མ་ཡིན་པ་ཞིག་ལ་ངེས་འཛིན་པ་སོགས་ཡོད་ཆོག་པ་ཞིག་རེད། ཡུལ་སྡེ་རེ་ལ་ཡུལ་སྐད་རེ་ལག་བརྡ་མི་དགོས་པར་བཤད་ཆོག་ཆོག་ཞིག་ཡོད་ཡ་ཡིན་ཡིན་པ་རེད། འབྲི་ཡ་འདི་འཕེལ་རིམ་གྱི་ཁྲོད་ལས་བྱུང་བ་ཞིག་ལོས་ཡིན། དཔེར་ན་ད་ལྟའི་བོད་སྐད་དང་བོད་ཡིག་ཀྱང་ཆ་ཚང་བ་ཞིག་འབྲི་མི་ཐུབ་པ་དང་བཤད་ཡང་མི་ཐུབ་པས་སོ། གང་ལྟར་བོན་ཡིག་སྦྱོང་པར་འདོད་ན་བོན་ཡིག་སྦྱོངས་། བོད་ཡིག་སྦྱོང་བར་འདོད་ན་བོད་ཡིག་སྦྱོངས་། བོད་སྐད་བཤད་ན་འདོད་ན་བོད་སྐད་ཤོད། བོན་སྐད་བཤད་ན་འདོད་ན་བོན་སྐད་ཤོད། གང་ལ་མཁས་ན་མཁས་པ་ཡིན། གང་སྔ་བརྩད་ན་གླེན་པ་ཡིན།

  54. བྱ་གླག་རྒོད་པོ་ says:
    2012-07-21 at 9:12 am

    ༧རྒྱལ་དབང་ཡིད་བཞིན་ནོར་བུའི་མན་ངག་སྙིང་ལ་སིམ་པས། ང་ནི་ཆོས་ལུགས་གང་ལ་ཡང་དགའ་ཞེན་བྱེད་
    མཁན་ཞིག་ཡིན་མོད། འོན་ཀྱང་ལོ་རྒྱུས་ཞིབ་འཇུག་གི་ལམ་ནས་བཤད་ན། བན་བོན་སུའི་ལུགས་ཡིན་ཡང་
    གནམ་ཆོས་ས་ཆོས་སོགས་ནི་ཞིབ་འཇུག་ནན་མོ་ཞིག་མ་བྱས་པར་རང་དགར་གསུང་བ་བོ་དེ་དང་དེའམ།
    དུས་སྐབས་དེ་དང་དེ་ལྟ་བུ་ཞིག་ལ་བྱུང་བར་བཤད་པར་ཡིད་ཆེས་བྱེད་མི་ནུས་སོ། །དེ་ལྟར་ན་ཡང་བསླབ་བྱའི་
    སྙིང་བོའི་ཆ་ནས་ཡག་པོར་འཛིན་བཞིན་ཡོད།

  55. BONPO says:
    2012-07-21 at 10:11 am

    གཡུ་འབྲུག་དཀར་པོ་ལགས། སྐུ་གཟུགས་བཟང་པོ།
    ཁྱེད་ཀྱིས་གསུངས་པ། ༼ད་ལྟའི་ཆར་ལ་གཞིགས་ན་འབྲུག་ལ་བོན་བསྟན་དང་དགེ་ལུགས་ཀྱི་བསྟན་པ་མེད་ཟེར་ན་ཡང་འགྲིགས་པ་ལྟ་བུ་ཞིག་ཡོད། དེ་ཡིན་དུས་འབྲུག་ཡུལ་དུ་བན་བོན་སུ་ཞིག་གིས་ཀྱང་སྔར་མེད་ཆོས་ལུགས་གསར་པ་སྤེལ་ཐབས་མ་བྱེད་རོགས་གནང་ཞུ་གི་ཡིན།༽ བོན་བསྟན་ནི་འབྲུག་ཡུལ་དུ་སྔར་མེད་ཀྱི་ཆོས་ལུགས་གསར་པ་དེ་འདྲ་རྩ་བ་ནས་མ་རེད། བོན་བསྟན་ནི་འབྲུག་ཡུལ་རང་གི་སྔར་ཡོད་ཀྱི་ཆོས་ལུགས་རྙིང་ཤོས་དེ་རེད། དེ་ཡིན་པ་འབྲུག་པའི་རྗེ་མཁན་པོ་ཞིག་གིས་མཛད་པའི་ལོ་རྒྱུས་ནང་དུའང་འཁོད་ཡོད་ལ་མ་ཚད་བོན་རང་ལུགས་ཀྱི་ལོ་རྒྱུས་ནང་དུའང་གསལ་པོ་བྱས་ནས་བཀོད་འདུག་གོ། ངས་གོ་ཚོད་བྱས་ན་འབྲུག་ཡུལ་དུ་ཧིན་རྡུའི་དགོན་པ་གསར་པ་བཟོས་ཡོད་པ་གོ་སོང་དེ་བྱས་ན་ཧིན་བསྟན་ཡོད་ཆོག་ས་ལ་བོན་བསྟན་ཡོད་མི་ཆོག་པ་ཅི་ཡིན་ནམ། ད་རྗེས་མ་འབྲུག་ཡུལ་དུ་ཡེ་ཤུ་དང་ཁ་ཆེ་སོགས་སླེབས་ཀྱི་རེད་དེ་དུས་ཁྱོད་བྲོས་མ་འགྲོ་ཨ། ཡེ་ཤུ་ཕལ་ཆེར་སླེབས་རན་ཡོད་འགྲོ་གཟབ་གཟབ་བྱས་ནས་ལྟོས་མ་གཏོགས། ཁྱེད་ཚོའི་ཁྱིམ་མཚེས་ཕལ་ཆེར་ཡེ་ཤུ་བས་བཟུང་ཚར་འདུག་བ། ད་དུང་འབྲུག་པ་དེ་ཚོ་ཨ་གསར་ཆེ་སོང་ནས་དབྱིན་སྐད་རྒྱག་རྒྱུ་ལ་དགའ་པོ་ཡོད་པ་ཐོས་སོང་། དེར་མ་ཚད་འབྲུག་པ་དེ་ཚོ་རྒྱ་གར་རོང་པ་འདྲ་པོ་བྱེད་རྒྱུ་ལ་དཔེ་དགའ་པོ་ཡོད་ས་རེད། ད་དེང་སང་ཡང་རྒྱ་མི་འདྲ་པོ་ཡང་བྱེད་ཡོང་གི་འདུག་བ། ད་གང་ལྟར་ངོས་རང་འབྲུག་པ་འདི་ཚོ་ལ་ངོ་མ་དགའ་ལེ་ཡིན། འབྲུག་ཡུལ་དུ་བོན་བསྟན་དར་ཞིང་རྒྱས་ན་གཞི་ནས་མོན་ཡུལ་མིང་དོན་མཚུངས་པ་ཞིག་བྱུང་བ་རེད། གཞན་མོན་རྒྱུ་ཅི་ཡོད། ལོ་རྒྱུ་ཟད་པའི་མོན་པ་ནི་ཤི་བའི་རོ་དང་མི་འདྲ་འམ། །

  56. མིག་བརྒྱད་པ། says:
    2012-07-21 at 10:24 am

    གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་རིག་གནས་འཕེལ་རིམ་ཞེས་པ་ལས།
    ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔོན་དུ་བོད་ལ་ཡེ་གེ་མེད་ཅེས་བརྗོད་སྲོལ་ཡོད་པ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཞང་ཞུང་སོགས་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས་ཏེ་བོད་བཙན་པོའི་མངའ་ཁོངས་གཅིག་གྱུར་མ་བྱས་བའི་སྔོན་གྱི་དབུས་གཙང་གཉིས་གཙོར་བྱས་པའི་ས་ཡི་ཆར་བོད་ཅེས་བརྗོད་པའི་མངའ་ཁོངས་དེར་ཡི་གེ་མེད་ཅེས་བརྗོད་པ་རེད་སྙམ། གང་ལེགས་ཤེ་ན། བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་གྱི་རིང་ལ། ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱི་བསྐྱངས་པར་གྲགས་པས་བོན་ཞེས་པ་ནི་བོད་རང་ས་ནས་དར་བའི་ཆོས་ལུགས་ཤིག་ཡིན་ལ། དེ་ཡང་གཙོ་བོར་སྟོན་པ་གཤེན་རབ་མི་བོ་ཆེ་ཞང་ཞུང་འོལ་མོ་ལུང་དུ་སྐུ་འཁྲུངས་ ནས་བོན་གྱི་བསྟན་པ་ཆ་ཚང་བར་སྤེལ་ཏེ་རིམ་བཞིན་བོད་ཀྱི་ཡུལ་གྲུ་ཕལ་ཆེ་བར་བོན་གྱི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་བ་རེད།

  57. མིག་བརྒྱད་པ། says:
    2012-07-21 at 10:38 am

    གོང་སྨོས་ལུང་འདྲེན་བྱས་པའི་རྩོམ་ཡིག་དེ་རྣམ་དཔྱོད་ཡོད་པའི་བཟོ་ལྟ་འདུག །དུས་རབས་བདུན་པའི་སྔོན་བོད་ལ་ཡི་གེ་མེད་ཅེས་གཡག་ག་ཚོ་དྲུག་ལ་བཤད་པ་རྒྱུ་མཚན་འདུག །ཐང་ཡིག་གི་ལུང་། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ།།རྒྱ་གར་ཡི་གེ་བོད་ལ་བསྒྱུར་མ་ཐུབ།།ཅེས་པ་སྣང་ཆུང་མ་བྱས་པར་བལྟས་ན་ཞང་ཡིག་ཐོག་བསྒྱུར་མ་ཐུབ་པ་ལོས་ཡིན། དེ་མིན་འགྲོ་ས་གཞན་མེད། དེས་ན་བོད་ཀྱི་ལོ་རྒྱུས་ཀུན་དང་མཐུན་པ་ཞིག་བཤད་དགོས་བྱུང་ན་དུས་རབས་བདུན་པའི་སྔོན་བོད་ལ་ཡི་གེ་མེད་ཟེར་ས་མི་འགྲོ །ཞང་ཡིག་དེ་བོད་ཀྱི་ཡི་གེ་ཡིན་ནམ་མིན། གལ་ཏེ་མིན་ན་བོད་ལས་གཞན་པའི་སྐད་ཡིག་གཞན་པའི་ཐོག་བསྒྱུར་དོན་མེད་པའི་ཕྱིར།

  58. གངས་སེང་ says:
    2012-07-21 at 10:01 pm

    བོན་པོ་ལ་ལོ་རྒྱུས་ཕྱུག་པོ་ཡོད། བརྡ་རྙིང་གིས་གཏམ་པའི་དཔེ་ཆ་མང་དག་ཡོད། དེའི་ནང་གཏེར་མ་ཡང་ཡོད་ལ་གཏེར་མ་མིན་པའི་དུས་རབས་མང་པོའི་རིང་མིས་མི་ལ་བརྒྱུད་བསྡད་པ་ཡང་ཡོད། ཞང་བོད་ཤན་སྦྱར་གྱི་དཔེ་ཆ་ཡང་ཡོད། ཁྱེད་རྣམ་པས་ཞིབ་འཇུག་བྱེད་ན་བྱེད་རིན་ཆོག་པ་ཡོད། དེང་སང་ས་འོག་ནས་བོན་དཔེ་རྙིང་པ་མང་པོ་ཐོན་ཡོད། ལོ་ཤས་སྔོན་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་གནའ་དཔེ་མང་དག་ཡོད། དེའི་ནང་གཏོ་ཐབས་དང་སྨན་དཔྱད་རིགས་དཔར་སྐྲུན་གནང་ཡོད། ཡིད་ཕངས་པ་ཞིག་ལ། ས་ཆ་དེར་རྙེད་པའི་ནང་དོན་རིག་པའི་སྐོར་ཤེར་ཕྱིན་ལ་སོགས་པའི་ཤོག་འཐོར་མང་དག་ཡོད་ནའང་ད་བར་དཔར་སྐྲུན་གནང་མེད། དེ་དཔར་སྐྲུན་གནང་འདོད་མེད་པའི་རྒྱུ་མཚན་ཆེན་པོ་ཡོད། ནམ་རྒྱུན་བན་དྷེ་ཚོས་བོན་པོ་ལ་བཀའ་བཀྱོན་ཚད་མེད་གནང་གི་ཡོད། བོན་པོ་ལ་ལོ་རྒྱུས་ཕུག་བརྟན་ཡོད་ན་དུས་རབས་བདུན་བརྒྱད་ནང་ནས་བྲིས་བཞག་པའི་དཔེ་ཆ་ཁུར་ཤོག་ཟེར་གྱིན་ཡོད། དོན་དངོས་ཐོག་དུས་རབས་བདུན་བརྒྱད་ནང་བྲིས་པའི་དཔེ་ཆ་མེད་པ་བན་བོན་གཉིས་ཀ་གཅིག་མཚུངས་ཡིན་པ་མ་ཟད། ཐ་ན་དུས་རབས་བཅུ་གཉིས་བཅུ་གསུམ་ནང་བྲིས་པའི་དཔེ་བན་བོན་གཉིས་ཀ་ལ་ཕལ་ཆེར་སྟོན་རྒྱུ་མེད། དེར་བརྟེར་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཤ་ཚ་མཁན་ཡོད་ན། བོད་ཀྱི་ལོ་རྒྱུས་ལ་དྲང་པོའི་ལམ་ནས་བརྒྱུད་དེ་ཞིབ་འཇུག་གནང་དགོས་པ་གལ་ཆེན་ཡིན།

  59. མེ་ཏོག་དཀར་པོ། says:
    2012-07-21 at 10:16 pm

    གངས་སེང་འདིས་མཆན་བུ་གཅིག་པ་ཞིག་ག་ས་ག་ན་བཏགས་འདུག ཅི་ཡིན་ན།

  60. ཞལ་ལུ་དཀར་པོ says:
    2012-07-21 at 10:33 pm

    ཁྲི་གཡུང་དྲུང་གི་ཟིན་བྲིས་ལས་བཤུས།

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྩོམ་པ་པོ་སྙིང་མིག

    (ངའི་སྙིང་དབུས་ཀྱི་བོད་ཡིག་ཡིད་འཕྲོག་མ)

    ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས།།
    འོལ་མོ་ལུང་ན་འཁྲུངས་པའི་མི་བོ་ཆེས།།
    ཞང་ཞུང་སྐད་དང་བསྟུན་པའི་བརྡ་སྤྲོད་གཞུང་།།
    ཕྱི་རབས་གངས་རིའི་ཞིང་ན་མཛད་རྗེས་ཆེ།།

    ཆོས་ཀྱི་རྩ་བ་འཕགས་པའི་ཡུལ་ལ་གཏུགས།།
    ཡི་གེའི་མ་ཕྱི་ལྷ་ཡི་སྐད་དང་བསྟུན།།
    ཡོད་ཚད་མཐོན་པོའི་དབྱིངས་སུ་གཟེངས་འདོད་འདི།།
    བོད་མི་རེ་བ་ཅན་གྱི་གཤིས་སུ་གྲུབ།།

    ཨ་ནུ་ཐོན་མིའི་དབྱངས་གསལ་སོ་བཞི་དང་།།
    ཞང་ཞུང་ཡུལ་ནས་བྲིས་པའི་སྨར་ཡིག་གཉིས།།
    གཅིག་གི་གཟུགས་བརྙན་གཅིག་དང་ནོར་དྭོགས་ནས།།
    ནང་པའི་དགེ་བཤེས་ཕལ་ཆེར་སྙིང་ཁ་སྡིག།།

    ལཉྫའི་གཟུགས་ལ་དབུ་ཆེན་མི་མཐུན་ཞིང་།།
    ཝརྟུའི་དབྱིབས་ལ་གཟབ་ཤར་མི་མཚུངས་ན།།
    དབྱིབས་རིས་འདི་ལ་མགོ་ཁུངས་གནང་མྱོང་ཞེས།།
    རྒྱུས་མེད་མི་ཡི་རྒྱུས་གཏམ་དགོད་རེ་བྲོ།།

    རང་མགོ་རང་གི་རིག་གཞུང་ལ་གཏུག་ན།།
    རང་ཉིད་དམན་པའི་དོང་ལ་ལྷུང་དོགས་ནས།།
    མགོ་བོས་གཞན་གྱི་རྐང་རྗེས་བཙལ་བ་ནི།།
    ཀུ་དོགས་རི་ཡི་བོང་བུའི་ངང་ཚུལ་བཞིན།།

    སྨར་ཡིག་མ་རུའི་མཁར་ལ་བཅོས་པ་དང་།།
    སྔོན་རྗེས་འཇུག་པ་རྩལ་གྱིས་བཏོན་པ་སོགས།།
    བཤད་ན་ཐོན་མིའི་དབུ་འཕང་མི་ཉམས་ཤིང་།།
    མེས་པོའི་རྣམ་ཤེས་དུར་སར་འཛུམ་གྱིས་གང།།

    རྒྱ་གར་མ་སོང་བརྡ་སྤྲོད་མ་བསླབ་ཅེས།།
    གནས་ལུགས་གདོང་ལ་སྦར་ཤེད་མ་འཐེན་ཡང་།།
    འདི་ནི་ཞང་ཞུང་ཡི་གེའི་ཚ་རྒྱུད་ཅེས།།
    རབ་རིབ་སེང་རས་བསལ་བའི་བྱད་བཞིན་ཡིན།།

    ངུར་སྨྲིག་ལྟེབ་ཚིགས་བརྒྱབ་པའི་ཐུ་འོག་ནས།།
    ཡོད་ཚད་ལྷ་ཡི་བཀའ་ལ་གཏོགས་དགོས་ཤིང་།།
    རྣམ་རྟོག་གདོན་གྱིས་བརླམས་པའི་སེམས་ཁམས་ན།།
    གསུངས་ཚད་ཆོས་ཀྱི་བྲན་ཏུ་འདུ་དགོས་སྐད།།

    རྒྱལ་པོའི་ཁྲིམས་ཐག་ཆོས་པའི་བཀའ་ཡིས་བཅད།།
    ཆོས་ཀྱི་དམ་ཚིག་རྒྱལ་པོའི་མཚོན་ལ་ཐིམ།།
    ཆོས་སྲིད་ཆང་ས་བརྒྱབ་པའི་ཉིན་མོ་ནས།།
    བཤད་ཚད་རྫུན་གྱི་རྟ་ལ་བསྐྱོན་ནས་འདུར།།
    ༢༠༡༡།༡།༡༧
    གྲོགས་རྩོམ་པ་པོ་སྙིང་མིག་ལགས་ཀྱི་བཀའ་འཁྲོལ་བཞིན་འདིར་བཀོད་པ་ཡིན།

  61. ཨོ་རྒྱན་ཉི་མ། says:
    2012-07-22 at 12:52 am

    ངས་བོད་གྱི་ལོ་རྒྱུས་དེབ་སུམ་བཅུ་ཙམ་ལ་གཤིབ་བསྡུར་བྱས་ཡོད། བོན་གྱི་བསྟན་འབྱུང་བལྟས་ཡིན། ལོ་ལྔ་བརྒྱའི་གོང་ལ་བོན་མེད་པར་བཤད་མེད་ལ། སྲོང་བཙན་སྔོན་ལ་ཡི་གེ་གཏན་མེད་དུ་སྨྲས་མེད། གལ་སྲིད་ཡི་གེ་ཞིག་ཡོད་པའི་དབང་དུ་བཏང་རུང་། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་བསྟན་ནུས་ཙམ་ལས་གཞན་ཞིག་ཡོད་པར་མི་སེམས། གངས་སེང་ཞེས་པ་ཞིག་གིས་རྡུག་ངུ་མང་པོ་ཞིག་བྱས་འདུག་མོད། གོ་རྒྱུ་ཅང་མེད་ཁི། བོན་པོའི་ཡི་གེ་རྙིང་པ་མེད་ན། ཁྱེད་ཚོས་མཁྱེན་པ་རྒྱགས་ཏེ། སྔོན་གྱི་ཡིག་རྙིང་འདི་འདྲ་ཞིག་ཡིན་པ་ཤེས་སོང་བ་ཡིན་རྒྱུ་རེད། བོན་པོ་འདི་ཚོས་གང་བསྒྱུར་བའི་ཆོས་ཉམས་སུ་བླངས་ཏེ། རང་དགར་བཞུགས་འདུག་ན་དེ་གས་ཆོག་མོད། ལོ་རྒྱུས་མི་འདྲ་བ་ཞིག་དང་། བསྟན་འབྱུང་མི་འདྲ་བ་མང་པོ་ཞིག་གིས་ཕུང་སོང་བ་རེད། རྫུན་རྐུབ་ཐོན་ལ་ཉེ་བ་རེད། ངོ་མ་བཤད་ན་ཆོས་རྒྱལ་ཆེན་པོ་དག་གི་གོང་དུ་བོན་ཞེས་ཐ་དད་དུ་ཡོད་པ་དང་། བོན་ལ་འཚེ་བ་ཆོས་སུ་སྨྲ་མཁན་དང་། མི་སྨྲ་མཁན་གཉིས་སུ་ཕྱེ། ཆོས་རྒྱལ་གྱི་རྗེས་ནས་ཆོས་དང་འབྲེལ་བ་དག་ནང་པ་དབྱེར་མེད་དུ་གྱུར་སོང་བ་དང་། འཚེ་སྨྲ་དག་རྩ་མེད་དུ་བཏངས་ཏེ། དེང་སང་གི་བོན་དག་ནང་ཆོས་དང་མི་འགལ་བར་སླར་ཡང་། ཟུར་དུ་ཐོན་པ་ཞིག་ཡིན་ཞེས་སྨྲས་ན་ལོ་རྒྱུས་དང་མི་འགལ་བར་མ་ཟད། བོད་ཀྱི་རིག་གཞུང་ལ་གནོད་པར་མི་སེམས། དེང་སང་བོན་པོ་འདི་ཚོས་ཡོད་ཚད་ནང་པ་ལ་བརྟེན་ནས་བྱུང་ཡང་། ད་དུང་ནང་པ་ལ་འདྲེ་ནང་བཞིན་སྡང་ཞུགས་བྱེད་བཞིན་པ་དང་། ད་དུང་ཁུངས་མེད་ཀྱི་ཡི་གེ་ཞིག་བཟོས་སྟངས་འདི་དག་སེམསལ་འཕྲོད་པོ་མ་བྱུང་བར་མ་ཟད། ལོ་རྒྱུས་དང་མི་མཐུན་པ་དང་། དངོས་པོ་གནས་ཚུལ་དང་མི་མཐུན་པ་རྐྱང་རྐྱང་རེད། དེ་ཕྱིར་ཚང་མས་ཞིབ་འཇུག་ཅིག་བྱེད་རན་འདུག་ཟེར་བ་ཡིན།

  62. དོལ་སྨྱོན། says:
    2012-07-22 at 2:34 am

    ནམ་རྒྱུན་ཁ་བརྡ་འདིར་བོན་པོའི་སྟག་སེང་མཁྱུང་འབྲུག་མང་པོ་མཐོང་རྒྱུ་འདུག
    ད་ཐེངས་གང་དུ་ཕྱིན་པ་རེད།

  63. དར་ལྕེ་ says:
    2012-07-22 at 6:33 am

    དང་པོ་ཐོན་མིས་བཟོས་ཟེར་ཡང་ཁུངས་འདེད་ས་མེད་པ། གཉིས་པ་རྒྱ་ཡིག་ལ་དཔེ་བླངས་ཟེར་ཡང་གཏན་ཚིགས་དང་མི་མཐུན་པའི་སྒྲུང་གཏམ་རྐྱང་རྐྱང་ཡིན་པ། གསུམ་པ་ཐོན་མིས་བོད་ཡིག་བཟོས་ན་གཞུང་ཡིག་རྡོ་རིང་ཡི་གེ་སོགས་ལ་ཁོང་གི་མཚན་དང་བྱས་རྗེས་འཁོད་དགོས་ཀྱང་མ་འཁོད་པ། བཞི་པ་ཏུན་ཧོང་ཡི་གེ་དང་། རྡོ་བརྐོས་ཡི་གེ་བཅས་ལ་ཐོན་མིས་བཟོས་ཟེར་བའི་སུམ་རྟགས་ཀྱི་འགྲོས་མེད་པ་བཅས་ལ་བརྟགས་ན་བོད་ཡིག་གི་ལོ་རྒྱུས་ཡིན་ཟེར་བའི་རྡོ་རྗེ་རྐེད་བཟུང་གི་དེབ་མང་པོ་ཞིག་མེད་པ་བཞི་ཡིས་སྒྲུང་གཏམ་ཡིན་པར་རྟོགས།

  64. ཀརྨ་ཡེ་ཤེས says:
    2012-07-22 at 6:37 am

    བོན་ཚོའི་ཡིག་ཆ་ལས་བཤད་ཡོད་པ་དེ་ལྟ་བུ་ཞིག་དངོས་ཡོད་ཀྱི་ཞིབ་འཇུག་བྱེད་སྐབས་གཏན་ནས་རྙེད་མི་ཐུབ་པ་འདིའི་ཁོ་རང་ཚོའི་མཁས་པ་ཚོའི་སེམས་ལ་དམྱལ་བ་ཡང་སོས་ཀྱི་སྡུག་བསྔལ་ད་ལྟ་མྱོང་བཞིན་པལྟ་བུའི་ཟུག་གཟེར་ཅིག་མྱོང་བཞིན་འདུག

    ཁོ་རང་ཚོའི་སེམས་མི་བདེ་ཡོང་དུས་ད་མ་འགྲིགས་པ་ཚང་མ་རྒྱལ་བ་ཤཀྱ་ཐུབ་པའི་ཆོས་ལུགས་འཛིན་མཁན་ཚོའི་མགོ་ལ་གཡུག་ཡོང་གིན་ཡོད་པ་རེད།

    དེ་བཞིན་ཁོ་རང་ཚོས་བོད་མི་ཚོའི་མགོ་བོ་གདུགས་ལྟར་དུ་སྐོར་བྱེད་གཞན་ཞིག་ནི་བོན་འདི་བོད་རང་གི་ཆོས་ལུགས་རེད་ཟེར་བ་དང་།

    ཕ་མེས་ཀྱི་ཆོས་ལུགས་རེད་ཟེར་བ།

    རྒྱལ་བ་ཤཀྱ་ཐུབ་པའི་ཆོས་ལུགས་དང་རྒྱ་གར་གྱི་རིག་གནས་བོད་དུ་དར་ནས་བོད་ཀྱི་རིག་གནས་གཏོར་བཤིག་བཏང་བར་བཤད་ནས་མི་རིགས་ལུགས་ཀྱི་རས་ཡོལ་རྒྱབ་ཏུ་ཡིབས་ཐབས་བྱ་རྒྱུའི་ཅལ་སྒྲོག་བྱེད་པ་དེ་རེད།

    ཅལ་སྒྲོག་དེས་ན་གཞོན་ཁག་གཅིག་གི་མགོ་ཅུང་ཟད་ཙམ་རེ་སྐོར་ཐུབ་གི་ཡོད་ཚོད་འདུག

    དེ་ཁྱད་མཚར་རེད།

    ཁོ་རང་ཚོའི་ཡིག་ཆའི་ནང་ལ་བོན་འདི་སྟག་གཟིག་ནས་ཞང་ཞུང་ལ་བསྒྱུར།

    དེ་ནས་བོད་སྐད་བསྒྱུར་ཚུལ་བཤད་ཡོད་པ་རེད།

    དེ་ཡིན་ན་རྒྱལ་བ་ཤཀྱ་ཐུབ་པའི་ཆོས་ལུགས་ཕྱི་རྒྱལ་གྱི་རིག་གནས་ཡིན་དགོས་པ་དང་།

    སྟག་གཟིག་འོལ་མོ་ལུང་རིང་ནས་བསྒྱུར་བ་དེ་བོད་རང་གི་རིག་གནས་ཡིན་དགོས་དོན་མི་འདུག
    བོན་རང་གི་བཀའ་བསྟན་ལྟ་བུ་དེ་གཙོ་བོར་གྱུར་པའི་ཡི་གེ་རྙིང་གྲས་དེ་ཚོ་ལྟ་ཀློག་རེ་བྱེད་ཐུབ་ན་རྫུན་རྐུབ་མང་པོ་ཞིག་རང་བུད་གྱུར་ཐུབ་པ་གསལ་བོ་རེད།

    ཉེ་སྔོན་ཞིག་ལ་དྲ་ཐོག་ཏུ་བན་བོན་གཅིག་ཡིན་སྟབས་དད་པ་དག་སྣང་སྦྱངས་དགོས་ཟེར་མཁན་ཞིག་གི་ཁ་ལས་གོ་བ་ལྟར་ན།

    ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྫོགས་ཆེན་སྙིང་ཐིག་གི་ཁྲིད་ཡིག་དེ་ནི་རིག་འཛིན་འཇིགས་མེད་གླིང་པའི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་མཆོད་བརྗོད་ཚུན་ནས་ཆོས་དང་བོན་ལྟ་བུའི་ཚིག་ཟུར་རེ་མ་གཏོགས་འདྲ་ཚུལ་ཞིག་བརྗོད་བྱུང་།

    དེ་འདྲ་དངོས་གནས་ཡིན་ན་ཤར་རྫ་བ་འཇིགས་མེད་གླིང་པ་ལས་ལོ་བརྒྱ་སྐོར་ཙམ་གྱི་རྗེས་སུ་བྱོན་པ་ཡིན་སྟབས་རྐུན་མ་སུ་ཡིན་རྩད་ཆོད་ནུས་པ་ཞིག་རེད།

    ད་དུང་དེ་དང་དེ་འདྲ་བ་ག་ཚོད་མང་པོ་ཡོད། དེ་བཞིན་དུ་དཔེར་ན།

    ཉེ་སྔོན་ཁོ་རང་ཚོས་མདོ་དྲི་མེད་གཟི་བརྗིད་ཀྱི་ལུང་དྲངས་སྐབས་སུ།

    གཤེན་རབ་ཀོང་པོར་ཡོང་དགོས་དོན་ནི། རྗེ་ཡི་གདུང་འཛིན་ཆབ་སྲིད་ལེན་པ་དང་།

    ཞེས་པ་ཞིག་བྱུང་ནས་ངས་ཁོང་ཚོར་སྟོན་པ་གཤེན་རབ་ཀྱང་རྒྱ་དམར་དང་མཚུངས་པར་བོད་ལ་བཙན་འཛུལ་བྱེད་མཁན་ཞིག་རེད་འདུག་ཅེས་བརྗོད་པ་ཡིན།

  65. གངས་སེང་ says:
    2012-07-22 at 9:09 am

    ཨོ་རྒྱན་ཉི་མ་ལགས། ཁྱོད་ཀྱིས་མཆན་ཨང་༦༡པར་“ལོ་ལྔ་བརྒྱའི་གོང་ལ་བོན་མེད་པར་བཤད་མེད་ལ། སྲོང་བཙན་སྔོན་ལ་ཡི་གེ་གཏན་མེད་དུ་སྨྲས་མེད། གལ་སྲིད་ཡི་གེ་ཞིག་ཡོད་པའི་དབང་དུ་བཏང་རུང་། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་བསྟན་ནུས་ཙམ་ལས་གཞན་ཞིག་ཡོད་པར་མི་སེམས། གངས་སེང་ཞེས་པ་ཞིག་གིས་རྡུག་ངུ་མང་པོ་ཞིག་བྱས་འདུག་མོད།” ཟེར་བའི་བཤད་སྟངས་འདི་ལ་བལྟས་ན། ཁྱོད་ཀྱིས་སྔར་ག་རེ་ལབ་པ་ཡིན་ཚང་མ་བརྗེད་ཚར་བའི་བཟོ་འདུག་པ་མ་ཟད། ངས་དེ་ལ་ཁྱབ་མཚུངས་ཀྱི་རིགས་པ་ག་རེ་འཕངས་འདུག་ད་དུང་ཁྱོད་ཀྱིས་མགོ་འཐུམ་ནས་བསྡད་འདུག །ངས་ཡང་བསྐྱར་མཚན་ཉིད་རིག་པའི་ལམ་ནས་ཁྱོད་ལ་ར་སྤྲོད་ཅིག་བྱེད་འདོད་བྱུང་། ཁྱོད་ཀྱིས་“མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས།” ཟེར་ནས་ཞང་ཞུང་གི་སྨར་ཡིག་རྫུན་མ་ཡིན་པའི་རྒྱུ་མཚན་བཞི་བཀོད་པ་འདི་ལྟར། “གཅིག་ནས་དེང་སང་བོན་པོའི་སྐད་ཡིག་ཏུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པ་དང་། གཉིས་ནས་ལོ་ལྔ་བརྒྱའི་གོང་གི་བོད་ཀྱི་ལོ་རྒྱུས་ལ་མེད་པ་དང་། གསུམ་ནས་ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ལ་མེད་པ་དང་། བཞི་ནས་དུས་རབས་བདུན་པའི་སྔོན་གྱི་དཔེ་རིས་རྙིང་པ་མེད་པ་སྟེ།” དེ་ཁྱོད་ཀྱིས་བཤད་པ་རེད་མ་བརྗེད་ཨཱ། ཁྱོད་ཀྱི་འདོད་པ་དེ་རིམ་བཞིན་མཚན་ཉིད་རིག་པའི་ལུགས་སུ་བཀོད་ན།
    ༡༽ ཞང་ཞུང་གི་སྨར་ཡིག་ཆོས་ཅན། ཁྱོད་རྫུན་མ་ཡིན་ཏེ། དེང་སང་ཁྱོད་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཞིག་མེད་པའི་ཕྱིར། དེ་ཁྱོད་ཀྱི་རང་རྒྱུད་ཀྱི་རྟགས་རེད། ཧ་གོ་ཨེ་སོང་།?
    ངས་དེ་ལ་ཐལ་འགྱུར་འདི་འདྲ་ཞིག་འཕངས་པ་རེད། ཨོ་རྒྱན་ཡུལ་གྱི་སྐད་ཡིག་དང་ཤམ་བྷ་ལའི་སྐད་ཡིག་དག་བོན་ཅན། ཁྱོད་རྫུན་མ་ཡིན་པར་ཐལ། དེང་སང་ཁྱོད་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཞིག་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ལོ་རྒྱུས་རྣམས་སུ་ཡུལ་དེ་ནས་བསྒྱུར་བར་བཤད་པའི་རྫོགས་ཆེན་སོགས་གསང་བ་བླ་ན་མེད་པའི་རྒྱུད་སྡེ་དང་དུས་འཁོར་རྣམས་བོན་ཅན། ཁྱོད་ཁུངས་མེད་ལུང་མེད་ཡིན་པར་ཐལ། ཁྱོད་ཡོང་སའི་ཁུངས་དེ་དེང་སང་སུས་ཀྱང་ཚད་མས་མ་དམིགས་པའི་ཕྱིར།
    ༢༽ ཞང་ཞུང་གི་སྨར་ཡིག་ཆོས་ཅན། ཁྱོད་རྫུན་མ་ཡིན་ཏེ། ཁྱོད་ལོ་ལྔ་བརྒྱའི་གོང་གི་བོད་ཀྱི་ལོ་རྒྱུས་ལ་མེད་པའི་ཕྱིར། དེ་ཁྱོད་ཀྱི་རང་རྒྱུད་ཀྱི་རྟགས་རེད། ཧ་གོ་ཨེ་སོང་།?
    ངས་དེ་ལ་ཐལ་འགྱུར་འདི་འདྲ་ཞིག་འཕངས་པ་རེད། ཨོ་རྒྱན་ཉི་མ་བོན་ཅན། ཁྱོད་ཀྱི་མཐོང་རྒྱ་ལག་མཐིལ་ལས་ཆུང་ཞིང་བློ་མིག་ཁབ་མིག་ལས་ཕྲ་བའི་རྟགས་རྗེན་གཅེར་དུ་བསྟན་པ་ཡིན་པར་ཐལ། རྒྱལ་རབས་གསལ་མེ་དང་བཀའ་ཆེམས་ཀ་ཁོལ་མ་དག་ལོ་ལྔ་བརྒྱའི་གོང་དུ་བྲིས་པའི་ལོ་རྒྱུས་ཡིན་པ་གང་ཞིག །དེ་དག་གི་ནང་དུ་ཁམས་ཆེན་པོ་བརྒྱད་སོགས་ཞང་ཞུང་ནས་བོད་དུ་བསྒྱུར་བར་བཤད་པ་དང་སྲོང་བཙན་གོང་དུ་སྒྲུང་ལྡེའི་བོན་གསུམ་དར་བར་བཤད་པ་དག་ཁྱོད་ཀྱིས་མ་མཐོང་བའི་ཕྱིར།
    ལོ་རྒྱུས་དེས་སྐབས་དེར་ཁམས་ཆེན་པོ་བརྒྱད་སོགས་ཞང་ཞུང་ནས་བོད་དུ་བསྒྱུར་བའི་བྱ་བ་བྱས་པར་གསུངས་པའི་ཤུགས་ལས་ཞང་ཡིག་དང་བོད་ཡིག་ཡོད་པ་མ་བརྟགས་ཀྱང་ཤེས་ནུས། ཟེར་གྱིན་ཡོད།
    ༣༽ ཞང་ཞུང་གི་སྨར་ཡིག་ཆོས་ཅན། ཁྱོད་རྫུན་མ་ཡིན་ཏེ། ཁྱོད་ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ལ་མེད་པའི་ཕྱིར། དེ་ཁྱོད་ཀྱི་རང་རྒྱུད་ཀྱི་རྟགས་རེད། ཧ་གོ་ཨེ་སོང་།?
    ངས་དེ་ལ་ཐལ་འགྱུར་འདི་འདྲ་ཞིག་འཕངས་པ་རེད། ཨོ་རྒྱན་ཡུལ་གྱི་སྐད་ཡིག་བོན་ཅན། ཁྱོད་རྫུན་མ་ཡིན་པར་ཐལ། ཁྱོད་ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ལ་མེད་པའི་ཕྱིར། ཁྱབ་པ་ཁས།
    ༤༽ ཞང་ཞུང་གི་སྨར་ཡིག་ཆོས་ཅན། ཁྱོད་རྫུན་མ་ཡིན་ཏེ། ཁྱོད་དུས་རབས་བདུན་པའི་སྔོན་གྱི་དཔེ་རིས་རྙིང་པ་མེད་པའི་ཕྱིར། དེ་ཁྱོད་ཀྱི་རང་རྒྱུད་ཀྱི་རྟགས་རེད། ཧ་གོ་ཨེ་སོང་།?
    ངས་དེ་ལ་ཐལ་འགྱུར་འདི་འདྲ་ཞིག་འཕངས་པ་རེད། དུས་རབས་གང་གི་ནང་དུ་ཡོད་པ་དེ་སྐབས་དེར་བྲིས་པའི་དཔེ་རིས་ཞིག་ཡོད་དགོས་ན། བོད་ཀྱི་ལོ་རྒྱུས་རྣམས་སུ་དུས་རབས་བདུན་པའི་ནང་དུ་དམ་པའི་ཆོས་མང་པོ་རྒྱ་གར་ནས་བོད་དུ་བསྒྱུར་བར་བཤད་པ་དེ་བོན་ཅན། ཁྱོད་རྫུན་མ་ཡིན་པར་ཐལ། ཁྱོད་སྐབས་དེར་བྲིས་པའི་རྒྱ་དཔེ་དང་བོད་དཔེ་ཞིག་བསྟན་རྒྱུ་མེད་པའི་ཕྱིར།
    ཡང་དུས་རབས་བརྒྱད་པའི་ནང་དུ་ཀ་མ་ལ་ཤཱི་ལས་ཧཱ་ཤང་གི་དགག་ཡིག་སྒོམ་རིམ་དང་པོ་བར་བ་མཐའ་མ་གསུམ་མཛད་ཟེར་བ་དེ་བོན་ཅན། ཁྱོད་ཡང་རྫུན་མ་ཡིན་པར་ཐལ། ཁྱོད་སྐབས་དེར་བྲིས་པའི་དཔེ་རྙིང་སྒོམ་རིམ་དང་མཐའ་བར་གསུམ་རྩ་བ་ནས་བསྟན་རྒྱུ་མེད་པའི་ཕྱིར།
    ཡཱ། ཨོ་རྒྱན་ཉི་མ་ལགས། ཁྱོད་ཀྱིས་བཀོད་པའི་རྒྱུ་མཚན་དེ་ཚོ་བོན་ཅན། ཁྱོད་མ་ངེས་པའི་རྟགས་ཡིན་ཏེ། ཁྱོད་ཁྱབ་པ་རྣལ་ལྡོག་གང་ཡང་མ་ངེས་གཏན་ཚིགས་སུ་བཀོད་པ་ཡིན་པའི་ཕྱིར།
    གལ་སྲིད་ཁྱོད་རང་གིས་བཀོད་པའི་རྒྱུ་མཚན་དེ་ཚོ་ཞང་ཞུང་གི་སྨར་ཡིག་རྫུན་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་འདོད་ན། དེ་རྣམས་ཞང་ཞུང་གི་སྨར་ཡིག་རྫུན་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་འགྲོ་ཚུལ་གསལ་བར་བྲིས་ཤོག །དེ་ཁྱོད་ལ་འབྲི་རྒྱུ་མེད་ན་ཁྱོད་ཀྱིས་བཤད་ཚད་ཐམས་ཅན་གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱི་སྡང་ཟུག་ཡིན་པའི་རྒྱུ་མཚན་འཛམ་གླིང་གི་མཁས་པའི་མདུན་སར་ཁྲེལ་དང་ངོ་ཚ་མེད་པར་བསྟན་པའི་རྟགས་མཚན་ཞིག་ཡིན།

  66. མིག་བརྒྱད་པ། says:
    2012-07-22 at 6:42 pm

    སྤྱི་ལོ་༡༣༢༨་ལོ་རབ་བྱུང་དྲུག་པ་ས་འབྲུག་ལོར་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་རབས་གསལ་བའི་མེ་ལོང་བརྩམས། སྤྱི་ལོ་༡༣༤༦་ལོ་རབ་བྱུང་དྲུག་པ་མེ་ཁྱི་ལོར་ཚལ་བ་ཀུན་དགའ་རྡོ་རྗེས་དེབ་ཐེར་དམར་པོ་བརྩམས།

  67. མགོན་པོ་ཕྱག་གཉིས་པ། says:
    2012-07-22 at 9:10 pm

    ད་རྩོད་གཞིའི་སྒང་ལ་རྩོད་གཞི་ཁྱེར་ཡོང་སྟེ་ཅི་བྱེད། ང་ཚོའི་གྲྭ་པ་རྣམས་རྩོད་པ་ལ་དགའ་བའི་རྒྱུ་མཚན་གྱིས་མཁས་དབང་སྔ་མ་ཚོས་བསམ་བཞིན་དུ་ཕྱི་རབས་པའི་རྩོད་པ་འཕེལ་བའི་ཆེད་དང་ཐོས་ཀློག་མང་ཟིག་བྱེད་པའི་ཆེད་དུ་རྩོད་གཞི་ཅན་རྐྱང་རྐྱང་བྲིས་པ་མིན་འགྲོ།
    ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་རྒྱལ་རབས་གསལ་མེའི་རྩོམ་པ་པོ་སུ་ཡིན་སྐོར་ལ་ཉམས་ཞིབ་ཅིག་གནང་འདུག རྒྱལ་རབས་གསལ་མེ་ཕྱོགས་སྒྲིག་གནང་མཁན་ནི་ལྷ་ས་གཙུག་ལག་ཁང་གི་དཀོན་གཉེར་དཔོན་གཞུ་ཁང་པ་ལེགས་པའི་ཤེས་རབ་ཡིན་པ་དང་བརྩམས་དུས་ཀྱང་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་༡༣༨༨ ལོ་ཡིན་པར་གསུངས་ཡོད་པ་རེད།
    དེ་ལ་ཁོང་གིས་རྒྱུ་མཚན་བཞི་བགྲང་འདུག སྤྱིར་བཏང་སྡེ་དགེ་པར་ཁང་ན་བཞུགས་པའི་དེབ་ཐེར་འདིའི་ཤིང་པར་མའི་སྦྱར་བྱང་དུ། ་་་་་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱིས་ས་ཕོ་འབྲུག་གི་ལོ་ལ་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྲིགས་་ ཞེས་བཀོད་ཡོད་པ་འདྲ།
    རྒྱུ་མཚན་དང་པོ་ལ། འདི་ལྟར་བཀོད་ཡོད་བཞིན་དུ། རྒྱལ་དབང་ལྔ་པ་དང་ཀློང་རྡོལ་བླ་མ་གཉིས་ནས་ཁུངས་ངེས་གཏན་ཞིག་མེད་ན་གཞུ་ཁང་པ་ལེགས་པའི་ཤེས་རབ་ཀྱིས་བརྩམས་གསུང་མི་སྲིད་ཟེར།
    རྒྱུ་མཚན་གཉིས་པར། རྩོམ་པ་པོའི་དགུང་གྲངས་དང་བརྩམས་ལོ་ཞིབ་པར་བསྡུར་དུས་སྐབས་དེའི་མཛད་པ་སྐྱོང་ཚུལ་དང་བསྟན་བཅོས་ཀྱི་ནང་དོན་སོགས་གང་ཐད་ནས་སྐབས་སུ་བབས་མེད་ཚུལ་བྲིས་འདུག དེ་ཡང་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱི་འཁྲུངས་ལོ་༡༣༡༢-༡༣༧༥ ཡིན་པ་དང་། དཔེ་ཆ་བརྩམས་ལོ་ ༡༣༢༨ ས་འབྲུག་ལོར་འཁེལ་གྱི་ཡོད་པ་རེད། དེ་སྐབས་ཁོང་དགུང་ལོ་༡༧ མ་གཏོགས་མིན་པ་རེད། ལོ་དེ་ནི་ཁོང་རབ་ཏུ་བྱུང་བའི་ལོ་དང་ས་སྐྱར་ཐོས་བསམ་ལ་གཞོལ་སྐབས་ཡིན་པས་བསམ་ཡས་སུ་ཕེབས་ནས་ལོ་རྒྱུས་ཀྱི་དེབ་ཐེར་ལྗགས་རྩོམ་གནང་ནས་བཞུགས་ཁོམ་མེད་ཚུལ་བྲིས་འདུག
    རྒྱུ་མཚན་གསུམ་པ། ཆོས་རྗེ་གང་དེའི་རྣམ་ཐར་དང་། གདུང་རབས། བསྟན་རྩིས་སོགས་ནང་དེའི་སྐོར་ཟུར་ཙམ་བཀོད་མེད་ཚུལ་འདུག
    རྒྱུ་མཚན་བཞི་པར། དེབ་ཐེར་འདིའི་ནང་ཚལ་བའི་དེབ་དམར་ལས་ལུང་དྲངས་ཡོད་པ་བཀོད་འདུག རྒྱལ་རབས་གསལ་བའི་མེ་ལོང་ནང་། རྒྱ་ཧོར་དུ་དམ་པའི་ཆོས་དར་ཚུལ་བཀོད་པའི་མཇུག་ཏུ། ཚལ་པ་ཐམས་ཅད་མཁྱེན་པ་སི་ཏུ་དགེ་བའི་དློ་གྲོས་ཀྱིས་དེབ་ཐེར་དུ་བསྒྲིགས་པ་ལས་ཟུར་ཙམ་བསྡུས་པ་ཡིན་གྱིས། རྒྱས་པར་ཤེས་འདོད་ན། དེབ་ཐེར་དེ་ཉིད་ལ་གཟིགས་ཤིག་ཅེས་གསལ་བ་དེ་ལུང་འདྲེན་གནང་འདུག་པ་མ་ཟད། ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ནི་ཚལ་པ་ཁྲི་དཔོན་ཀུན་དགའ་རྡོ་རྗེ་རྒན་ཆོས་གནང་རྗེས་ཀྱི་མཚན་ཡིན་པ་དང་། ཁོང་གི་ཧུང་ལེན་དེབ་ཐེར་དམར་པོ་དེ་༡༣༤༦ ལོར་བརྩམས་པའང་བཀོད་འདུག
    དེར་མ་ཟད་ཨ་ལགས་ཞབས་དྲུང་ཚང་གིས། བསྟན་རྩིས་ཀྱི་རེ་མིག་ནང་དུ། ས་འབྲུག༡༣༢༨་་་་་་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་རབས་གསལ་བའི་མེ་ལོང་བརྩམས་ཞེས་བྲིས་ཡོད་འདུག་ཀྱང་། སྦྱར་བྱང་དུ། ས་འབྲུག་ཞེས་པ་ལས་རབ་བྱུང་མི་གསལ་བས་བརྟག་དགོས། ཕྱིས་རྒྱའི་ཡི་གེར་རབ་བྱུང་བདུན་པའི་ས་འབྲུག་ཟེར་ཞེས་མཆན་བུ་མཛད་ཡོད་པའང་ཁོང་ནས་ལུང་འདྲེན་གནང་འདུག རབ་བྱུང་བདུན་པའི་ས་འབྲུག་དེ་ ༡༣༨༨ ལོ་རེད། དེ་སྐབས་ས་སྐྱ་བསོད་ནམས་རྒྱལ་མཚན་གྲོངས་ནས་ལོ་ག་ཚོད་འགོར་འདུག གཅིག་ལྟོས་དང་།

    དཔྱད་གཞི། ༡ ཆབ་སྤེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།
    ༢ རྒྱལ་རབས་གསལ་བའི་མེ་ལོང་།
    ༣ ཚལ་བའི་དེབ་དམར།
    ༤ ཐོན་མིའི་ཞལ་ལུང་།

  68. ཟུར་གནས། says:
    2012-07-22 at 10:13 pm

    མིའི་ལོ་རྒྱུས་བྱུང་བ་ནས་ད་བར་ལ་རྩོད་པ་བརྒྱབ་ནས་གནས་ཚུལ་ཐག་ཆོད་པ་ཞིག་ཡོང་མྱོང་མེད། དེར་བརྟེན་མང་གཙོ་ཞེས་པ་འདི་ལག་ལེན་མ་གཏོང་དཀའ་མེད་བྱུང་བ་རེད། བདེན་པ་དང་བརྫུན་མ་ཟེར་བ་འདི་ཁ་ཆེ་ཁ་ཆུང་འོག་ལ་ཤོར་འགྲོ་བ་ལས། གཅིག་གི་བདེན་པ་འདི་གཅིག་ཤོས་ཀྱིས་ཁས་ལེན་བྱེད་པ་ཆེས་ཉུང་། རྩོད་པ་རྒྱག་ནས་བདེན་པ་ཐོབ་པ་བྱེད་པ་ནི། ངའི་ཁ་ནས་སྤུ་བཏོགས་ནས་ཁྱེད་ཀྱི་མགོ་ལ་འཛུགས་པ་ལྟ་བུ་འབྲས་མེད་རེད། དཔེར་ན། མཁས་པ་འདིའི་གསུང་ལ་འདི་འདུག་ཟེར་ན། མཁས་པ་དེ་ལ་ལྟ་བ་དེ་ག་ནས་བྱུང་བ་རས།

    རྩོད་པས་ཐག་ཆོད་ཡོང་གི་ཡོད་ན། འཛམ་བུ་གླིང་གི་ཡར་འཐོན་རྒྱལ་ཁབ་དེ་ཚོའི་འགྲོ་སོང་ཚང་མ་རྩོད་པ་རྒྱག་ཆེད་ལ་གཏོང་གི་རེད་མ་གཏོགས། ཚན་རིག་དང་དྲག་ཆས་ལ་ཅིའི་ཕྱིར་གཏོང་།

    ང་ཚོས། བདེན་པ་ཟེར་བ་འདི་ལ་སྣང་ཚུལ་འདུ་མ་ཡོད་པར་ངོས་འཛིན་ན་འདུ་ཤེས་འཛིན་ན། ད་གཟོད་གཞི་ནས། ཞི་བདེ་ཡོང་ཐུབ། རང་རང་གི་འདོད་པ་འདི་བདེན་པར་འཛིན་པའི་ཨ་ཐད་ཀྱི་བསམ་བློ་འདིས་འཛམ་གླིང་འདིར་རྙོག་འདྲ་ཤ་སྟག་ལས་གཞན་ཅི་བསྟེར།

    མགོན་པོ་ཕྱག་གཉིས་པས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལུང་དྲངས་འདུག། ཆབ་སྤེལ་འདི་པ་བློ་གཟུ་བོར་གནས་ནས་ཞིབ་འཇུག་བྱེད་མཁན་གྱི་མི་རྣལ་མ་ཞིག་ཡིན་པ་ལྷ་ས་ཁུལ་ས་མི་མང་པོས་ཁས་ལེན་མི་བྱེད། ཆབ་སྤེལ་གྱི་ལོ་རྒྱུས་ཚང་མ། རྒྱ་གུང་ཁྲན་ལ་སྤྲེལ་ལད་ཤ་སྟག་དང་། རང་འདོད་ཅི་གྲུབ། གཞན་འདོད་རྡོག་རྫིས་གང་ཐུབ་ཀྱི་ལྟ་བ་བཟུང་མཁན་ཞིག་རེད་ཅེས་བོད་ནས་ཕེབས་པའི་མཁས་པ་འགས་གསུངས་བ་ཐོས།

    དཔེར་ན། ཆབ་སྤེལ་གྱིས་བོད་འདི་ཀྲུང་གོའི་མངའ་ཁོངས་ཡིན་པའི་གྲུབ་ཆེད་མང་པོ་བཀོད་ཡོད་ལ་དེ་ཚོ་ཚང་མ་བལྟས་ན་འཚམས་པོ་ཤ་སྟག། དོན་དངོས་དང་འགལ་བ་ཡིན་པ་ཤ་སྟག་རེད། བྱས་ཙང་། དང་པོ་ཆབ་སྤེལ་གྱི་གང་བཤད་ཀྱི་འདུག་མ་བལྟས་པར། ཁོང་ནམ་རྒྱུན་མི་གང་འདྲ་ཞིག་ཡིན་པར་བསམ་བློ་ཐོངས།

    དཔེར་ན། ༡༩༩༠ནང་ལ། ཆབ་སྤེལ་གྱིས། རང་གི་གཙང་སྤྱོད་ནང་ལ་འབར་རྫས་སྤར་ནས། ཁང་པའི་གསང་སྤྱོད་འགས་གཏོར་བྱས། གཞུང་གི་བདེ་འཇགས་མི་སྣ་ཡོང་དུས། མ་ཉེས་ཁ་གཡོགས་བརྩམས་ཏེ། ཏ་ལའི་བླ་མ་དང་ཁ་བྲལ་རིང་ལུགས་པས་ང་གསོད་རྩིས་བྱེད་ཀྱི་འདུག་ཟེར། རྒྱ་གཞུང་གིས་འདི་བདེན་པར་རྩིས་ནས། ཏ་ལའི་བླ་མས་བོད་ནང་ལ་དྲག་སྐུལ་བའི་བྱ་བ་བརྩམས་སོང་ཟེར་ནས་ཁྱབ་བསྒྲགས་བྱས། ཆབ་སྤེལ་ལ་དམིགས་བསལ་སྐུ་སྲུང་དང་ཐོབ་ཐང་སྤྲད། ཆབ་གྲོས་ནང་ལ་ཁོང་ལ་དམིགས་བསལ་གྱི་གོ་གནས་བཟོས།

    རྗེས་མ་ཁོང་གི་ནང་ལ་གཡོག་ལས་མཁན་དེས། འབར་རྫས་དེ་རྒྱའི་ཁང་པ་རྒྱག་མཁན་ལས་པ་ཞིག་གིས་འཁུར་ཡོང་ནས་སྦས་སོང་། ང་ཚོ་ཚང་མ་ཁང་པའི་ནང་ལ་སྡོད་ཕྱི་ལ་ཡོང་མི་ཆོག་བཤད་སོང་ཟེར་ནས། ཆབ་སྤེལ་གྱི་རྫུན་ཕྱིལ་ལ་བཏོལ་སོང་། ད་མི་འདི་འདྲ་བོའི་ཀླད་རྙིང་ནང་ལ་བདེན་པ་འཚོལ་བའི་འདུ་ཤེས་ཇི་ཙམ་འདུག

  69. ཟུར་གནས། says:
    2012-07-22 at 10:22 pm

    མགོན་པོ་ཕྱག་གཉིས་པ། དགོངས་པ་མ་འཚོམས། ཁྱེད་ལ་སྐྱོན་བརྗོད་ཞུ་བ་མིན། འདིར་ཆབ་སྤེལ་གྱི་སྐད་ཆ་ཡོང་སྟབས། ཞར་ལ་འཕྲོས་སོང་། རྒན་ཁྱེད་རིག་པ་གསལ་པོ་དང་ཕྲ་བོ་ཞིག་འདུག་པས། དེ་བོད་པ་སྤྱི་ཡོངས་ཀྱི་བདེ་སྐྱིད་འཚོལ་བར་བཀོལ་ཐུབ་ན། ང་ཚོ་ཚང་མར་ཕན་པ་ཆེ།

  70. ཀརྨ་ཡེ་ཤེས says:
    2012-07-22 at 10:59 pm

    ཟུར་གནས་ཡིན་ས་མ་རེད། གཟུར་གནས་རང་རེད་བཞག བོན་ཚོས་སྐྱག་རྫུན་གྱི་གོ་ས་རྩོད་པ་ཆབ་སྤེལ་ནང་བཞིན་རེད། ཧ ཧ གཟུར་གནས་ཀྱིས་་་དཔེར་ན། ༡༩༩༠ནང་ལ། ཆབ་སྤེལ་གྱིས། རང་གི་གཙང་སྤྱོད་ནང་ལ་འབར་རྫས་སྤར་ནས། ཁང་པའི་གསང་སྤྱོད་འགས་གཏོར་བྱས། གཞུང་གི་བདེ་འཇགས་མི་སྣ་ཡོང་དུས། མ་ཉེས་ཁ་གཡོགས་བརྩམས་ཏེ། ཏ་ལའི་བླ་མ་དང་ཁ་བྲལ་རིང་ལུགས་པས་ང་གསོད་རྩིས་བྱེད་ཀྱི་འདུག་ཟེར། རྒྱ་གཞུང་གིས་འདི་བདེན་པར་རྩིས་ནས། ཏ་ལའི་བླ་མས་བོད་ནང་ལ་དྲག་སྐུལ་བའི་བྱ་བ་བརྩམས་སོང་ཟེར་ནས་ཁྱབ་བསྒྲགས་བྱས། ཆབ་སྤེལ་ལ་དམིགས་བསལ་སྐུ་སྲུང་དང་ཐོབ་ཐང་སྤྲད། ཆབ་གྲོས་ནང་ལ་ཁོང་ལ་དམིགས་བསལ་གྱི་གོ་གནས་བཟོས།

    རྗེས་མ་ཁོང་གི་ནང་ལ་གཡོག་ལས་མཁན་དེས། འབར་རྫས་དེ་རྒྱའི་ཁང་པ་རྒྱག་མཁན་ལས་པ་ཞིག་གིས་འཁུར་ཡོང་ནས་སྦས་སོང་། ང་ཚོ་ཚང་མ་ཁང་པའི་ནང་ལ་སྡོད་ཕྱི་ལ་ཡོང་མི་ཆོག་བཤད་སོང་ཟེར་ནས། ཆབ་སྤེལ་གྱི་རྫུན་ཕྱིལ་ལ་བཏོལ་སོང་། ད་མི་འདི་འདྲ་བོའི་ཀླད་རྙིང་ནང་ལ་བདེན་པ་འཚོལ་བའི་འདུ་ཤེས་ཇི་ཙམ་འདུག
    ཅེས་བཤད་པ་ནང་བཞིན་བོན་ལ་༧གོང་ས་མཆོག་གིས་གཤིན་བོན་དང་བཅས་པ་ཞེས་གོ་ས་སྤྲད་པ་རེད། ཡིན་ན་ཡང་ཁོ་ཚོ་ལ་རྫུན་དང་གཡོ་སྒྱུའི་གོ་ས་ཐོབ་པ་ལས་ཁྲིམས་མཐུན་ལུགས་མཐུན་གྱིས་མིན་པ་ཀུན་གྱིས་ཤེས་དགོས་པ་རེད། ཁྲིམས་མཐུན་ལུགས་མཐུན་ནི་བཙན་པོ་ཁྲི་སྲོང་སྐབས་སུ་གནང་བ་དེ་དག་རེད། ད་ཡང་སྔོན་གྱི་བོན་གྱི་ཤི་རོ་དེ་ཡང་རྡ་སས་དངུལ་ལོ་མ་གཏོགས་བསམ་མཁན་མེད་པ་ཚོས་བཟོས་པ་རེད། ཆབ་སྤེལ་ནི་འདིར་དཔེ་དང་དཔེ་ཅན་ཡག་པོ་འདུག དེ་འདྲ་མང་པོ་རེད། ཧ ཧ ད་བླུན་པོ་དག་གིས་རང་གིས་རྫུན་རྐུབ་རང་གིས་ཕུད་འདུག་གྰ།

  71. བན་དེ་བ། says:
    2012-07-22 at 11:18 pm

    ཀརྨ་ཡེ་ཤེས་ཟེར་བ་འདི་ཡིས་ཅི་བཤད་འདི་བཤད་མི་འདུག དྷ་སའི་དཔོན་རིགས་ནས་བོན་པོ་ལ་བདག་པོ་རྒྱབ་དགོས་ཟེར་ནས་དངུལ་ཅི་ཙམ་ཟས་མིན་ཤོད་དང། ལྐོག་དངུལ་སུས་ཟས་པ་རེད་དམ། ག་དུས་སྤྲད་པ་རེད་དམ། བོན་པོ་དྷ་སའི་གཞུང་གིས་བོན་པོ་བདག་པོ་རྒྱབ་པ་དེ་ཁྲིམས་མཐུན་མིན་པ་གང་འདྲ་རེད་དམ། ༸གོང་ས་མཆོག་གིས་བཀའ་དགོངས་བཞིན་བྱུང་བ་ཞིག་མ་རེད་དམ། ཁུངས་སྐྱེལ་བྱེད་དགོས། ཁ་ནས་ཅི་བཤད་མ་རེད་དོ། ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་ཚོར་ཁུངས་སྐྱེལ་རྒྱུ་མེད་ན་མི་ཁྱོད་འདྲ་བའི་རིགས་བོད་མི་དང་ཆོས་ལུགས་ནང་ཁུལ་དབར་གྱི་དཀྲུགས་ཤིང་རྒྱབ་སྟེ་བོད་དུམ་བུ་ཁ་བྲལ་གཏོང་མཁན་རྒྱ་མིའི་རྒྱུགས་ཁྱིའམ་དགྲ་ལ་དཔའ་དར་འཕྱར་མཁན་དེ་ལས་ལྷག་པ་ཞིག་མེད་དོ། ཡིན་ནའང་ཁྱོད་ཀྱི་བསམ་བློ་དང་མཐུན་པ་ཞིག་ནམ་ཡང་ཡོང་ཐབས་མེད། དེ་ཁྱོད་ཀྱི་རྨི་ལམ་ནང་གི་རྨི་ལམ་རེད། ཁྱོད་ཀྱི་གཞུང་འབང་དབར་ལ་དཀྲུགས་ཤིང་ཇི་ཙམ་རྒྱབ་པ་དེ་རྩིས་ཀྱིས་ངེད་ཅག་གཞུང་འབང་དབར་ལ་མཐུན་བསྒྲིལ་དམ་ཟབ་ཆེས་ཆེར་འགྲོ་ངེས་རེད། མི་ཁྱོད་དང་ཨོ་རྒྱན་ཟེར་བ་གང་ལྟར་མིང་རྫུས་འོག་ནས་ཡོང་མཁན་དཔལ་དགྱེས་དང་སྤོབས་མཐའ་ཟེར་བ་བདུད་ཀྱི་རྣམ་སྤྲུལ་གྱིས་མི་གཅིག་ལ་ཆོ་འཕྲུ་སྣ་ཚོགས་ཀྱི་མིང་རྫུས་བེད་སྤྱད་དེ་ནང་ཁུལ་དཀྲུགས་ཤིང་རྒྱབ་ཀྱི་ཡོད་ངེད་ཚོས་ཤེས་གསལ་རེད། ལས་ངན་ཁྱོད་ཚེ་འདིར་ཡང་ཀརྨ་ཤེས་ལས་ངན་ཞིག་ཏུ་སྐྱེས་ཕྱིན་ཆད་ཀྱང་འདི་ལས་སྡུག་་པའི་ལས་ངན་ཞིག་ཏུ་སྐྱེ་བ་ཐག་ཆོད་པ་རེད།
    གོང་གི་དྲི་བ་ཁག་ལ་ལན་མེད་ན་ཁྱོད་ཀྱི་འུག་པའི་རྫུན་དྲུག་དེ་བརྡོལ་བ་ཡིན་ནོ།

  72. མགོན་པོ་ཕྱག་གཉིས་པ། says:
    2012-07-23 at 8:22 am

    ཆབ་སྤེལ་ནི་ཆབ་སྲིད་ཐོག་མི་མགོ་བདེ་འཁྲབ་མཁན་ཞིག་རེད། ཁོས་བྲིས་པ་དག་གི་ནང་གུང་ཁྲན་ལ་དགོས་པའི་སྐད་ཆ་མང་པོ་ཞིག་བཤད་ཡོད་པ་རེད། ཆབ་སྲིད་དང་མ་འབྲེལ་བའི་དོན་དག་དེ་ཚོར་ཉམས་ཞིབ་ཡག་པོ་དང་ཞིབ་ཚགས་པོ་གནང་མཁན། གང་བྲིས་པ་དེ་ལུང་དང་རིགས་པའི་རྒྱབ་ཀྱིས་ཁྱོགས་པ་ཞིག་ཡོད་པ་རེད།
    རྒྱལ་རབས་གསལ་བའི་མེ་ལོང་རྩོམ་མཁན་སུ་ཡིན་མིན་གྱི་ཉམས་ཞིབ་དེ་ཡང་ཞིབ་ཚགས་ཙམ་གནང་འདུག དེ་ལ་བལྟས་ཡོང་ན། མ་མཐའ་ཡང་རྒྱལ་རབས་གསལ་མེ་བརྩམས་ལོ་དེ་ས་འབྲུག༡༣༢༨ ལོ་མིན་པ་དེབ་དམར་ནས་ལུང་དྲངས་ཡོད་པ་དེས་ཤེས་པ་རེད།
    ཉམས་ཞིབ་དེའི་ནང་མ་འདང་བའི་ཆ་ཞིག་ཀྱང་མཐོང་བ་ནི། རྩོམ་མཁན་གཞུ་ཁང་བ་ལེགས་པའི་ཤེས་རབ་ཡིན་ཟེར་བ་དེ་རེད། དེའི་རྒྱབ་རྩར་རྒྱལ་དབང་ལྔ་པ་དང་ཀློང་རྡོལ་རིན་པོ་ཆེ་གཉིས་ཀྱིས་གཞུ་ཁང་བ་ལེགས་པའི་ཤེས་རབ་ཡིན་པར་བརྗོད་ཡོད་པའི་དེབ་མིང་དང་ཚིག་ཇི་བཞིན་ལུང་དྲངས་ཡོད་པ་ཙམ་མ་གཏོགས། གཞུ་ཁང་བའི་མི་ཚེའི་སྐོར་དང་ནམ་བརྩམས་མིན་སོགས་ཞིབ་ཚགས་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་ལམ་ནས་ཁུངས་སྐྱེལ་བྱས་མི་འདུག

  73. BONPO says:
    2012-07-23 at 11:51 am

    གཡུ་འབྲུག་དཀར་པོ་ལགས།
    ཁྱེད་ཚོ་འབྲུག་པའི་ཡི་གེ་འདི། ཞབས་དྲུང་མཚན་ལྡན་དེ་བས་བཟོས་གནང་བ་རེད་དམ། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བཟོས་པ་རེད།
    འབྲུག་ཡིག་གི་སྐོར་ལ་ལོ་རྒྱུས་གཅིག་ཤོད་དང་། ཉན་འདོད་ཡོད།
    ཡང་ན་འབྲུག་པའི་ཡི་གེ་ཟེར་བ་རྩ་བ་ནས་མེད་ཟེར་རྒྱུ་ཡིན་ནམ། ཡང་ན་མཁྱེན་པ་རྒྱགས་ཏེ་འབྲུག་ཡིག་བཟོས་པ་ཟེར་རྒྱུ་ཡིན་ནམ།
    འབྲུག་ཡུལ་མཉམ་སྦྲེལ་རྒྱལ་ཚོགས་ནང་དེབ་སྐྱེལ་བྱེད་དུས་མཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ག་འདྲ་ཞིག་ཡོད་ཟེར་ཁུངས་སྐྱེལ་བྱས་ཡོད་དམ། གསལ་པོ་ཞིག་གསུངས་རོགས། ཚང་མ་ལ་ཕན་ས་རེད།

    དེ་རྗེས་བལ་ཡུལ་གྱི་རྒྱལ་ཁབ་རང་བཙན་མཚོན་བྱེད་སྐད་དང་ཡི་གེ་ག་འདྲ་ཞིག་མཉམ་སྦྲེལ་རྒྱལ་ཚོགས་ནང་དེབ་སྐྱེལ་བྱས་ཡོད་མེད་ཀྱི་སྐོར་ལ་དྲྭ་རྒྱ་འདིར་ཤེས་མཁན་ཡོད་ན་གསལ་པོ་ཞིག་གསུངས་རོགས་ཞུ། །

    དེ་ནས་གཞི་ནས་བོད་པ་ཚང་གཉིད་སད་ཡོང་། དེ་ནས་ཞང་ཞུང་བཀའ་དྲིན་ཆེན་པོ་ཡིན་པ་དྲན་ཡོང་།

  74. མེ་ཏོག་དཀར་པོ། says:
    2012-07-23 at 12:02 pm

    ཞང་ཞུང་རྒྱལ་ལོ། བོན་རང་བཙན་གཙང་མ་ཡིན།

  75. གཡུ་འབྲུག་དཀར་པོ། says:
    2012-07-23 at 1:03 pm

    བོན་པོ་ལགས། ཁྱེད་ཀྱི་མཆན་༧༣ པའི་དྲི་བ་དེའི་ལན་མཁྱེན་པ་རྒྱགས་ཏེ་བོན་ཡིག་བཟོས་པ་ཞེས་དེའི་འོག་ཏུ་བཏབ་ཡོད་པས་དེར་གཟིགས་མཛོད་ཞུ། འདིར་མཆན་༥༥ པའི་ལན་ཞིག་ཞུ་ན་འདོད། ཁྱེད་ཀྱིས་བོན་བསྟན་དེ་འབྲུག་པའི་ཆོས་ལུགས་གསར་པ་མིན་ཞེས་གསུངས་པ་དེ་བདེན་མོད། འོན་ཀྱང་ད་ཆ་གཡུང་དྲུང་བོན་བསྟན་གྱི་གྲུབ་མཐའ་རང་རྐང་ཚུགས་པ་ཞིག་གཏན་ནས་མེད། གཡུང་དྲུང་བོན་བསྟན་གྱི་གདན་ས་གཙོ་བོ་སྐུ་འབུམ་དང་སེའུ་སྒང་རེད། དེ་ལ་ཡང་བོན་བསྟན་ཉམས་ནས་ད་བར་ཕལ་ཆེར་མི་ལོ་༡༠༠ ལྷག་ཙམ་ཟིན་ཡོད་ཚོད་འདུག བོན་བསྟན་དེ་འབྲུག་ཡུལ་གྱི་སྔར་ཡོད་ཀྱི་ཆོས་ལུགས་རྙིང་ཤོས་ཡིན་པ་འབྲུག་པ་རྗེ་མཁན་པོའི་གསུངས་པ་ཡོད་ཟེར། དེ་དེང་སང་ཁྱེད་ཀྱིས་བརྩིས་པའི་བོན་རང་ཨེ་ཡིན་ན་བསམ། འབྲུག་གི་ཆོས་ལུགས་རྙིངས་ཤོས་ཡིན་པས་བདག་གཉེར་བྱ་དགོས་ན་འབྲུག་གི་ཆོས་ལུགས་རྙིང་ཤོས་ནི་དམར་མཆོད་བྱེད་མཁན་གྱི་ཆོས་ལུགས་དེ་རེད། དེ་ལ་ངེད་ཅག་འབྲུག་པ་ཚོས་བོན་ཟེར། འབྲུག་པ་རྗེ་མཁན་པོས་གསུངས་པ་དེ་ཡང་དེ་མིན་ནམ་སྙམ། དེ་ལྟ་བུའི་ཆོས་ལུགས་ནི་ཁྱེད་ཀྱིས་ཀྱང་བདག་ཉར་བྱེད་དགོས་ཞེས་མི་གསུངས་འདོད།
    ཧིན་དུའི་ཆོས་ལུགས་བྱེད་ཆོག་ལ་བོན་གྱི་ཆོས་ལུགས་བྱེད་མི་ཆོག་པའི་རྒྱུ་མཚན་གང་ཡིན་ཟེར་བ་ལ། ཧིན་དུའི་ཆོས་ལུགས་དག་གིས་ནང་པའི་བཟང་པོ་ཚང་མ་ཧིན་དུ་ནས་བྱུང་བ་ཡིན་སོགས་ཀྱི་གླེང་སློང་རྩ་ནས་བྱེད་ཀྱི་མིན་འདུག ད་དུང་སངས་རྒྱས་ཤཱཀ་ཐུབ་ཀྱང་ཧིན་དུའི་ལྷའི་རྣམ་སྤྲུལ་རེད་ཟེར་ནས་ནང་པ་ལ་དཔེ་མི་སྲིད་དགའ་པོ་བྱེད་ཀྱི་འདུག དེ་ཡིན་དུས་ཧིན་དུའི་ཆོས་ལུགས་གསར་དུ་འབྱུང་ན་ཡང་ནང་པ་དང་མཉམ་དུ་ཆོས་ལུགས་ཀྱི་རྙོགས་དྲ་གཏན་ནས་འབྱུང་མདོག་ཁག་པོ་མིན་འདུག འོན་ཀྱང་ཧིན་དུའི་ཆོགས་ལུགས་འདི་ནི་འབྲུག་ལ་གསར་དུ་བཙུགས་པ་མིན་པ་མཁྱེན་དགོས། འབྲུག་ལྷོ་མཚམས་ལ་སྡོད་མཁན་མང་ཆེ་བ་ཧིན་དུ་རེད། ཁོང་འབྲུག་ལ་སྔར་ནས་ཡོད་ལ་སྔར་ནས་ཧིན་དུའི་ཆོས་བྱས་སྡོད་ཡོད་རེད། ད་ལྟ་གསར་དུ་རྒྱག་བཞིན་པ་ནི་འབྲུག་ཡུལ་གྱི་རྒྱལ་ས་ལ་རེད། རྒྱལ་ས་ལ་འབྲུག་པ་ཧིན་དུ་བ་མང་པོ་ཞིག་ཡོད་པས་ཁོང་གི་མན་རྡིར་ཡང་དགོས་ངེས་ཤིག་ཏུ་གྱུར་ཡོད།
    ད་ཡེ་ཤུའི་ཆོས་རེད། སྤྱིར་ཆོས་ལུགས་གང་ཡིན་རུང་མི་སྒེར་སོ་སོས་བྱེད་ན་མང་གཙོའི་ཐོང་ཐང་ཡིན་པས་བྱེད་ཆོག་མོད། མང་ཚོགས་ཀྱི་དཀྱིལ་དུ་སྤེལ་རྒྱུ་ལ་ནི་འབྲུག་པའི་རྩ་ཁྲིམས་ཀྱིས་བཀག་ཡོད་པས་ཁྱེད་རང་ཐུགས་འཚབ་མི་དགོས། ཡང་གསལ་བཤད་ཅིག་ཞུ་རྒྱུར་ད་ལྟ་འབྲུག་ཏུ་དགེ་ལུགས་མེད་ཅེས་པ་ཡང་རང་རྐང་ཚུགས་པ་ཞིག་མེད་ཟེར་གོ་དགོས། འབྲུག་མེ་རག་སག་སྟེང་ཕྱོགས་སུ་ཡོད་པ་དེ་དག་ནི་རྙིང་མ་པད་གླིང་དང་ཟུང་འབྲེལ་ཡོད་པ་རྐྱང་རེད། དེ་བཞིན་འབྲུག་ཡུལ་སོ་སོ་ནས་དེང་སང་རྒྱ་གར་གྱི་གདན་ས་བཞི་སོགས་སུ་སློབ་སྦྱོང་ལ་ཕེབས་མཁན་ཡང་མང་དག་ཅིག་ཡོད། དེ་དག་ཚང་མས་འབྲུག་གི་སྔར་ཡོད་ཀྱི་དགོན་སྡེ་རྣམས་སུ་ཕེབས་ནས་བསྟན་པ་སྤེལ་བཞིན་བཞུགས་ཡོད་རེད། དེ་ལྟ་བུའི་སྐྱེས་བུ་ནི་ད་ནས་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་འབྱུང་བའི་སྨོན་ལམ་འདེབས་ཤིང་ད་ལྟ་བཞུགས་བཞིན་པ་རྣམས་ཀྱང་སྐུ་ཚེ་བརྟན་པའི་སྨོན་འདེབས་ཕུལ་བ་ལགས།

  76. མེ་ཏོག་དཀར་པོ། says:
    2012-07-23 at 1:10 pm

    ༼རྒྱ་གར་གྱི་གདན་ས་བཞི༽དེ་རིང་གོ་ཐེངས་དང་པོ་ཡིན།

  77. གཡུ་འབྲུག་དཀར་པོ། says:
    2012-07-23 at 1:14 pm

    ཧ་ཧ་རྒྱ་གར་དུ་ཡོད་པའི་དགེ་ལུགས་ཀྱི་གདན་ས་བཞི་ཞེས་བཅོས་རོགས།

  78. ཟུར་གནས། says:
    2012-07-23 at 1:15 pm

    མགོན་པོ་ཕྱག་གཉིས་པ།

    དྲན་གསོ་ཞིག་བྱུང་། སྔར་དབྱིན་ཇིའི་བོད་རིག་པ་མཁས་ཅན་ཧེའུ་རི་ཅར་སོན་ཞུ་བ་དེས། བོད་ཀྱི་བཙན་པོའི་ལོ་རྒྱུས་དང་དེའི་སྐབས་ཀྱི་རིག་གཞུང་༼བོན་གྱི་རིག་ག྇ཞུང་བཅས་༽ཤེས་འདོད་ན། ངེས་པར་དུ། ངེས་པར་ཞུ་ཨ་རབ་ཀྱི་ཡི་གེ་སྦྱངས་ནས། ཡིག་ཚགས་རྙིང་པ་དེ་དག་ཀློག་དགོས། ཨ་རབ་ཀྱི་ཡིག་ཚགས་དེ་ཚོའི་ནང་ལ། བོད་ཀྱི་བཙན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དབར་ལ་ཚོང་འབྲེལ་དང་དཕག་འཁྲུག་ཇི་བྱུང་གསལ་པོ་ཡོད་ཚོད། ད་བར་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཇི་ཙམ་བྱུང་ཡང་ཚང་མ་གཤམ་གསལ་གྱི་སྐད་ཡིག་ཁོ་ན་ལས་མེད་པ་སྟེ། རྒྱུ་ཡིག། བོད་ཡིག། དབྱིན་ཡིག་བཅས་རེད། ཅེས་གསུངས་པ་དྲན།

    མགོན་པོ་ཁྱེད་ཀྱི་བྱས་ན་འདི་ལ་གནད་འགག་ཨེ་འདུག

  79. རྨུ་ཐག་གི་བུ་རྒྱུད། says:
    2012-07-23 at 1:42 pm

    ཨོ་རྒྱན་ཉི་མ་ཟེར་བ་འདི་བཙིར་བཙིར་ན་འཁུམ་འགྲོ་བའི་སྤུ་ནང་བཞིན་ཞིག་རེད། མང་པོ་ཞིག་བཤད་མ་བཤད་མི་འདུག བོན་པོས་བན་སྡེ་ལ་སྡང་ཟུག་བྱས་ཟེར་བ་ལས་བན་སྡེས་བོན་པོ་ལ་སྡང་ཟུག་བྱས་ཟེར་ན་ལོ་རྒྱུས་དང་མཐུན་ལ་དོན་དངོས་དང་ཡང་འབྱོར་བ་ཞིག་རེད། ཞང་ཞུང་སྨར་ཡིག་གི་ལོ་རྒྱུས་བཤད་རྒྱུ་ཡོད་ཅིང་དེ་དང་མཐུན་པའི་ས་འོག་གི་དངོས་རྫས་ཀྱང་སྟོན་རྒྱུ་ཡོད་པ་ལོ་མང་པོའི་སྔོན་ནས་༸གོང་ས་མཆོག་གིས་ཀྱང་བཀའ་གནང་སོང་། ད་དུང་བོད་ནས་དུས་རབས་བདུན་པའི་སྔོན་གྱི་དཔེ་ཆ་མང་པོ་ཞིག་པར་བསྐྲུན་བྱས་ནས་འགྲེམས་སྤེལ་བྱེད་བཞིན་པ་དེ་དག་ཚན་རིག་པ་དང་བན་སྡེར་གཏོགས་པའི་ལོ་རྒྱུས་མཁན་ཚོས་ཐག་བཅད་པ་ལས་བན་པོ་ཞིག་གིས་དད་པའི་དབང་གིས་བཤད་བཞག་པ་གང་ཡང་མ་རེད། ད་དུང་ཁས་མི་ལེན་ན་ཁས་མི་ལེན་པ་ཙམ་དུ་འཇོག་པ་ལས་ཅི་ཡོད། ལར་ནས་རང་རེའི་མཁས་པ་མང་པོ་ཞིག་གིས་ཆེ་བ་ཡོད་ཚད་ཀྱི་ཁུངས་ཕྱི་ལ་གཏུགས་ཤིང་ངན་པ་ཡོད་ཚད་རང་ཐོག་ཏུ་སྤུང་པའི་ལས་ངན་དེས། ད་ལྟའང་འབྲས་བུ་ངན་པ་འདི་འདྲ་བ་སྐྱེད་བཞིན་པ་འདི་ལས་སེམས་སྐྱོ་བ་ཞིག་ག་ལ་ཡོད། ད་དུང་ཅི་ཞིག་གི་གསང་བ་བརྟོལ་སོང་བའི་ཚུལ་བྱེད། ལན་དུ་སྨྲ་བ་ལ་ནི་སྣ་ཟིན་སྤུ་ཟིན་ཙམ་ལས་འདིས་འདི་བྱ་བ་སྨྲས་སོ་སྙམ་པའི་གནད་པོ་ཆེ་སྟོན་དུ་རི་བ་ཤིག་གི་སྟུག་ཁུང་ཙམ་ཡང་མེད། འདི་ཚོས་དཔེ་ཆ་འགའ་རེར་བམ་ལྟ་བྱས་པ་ཙམ་གྱིས་དྲེགས་པ་ཆེས་ཆེར་རྒྱས་ཏེ། ཆུ་ཁོ་ནས་ཕོ་བ་བཀང་སྟེ་ཁ་ནས་སྒྲེགས་དྲི་དང་རྐུབ་ནས་སྟུག་དྲི་བར་མེད་དུ་གཏོང་བའི་ཚུལ་བྱེད། འདི་ཚོ་ལ་གཞུང་ལུགས་ཀྱི་ཁོག་བཀྲུས་པའི་ཚིག་གནད་པོ་ཆེ་བཤད་པས་གོ་བ་མིན་ཏེ། སེང་གེའི་འོ་མ་ཤིང་གི་ཟོ་བས་མི་འཚོག་པ་དང་འདྲ། དེ་བས་ཚིག་ཡམ་ཡམ་དང་དོན་སོབ་སོབ་འདྲ་སྨྲས་ན་དེར་ཡ་མཚན་སྐྱེ་བ་ཡིན། དེ་ཁམས་ལ་འཕྲོད་པ་ཡིན།

  80. མགོན་པོ་ཕྱག་གཉིས་པ། says:
    2012-07-23 at 3:40 pm

    མཆན༧༨ པར། དེ་དེ་བཞིན་ནོ། གནད་འགག་ཡོད་མེད་ལ་ཐེ་ཚོམ་ཁོ་རང་ཟ་དགོས་དོན་ཅི་ལ་ཡོད། སྐད་རིགས་ག་ཚོད་མང་ང་ཤེས་ན་ཡག་ག་མ་གཏོགས་ཡོད་རྒྱུ་མ་རེད། ཨ་རབ་སྐད་ཁོ་ན་མིན་པར་ཨི་རན། ཨ་རབ། དྲུ་གུ ལི་ཡུལ་སོགས་ཀྱང་ངོ་། ད་ལྟའི་ཨི་རན་ཏེ་པར་སིག་གམ་སྟག་གཟིག་ཡང་ན་ཏ་ཟིག་ལ་མཚོན་ན་བོན་ཆོས་དང་འབྲེལ་བ་གཏིང་ཟབ་པོ་བྱུང་ཡོད་ཚུལ་འདུག་པ་ལྟར་རེད། དེ་ནས་ཨ་རབ་དང་དྲུ་གུ་ལི་ཡུལ་བཅས་ལ་དུས་རབས་བདུན་པ་ནས་དམག་འཐབ་དང་མཉམ་འབྲེལ། གཉེན་འབྲེལ། ཚོང་འབྲེལ་སོགས་ཀྱི་འབྲེལ་བ་བྱུང་ཡོད་པ་ལྟར་རེད། ཤར་གླིང་དཀྱིལ་གྱི་བོད་བཙན་པོ་ཞེས་པའི་དབྱིན་སྐད་ཀྱི་དཔེ་ཆ་དེ་ལས་ཞིབ་ཚགས་པ་ཞིག་ད་སྔ་རྒྱ་བོད་དབྱིན་གསུམ་གྱི་ནང་བྲིས་པའི་བོད་ཀྱི་ལོ་རྒྱུས་ཤིག་མཐོང་མ་སོང་།
    རྩོམ་པ་པོས་ཨ་རབ། དྲུ་གུ། བོད། རྒྱ་ནག་གི་སྐད་ནང་ཡོད་པའི་ལོ་རྒྱུས་ཁུངས་ཐུབ་དེ་ཚོའི་ཐོག་དབྱིན་ཡིག་ནང་བྲིས་པའི་རྒྱལ་ཁབ་དེ་དང་དེའི་ལོ་རྒྱུས་ཁག་སོགས་དཔྱད་གཞིར་བཟུང་ནས་བྲིས་འདུག་པས་ལོས་ཡིན། རང་རེའི་ནུབ་བྱང་རྒྱུད་ཀྱི་ད་ལྟའི་ཁ་ཆེའི་མི་རིགས་དེ་ཚོ་རེས་མོས་ཀྱིས་ཨརབ་བོད། རྒྱ་ནག དྲུ་གུ་སོགས་ཀྱིས་དབང་འོག་བསྡུས་ལོ་དང་ཤོར་བའི་ལོ་སོགས་ཀྱིས་མཚོན་ཞིབ་ཚགས་བྲིས་འདུག

  81. རླངས་སྔགས་ says:
    2012-07-23 at 8:46 pm

    ང་ནི་བོན་པོ་ལ་བདུད་དུ་ལྟ་བ་ཞིག་མིན། བོན་པོ་ལྷ་རུ་འཛིན་མཁན་ཞིག་ཀྱང་མིན། བོན་ནི་འཕོ་འགྱུར་མ་བྱུང་བའི་སྲོང་བཙན་་ཡར་སྔོན་གྱི་བོད་མི་ཚོའི་ཉིན་རེར་འཚོ་བའི་ཁྲོད་ཀྱི་དད་མོས་བྱེད་སའི་བསམ་བློ་རྣལ་མ་ཞིག་ཡིན་པ་ནམ་ཡང་ཁས་ལེན་ངེས། སྒྲུང་ལྡེའུ་བོན་གསུམ་གྱི་བོད་ཀྱི་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་བ་ལོ་རྒྱུས་ཁག་ན་བདེན་པ་རེད། སུ་ཞིག་གིས་ཀྱང་སུབ་མི་ཐུབ། ཡིན་ན་དེང་སང་གི་བོན་པོས་གླེང་བཞིན་པའི་བོན་གྱི་བཀའ་བསྟན་དང་བོན་ཡིག་འདིས་རྭ་སྤུས་འུར་རྡོ་ར་ཡི་འཇིང་བར་འཁོར་ཟེར་བ་ལྟ་བུ་ཆགས་འདུག བོད་ཀྱི་ལོ་རྒྱུས་དང་ཤེས་རིག དམག་དོན། ཆབ་་དཔལ་རིག་གསུམ་གྱི་རྨང་འཛུགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་བདུད་ཀྱི་རྒྱལ་པོ་གསུམ་ཞེས་ལྷ་སར་དཔར་བསྐྲུན་བྱས་བའི་བོན་ལུགས་ཀྱི་བྱུང་བ་བརྗོད་པའི་ནང་གསལ་པོ་བཀོད་འདུག དེ་ལྟར་ལབ་པ་ཙམ་གྱིས་་སྐྱོན་ཆེ་མེད་མོད། ནང་བ་སངས་རྒྱས་བའི་མདོ་སྔགས་རིགས་པའི་འབྱུང་གནས་དཔལ་ཎ་ལནྜའི་པཎ་གྲུབ་དུ་མའི་ཞལ་ནས་སྙན་དུ་བརྒྱུད་པའི་གཞུང་ལུགས་གཞི་དབུ་མ་ཆེན་པོའི་ལྟ་བ། ལམ་ཕྱག་རྒྱ་ཆེན་པོའི་སྒོམ་པ། འབྲས་བུ་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་དག་ཡང་ཁོང་ཚོའི་ཡིན་ཟེར་བའི་གཏམ་མང་པོ་གོ་རྒྱུ་འདུག དཔེར་ན མི་ཞྭ་བོ་རྟ་ཞ་ར་ལ་ཞོན་ནས་བང་རྩལ་འགྲན་པ་དང་གཅིག་མཚུངས་རེད། འདིའི་རིགས་ལ་ལྟ་འདོད་ཡོད་ན་འཇུ་མི་ཕམ་མཆོག་གི་བྲིས་བའི་དབུ་མ་རྒྱན་གྱི་རྣམ་བཤད་ལ་གཟིགས་རོགས། མེད་པ་ལ་སྒྲོ་འདོགས་དང་ཡོད་པ་ལ་སྐུར་འདེབས་བྱེད་པའི་བྱ་སྤྱོད་འདི་སོ་བ་དཀར་པོ་འགྲོ་བར་རློམ་པའི་དཔེ་ལས་མ་མཆིས་སོ།། །།

  82. ཁ་ཚ་ར། says:
    2012-07-23 at 9:40 pm

    ཨོ་རྒྱན་ཉི་མས་སྤྲུལ་པ་མང་པོ་སྟོན་གྱིན་འདུག་ག

  83. BONPO says:
    2012-07-23 at 10:18 pm

    རླངས་སྔགས་ཀྱིས་སྨྲས་པ།
    ༼བོད་ཀྱི་ལོ་རྒྱུས་དང་ཤེས་རིག དམག་དོན། ཆབ་་དཔལ་རིག་གསུམ་གྱི་རྨང་འཛུགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་བདུད་ཀྱི་རྒྱལ་པོ་གསུམ་ཞེས་ལྷ་སར་དཔར་བསྐྲུན་བྱས་བའི་བོན་ལུགས་ཀྱི་བྱུང་བ་བརྗོད་པའི་ནང་གསལ་པོ་བཀོད་འདུག༽ ད་ཡང་རྫུན་རྒན་ང་ཡིན་ཟེར་མཁན་ཞིག་སླེབས་འདུག། ་་་་་ལྷ་སར་དཔར་བསྐྲུན་བྱས་བའི་བོན་ལུགས་ཀྱི་བྱུང་བ་བརྗོད་པའི་ནང་་་་་དེ་འདྲའི་དཔེ་ཆ་ཞིག་ག་བ་འདུག། རྩོམ་པ་པོ་སུ་རེད་འདུག། དཔར་བསྐྱུན་བྱེད་པོ་སུ་རེད་འདུག། ད་དུང་ཁྱོད་ཀྱིས་གསལ་པོ་བཀོད་འདུག་ཟེར་བཤད་འདུག། ཡིག་འཕྲེང་དང་བཅས་པ་སྟོན་རྒྱུ་མེད་ན། ཁྱོད་ཀྱང་་རྫུན་གཏམ་གྱི་བཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་མཁན་དེ་ཚོའི་གྲས་ཤིག་ཡིན་པ་ཐག་ཆོད། ད་དེང་སང་དྲྭ་རྒྱ་ཀུན་ལ་ཁྱབ་པའི་དུས་སྐབས་འདིར་རྫུན་གཏམ་གླེང་ས་དང་མི་མགོ་སྐོར་ས་རྙེད་མི་ཡོང་། ད་དུང་རྨང་འཛུགས་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ། རྨང་ག་རེ་་འཛུགས་རྒྱུ་ཡོད། རྨང་བོན་པོས་བཙུགས་པ་དེའི་སྟེང་ལ་མགོ་བདེ་འདྲ་འཁྲབ་ཡོད་ན་ཆོག། ད་དེའི་འབྲས་བུ་དེང་སང་མཐོང་གི་འདུག་བ། ཕལ་ཆེར་རྨང་འཛུགས་ག་ཐལ་སོང་བ་ཡིན་འགྲོ། །

  84. རྨུ་ཐག་གི་བུ་རྒྱུད། says:
    2012-07-23 at 11:07 pm

    རླངས་སྔགས་ལགས། བཅོམ་ལྡན་འདས་ཀྱིས་རྫོགས་པ་ཆེན་པོ་དང་སྔགས་ཕར་ཟད། ཐེག་པ་ཆེན་ཡང་བསྟན་ཡོད་མེད་ལ་ཁྱེད་ཅག་བོད་ཕྱི་ནང་གི་བན་སྡེ་རྣམས་མི་མཐུན་པར་འདུག་ཅིང་། རྫོགས་པ་ཆེན་པའི་ཐད་ནས་བོད་རང་གི་བན་སྡེ་རྣམས་ལའང་རྩོད་གཞི་དེ་ཙམ་འདུག དཔེར་ན་རྒྱལ་བ་ཙོང་ཁ་པས་དགག་པ་ཅི་ཙམ་གནང་འདུག དང་པོ་ཁྱེད་རང་ཚོས་གཅིག་གྱུར་བྱོས། དེ་ནས་བོན་པོར་རྩོད་ན་རྩོད་སྟངས་ཤིག་ཡོད་རྒྱུ་རེད། སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། ཟེར་བ་མ་རེད་དམ། རྫོགས་ཆེན་གྱི་ལྟ་བ་དབུ་མའི་ལྟ་བར་བཙན་གྱི་སྡུད་པ་སོགས་འུ་ཐུག་ཐབས་ཟད་ཀྱི་བྱ་བར་འཇུག་སྟངས་ལ་བལྟས་པས་ཀྱང་ཅི་ཞིག་གི་གནད་ལ་ཐུབ་ཡོད་པ་ཤེས་ཐུབ་རྒྱུ་རེད། དེང་སང་ད་རྐུན་མ་བདག་པོ་དང་བདག་པོ་ནག་ཅན་དུ་གྱུར་འདུག་ཨང་།

  85. BONPO says:
    2012-07-23 at 11:24 pm

    གཡུ་འབྲུག་དཀར་པོ་ལགས་འདིར་གཟིགས་པར་འཚལ།
    Modern Bhutanese Sources Concerning Dorje Lingpa and Kubum
    Journal of Bhutan Studies
    Samten G. Karmay

    Among the well known modern Bhutanese historians , Lopon Nado
    (1986: 73) in his exceedingly interesting work has mentioned Dorje Lingpa, but makes no remark about Kubum. Lopön Pema, who is also
    considered as an authority on the history of Bhutan, passes it in
    silence altogether. However, Gedün Rinchen, better known as Geshe
    Dragphupa, the 69th Je Khenpo, i.e. the head of the Drukpa Kagyu,
    the state religion in Bhutan, has in passing devoted a short passage to
    Kubum in his BN. It is written in the traditional style of the
    type of work and was completed in 1972, a truly monumental work on
    the historical development of Buddhist institutions in Bhutan. Here is
    a translation of the passage on Kubum:
    “As the Bon religion was established in Tibet before Buddhism
    flourished there, so it was also established in Bhutan during the period
    of the later diffusion of the Doctrine. From the seat of Yungdrungling
    (monastery) in Ralag where was upheld the religious system of
    Shenrab, the Master of Bon from Zhangzhung, the Zhabdrung
    Tshanden Dewa came to this country. He gradually established his
    seats by founding Kubum monastery in Shar and (another seat) in
    Sewagang, etc. and so the religion spread (in this country). To this
    day, performing of the atonement rite according to the Bon tradition
    and the propitiation rite to Sri Gyalmo have continued (at these
    establishments).”50
    Yungdrungling is one of the three Bonpo monastic establishments in
    Central Tibet. It was founded only in 1834 and is situated above the
    village Ralag to the north of the Tsangpo river on a plateau just across
    the river where the well-known ferry Tagdrukha is located. The name
    Tshanden Dewa is certainly a deformation of Tshanden Dulwa. In this
    case the term bde ba is simply an onomatopoeic mispronunciation of
    ’dul ba. It is about Dru Dulwa Gyaltshen (1239-1293) who was often
    called Tshanden Dulwa and whom I have already mentioned above.
    The term tshanden (mtshan dang ldan pa, lit. “one who possesses
    marks”) is often used as a title for a master considered highly
    qualified. In a song Dorje Lingpa applies it to Padmasambhava as
    “father, the Lama who possesses all the marks”.51 It is interesting to
    note that the Je Khenpo uses the title Zhabdrung for this Bonpo Lama
    even though it is not often used among the Bonpo themselves and in
    any case never for the Lama in question.
    Sri Gyalmo is of course Ma Sripa Gyalmo, the Bonpo religious
    protectress whose image is painted on the wall in the inner sanctuary
    of the in Kubum. I have not been able to find any
    information with regard to Sewagang, obviously the name of a place.
    The passage written by the Je Khenpo which I came to analyse
    suggests that Kubum would seem to have been founded by Tshanden
    Dulwa Gyaltshen and this agrees with the words of Dorje Lingpa who
    clearly stated “Kubum, the seat of Lama Rinpoche Dulwa”. Kubum
    therefore was founded in the thirteenth century by Tshanden Dulwa.
    The passage also suggests that the transformation of Kubum into a
    Buddhist temple might have been of a recent date. The Je Khenpo was
    writing his work in 1972 and he emphatically stated “to this day”
    implying that the place was still a Bonpo establishment.

  86. གཡུ་འབྲུག་དཀར་པོ། says:
    2012-07-24 at 1:56 am

    བོན་པོ་ལགས་ཁྱེད་ཀྱིས་བསྐུར་བ་དེ་ངས་སྔོན་ནས་བཀླགས་ཚར། འོན་ཀྱང་ཐུགས་རྗེ་ཆེ་ཞུ།

  87. BONPO says:
    2012-07-24 at 9:10 am

    གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་སྨྲས་པ།
    ༼བོན་པོ་ལགས། ཞབས་དྲུང་མཚན་ལྡན་འདུལ་བ་ཟེར་མཁན་དེ་འབྲུག་ལ་སླེབས་ནས་མི་ལ་མགོ་སྐོར་ཅི་ཐུབ་བཏང་། འབྲུག་པ་ལ་ཆོས་བཤད་དང་བྱིན་རླབས་སོགས་བྱས་མདོག་གིས་འབྲུག་པ་ནས་འབུལ་སྡུད་སོགས་བྱས་ཏེ་བོད་ལ་བསྐྱལ་ནས་བོད་ཀྱི་བོན་པོ་ཚོ་གསོ་སྡོད་ཡོད་ན་མ་གཏོགས། གཞན་འབྲུག་ལ་བྱས་རྗེས་གང་ཡང་བཞག་ཡོད་མ་རེད། ཧ་ཧ་ཀུ་རེ་ཡིན། ངས་ཞབས་དྲུང་མཚན་ལྡན་འདུལ་བའི་སྐོར་གང་ཡང་མི་ཤེས། འབྱུང་ན་ཁོང་གི་རྣམ་ཐར་ཞིག་མཇལ་འདུན་ཡོད།༽ ཟེར་བཤད་པ་ལ། ཞབས་དྲུང་མཚན་ལྡན་འདུལ་བ་མཆོག་ཁྱེད་ཀྱིས་གོང་དུ་སྨྲས་པའི་ཚིག་ངན་བཞིན་རྒྱུ་ནོར་འབུལ་སྡུད་ལ་བརྩོན་མཁན་དེ་འདྲ་ཡིན་ས་མ་རེད། རྩ་བའི་ཆ་ནས་བླ་མ་ཁོང་རང་གི་ཡབ་གཞིས་ལ་བྲུ་ཚང་ཞུ་བ་རེད། བྲུ་ཚང་ནི་སྐབས་དེ་དུས་བོད་ཡུལ་དབུས་སུ་རྒྱུ་ནོར་དཔལ་འབྱོར་དང་དབང་ཐང་ཆེན་པོ་ཡོད་པའི་བོན་པོའི་ཁྱིམ་ཚང་ཞིག་ཡིན་པ་དང་། བྲུ་ཚང་གིས་སྦྱིན་བདག་གནང་ནས་བོན་པོའི་དགོན་ཆེན་་་གཡས་རུ་དབེན་ས་ཁ་་་བཞེངས་ཏེ་དགོན་པ་དེར་བྲུ་ཡི་གདུང་ལས་བྱོན་པའི་མཁས་གྲུབ་སྐྱེས་ཆེན་དམ་མང་པོ་ཕེབས་པའི་ནང་ནས་ཞབས་དྲུང་མཚན་ལྡན་འདུལ་བ་དེའི་ནང་ནས་གཅིག་རེད།བོན་སྦྱིན་ཆེན་མོ་མི་དབང་བྲུ་ཚང་གི་ཁྱིམ་ཚང་དུ་དུས་ཕྱིས་བན་དེའི་་་པན་ཆེན་སྐུ་འཕྲེང་ལྔ་པ་དང་བརྒྱད་པ་གཉིས་ཐེངས་མ་གཉིས་ངོ་འཛིན་བྱས་ནས་དེ་རྗེས་བྲུ་ཚང་གདུང་རྒྱུད་གོ་རྒྱུ་མེད་པ་འདྲ་པོ་ཆགས་སོང་འདུག། ཞབས་དྲུང་མཚན་ལྡན་འདུལ་བ་མཆོག་གཡས་རུ་དབེན་ས་ཁའི་བླ་མར་བསྐོས་ཀྱང་། ཁོང་དེར་ཡུན་རིང་བཞུགས་དུ་མི་འདོད་ནས་རི་ཁྲིད་དུ་སྒོམ་ཉམས་ལེན་ལ་ཕེབས་པར་ཐུགས་འདུན་གནང་མཁན་ཞིག་རེད་འདུག། མི་མང་པོས་ཞུ་བ་ཐེངས་མང་བྱས་ཀྱང་མ་ཐུབ་ནས་ཕེབས།སྐབས་དེར་ཁོང་གིས་ཞལ་གདམས་འདི་ལྟར་གསུངས་པ།
    ཕྱི་བདག་འཛིན་འཁྲུལ་བའི་ཡུལ་མཁར་སྤངས། ནང་ཞེན་འཛིན་འཁྲུལ་བའི་གཉེན་འདུན་སྤངས། བར་འདུ་འཛི་གཡེང་བའི་ཡོ་ལང་སྤངས། གསུམ་དེ་གསུམ་ཕྱི་ཡི་བློས་བཏང་ཡིན། ལུས་བཞི་འདུས་འདི་ལ་གཅེས་འཛིན་སྤངས། སེམས་དྲན་གསལ་འདི་ལ་ངོས་འཛིན་སྤངས། ལས་ཟིན་མེད་ལོ་ཀའི་བྱ་བཞག་སྤངས། གསུམ་དེ་གསུམ་ནང་གི་བློས་བཏང་ཡིན། གཞི་ལྟ་བ་འདི་ལ་ཕྱོགས་རིས་སྤངས། ལམ་སྒོམ་པ་འདི་ལ་བྱིང་རྒོད་སྤངས། མཐར་འབྲས་བུ་སེམས་གཉིས་རེ་དོགས་སྤངས། གསུམ་དེ་གསུམ་དོན་གྱི་བློས་བཏང་ཡིན། །
    གསུངས་ཏེ་དུས་དེ་ནས་བཟུང། དབེན་གནས་ཡར་འབྲོག་ར་དམར་དང་། ལྷོ་བྲག་མཁར་ཆུ། མོན་ཡུལ་བུམ་ཐང་གི་ལྷོ་མ་ངོན་ལུང། སོགས་སུ་ཕེབས་ནས་སྒོམ་ཉམས་ལེན་ཁོ་ནར་བརྩོན་པར་གནང་འདུག། དུས་སྐབས་དེ་འདྲ་ཞིག་ལ་ཡང་སྐྱར་གདན་འདྲེན་པ་བྱུང་ནས་ཕེབས་པར་མ་གནང་ཞིང་ཞལ་གདམས་འདི་ལྟར་གསུངས་པ།
    གླད་མེད་ཕྱོགས་མེད་འགྲིམ་པར་སྤྲང་ཟས་ཞིམ། མདོ་མེད་ཀྱི་བློ་སེམས་ནགས་ཁྲོད་བདེ། ལྷོ་བོད་གཉིས་ཀྱི་སོ་མཚམས་ནས།གཡས་རུའི་ཕྱོགས་སུ་འཕྲིན་དེ་ཐལ། གསུངས་ནས་ཕེབས་པར་མ་མཛད།
    ཞབས་དྲུང་མཚན་ལྡན་འདུལ་བ་ལྟ་བུ་འབྲུག་པ་ཁྱེད་རང་ཚོའི་རྩ་བའི་བླ་མ་བྱུང་བ་དེ་འབྲུག་མི་ཚོ་བསོད་ནམས་ཆེན་པོ་ཡིན་ས་རེད། ཁོང་ཆབ་སྲིད་འཁྲབ་མཁན་དེ་འདྲ་མིན་པས་ཆབ་སྲིད་ཀྱི་བྱས་རྗེས་མེད་པ་ཡིན་ནའང་ཆོག། དུས་ཕྱིས་སྙུང་གཞི་བག་མཐུར་སོང་དུས། ཞབས་ཏོག་པ་རྣམས་ཀྱིས་ཁུར་ཞིང་མོན་ཡུལ་བུམ་ཐང་ཕྱོགས་སུ་བྱོན་ནས། ལྷོ་མ་ངོས་ལུང་བྱ་བར་བཞུགས་གསུངས་འདུག་པས། ཁོང་ལ་མོན་པ་ཚོའི་རྩ་བའི་བླ་མར་བཀུར་ནས་ཡག་པོ་གནང་ཡོད་ས་རེད། མཐའ་མ་སྐུ་ཞི་བར་གཤེགས་ས་ཡང་མོན་ཡུལ་རང་ལ་རེད་འདུག། གནས་ཚུལ་འདི་འདྲ་ཡོད་དུ་ངོས་རང་མོན་པ་ཚོ་ལ་ཤིན་དུ་དགའ། འབྲུག་རྒྱལ་ལོ། བཀྲ་ཤིས་བདེ་ལེགས། །

  88. BONPO says:
    2012-07-24 at 9:28 pm

    གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་སྨྲས་པ། །
    ༼འབྲུག་གི་ཆོས་ལུགས་རྙིངས་ཤོས་ཡིན་པས་བདག་གཉེར་བྱ་དགོས་ན་འབྲུག་གི་ཆོས་ལུགས་རྙིང་ཤོས་ནི་དམར་མཆོད་བྱེད་མཁན་གྱི་ཆོས་ལུགས་དེ་རེད། དེ་ལ་ངེད་ཅག་འབྲུག་པ་ཚོས་བོན་ཟེར། འབྲུག་པ་རྗེ་མཁན་པོས་གསུངས་པ་དེ་ཡང་དེ་མིན་ནམ་སྙམ།༽ བཤད་པ་ལ། སྤྱིར་ཧིན་རྡུ་ལའང་འདྲ་མིན་སྣ་ཚོགས་ཤིག་ཡོདཔ་དང། དེ་བཞིན་བན་དེའི་ཆོས་ལའང་འདྲ་མིན་སྣ་ཚོགས་པ་ཡོད། ཁ་ཆེའི་ཆོས་ལ་འང་འདྲ་མིན་སྣ་ཚོགས་པ་ཡོད། དེ་ལྟར་བོན་ལའང་འདྲ་མིན་སྣ་ཚོགས་པ་ཡོད་ལོས་ཆོག། ཡིན་ནའང་དེང་སྐབས་འཛམ་གླིང་འདིར་བོན་པོ་ཡིན་ཟེར་མཁན་ཞིག་ཡོད་ན་ང་ཚོ་ཚང་མ་སྐྱིད་སྡུག་གཅིག་པ་ཡིན། དེ་ཡིན་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི། བོད་ཡུལ་གྱི་ཡུལ་འཁྱར་བན་ཆོས་པ་ཚོས། རང་ཡུལ་གྱི་བོན་པོ་ཚོ་ལ་མི་ལོ་རྒྱ་ཕྲག་མང་པོར་བསམ་ཡུལ་ལས་འདས་པའི་མནར་གཅོད་ཚད་མེད་བཏང་བའི་ཡ་ལེན་ཡིན། སྡུག་པོ་བྱུང་དུས་དཀར་མཆོད་དམར་མཆོད་འབུལ་མཁན་གྱི་ཁྱད་པར་མེད། སྐྱིད་སྡུག་གཅིག་པ་ཡིན་ནོ་ལགས། རྩ་བའི་ཆ་ནས་ཆོས་ག་འདྲ་ཞིག་ཡིན་ནའང་སོ་སོས་ཉམས་སུ་ལེན་རྒྱུ་ཡིན་པས། རྣམ་སྨིན་ག་འདྲ་ཞིག་ཡོད་ནའང་སོ་སོའི་ཐོག་ལ་སྨིན་རྒྱུ་རེད། དེ་གཅིག་ཞུ་འདོད་བྱུང་། །

    གཉིས་པ་ཁྱེད་ཚོའི་ད་ཡོད་ཀྱི་གཞུང་ཆོས་དེ་གསང་སྔགས་ཀྱི་ཆོས་ལུགས་རེད་ཟེར་བ་ཞིག་གོ་བྱུང་། དེ་བདེན་པ་ཡིན་མིན་མི་ཤེས། གསང་སྔགས་ཀྱི་ཆོས་ལུགས་ནང་དུ་་་་བསྒྲལ་བའི་ཞིང་བཅུ་་་་ཟེར་བ་ཞིག་འདུག་པས་དམྱལ་བ་ཡིད་དྭགས་བྱོལ་སོང་གསུམ་བསྒྲལ་ཆོག་པའི་ཞིང་དུ་བཞག་ཡོད། དེ་བཞིན་བསྟན་པའི་དགྲ་བོ་མང་པོ་ཞིག་བསྒྲལ་ཆོག་པར་བསྟན་ཡོད། བསྒྲལ་ཞེས་པའི་དོན་ནི་་གསོད་པ་དང་གཏུབ་པ་ལ་གོ་བ་དང་། ད་དེ་འདྲ་ཆོག་ན་བྱོལ་སོང་ཚང་མ་གསོད་ཆོག་གམ། སྡུག་བསྔལ་ཡུན་ཐུང་དུ་གཏོང་བའི་ཕྱིར། ངན་སོང་གསུམ་གྱི་སེམས་ཅན་རྣམས་གསོད་ཆོག་པར་བསྟན་པའི་ཁྱེད་ཚོའི་གཞུང་ཆོས་དེ་ལ་གསལ་བཤད་ག་འདྲ་ཡོད། བསྟན་དགྲ་གསོད་ཆོག་པར་བསྟན་པའི་ཁྱེད་ཚོའི་གཞུང་ཆོས་ལ་འགྲེལ་བཤད་ག་འདྲ་ཡོད། ད་འཚེ་མེད་གྱི་བསྟན་པ་མ་ཡིན་པར་ཐལ་འཚེ་བའི་ལམ་སྟོན་ཡང་དག་བྱས་པའི་ཕྱིར། དེར་ཐལ་བསྒྲལ་ཆོག་པའི་ཞིང་བཅུ་ལེགས་པར་བསྟན་པའི་ཕྱིར། འོ་ན་བསྒྲལ་བ་དེ་འཚེ་བ་མིན་ལབ་རྒྱུ་ཡིན། གཅིག་གསུངས་དང་ལགས།

    གསུམ་པ་ཧིན་རྡུ་བ་ཚོས་་་ལྡི་བ་ལི་་་ཟེར་བའི་དུས་ཅེན་དེར་སེམས་ཅན་མང་པོ་དམར་མཆོད་བྱེད་ཀྱི་འདུག་པས་འབྲུག་པའི་ཧིན་རྡུ་བ་ཚོས་དེ་འདྲ་བྱེད་ཀྱི་ཡོད་དམ། ཡང་ན་ཧིན་རྡུའི་ཆོས་ཀྱི་སྟངས་འཛིན་དེ་བན་དེས་བྱེད་ཆོག་གམ། ཁྱེད་ཀྱིས་ཧིན་རྡུ་བས་བན་དེ་ཚོར་ཡག་པོ་བྱེད་ཀྱི་འདུག་གསུངས་འདུག་བ། ཡིན་འང་བན་དེ་ཚོས་ཧིན་རྡུ་ལ་མུ་སྟེགས་པའི་ཆོས་ལབ་དགོས་པ་ཅིའི་ཕྱིར་ཡིན་ནམ། འོ་ན་འབྲུག་ཡུལ་གྱི་ཧིན་རྡུ་བ་ཚོས་འོ་ལགས་སོ་ཇི་ལྟར་གསུངས་པ་ལྟར་ང་ཚོ་ནི་མུ་སྟེགས་པ་ཡིན་ནོ་ལབ་ཀྱི་འདུག་གམ། དེ་འདྲ་ལབ་ཀྱི་ཡོད་ན་ཁྱེད་ཚོའི་འདོད་དོན་ཐམས་ཅད་འགྲུབ་ཚར་བ་རེད། ངས་བཀྲ་ཤིས་བདེ་ལེགས་ཡོད།

  89. རི་རྒྱལ་ཏི་སེ། says:
    2012-07-25 at 12:10 am

    ༨༨༽ BONPO ལགས་ལ་གསལ་བཤད་ཞུ་རྒྱུ་ཞིག་ལ། ༼གསང་སྔགས་ཀྱི་ཆོས་ལུགས་ནང་དུ་་་་བསྒྲལ་བའི་ཞིང་བཅུ་་་་ཟེར་བ་ཞིག་འདུག་པས་ དམྱལ་བ་ཡིད་དྭགས་བྱོལ་སོང་གསུམ་བསྒྲལ་ཆོག་པའི་ཞིང་དུ་བཞག་ཡོད།༽ ཅེས་པ་ནི། བསྒྱུར་བོན་ལུགས་ཀྱི་སྨྱོ་གཏམ་ཙམ་དུ་ཟད་ལ། ངེད་ཚུལ་ལྡན་ནང་པ་སངས་རྒྱས་པའི་ལུགས་ལ་ནི་འདི་ལྟར་ཡིན་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྒྱུད་ལས་གསུངས་པའི་བསྒྲལ་བྱར་གྱུར་པའི་བསྟན་པའི་དགྲ་བོ་ལ་རྐྱེན་བཅུ་ཚང་དགོས་པ། བསྟན་པ་བཤིག་པ་དང༌། དཀོན་མཆོག་ལ་སྨད་པ། དགེ་འདུན་གྱི་དཀོར་འཕྲོག་པ། ཐེག་ཆེན་ལ་སྨོད་པ། བླ་མའི་སྐུ་ལ་བསྡོ་བ། རྡོ་རྗེ་སྤུན་གྲོགས་སུན་འབྱིན་པ། སྒྲུབ་ལ་བར་གཅོད་བྱེད་པ། བརྩེ་བ་སྙིང་རྗེ་གཏན་ནས་མེད་པ། དམ་ཚིག་སྡོམ་པ་དང་བྲལ་བ། ལས་འབྲས་ལ་ལོག་ལྟ་སྟེ་བཅུའོ། །ཞེས་པ་ལྟར་རྐྱེན་དེ་བཅུ་ཆར་གང་ཟག་གཅིག་གི་རྒྱུད་ལ་ཚང་བ་ཞིག་དགོས་ཀྱི་རེད། དེས་ན་དེ་སྒྲོལ་མཁན་གྱི་གང་ཟག་དེ་ཡང་གཞན་ཕན་སྙིང་རྗེ་ཆེན་པོའི་ཀུན་ནས་བླངས་ཏེ། དེའི་དོན་དུ་རང་ཉིད་དམྱལ་བར་འགྲོ་ཕོད་པའི་བྱང་སེམས་ས་ལ་གནས་པ་ཞིག་དགོས་པ་ཡིན་ཏེ། དེད་དཔོན་སྙིང་རྗེ་ཆེན་པོའི་གླེང་གཞི་ལྟ་བུའོ།།

  90. ཀརྨ་ཡེ་ཤེས says:
    2012-07-25 at 1:11 am

    23-07-2012
    གནའ་དུས་ཡོད་ཙམ་ཐོས་པའི་གཏམ་བརྗོད་ཅིག།
    དེང་སང་བཀོལ་སྤྱོད་ཡོད་པའི་དབྱངས་གསལ་ཞིག།
    རྒྱང་རིང་མགྲོན་པོས་ཐོས་པའི་སྨར་ཡིག་དེས།།
    དབྱངས་གསལ་སུམ་ཅུའི་ཁོག་པ་མ་བྲུས་སམ།།

    ལོ་སྟོང་བརྒྱ་ཕྲག་བརྒལ་བའི་གནའ་གཏམ་ཞིག།
    བཅོས་མེད་རང་གཤིས་ཡིག་རིས་བཀོད་དཀའ་བས།།
    ཡབ་མེས་མུ་ཐག་ཉམས་མེད་དབྱངས་གསལ་དེར།།
    དྲི་མེད་གཟུགས་རིས་ཀྱག་ཀྱོག་མ་འགྱུར་རམ།།

    སྔར་ཡོད་སྨར་ཡིག་སྟག་ཡིག་ཐོས་གཏམ་ཙམ།།
    དེང་རབས་མིག་ལམ་མེད་པའི་སྒྲུང་གཏམ་ཙམ།།
    ཐོས་གཏམ་སྒྲུང་གཏམ་གློག་བརྙན་འཁྲབ་སྟོན་ཙམ།།
    འཁྲབ་སྟོན་སྨར་ཡིག་དབྱངས་གསལ་མ་བསྒྱུར་རམ།།

    གནའ་ཡིག་མེད་པའི་སྟོང་བས་དེར་མཁས་ཤིག།
    ཨ་མ་མི་དགོས་མངལ་སྐྱེས་བུ་ཕྲུག་ཅིག།
    བརྩོན་སྦྱོང་མི་དགོས་སྨར་ཡིག་འབྲི་མཁས་དེས།།
    གངས་ཅན་དབྱངས་གསལ་སྦས་ཀྱིས་མ་བརྐུས་སམ།།

    ལ་ལུང་སྟོང་ཕྲག་བརྒལ་བའི་ཕ་རོལ་ན།།
    ཨ་མྱེས་རྒན་པོས་ཐོས་པའི་གནའ་གཏམ་ཞིག།
    ཨ་མྱེས་ཡང་མྱེས་མ་མཐོང་སྨར་ཡིག་དེས།།
    ཐོན་མིའི་དབྱངས་གསལ་གོམ་འགྲོས་མ་འཁྱོག་གམ།།

    གནའ་གཏམ་ཚུལ་བཞིན་མངོན་པའི་མུ་ཐག་མེད།།
    ལ་ལུང་བརྒྱ་ཕྲག་བརྒལ་བའི་རིགས་བརྒྱུད་མེད།།
    ཐོག་མཐའ་སྟོང་སེང་འགྱུར་བའི་སྨར་ཡིག་དེས།།
    ད་ཡོད་དབྱངས་གསལ་བཙན་ཀྱོག་མ་བྲིས་སམ།།

    གངས་རྩེའི་ཐལ་རྡུལ་ཚུལ་བཞིན་མ་ཤེས་ཀྱང་།།
    གངས་འདབས་གཙང་ཆུ་བསླད་ལ་མ་བསྒྱུར་རོགས།།
    གནའ་བོའི་ཡབ་མེས་རང་གཤིས་མ་རྟོག་ཀྱང་།།
    ཉེ་རབས་ཡབ་མེས་ཟུངས་ཁྲག་མ་བསུབ་རོགས།།

  91. གཡུ་འབྲུག་དཀར་པོ། says:
    2012-07-25 at 2:17 am

    བོན་པོ་ལགས་ཀྱིས་ང་ལ་མང་པོ་ཞིག་བཤད་ཅིང་ང་དགོས་པ་དེ་ནི་གནང་མིན་འདུག བསྒྲལ་བའི་ཞིང་བཅུའི་སྐོར་ནི་གོང་དུ་དྲ་གྲོགས་ཤིག་གིས་གསུངས་པ་ལྟར་རེད་མོད། དེ་སྐོར་ངས་གང་ཡང་མི་ཤེས། ངས་གོ་ཐོས་བྱུང་བ་ལྟར་ན་བོན་ལ་ཡང་སྦྱོར་སྒྲོལ་གྱི་ལོ་རྒྱུས་ཡོད་པ་ཐོས། དེ་བདེན་ན་བོན་གྱི་སྦྱོར་སྒྲོལ་ལ་གོ་བ་གོང་དུ་ཁྱེད་ཀྱིས་ལོན་པ་ནང་བཞིན་ལོན་གྱི་ཡོད་དམ། སྔོན་ཆད་ཅིག་ལ་ཁ་བརྡའ་འདིའི་སྟེང་དུ་མཇལ་ཕྲད་བྱུང་བའི་བོན་པོ་འགའ་ཞིག་གིས་འཚེ་བ་ཆོས་སུ་སྨྲ་བ་སྟེ་དམར་མཆོད་བྱེད་པ་དེ་དག་གདོད་མའི་བོན་ཡིན་པ་ལས་གཡུང་དྲུང་བོན་མིན་གསུངས་པར་ཚད་མར་འཛིན་ཡོད། དེ་རིང་བོན་པོ་ཁྱེད་ཀྱིས་དམར་མཆོད་བྱེད་པ་དེ་དག་གཡུང་དྲུང་བོན་དང་གཅིག་པ་ཡིན་པར་གསུངས་པས་ད་ནི་ང་རང་མགོ་འཐོམས་སོང་། བན་དེ་ལ་འདྲ་མིན་མང་པོ་ཡོད་དུ་ཆུག་ཀྱང་དམར་མཆོད་བྱེད་པའི་སྲོལ་ཞིག་ཡོད་ན་དེ་ནི་བན་དེ་མིན་ཏེ། སྐྱབས་འགྲོའི་བསླབ་བྱ་དང་འགལ་བའི་ཕྱིར་རོ། །འོན་ཀྱང་སྔོན་ཆད་འབྲུག་ཡུལ་དུ་ཁ་ནས་ནང་པའི་ཆོས་ཀྱི་ཚིགས་སུ་བཅད་པ་དང་གསང་སྔགས་ཀྱི་སྒྲུབ་འཕྲིན་གྱི་གཞུང་རྣམས་འདོན་བཞིན། ཚོགས་དང་མཆོད་པའི་རྫས་སུ་ཤ་དང་ཁྲག་གི་དམར་མཆོད་འབུལ་མཁན་ཡང་ཡོད་མོད། དེ་དག་ནི་ཁ་ཤས་གསང་སྔགས་སྒྲུབ་འཕྲིན་གྱི་ཚིག་ཏུ་ཤ་ཁྲག་དམར་གྱི་མཆོད་པ་འབུལ་སོགས་གསལ་བ་དེར་སྒྲ་ཇི་བཞིན་དུ་གོ་བ་ལོན་ནས་ཕུང་སོང་བ་ཡིན་པ་རེད། དེ་ལྟ་བུའི་གང་ཟག་རྣམས་ནི་སངས་རྒྱས་པ་མིན་ཞེས་བརྗོད་ཆོག་སྟེ། ཁོང་གིས་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་ཕར་ཞོགས། མཆོག་གསུམ་ངོ་ཡང་ཤེས་ཀྱི་མེད་པས་སོ།། ཡང་ཁ་ཤས་ནི་གོང་དུ་ཞུས་པའི་བོན་ཆོས་དང་གདོལ་རྒྱལ་བསྟེན་མཁན་གྱི་ཤན་ཞུགས་པ་རེད་འདུག དེ་ཡང་དཔེ་ཞིག་ཞུ་ན་འབྲུག་ཡུལ་སྤྱི་གཞིས་དགོན་བྱ་བར་ལོ་རེར་དུས་མཆོད་ལ་གཡག་རེ་བསད་ནས་ཤ་ཁྲག་གི་དམར་མཆོད་བྱེད་དགོས་ཡོད་འདུག དུས་མཆོད་དེ་ནང་པའི་ཆོས་སྐྱོང་སྲུང་མ་ཡོངས་ལ་གསོལ་མཆོད་ཕུལ་བ་ཞིག་ཡིན་རུང་གཡག་བསད་ནས་ཕུལ་དགོས་པ་དེ་ནི་ནང་པའི་ཆོས་སྲུང་རྣམས་ལ་མ་ཡིན་པར་ཤུགས་ལྡན་ལ་ཕུལ་དགོས་ཀྱི་ཡོད་པ་རེད། དེ་པའི་ཡུལ་མི་རྣམས་ཀྱིས་ཤུགས་ལྡན་ལ་རྒྱལ་པོ་ཞེས་ཞུ་བཞིན་འདུག ལོ་འགའི་སྔོན་དུ་ད་ལྟ་ཁྲི་ཐོག་བཞུགས་པའི་རྗེ་མཁན་རིན་པོ་ཆེས་ཤུགས་ལྡན་ཕུད་ནས་དམར་མཆོད་བྱེད་དགོས་མེད་པ་བཟོས་ཡོད།
    ད་འབྲུག་ལ་ཡོད་པའི་ཨིན་རྡུའི་སྐོར་ཞུ་ན་ཧིན་དུ་འགའ་ཞིག་དམར་མཆོད་བྱེད་མཁན་ཡང་ཡོད་མོད། དི་ཝ་ལིའི་སྐབས་སུ་རྒྱ་གར་དུ་བྱས་པ་ནང་བཞིན་གྱི་དམར་མཆོད་བྱེད་སྲོལ་ནི་མེད་པ་མ་ཟད་མང་ཆེ་བ་ཞིག་ནི་འཚེ་མེད་ཞི་བའི་ལམ་ལ་མོས་བཞིན་འདུག དེ་བཞིན་ངེད་ཅག་འབྲུག་ཡུལ་དུ་ཡོད་པའི་ཧིན་དུ་དང་ནང་པ་གཉིས་ནི་ཁུ་སིམ་མེར་སོ་སོ་གང་ལ་དད་པ་དེའི་ཆོས་བྱེད་བཞིན་ཡོད་པ་ལས། ཁྱེད་ཀྱི་ཆོས་ང་ལས་བྱུང་བ་དང་། ཁྱེད་ཀྱི་ཆོས་ང་ལས་བསྒྱུར་བ་སོགས་ཀྱི་རྩོད་པ་བྱེད་ཀྱི་མེད།

  92. གཡུ་འབྲུག་དཀར་པོ། says:
    2012-07-25 at 2:23 am

    བོན་པོ་དང་རྙིང་མ་པའི་ཀ་དག་གི་ཁྱད་པར། ཀ་དག་ཅེས་པ་ནི་བོན་གྱི་གཞུང་ན། དང་པོ་ཡེ་མེད་དུ་གདོད་པ་ཀ་དག་དང་། དེ་ལས་ཡེ་ཡོད་ཅུང་ཟད་སྲིད་པ་ལ་མ་རྟོགས་པ་འཁོར་བའི་འཁྲུལ་གཞི་ཞེས་མིང་འདོགས་བསྒྱུར་བ་ཡིན་མོད། ཅེས་གསུངས་པ་ལ། ཀུན་གཞི་ཞེས་པའི་ངོ་བོ་ནི། འདུས་མ་བྱས་བརྗོད་དུ་མེད་པའི་རང་བྱུང་ཕྱོགས་གང་དུ་ཡང་མ་ལྷུང་བ་ཡིན་ལ། དེ་ལ་གཞི་ཀ་དག་དང་ཡེ་གྲོལ་ཞེས་པ་རྒྱལ་བ་ཀུན་ཏུ་བཟང་པོ་གཞི་དེ་ཉིད་ཀྱི་ཐོག་ཏུ་རང་གྲོལ་བ་ལ་ཟེར་བ་ཡིན་གྱི། ཀུན་གཞི་ཉིད་ཀ་དག་དང་ཡེ་གྲོལ་དུ་འདོད་པ་མ་ཡིན་ནོ། །དེའི་ཕྱིར་ཀ་ནས་དག་པ་ཞེས་བྱ་བ་གདོད་མ་ནས་འཁྲུལ་མ་མྱོང་བའི་དག་པ་དེ་ལ་ཟེར་ལ། ཀུན་ཏུ་བཟང་པོ་ཞེས་པའི་སྒྲ་དོན་ནི་དུས་ཀུན་ཏུ་འཁྲུལ་པས་ནམ་ཡང་གོས་མ་མྱོང་བ་དེའི་ཕྱིར་བཟང་པོ་ཞེས་བྱ་བ། འདིའི་ལུགས་ལ་འཆད་པ་ཡིན་ཞིང་། ཡེ་གྲོལ་ཞེས་པ་ཡང་དེ་དང་དོན་གཅིག་པ་ཡིན་པས་ན་གཞན་དུ་མི་བསམ་མོ། །དེའི་ཕྱིར་འདིར་གཞི་ཀ་དག་ཡེ་གྲོལ་གསུངས་པ་གྲོལ་གཞི་ལ་ངོས་འཛིན་པ་ཡིན་གྱི་ཀུན་གཞི་ལ་འདོད་པ་མ་ཡིན་ནོ༎ འདིར་ཀུན་གཞི་སེམས་ཡིན་ལ། གྲོལ་གཞི་རིག་པ་ཡིན་པ་དེ་ཕྱིར། ཀུན་གཞི་དང་ཀ་དག་གཉིས་གཅིག་དང་ཐ་དད་གང་ཡང་མ་ཡིན་ནོ༎

    དེ་ནི་གསར་མ་བས་རྙིང་མ་པ་ལ་དགག་པ་རྒྱབ་པར་རྙིང་མ་པ་ཞིག་གིས་དེའི་ལན་དུ་བྲིས་པ་ཡིན་འདུག བོན་པོའི་ཀ་དག་གི་དོན་ངོས་བཟུང་མཁན་ནི་དགག་པ་རྒྱབ་མཁན་རེད་འདུག་ལ། རྙིང་མའི་ཀ་དག་གི་དོན་བཤད་མཁན་ནི་རྙིང་མ་པ་རེད་འདུག ད་དྲ་གྲོགས་བོན་པོ་ལགས་ཀྱིས་བོན་གྱི་ཀ་དག་གི་དོན་ཏག་ཏག་འཁེལ་འདུག་མིན་འདུག་གཅིག་གསུངས་རོགས།

  93. རླངས་སྔགས་ says:
    2012-07-25 at 3:17 am

    བོན་པོ་དང་རྨུ་ཐག་གཉིས་ཀྱིས་དྲི་བ་ལ་བློ་དངས་བའི་་ངང་དགའ་བསུ་ཡོད་ལགས། བོན་ལུགས་བྱུང་བ་བརྗོད་པ་ཁྱོད་ཀྱིས་མཇལ་མེད་ན་ཁེགས་མེི་འདུག མཇལ་བ་ཀུན་གྱིས་མཐོང་འདུག ངས་དེབ་དེ་ཀློག་དུས་༡༩༩༨ ལོར་ཡིན། གལ་ཏེ་སྐུ་ཉིད་ཀྱིས་ངོ་མ་མཇལ་མེད་ན་ཤོག་གྲངས་དང་རྩོམ་པ་པོ་བཅས་པ་ག་ལེར་བཤད་ངེས་ཡིན། ལོ་ངོ་སྟོང་ཕྲག་གཉིས་ཙམ་ལ་སྲོག་གི་སྙིང་པོར་བཟུང་པའི་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་དང་བོད་བརྒྱུད་ནང་བསྟན་ཡོངས་ཀྱི་བཤད་པ་ཐམས་ཅད་རྫུན་དུ་མཆིས་ན། ང་ཡང་བོད་པ་ཚང་གི་རྫུན་རྐྱལ་ཞིག་ལོས་ཡིན། སྐུ་ཉིད་ཀྱིས་རྫུན་ཕུགས་རྫུན་གྱིས་སྒྲུབ་པ་དང་གཅིག་མཚུངས་ཡིན་སྲིད། རྨང་བོན་པོས་བཙུགས་ཏེ་མཐའ་བཞི་དབང་དུ་བསྡུས་བ་ཞིག་ཡིན་ན་ཡར་ཀླུང་ཙམ་པོ་དེ་ཡིན་རྒྱུ་རེད། དེ་འདྲ་བ་ཆོས་རྒྱལ་མེས་དབོན་གསུམ་གྱིས་མཛད་རྗེས་ལ་ཉིན་མོའི་མར་མེ་ལྟ་བུ་སོང་འདུག སྐུ་ཉིད་ལ་སྲོང་བཙན་ཡར་སྔོན་དུ་རྒྱལ་པོ་སུ་ཞིག་གིས་དུས་རབས་ནམ་ཞིག་ལ་ལུང་པ་གང་དུ་གང་གི་ཆེད་དུ་དམག་སྣ་དྲངས་པའི་ཡང་ན་རིག་གནས་ནང་འདྲེན་གྱི་ལོ་རྒྱུས་ཞིག་བཤད་རྒྱུ་ཡོད་ན་གསུངས་རོགས་གནང་། ཡིད་སྤྲོ་བའི་ངང་ཤེས་འདོད་ཡོད། 

    རྨུ་ཐག་གི་ཁུངས་མེད་ཀྱི་གཏམ་དང་པོ། ༼བཅོམ་ལྡན་འདས་ཀྱིས་རྫོགས་པ་ཆེན་པོ་དང་སྔགས་ཕར་ཟད། ཐེག་པ་ཆེན་ཡང་བསྟན་ཡོད་མེད་ལ་ཁྱེད་ཅག་བོད་ཕྱི་ནང་གི་བན་སྡེ་རྣམས་མི་མཐུན་པར་འདུག་ཅིང༽ཟེར། གསང་ཆེན་ངེས་བའི་བཀའ་འདི་ལ། ལོ་རྒྱུས་དོན་གྱིས་མ་བརྗོད་ན། །ཡིད་མི་ཆེས་བའི་སྐྱོན་དུ་འགྱུར་གསུངས་བ་ལྟར་བཤད་དགོས་ཀྱང་། དེ་ནི་ཧ་ཅང་གི་རྒྱས་དྲགས་པས་སྤྲོས་པ་བསྐྱུངས། ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་དང་། ཐེག་ཆེན་ཚུལ་སྒྲུབ་ལས། ཐེག་པ་ཆེན་པོ་རྣམ་གཉིས་སྟེ། །ཕ་རོལ་ཕྱིན་དང་གསང་སྔགས་སོ། ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་གནས། གཞན་ཡང་། འདས་བའི་སངས་རྒྱས་རྣམས་ཀྱིས་གསུངས། མ་འོངས་རྣམ་ཀྱང་གསུང་འགྱུར་ལ། །ད་ལྟ་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། ཞེས་དང་། ཨིནྡྲ་བྷཱུ་ཏིས། འདམ་བུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཡང་སླ། །འདོད་ཡོན་སྤངས་བའི་དཀའ་ཐུབ་ནི། །ནམ་ཡང་མི་ནུས་གཽ་ཏ་མ། ཞེས་བ་བཞིན། སངས་རྒྱས་རང་གི་ཞལ་ནས་གསུངས་བའི་ལུང་ཡོད་པས་གཞན་གྱི་ཕྱེ་མཁར་ལ་བློས་བཅོལ་ཏེ་བཙན་རྫོང་བྱེད་དགོས་དོན་ག་ལ་ཡོད། ཤིང་རྟའི་སྲོལ་འབྱེད་ཀླུ་ཐོགས་རྣམ་གཉིས་ཀྱིས་ཞལ་བཞེས་ཅི་ལྟ་བ་བཞིན། བོད་ཀྱི་བན་དེ་ཀུན་ཀྱིས་ཐེག་ཆེན་མདོ་སྔགས་གཉིས་ག་སངས་རྒྱས་ཀྱི་བཀའ་ལ་འགལ་མེད་དུ་ཁས་ལེན་པ་ལས་མི་ལེན་མཁན་སུ་གཅིག་ཀྱང་བོད་པའི་ནང་བའི་གྲལ་ན་མེད་ཐག་ཆོད་ཡིན། སྐུ་ཉིད་ཀྱི་བཤད་པ་ལྟར་བོད་ལ་ཕྱི་ནང་བན་དེ་ཡོད་པ་མ་མཐོང་ངོ་།
    གཉིས་པ། ༼རྫོགས་པ་ཆེན་པའི་ཐད་ནས་བོད་རང་གི་བན་སྡེ་རྣམས་ལའང་རྩོད་གཞི་དེ་ཙམ་འདུག༽ཟེར། རྫོགས་ཆེན་བོད་ཀྱི་བན་དེ་ཀུན་གྱིས་རྩོད་གཞི་མ་ཡིན་ལ། རྟོག་གེ་སྨྲ་བ་རེ་འགའ་ཙམ་ཡིན་ལ། སྤྱིར་བརྟག་ཅིང་དཔྱད་དེ་འཇུག་པ་ནི་ནང་བའི་ཐུན་མོངས་མ་ཡིན་པའི་འགྲོ་ལུགས་ཡིན་པས་འགལ་བ་ཞིག་ག་ལ་སྲིད། བློའི་ནུས་རྩལ་གྱིས་ཀྱང་དོན་གནད་རྟོགས་མ་རྟོགས་པའི་ཁྱད་པར་ཡོད་པས། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོའི་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། གསུངས་ཡོད། མཚན་བརྗོད་ལས། ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། ། བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། རྡོ་རྗེ་སྙིང་པོ་རྒྱུད་ལས། གསང་དང་གསང་ཆེན་ཤིན་ཏུ་་གསང་། རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། །རྗེས་སུ་རྣལ་འབྱོར་རྫོགས་ཆེན་པོ། ཡང་མཚན་བརྗོད་ལས། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ཞེས་འདི་ལྟར་དབང་པོ་རབ་ཀྱི་དབང་པོའི་སྤྱོད་ཡུལ་ཡིན་པ་ལ་སོགས་པའི་ལུང་མཐའ་ཡས། རྩོད་གཞི་ཡོད་ན་རྫུན་དུ་འགྲོ་ག་ལ་ཐུབ། དེ་ལྟར་ཡིན་ཚེ་བོན་པོ་ནི་རྩོད་གཞི་ཅན་ཡིན་པས་རྫུན་གྱི་ཞྭ་མོ་ནམ་ཡང་ཕུད་མི་ཐུབ།

    གསུམ་པ། ༼དཔེར་ན་རྒྱལ་བ་ཙོང་ཁ་པས་དགག་པ་ཅི་ཙམ་གནང་འདུག༽ ཟེར། མདོ་སྔགས་ཟུང་འབྲེལ་གྱི་ལམ་ཆེ་ཆེར་གསལ་མཛད་་རྗེ་ཙོང་ཁ་པ་ཆེན་པོས་རྫོགས་ཆེན་དགག་མེད་པ་མ་ཟད་ཁོང་གི་ལྟ་བའི་ཕུགས་རྫོགས་ཆེན་ལ་གཏུགས་ཡོད་པ་རྗེ་གསང་བའི་རྣམ་ཐར་ན་གསལ་པོ་གསུངས་འདུག ཁོང་གི་ཞལ་ནས། བདག་རྒྱ་གར་དུ་འགྲོ་མ་དགོས་བར་ལྟ་བའི་ཕུ་ཐག་བཅད་པ། རྫོགས་པ་ཆེན་པོའི་རྣམ་འབྱོར་བ་ལྷོ་བྲག་རིག་འཛིན་རྣམ་མཁའ་རྒྱ་མཚོའི་བཀའ་དྲིན་ཡིན་ཞེས་བརྗོད་འདུག རྗེ་ཙོང་ཁ་བ་དང་རེ་མདའ་སུས་ཀྱང་བཀག་མེད་རྐྱེན། མཁས་གྲུབ་རྗེའི་དབུ་མའི་སྟོང་ཐུན་གྱི་རྣམ་བཤད་ན་འདི་སྐོར་གྱི་དོག་སེལ་གསུངས་ཡོད། གལ་ཏེ་ཁྱོད་ལ་ཡང་ཤོག་གྲངས་དགོས་ན་བསྐུར་ངེས། བན་དེ་རྣམས་ཀྱི་ལུང་རིགས་ཀྱི་བརྒལ་བརྟག་ཡོད་ན་རྩོད་གཞི་རྫུན་པར་འགྲོ་ན་ཁྱེད་ཅག་གི་ལུགས་ཡིན་ན་མ་གཏོགས་བོད་པ་རྟེན་འབྲེལ་གྱི་གནས་ལུགས་སྨྲ་བ་ཚང་ལ་མི་འཐད་དོ།
    བཞི་བ། ༼རྫོགས་ཆེན་གྱི་ལྟ་བ་དབུ་མའི་ལྟ་བར་བཙན་གྱི་སྡུད་པ་སོགས་འུ་ཐུག་ཐབས་ཟད་ཀྱི་བྱ་བར་འཇུག་སྟངས་ལ་བལྟས་པས་ཀྱང་ཅི་ཞིག་གི་གནད་ལ་ཐུབ་ཡོད་པ་ཤེས་ཐུབ་རྒྱུ་རེད།༽ཟེར། དབུ་ཕྱག་རྫོགས་གསུམ་བན་དེ་རྣམས་ཀྱིས་བཀའ་བསྟན་གྱི་ལུང་ཚད་མ། གཅིག་དང་དུ་བྲལ་གྱི་རིགས་པ་ཚད་མ། ཤེས་འཇུག་མཚན་གསུམ་གྱི་མྱོང་བ་ཚད་མ་བསྟེན་ནས་འོད་དང་ཟེར་བཞིན་འབྲལ་མེད་ཀྱི་གཤིས་སུ་གྲུབ་པ་ཞིག་རེད་མ་གཏོགས། རྡོ་ཆགས་བཙན་བསྒྲིགས་བྱས་བ་དེ་ལྟ་བུ་ག་ལ་ཡིན། རབ་ཏུ་མི་གནས་དབུ་མ་ཆེན་པོ་དང་། །ཁྱབ་བརྡལ་ལྷུན་འབྱམས་ཕྱག་རྒྱ་ཆེན་པོ་དང་། །མཐའ་བྲལ་ཀློང་ཡངས་རྫོགས་པ་ཆེན་པོ་གནད། ས་ལམ་ཡོན་ཏན་གཞིར་རྫོགས་ལྷུན་འགྲུབ་ཤོག ། ཞེས་གསུངས་བ་འདི་ཁྱོད་ཀྱི་ཐུགས་དགོངས་ལ་མ་ཤོངས་ན། འདྲ་བོ་འདྲ་བོ་ནོར་ཉེན་ཡོད་གསུངས་པ་བཞིན་ཚིག་ཙམ་ལ་བརྟེན་ནས་གཅིག་ཏུ་འཛིན་པའི་འདུ་ཤེས་མུན་རྡོ་བ་ཡོང་སྲིད། དབུ་ཕྱག་རྫོགས་གསུམ་སྐྱེས་བུ་གཅིག་གི་ལམ་སྟེགས་སུ་ཁྱེར་མ་ཤེས་བ་འདིས། སྐུ་ཉིད་རྫོགས་ཆེན་གྱི་བདག་པོ་མིན་པའི་ཁས་ལེན་སྔ་མོ་ནས་བླངས་འདུག་མོད། ད་དུང་ཨུ་ཚུགས་ཀྱིས་སྨྲ་ཁུལ་བྱས་བ། ཆོས་རྗེ་ས་པཎ་གྱིས། ཁྭ་ཏས་མི་གཙང་ཟས་ཟོས་ཏེ། །གཙང་སར་ཕྱིས་པའི་དཔེ་ཟླར་སོང་། ཞེས་བ་ལས་གོར་མ་ཆགས་སོ། ཀྭ་ཡེ་གསོན་དང་དྲྭ་གྲོགས་ལགས། །ཁ་བཤད་དོན་ལ་གནས་བའི་ཚིག །ག་ལེར་གསུངས་དང་ཉན་འདོད་པ། །ང་ཡི་རང་གཤིས་དང་པོ་ཡིན། །།

  94. BONPO says:
    2012-07-25 at 11:18 pm

    རླངས་སྔགས་ལགས།

    ཁྱེད་རང་གིས་བྲིས་པའི་མཆན་གྲངས་༨༡་དེའི་ནང་དུ་་་་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་བདུད་ཀྱི་རྒྱལ་པོ་གསུམ་་་་ཞེས་ལྷ་སར་དཔར་བསྐྲུན་བྱས་བའི་་་བོན་ལུགས་ཀྱི་བྱུང་བ་བརྗོད་པའི་་་་ནང་གསལ་པོ་བཀོད་འདུག་་་་ཟེར་ཁྱེད་ཀྱིས་སྨྲས་པ་དེ་ནི་ཁྱེད་ཚོ་དུས་རྒྱུན་རྫུན་གཏམ་རྐྱང་རྐྱང་ཤོད་པའི་ངན་པ་ལངས་ཤོར་དུ་སོང་བ་དེས་རྐྱེན་བྱས་ནས་ད་ལེན་འདིར་ཡང་་རྫུན་གཏམ་བོན་ལུགས་སུ་མེད་པ་ཞིག་ཁྱོད་ཀྱིས་བྲིས་པ་རེད། སྤྱིར་བན་བོན་སུ་ཡིན་ནའང་མེས་དབོན་རྣམ་གསུམ་ལ་རྩ་བ་ནས་སྐྱོན་བརྗོད་ཆོག་གི་མ་རེད་ཟེར་བཀའ་གཏོང་རྒྱུའི་ཐོབ་ཐང་ཁྱོད་ལ་ཡོད་མ་རེད། ཡིན་ནའང་ད་བར་མེས་དབོན་རྣམ་གསུམ་ལ་བོན་པོས་་་བདུད་ཀྱི་རྒྱལ་པོ་གསུམ་་་་ཟེར་ནས་སྐྱོན་བརྗོད་བྱས་པ་ནི་ཕལ་ཆེར་རི་བོང་གོ་རྭ་དང་གཅིག་མཚུངས་ཡིན་འགྲོ། ངས་ཆེན་པོ་ཞིག་མི་ཤེས་ཀྱང་བོན་པོའི་རྩ་བའི་འགྲོ་སྟངས་ཏོག་ཙམ་ངས་ཤེས། དེ་ཡིན་དུས་ཁྱོད་ཀྱིས་བོན་པོ་མ་སྨྲས་པ་ཞིག་སྨྲས་འདུག་ཟེར་ནས། རྫུན་གཏམ་དང་ལྷན་དུ་བོན་པོ་ལ་སྐྱོན་བརྗོད་ཁུལ་བྱེད་པ་ནི་ཆེས་ཐ་ཤལ་གྱི་བྱ་བ་ཞིག་མིན་ན་ཅི་ཡིན། ཡིན་ནའང་ཁྱེད་ལ་དཔེ་དེབ་སྟོན་རྒྱུ་ཡོད་ཟེར་བཤད་འདུག་བ། ད་སྟོན་ཤོག་མ་གཏོགས་ཡང་ལྷ་ལུང་དཔལ་རྡོར་འདྲ་པོ་ཕུང་རྒན་ཆགས་རྒྱུའི་ཉན་ཁ་ཡོད་རེད་ད།

    ཁྱེད་ཀྱིས། ༼ལོ་ངོ་སྟོང་ཕྲག་གཉིས་ཙམ་ལ་སྲོག་གི་སྙིང་པོར་བཟུང་པའི་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་དང་བོད་བརྒྱུད་ནང་བསྟན་ཡོངས་ཀྱི་བཤད་པ་ཐམས་ཅད་རྫུན་དུ་མཆིས་ན། ང་ཡང་བོད་པ་ཚང་གི་རྫུན་རྐྱལ་ཞིག་ལོས་ཡིན།༽ ཁ་ས་ཆ་གསུམ་དུས་རབས་བརྒྱད་པའི་ནང་བྱུང་བ་ཡོངས་གྲགས་སུ་གླེང་གི་ཡོད་པས་། དུས་རབས་བརྒྱད་པ་ནས་དུས་རབས་ཉེར་གཅིག་བར་ལོ་ངོ་སྟོང་ཕྲག་གཉིས་ཙམ་ཇི་ལྟར་ཕྱིན་པ་ཡིན་ནམ། ལོ་ངོ་སྟོང་ཕྲག་གཉིས་ཙམ་ཟེར་བ་འདི་ཡང་རྫུན་གཏམ་གླེང་བ་ཡིན་དང་ནོར་བ་ཡིན་ཆ་མ་འཚལ། ཡང་ན་བོད་པ་ཚོ་མགོ་སྐོར་གཏོང་རྒྱུའི་ཐབས་ལམ་འདྲ་ཡིན་ན་ལོ་ངོ་བཞི་སྟོང་ལྔ་སྟོང་ཟེར་མང་ཙམ་ལབ་ན་ཡག་ཡོང་། ལོ་ངོ་ཉིས་སྟོང་ཙམ་གྱིས་བོན་པོ་ཚོ་ལ་བསྡུར་མི་ཐུབ་པས་སོ།།

    ཁྱེད་ཀྱིས་། ༼རྨང་བོན་པོས་བཙུགས་ཏེ་མཐའ་བཞི་དབང་དུ་བསྡུས་བ་ཞིག་ཡིན་ན་ཡར་ཀླུང་ཙམ་པོ་དེ་ཡིན་རྒྱུ་རེད།༽ཟེར་བཤད་པ་ལ། བོན་པོས་རྨང་བཙུགས་སྟངས་དེ་ཧ་ཅང་གི་གཏིང་གཟབ་པ་ཞིག་ཡིན་པས་དེང་སང་གི་བསམ་བློའི་ནང་འཁོར་རྒྱུ་ཁག་པོ་རེད། འདིའི་ཐད་ནས་ཁྱེད་ལ་ཁག་མེད། སྔོན་བྱུང་གི་བོན་དང་སྲིད་ཀྱི་ལོ་རྒྱུས་ཁག་ལ་ཕྱོགས་ཡོངས་ནས་གཟིགས་ཐུབ་ན་ཏོག་ཙམ་ཤེས་ཡོང་། གཞན་ལོ་ངོ་༡༣༠༠སྐོར་གྱི་ལོ་རྒྱུས་རྐྱང་རྐྱང་བལྟ་བསྡད་ན་སྔོན་གྱི་རླབས་ཆེན་རྒྱ་ཁྱབ་ཀྱི་དབང་ཐང་དེ་རྣམས་དུས་ནམ་ཡང་རྟོགས་མི་ཐུབ། བཙན་པོ་་་་ཞེས་པའི་མཚན་བྱང་དེ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ཡོད་པ་ཞིག་རེད། ད་བཙན་པོའི་གོ་དོན་གང་ཡིན་ཁྱེད་ཀྱིས་ཤེས་ཀྱི་ཡོད་འགྲོ། ཡང་ཤོད་སྟངས་གཞན་ཞིག་བྱས་ན་དུས་ཕྱིས་དམག་འཁྲུག་བརྒྱབ་དོན་མང་ཆེ་བ་ནི་བཙན་དབང་གིས་བན་དེར་བསྒྱུར་རྒྱུའི་ཆེད་དུ་ཡིན་ས་རེད། གཞན་བོད་ཀྱི་རྒྱལ་པོ་ལ་དེ་འདྲ་དགྲ་ཆེན་པོ་ཞིག་ཡོད་པའི་སྐད་ཆ་མི་འདུག་བ། ཚང་མ་ལྷིང་འཇག་ནས་བཞུགས་གནང་ཡོད་པ་དང་། བོན་པོ་ཚོའི་བཀའ་དྲིན་གྱིས་བོད་ཀྱི་བོན་དང་རིག་གཞུང་གིས་ནི་དབུས་ཨེ་ཤ་ཡ་ཕལ་ཆེར་བཟུང་བསྡད་ཡོད་པ་རེད། དེ་དང་ལྷན་དུ་བོད་བཙན་པོའི་དབང་ཐང་ཡང་དགུང་ལ་རེག་ཡོད་པ་ལོ་རྒྱུས་ཀྱི་བབ་ལ་བལྟས་ན་ཤེས། །

  95. རླངས་སྔགས་ says:
    2012-07-26 at 8:45 pm

    ཡ་དྲྭ་གྲོགས་ལགས། ནམ་ཡིན་ན་ཡི་གེ་ཐོག་མཐའ་བར་གསུམ་ན་རྫུན་ཞེས་ནན་གྱིས་བཙིར་བ་ལ་བལྟས་ན་རྫུན་མ་གཏོགས་གོ་མ་མྱོང་པ་དང་། རྫུན་མིན་ན་གཏམ་མེད་པ་ཞིག་ཡིན་པའི་རང་གཤིས་མངོན་འདུག ཁྱོད་ལ་སུ་ཞིག་གི་ཆོས་རྒྱལ་མེས་དབོན་གསུམ་ལ་ཁ་བཏང་མི་ཆོག་བཤད་སོང་ངམ། ད་ཡིན་ན་ཁྱོད་དོན་གནད་ཅན་གྱི་གཏམ་བཤད་ནི་ཞིག་ཡིན་ས་མ་རེད། ཁྱེད་ཅག་གི་བྲིས་པ་ཁྱེད་ཚོས་ཁས་མི་ལེན་ན་སུས་ལེན། ར་རྐུན་མགོ་ན་སོ་མ་ཞིག་ཟེར་བའི་དཔེ་ལྟར་སོང་འདུག ཆོས་རྒྱལ་མེས་དབོན་བདུད་དུ་བརྩི་བ་འདི་ཁྱོད་ལ་གནོད་པ་ཅན་དུ་འགྲོ་དགོས་དོན་ཅི་ཡང་མེད། བདུད་དུ་བཟུང་བ་འདིས་བོན་ལུགས་ཞིག་ཡོད་པ་སྟེ་ཁོང་ཚོས་བསྣུབས་ཡོད་པ་ར་སྤྲོད་བྱས་ཡོད་པས་མི་དགའ་པ་ཅི་ཡོད། བན་དེ་རྣམས་ཀྱིས་གླང་དར་བདུད་དུ་བཟུང་པ་ཁོས་ནང་བསྟན་ལ་གནོད་པ་བྱས་བའི་རྐྱེན་གྱིས་ཡིན་པས། དངོས་བྱུང་ལ་ངོ་གནོངས་དགོས་དོན་མི་འདུག
    ལོ་ངོ་སྟོང་ཕྲག་གཉིས་ཙམ་བྱས་པ་བོད་བརྒྱུད་ནང་བསྟན་གྱི་རིང་ལུགས་མཁན་སློབ་ཆོས་གསུམ་གྱིས་རྨང་བཙུགས་པ་སྟེ་གང་ནས་དར་བའི་གནས་དཔལ་ན་ལནྜ་ནས་བརྒྱུད་པ་ལ་རྩིས་པ་ཡིན་པས་གོ་ནོར་མི་ཐེབས་པར་ཞུ།
    བོན་པོས་ཨེ་ཤ་ཡ་ཕལ་ཆེར་བཟུང་བསྡད་ཡོད་ཟེར་བ་འདིས། འདི་ཕལ་ཆེར་ཟླ་བ་གྲགས་པའི་ཕ་ཡི་རྗེས་འགྲོ་ལས་འོས་མ་མཆིས།
    བོན་པོས་རྨང་བཙུགས་སྟངས། དེང་སང་གི་མིས་བསམ་བློའི་སྤྱོད་ཡུལ་དུ་མི་འགྱུར་བ་ཞིག་ཡིན་ཚེ། མོ་གཤམ་གྱི་བུ་ལྟ་བུའི་སྒྲུང་གཏམ་ལས་ཀྱང་ཐབས་རྡུགས་པ་སྨོས་མི་དགོས་སོ། དྲྭ་གྲོགས་ལགས་ཁྱོད་ངོ་མ་བོད་ཀྱི་བོན་པོ་རིགས་ཞེན་ཅན་ཞིག་ཡིན་དགོས་མེད་ཚིག་དང་། ཁུངས་མེད་ཀྱི་གཏམ་མ་གསུངས་རོགས། ང་བོན་གྱི་མཁན་པོ་འགའ་ལ་ཞེ་བསམ་བའི་གཏིང་ནས་འབྲེལ་འདྲིས་ཡོད། ཁོང་ཚོའི་གྲལ་ན་ཁྱོད་ལྟ་བུའི་བབ་ཅོལ་གྱི་གཏམ་སྨྲ་བ་ཞིག་གཏན་ནས་མི་འདུག ནང་བསྟན་འོད་ལྟ་བུ་འདི་ཁྱེད་དང་ཁྱོད་ལྟ་བུས་ཅི་ལྟར་མུན་ཁུང་དུ་བཞག་ཀྱང་ཇེ་གསལ་དུ་འགྲོ་བ་ལས་གཞན་ཅི་ཡང་མ་མཆིས་སོ། ད་ཇ་ཤིང་སྙིགས་རོ་ཇི་ལྟར་སྐོལ་ཀྱང་མདོག་གསར་པ་དང་བྲོ་བ་གསར་པ་ཡོང་རྒྱུ་ཡོད་པ་མ་རེད་ལགས། ད་ཁྱོད་ལ་དོན་དམ་མེད་ན་རྙོགས་གཏམ་ལ་ཉན་ཁོམས་མི་འདུག

  96. རླངས་སྔགས་ says:
    2012-07-26 at 8:51 pm

    ཡ་དྲྭ་གྲོགས་ལགས། ནམ་ཡིན་ན་ཡི་གེ་ཐོག་མཐའ་བར་གསུམ་ན་རྫུན་ཞེས་ནན་གྱིས་བཙིར་བ་ལ་བལྟས་ན་རྫུན་མ་གཏོགས་སྦྱངས་མ་མྱོང་པ་དང་། རྫུན་མེད་ན་གཏམ་མེད་པ་ཞིག་ཡིན་པའི་རང་གཤིས་མངོན་འདུག ཁྱོད་ལ་སུ་ཞིག་གི་ཆོས་རྒྱལ་མེས་དབོན་གསུམ་ལ་ཁ་བཏང་མི་ཆོག་བཤད་སོང་ངམ། ད་ཡིན་ན་ཁྱོད་དོན་གནད་ཅན་གྱི་གཏམ་བཤད་ནི་ཞིག་ཡིན་ས་མ་རེད། ཁྱེད་ཅག་གི་བྲིས་པ་ཁྱེད་ཚོས་ཁས་མི་ལེན་ན་སུས་ལེན། ར་རྐུན་མགོ་ན་སོ་མ་ཞིག་ཟེར་བའི་དཔེ་ལྟར་སོང་འདུག ཆོས་རྒྱལ་མེས་དབོན་བདུད་དུ་བརྩི་བ་འདི་ཁྱོད་ལ་གནོད་པ་ཅན་དུ་འགྲོ་དགོས་དོན་ཅི་ཡང་མེད། བདུད་དུ་བཟུང་བ་འདིས་བོན་ལུགས་ཞིག་ཡོད་པ་སྟེ་ཁོང་ཚོས་བསྣུབས་ཡོད་པ་ར་སྤྲོད་བྱས་ཡོད་པས་མི་དགའ་པ་ཅི་ཡོད། བན་དེ་རྣམས་ཀྱིས་གླང་དར་བདུད་དུ་བཟུང་པ་ཁོས་ནང་བསྟན་ལ་གནོད་པ་བྱས་བའི་རྐྱེན་གྱིས་ཡིན་པས། དངོས་བྱུང་ལ་ངོ་གནོངས་དགོས་དོན་མི་འདུག
    ལོ་ངོ་སྟོང་ཕྲག་གཉིས་ཙམ་བྱས་པ་བོད་བརྒྱུད་ནང་བསྟན་གྱི་རིང་ལུགས་མཁན་སློབ་ཆོས་གསུམ་གྱིས་རྨང་བཙུགས་པ་སྟེ་གང་ནས་དར་བའི་གནས་དཔལ་ན་ལནྜ་ནས་བརྒྱུད་པ་ལ་རྩིས་པ་ཡིན་པས་གོ་ནོར་མི་ཐེབས་པར་ཞུ།
    བོན་པོས་ཨེ་ཤ་ཡ་ཕལ་ཆེར་བཟུང་བསྡད་ཡོད་ཟེར་བ་འདིས། འདི་ཕལ་ཆེར་ཟླ་བ་གྲགས་པའི་ཕ་ཡི་རྗེས་འགྲོ་ལས་འོས་མ་མཆིས།
    བོན་པོས་རྨང་བཙུགས་སྟངས། དེང་སང་གི་མིས་བསམ་བློའི་སྤྱོད་ཡུལ་དུ་མི་འགྱུར་བ་ཞིག་ཡིན་ཚེ། མོ་གཤམ་གྱི་བུ་ལྟ་བུའི་སྒྲུང་གཏམ་ལས་ཀྱང་ཐབས་རྡུགས་པ་སྨོས་མི་དགོས་སོ། དྲྭ་གྲོགས་ལགས་ཁྱོད་ངོ་མ་བོད་ཀྱི་བོན་པོ་རིགས་ཞེན་ཅན་ཞིག་ཡིན་དགོས་མེད་ཚིག་དང་། ཁུངས་མེད་ཀྱི་གཏམ་མ་གསུངས་རོགས། ང་བོན་གྱི་མཁན་པོ་འགའ་ལ་ཞེ་བསམ་བའི་གཏིང་ནས་འབྲེལ་འདྲིས་ཡོད། ཁོང་ཚོའི་གྲལ་ན་ཁྱོད་ལྟ་བུའི་བབ་ཅོལ་གྱི་གཏམ་སྨྲ་བ་ཞིག་གཏན་ནས་མི་འདུག ནང་བསྟན་འོད་ལྟ་བུ་འདི་ཁྱེད་དང་ཁྱོད་ལྟ་བུས་ཅི་ལྟར་མུན་ཁུང་དུ་བཞག་ཀྱང་ཇེ་གསལ་དུ་འགྲོ་བ་ལས་གཞན་ཅི་ཡང་མ་མཆིས་སོ། ད་ཇ་ཤིང་སྙིགས་རོ་ཇི་ལྟར་སྐོལ་ཀྱང་མདོག་གསར་པ་དང་བྲོ་བ་གསར་པ་ཡོང་རྒྱུ་ཡོད་པ་མ་རེད་ལགས། ད་ཁྱོད་ལ་དོན་དམ་མེད་ན་རྙོགས་གཏམ་ལ་ཉན་ཁོམས་མི་འདུག
    ད་དུང་ཁྱེད་ཀྱིས་མ་རྟོགས་ལོག་འགྲེལ་གྱིས་ཁ་ཕོ་ཆེ་གདེངས་ནས་ཞིང་བཅུའི་སྐོར་ཞིག་བཤད་པ་སྟེ་དགད་མོ་ཞིག་ཡང་ཤོར་སོང་།

  97. BONPO says:
    2012-07-27 at 7:59 pm

    ཡ་མཆན་གྲོགས་ལགས། རང་ཚིག་དངོས་འགལ་དུ་སོང་བ་མང་དག་ཞིག་གླེལ་འདུག་མོད། ཡིན་ནའང་དེང་སང་བྲེལ་བ་ཆེ་སྟབས་ལན་མང་པོ་འབྲི་ཁོམ་མེད། འོན་ཀྱང་ཁྱེད་ཀྱི་༨༡་དེར་བཤད་པ། ༼ཡིན་ན་དེང་སང་གི་བོན་པོས་གླེང་བཞིན་པའི་བོན་གྱི་བཀའ་བསྟན་དང་བོན་ཡིག་འདིས་རྭ་སྤུས་འུར་རྡོ་ར་ཡི་འཇིང་བར་འཁོར་ཟེར་བ་ལྟ་བུ་ཆགས་འདུག༽ ཟེར་བ་དང་།ཡང་ཁྱོད་ཀྱི་མཆན་༩༥་དེར། ༼ང་བོན་གྱི་མཁན་པོ་འགའ་ལ་ཞེ་བསམ་བའི་གཏིང་ནས་འབྲེལ་འདྲིས་ཡོད། ཁོང་ཚོའི་གྲལ་ན་ཁྱོད་ལྟ་བུའི་བབ་ཅོལ་གྱི་གཏམ་སྨྲ་བ་ཞིག་གཏན་ནས་མི་འདུག༽ ཟེར་བའི་བཤད་ཡམ་འདི་དག་མཐོང་དུས་ཁྱོད་ནི་ཅི་འདྲིའི་མི་ཁྲམ་པ་ཞིག་མིན་ན་སུ་ཡིན་བསམ་དགོས་པ་ཞིག་འདུག། བོན་གྱི་མཁན་པོ་འགའ་ལ་ཞེ་བསམ་བའི་གཏིང་ནས་འབྲེལ་འདྲིས་ཡོད་པ་དང། དེང་སང་གི་བོན་པོས་གླེང་བཞིན་པའི་བོན་གྱི་བཀའ་བསྟན་དང་བོན་ཡིག་འདིས་རྭ་སྤུས་འུར་རྡོ་ར་ཡི་འཇིང་བར་འཁོར་བར་བཤད་པ་གཉིས་ཆ་མི་མཚུངས་པའི་རྫུན་གཏམ་ས་སྟེང་འདིར་མི་གཤོང་པ་ཞིགབཤད་པ་མིན་ན་ཅི་རེད། ཡང་ན་ཁྱོད་ལ་ཞེ་བསམ་བའི་གཏིང་ནས་འབྲེལ་འདྲིས་ཡོད་པའི་བོན་པོའི་མཁན་པོ་དེ་ཚོ་ཅི་འདྲའི་ཐབས་སྐྱོ་བ་ལ།མི་ངན་བསམ་སྦྱོར་གཉིས་མི་མཚུངས་མཁན་ཞིག་ལ་ཞེ་བསམ་བའི་གཏིང་ནས་འབྲེལ་འདྲིས་བྱེད་པ་ནི་སྨྱོ་བ་དང་ཁྱད་པར་མེད་དོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme