Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འཕྲོས་པའི་བསམ་ཚུལ།

Posted on 2012-07-19 By ཁ་བརྡ་ 5 Comments on བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འཕྲོས་པའི་བསམ་ཚུལ།

ཆབ་མདོ་ངག་དབང་ཕུན་ཚོགས།

བོད་ནང་དུ་ཉིན་རེ་བཞིན་དུ་ཛ་དྲག་གི་འགྱུར་བཞིན་པའི་གནས་སྟངས་ཤིག་གི་འོག་གནས་ཡོད་ཅིང་། ལྷ་ས་ལྟ་བུ་ཞིག་ཏུ་མཚོན་ན་ལམ་ཁ་གསུམ་མདོ་དང་། སེར་འབྲས་དགེ་གསུམ་མཚོན་པའི་བར་ལམ་དང་གཙུག་ལག་ཁང་། རྩེ་པོ་ཏཱ་ལ་སོགས་སུ་སྐོར་སྲུང་དམག་མིས་ལག་ཏུ་མེ་མདའ་བཟུང་སྟེ་ཁེངས་ཡོད་ཅིང་། བོད་མི་རྣམས་མགོ་འབུར་བ་ཙམ་གྱིས་སྐམ་པ་བསྣན་ཆོག་ཆོག་བྱས་བསྡད་ཡོད་པ་རེད། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་རྫོགས་ནང་དུ་གནས་སྟངས་དེ་འདྲ་ཞིག་འགྱུར་ཡོད། ལྷག་དོན་ལྷ་ས་ཁུལ་དུ་མདོ་ཁམས་ཀྱི་མི་ཡིན་ཚད་སྡོད་བཅུག་གི་མེད་པ་དང་། བཙན་དབང་གི་ཐོག་ནས་ཕྱིར་འབུད་གཏོང་བཞིན་ཡོད། ཁམས་ཕྱོགས་ནས་མཆོད་མཇལ་ལ་ཡོང་མཁན་ཞིང་འབྲོག་གི་མི་སེར་དཀྱུས་མ་རྣམས་མེ་འཁོར་འབབ་ཚུགས་དང་རླངས་འཁོར་འབབ་ཚུགས་སོགས་སུ་སླེབས་མ་ཐག་ལམ་སེང་ལུས་བཤེར་བྱེད་ཀྱི་ཡོད་པ་དང་། རྒྱ་ནང་ནས་ཡོང་མཁན་ཡུལ་སྐོར་བ་རྣམས་རང་སྣང་གང་ཤར་གྱི་འགྲོ་སྡོད་བྱེད་བཅུག་ཅིང་། བོད་མི་རྣམས་ལ་དམིགས་བསལ་གྱི་དོགས་གཞི་འོག་ནས་ལུས་བཤེར་བྱེད་ཀྱི་ཡོད། དེ་དག་ནི་རྒྱ་གཞུང་གི་རྐང་བཙུགས་ནས་མི་རིགས་དབྱེ་འབྱེད་ཀྱི་ལས་འགུལ་སྤེལ་གྱི་ཡོད་ལ། དེ་འདྲའི་གནས་སྟངས་འོག་ནས་བོད་མི་རྣམས་ཀྱི་སེམས་ཁམས་སུ་བརྗེད་མི་ཐུབ་པའི་རྨ་ཁ་དང་། ཧ་ཅང་གི་ཉིན་མཚན་འཁྱོལ་དཀའ་བའི་གནས་སྟངས་འོག་ཏུ་ལྷུང་ཡོད། ད་དུང་རྒྱ་གཞུང་གི་ང་ཚ་མེད་པའི་བོད་མི་རིགས་སྤུན་ཟླ་ཡིན་ཚུལ་ས་གྲགས་གནམ་གྲགས་བྱེད་བཞིན་ཡོད་ཀྱང་དོན་དུ་དགྲ་བོ་མདངས་མ་ཞིག་ཏུ་ངོས་འཛིན་གྱི་བཙན་གནོན་དང་དམ་གྲགས་འོག་ཏུ་མགོ་བོ་འབུར་བཅུག་གི་མེད་པ་དེ་རེད། གལ་སྲིད་སྤུན་ཟླ་མི་རིགས་ཀྱི་མདུན་ཤེས་འཛིན་གྱི་ཡོད་ན་སྤུན་ཟླའི་སེམས་ནང་གི་དཀའ་སྡུག་རྣམས་ཉན་འཇོག་བྱེད་དགོས་པ་རེད་ལ། དེ་ལ་བརྩི་སྲུང་ཞུ་དགོས་པ་ཞིག་ཀྱང་རེད། དེ་འདྲ་བརྩི་སྲུང་དང་ཉན་འཇོག་བྱས་ན་ད་ཚོད་སྤུན་ཟླ་ཞེས་ལབ་ན་འགྲིགས་ཀྱི་ཡོད་པ་རེད། རྒྱ་གཞུང་གི་ཁ་ནས་ཆིག་སྒྲིལ་དང་། མཆམ་མཐུན། བརྟན་ལྷིང་དགོས་ཞེས་ཁ་ན་ན་སྒྲོག་བཞིན་ཡོད། ཁ་ནས་ཆིག་སྒྲིལ་སོགས་དགོས་ག་ཚད་ལབ་ནའང་དོན་དུ་ལག་ལེན་མ་བསྟར་ན་ཁ་བཤད་ཆུའི་ལྦུ་བ་ལས་ཅི་ཡང་ཕན་ཐོགས་མེད་པ་དེ་རེད། བརྟན་ལྷིང་དང་། ཆིག་སྒྲིག་སོགས་དགོས་ན་རྒྱ་ཆེ་མི་མང་གི་འདོད་དོན་གྲུབ་དགོས་པ་རེད།
གཞིས་ལུས་མི་མང་རྣམས་ཀྱི་དངོས་འདོད་ཕྱིར་རུ་འདོན་པ་ཙམ་གྱིས་དྲག་པོའི་མཚོན་ཆ་བེད་སྤྱད་དེ་བསད་རྡུང་གི་ཡ་ང་སྙིང་རྗེ་མེད་པ་མནར་གཅོད་གཏོང་བཞིན་ཡོད་ལ། དེ་བཞིན་ཆོས་མེད་སྨྲ་བའི་རིང་ལུགས་ཀྱི་ནང་ཆོས་མེད་པ་བཟོ་རྒྱུའི་དམིགས་ཡུལ་ངན་པ་ཞིག་བཟུང་ནས་རྒྱལ་གཅེས་ཆོས་གཅེས་ཞེས་མིང་ཚིག་སྙན་པོ་ཞིག་བཏགས་ནས་བོད་མི་རིགས་ཀྱི་ཚེ་འདི་གཉིས་ཀྱི་སྐྱབས་གནས་ལ་མཚན་སྨད་དང་བྱེད་བཅུག་པ་དང་། དགོན་པ་ནང་དུ་༸གོང་ས་མཆོག་གི་སྐུ་པར་ཚུན་ཆད་གཤམ་མི་བཅུག་པ་སོགས་ཀྱི་ཆེས་ལས་འགུལ་གདུག་རྩུབ་ཅན་ལག་བསྟར་བྱེད་ཀྱི་ཡོད་ལ། གལ་སྲིད་༸རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་མ་བྱས་ནས་དགོན་པ་ནང་དུ་སྡོད་མི་བཅུག་པ་ཕྱིར་འབུད་བཏང་བ་སོགས་ཀྱི་བོད་མི་རྣམས་ལ་རང་དབང་གི་ཆོས་དད་བྱེད་དབང་མེད་པའི་བཙན་བཀའ་གཏོང་གི་ཡོད། དེ་འདྲའི་གནས་སྟངས་ཤིག་འོག་ནས་བོད་མི་རིགས་ཀྱི་རྒྱལ་གཅེས་པ་དཔའ་བོ་དཔའ་མོ་རྣམས་ཀྱི་ཡོད་ཚད་བོད་མི་རིགས་ཀྱི་དོན་དུ་བློས་བཏང་གནང་ནས་སྐུ་ལུས་མཆོད་མེ་སྒྲོན་བཞིན་ཡོད་པ་དེ་རེད། ད་དུང་རྒྱ་གཞུང་གི་ཉན་ཤེས་མེད་པའི་ཐོག་ནས་ད་རེས་ལས་འགུལ་དེ་དག་ཏཱ་ལས་རུ་ཚོགས་ཀྱི་བརྒྱུད་སྐུལ་བྱས་ཚུལ་སོགས་ཀྱི་འཛམ་གླིང་མི་རྣམས་མགོ་བོ་རྨོངས་ཐབས་ཀྱི་གཞི་མེད་སྐྱོན་བརྗོད་བྱེད་ཀྱི་ཡོད།
དེ་འདྲའི་གནས་སྟངས་ཛ་དྲག་ཅན་ཞིག་གི་འོག་ནས་གཞིས་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་མོ་ནས་མགོ་བཙུགས་ཏེ་བོད་མི་མང་ཁྲིམས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ནས་བདེན་པའི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས་ཡོད་ཅིང་། དེ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་པ་རེད་ལ། རྒྱ་གཞུང་ལ་བརྡ་ལེན་གསལ་པོ་ཞིག་སྤྲད་ཡོད། ད་ནི་ང་ཚོ་ཉིན་མ་གཅིག་གི་ལྷོད་མེད་པའི་ལས་དོན་སྤེལ་དགོས་པའི་ཚད་ལ་སླེབས་ཡོད་ཅིང་། ང་ཚོར་རྨང་རྩ་བ་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱི་བོད་མི་རིགས་ལ་བཅངས་གདུང་ཞེན་དང་སྙིང་སྟོབས་ལས་བྱུང་བའི་རིན་ཆེན་གསེར་གྱི་ས་གཞི་ཆེན་མོ་བཀང་ནའང་སྐོང་མི་ཐུབ་པའི་དེ་འདྲའི་སྟོང་འཕོད་ཀྱི་མིག་དཔེ་སྟོན་རྒྱུ་ཡོད་པས། ང་ཚོ་རི་གྲོང་འདི་ནས་བསྒྲགས་གཏམ་སྒྲོག་པ་ཙམ་ཞིག་མ་ཡིན་པས། དངོས་སུ་རྒྱ་སྤྱི་མི་མང་མདུན་དུ་ཐོན་ནས་ལས་འགུལ་སྤེལ་དགོས་པ་དུས་ལ་སླེབས་འདུག་ཅིང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཁྲིམས་བཟོ་རྒྱུ་ཙམ་མ་ཡིན་པ། མི་མང་སྣེ་ཁྲིད་གནང་མཁན་ཞིག་ཀྱང་ཡིན་ན། ད་རེས་མདུན་དུ་མཐོན་ནས་བདེན་པའི་མེ་ལྕེ་སྐོར་སྐྱོད་གནང་བ་དེ་ནས་མགོ་བཙུགས་ཏེ་ལས་འགུལ་མུ་མཐུད་དེ་སྤེལ་དགོས་པ་སེམས་ལ། ཀུན་གླེང་གཏམ་གླེང་སོགས་སུ་ད་རེས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་བ་དེ་མ་འགྲིགས་པ་འདྲ་པོ་བསམ་ཚུལ་ཡོད་ཚུལ་གསུང་སོང་ཡང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཁྲིམས་བཟོ་རྒྱུ་ལས་གཞན་བོད་མི་རིགས་ཀྱི་བདེན་དོན་སེལ་ཆེད་དུ་ལས་འགུལ་སྤེལ་མི་ཆོག་པ་གང་ཡང་མེད་ལ། རྒྱལ་ཁབ་ཡོད་པའི་ལུང་པར་མིག་དཔེ་ལྟ་རྒྱུ་གང་ཡོད། ཁོ་ཚོ་ལ་ནི་རྒྱལ་ཁབ་ཡོད་ལ་ལུང་པ་ཡང་ཡོད་པས་སོ། །ང་ཚོ་ལ་ནི་ས་ཆ་ལག་མཐིལ་ཙམ་ཞིག་མེད་ན་ལས་འགུལ་མ་སྤེལ་ནས་བསྡད་ཐབས་ག་ལ་ཡོད། ང་ཚོ་ཚང་མ་མཉམ་རུབ་ཀྱི་ལས་འགུལ་སྤེལ་དགོས་པས་སོ། །ད་ནི་བཀའ་སྤྱི་གཉིས་གཙོས་པའི་འབྲེལ་ཡོད་ཚང་མའི་མཉམ་རུབ་ཀྱི་ལས་འགུལ་སྤེལ་བའི་དུས་ཚོད་ལས་ང་ཁོ་ཞེས་ནང་ཁུལ་རྩོད་པ་དུས་ཚོད་གཅིག་གཏན་ནས་མིན་ལ། ལས་འགུལ་དོན་སྙིང་ལྡན་པ་རིམ་པ་སྤེལ་དགོས་ལ། མི་མང་རྣམས་ཀྱང་མཉམ་ཞུགས་བྱེད་དགོས། ལས་འགུལ་སྤེལ་བ་ཙམ་གྱི་ལས་སེང་གྲུབ་འབྲས་གསོན་པ་ཞིག་ནི་དཀའ་ནའང་རིམ་པའི་ལས་འགུལ་སྤེལ་བ་ཙམ་གྱི་ཕན་ས་གཅིག་ལ་ཕན་ཐོགས་ཡོང་གི་ཡོད་པ་དེ་རེད། ད་རེས་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དེ་ནི་མཛད་གཙོ་རྣམ་པ་སྣེ་ཁྲིད་གནང་ནས་ལས་འགུལ་སྤེལ་བ་དེ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལས་འགུལ་དེ་དག་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢ ཉིན་མོར་ཕུལ།

སྣ་ཚོགས།

Post navigation

Previous Post: ཨ་མདོ་རྔ་པའི་གནས་ཚུལ་གསར་པ།
Next Post: ཤྲི་ལང་ཀར་བསྐྱོད་ཐེངས་གཉིས་པ།

Comments (5) on “བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འཕྲོས་པའི་བསམ་ཚུལ།”

  1. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-19 at 8:05 am

    དངོས་གནས་རེད་སྐྱབས་བཅོལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྤྱིད་སྡུག་དེ་བཞིན་བོད་རིགས་མི་རེ་ངོ་ནས་རང་ནུས་གང་ཡོད་ཀྱིས་རྒྱལ་སྤྱིའི་འདུན་དུ་ཐོན་སྟེ་ལས་འགུལ་གྱི་རྣམ་པ་འདྲ་མིན་མྱུར་དུ་སྤེལ་རོགས། དུས་སྐབས་ཛ་དྲག་འདི་འདྲ་ནང་ལ་ནང་ཁུལ་གྱི་རང་བཙན་དང་དབུ་མ། ཆོལ་ཁ་དང་། ཆོས་ལུགས་སོགས་རྩོད་ནས་སྡོད་པ་ཡིན་ན་བོད་ནང་ནས་རང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བཏང་ཟིན་པའི་འདས་པོ་དག་གི་ཞལ་ཆེམས་་དང་དངོས་སུ་འགལ་བའི་ངོ་མི་ཚ་འམ། ད་རེས་བོད་མི་ཡོངས་རྫོགས་ཆིག་སྒྲིལ་གྱི་ནུས་པ་གཅིག་ཏུ་སྤུངས་སྟེ་རྒྱལ་སྤྱིའི་མདུན་དུ་མཆོང་ཤོག བོད་རྒྱལ་ལོ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །

  2. བྱ་གླག་རྒོད་པོ་ says:
    2012-07-20 at 4:52 am

    གུས་པའི་བསམ་པར། སྤྱི་འཐུས་རྣམ་པས་ལས་འགུལ་གྱི་མགོ་ཁྲིད་གནང་བར་མངོན་པར་བསྟོད་འོས། འདི་ལྟ་
    བུའི་ཛ་དྲག་གི་སྐབས་སུ་ང་རང་ཚོ་སྤྱི་སྒེར་ཚང་ཕྱར་གྲུ་མཉམ་འདེགས་ཀྱིས་ལས་འགུལ་སྤེལ་རྒྱུ་ནི་ཁ་ཚར་དགོས་གཏུག་རེད་ལ། ཡང་ང་ཚོས་ཕྱོགས་ཡོངས་ནས་ཕུགས་ལ་ཕན་པའི་འཆར་འགོད་འཐུས་ཚང་བཟོ་དགོས་
    པ་ཡང་ཤིན་ཏུ་གལ་ཆེ་བར་སེམས་པས། དེ་ལྟར་གནད་སྐྱོང་བར་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

  3. རང་དབང་ཨ་རྡུ་མན་ says:
    2012-07-20 at 5:09 am

    མ་རེད་ད་་་་་ང་ཚོའི་དམིགས་ཡུལ་གཙོ་བོ་ནི་་་་་བཙན་བྱོལ་ནང་དུ་བོད་རིགས་ཤུགས་ལྡན་པ་ཚོ་དངོས་ཤུགས་བརྒྱུད་གསུམ་ནས་རྩ་མེད་བཟོས་དགོས་དེ་ཡང་དམར་བསོད་གཏོང་དགོས་ནའང་རེད། སྔར་སྲོལ་བཞིན་དུག་བླུགས་དགོས་ནའང་རེད་་་་ཁང་པ་མེར་སྲེགས་གཏོང་དགོས་ནའང་རེད། ཐབས་ཤེས་ཡོད་རྒུ་རྩལ་སྒྲུགས་བྱེད་དགོས་རེད། དེ་ནས་བོད་དོན་ནི་ག་ལེ་ག་ལེར་འགྲིག་འགྲོ་ཡི་རེད། མ་ཟད་ང་ཚོས་ནང་ལོགས་མི་ཚོ་རྩ་མེད་གཏོང་ཐུབ་ན་་་་དོན་ཐག་གཞན་སྒྲུབ་མ་ཐུབ་ནའང་གལ་ཡོ་མ་རེད།

  4. བྱང་ ཐང་གཡག་རྒོད། says:
    2012-07-21 at 5:26 am

    བདེན་པའི་མེ་ལྕེ་འདི་ཡིད་སྨོན།།འོན་ཀྱང་འགྲོ་བའི་ལོངས་྄ཁོམ་བདག་ལ་མེད།།མ་འོང་འདི་ལྟའི་ལས་ཡོད་གྱུར་ན།།ལྷན་དུ་འགྲོ་རྒྱུང་ན་དགའ་བ་ལ།།

  5. རྒྱ་མཚོ། says:
    2012-07-22 at 8:10 am

    ཨ ་རྡི་མན་ལགས་ མགོ་རྔ་མེད་པའི་སྐད་ཆ་མ་བཤད། རྒྱ་གཞུང་དམར་པོར་འཐབ་རྩོད་བྱེད་བཞིན་པའི་ཛ་དྲག་གི་གནས་ཚུལ་འདིའི་འོག་དོལ་རྒྱལ་ཞིག་ཁྱེད་ཀྱི་ཡིད་ལ་ཅི་ལྟར་འཁོར་སོང་། འདིའང་ཐབས་ལམ་ཞིག་དང་ལག་ཆ་ཞིག་མིན་འགྲོ བོད་མི་དམངས་ནང་དཀྲིགས་བྱེད་བསམ་མམ། ངས་ནི་དོལ་རྒྱལ་ཟེར་བ་ཟ་ཞིག་དང་འཐུང་རྒྱུ་ཞིག་ཡིན་མིན་ཡང་མི་ཤེས་མོད ། ཉེ་བའི་དུས་སྐབས་འདིར་ཁྱེད་ཀྱིས་མགོ་སྐོར་ཅི་ཙམ་བཏང་ཡང་། ང་ཚོའི་རྩོད་དགོས་རྒྱུ་དེ་རྩོད་ཀྱི་ཡིན། དོལ་རྒྱལ་ལ་དུག་བླུད་ནས་བོད་ས་བྱིར་རག་གི་མེད་པ་ཤེས་དགོས། དོལ་རྒྱལ་བ་ཚོ་རྒྱུག་ཁྱི་ཙམ་རེད། རིམ་པར་ཚུར་འཁོར་གི་རེད། དམར་གཞུང་གི་ལག་ཆ་བྱེད་ཀྱི་མ་རེད།་ཁོ ་ཚོའང་མི་ཡིན་ལ་བོད་ཡིན་པས། རྒྱལ་ཁབ་དང་མི་རིགས་དགོས་ཀྱི་རེད། ཁྱེད་ཀྱིས་ནང་འཁྲུག་སློང་དགོས་ནི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme