Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལུས་མེར་སྲེག་ཐེངས་ ༥༡ པ་དང་བཅས་པའི་ས་ཁྲ

Posted on 2012-07-182012-07-18 By དགེ་རབ་ 29 Comments on རང་ལུས་མེར་སྲེག་ཐེངས་ ༥༡ པ་དང་བཅས་པའི་ས་ཁྲ


རང་བཙན་མཐུན་ཚོགས་(www.rangzen.net)ཀྱིས་བཟོས་པའི་ས་ཁྲ་འདི་སྐད་ཡིག་གཞན་གྱི་ནང་ཡོད་པ་གཤམ་གྱི་འབྲེལ་ཐག་ནས་ལེན་ཐུབ་པ་འདུག
བོད་ཡིག་མ།
རྒྱ་ཡིག་མ།
ཨིན་ཡིག་མ།

གསར་འགྱུར།

Post navigation

Previous Post: དེ་རིང་གི་འདུག་རོགས་སྙན་ངག་འདི་ཡིན།
Next Post: ཨ་མདོ་རྔ་པའི་གནས་ཚུལ་གསར་པ།

Comments (29) on “རང་ལུས་མེར་སྲེག་ཐེངས་ ༥༡ པ་དང་བཅས་པའི་ས་ཁྲ”

  1. ཀླུ་སྨྱོན། says:
    2012-07-18 at 8:51 pm

    གོང་གི་པར་དང་དེའི་གསལ་བཤད་ནི་ཧི་མ་ལ་ཡའི་ཕར་ཕྱོགས་ཀྱི་སྐད་ཆ་རེད། འོག་གི་དྲ་ཐག་འདི་དང་དེས་བརྗོད་པ་དག་ནི་ཧི་མ་ལ་ཡའི་ཚུར་ཕྱོགས་ཀྱི་སྐད་ཆ་རེད། ང་ནི་མགོ་འཐོམས་སོང་། ད་ཅི་བྱེད།
    http://www.tibettimes.net/blogs.php?id=501&post_id=21509&&comment_mode=done

  2. བྱ་གླག་རྒོད་པོ་ says:
    2012-07-18 at 9:12 pm

    ཆོས་སྤྱོད་ཞི་བའི་རིགས་ཀྱི་དཔའ་བརྟུལ་ཚོ། །རེ་རེ་བྱས་ནས་མེ་ལྕེའི་ཀློང་ནས་ཡལ། །
    ད་དུང་གངས་ལྗོངས་རང་དབང་ཉི་བྱེད་གཞོན། །འཆར་བ་མཁའ་ཡི་པདྨོར་གྱུར་འདི་སྐྱོ། །
    དྲང་བདེན་ལྕེ་རྩེར་འཁྱེར་བའི་མགོ་སེར་ཚོ། །དཔལ་འབྱོར་གཡོན་མའི་འཕྲུལ་གྱིས་བསླུས་ནས་སོང་། །
    འཇིག་རྟེན་འདི་ན་དོན་དམ་དྲང་བདེན་ལ། །དགའ་བའི་རྐང་གཉིས་རྟ་ཡི་རྭ་བཞིན་གྱུར། །
    འབར་མས་མང་གཙོ་བརྩད་ནས་འབྲས་བུ་སྨིན། །ཁ་ཆེའི་གསར་བརྗེ་ལ་ཡང་རྒྱལ་ཁ་ཐོབ། །
    འདི་ན་ལོ་ངོ་ལྔ་བཅུ་ལྷག་གི་རིང་། །བོད་དོན་རྩོད་པའི་འབྲས་བུ་མེད་འདི་སྐྱོ། །

  3. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-18 at 10:24 pm

    རྒྱལ་གཅེས་པ་ཁོང་རྣམས་ལ་གུས་འདུད་དང་རྗེས་དྲན་གྲངས་མེད་ཞུ།
    དགེ་རབ་ལགས་ཀྱིས་ཞིབ་ཕྲ་དཔྱད་ཞིབ་དང་འབྲེལ་རྗེས་དྲན་ཞུ་བར་ཐུགས་རྗེ་ཆེ།
    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། །

  4. གངས་རི་དཀར་པོ། says:
    2012-07-18 at 10:54 pm

    ཀྱེ་མ་ཀྱེ་ཧུད་སྙིང་རྗེའི་རང་གཟུགས་ཅན། །འཕགས་མཆོག་ཕྱག་ན་པདྨོར་གུས་པས་བཏུད། །
    བདག་སོགས་བོད་འབངས་བརྩེ་བས་མི་འདོར་བར། །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་འགྱུར་ཅིག།།
    ད་དུས་སྙིགས་མ་བདོ་བའི་ཡང་མཐའ་འདིར། །བོད་རྒྱལ་སེམས་ཁུར་ཅན་རྣམས་དབྱིངས་སུ་ཡལ། །
    དེ་མིན་འདོད་པ་ཅན་རྣམས་ཨ་རིར་ཐིམ། །རང་དབང་གཙང་མའི་དཔལ་འདི་ཅི་འདྲ་ཞིག།།

  5. ཚངས་པ། says:
    2012-07-18 at 11:16 pm

    ད་འུ་ཚོ་ཇི་ཙམ་རང་སྲེགས་དགོས་སམ།

  6. རང་དབང་ཨ་རྡུ་མན་ says:
    2012-07-19 at 12:43 am

    མེ་རུ་སྲེགས་པའི་བོད་རིགས་སྤན་ཟླ་གྲངས་ག་ཚོད་ཙམ་ལོན་དུས་་་་བརྡ་ས་སྒྲིག་འཛུགས་དེ་བློ་ཁ་ཚིམས་སམ།
    མ་ཤི་གསོན་པོ་མེར་བསྲེགས་གཏོང་མཁན་བློ་སེང་གཙོས་བརྡ་སའི་དཔོན་ངན་ཚོ། ཁྱོད་ཚོའི་རྒྱུད་ལ་ཡ་ང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པ་རེད་པས་ཨ། ལབ་དང་་་་ད་དུང་ལྟས་ངན་བློ་སེང་ནས་ཉེ་ཆར་་་་ཨ་རི་གཞུང་ལ་སྤྲེད་ལད་འཁྲབ་ཡག་གི་ཆེད་དུ་་་རྒྱ་ནག་དམར་པོའི་གཞུང་ནས་བོད་ལ་རང་དབང་མ་སྤྲད་བར་དུ་མེར་སྲེགས་ཀྱི་ལས་ཀ་མཚམས་འཇོག་བྱེད་ཀྱི་མ་རེད་ཟེར་ཡག་དེ་ལ་གཟིགས་དང་། ཁོ་ལ་བོད་རིགས་ལ་དུང་བའི་སེམས་པ་འདུག་པས། དྲང་བདེན་དང་རྒྱ་འབྲས་ལ་བརྩིས་སྲུང་བྱེད་མཁན་ཞིག་ཡིན་ན་སྐད་ཆ་དེ་འདྲ་བཤད་ཀྱི་རེད་པས། ཐ་ན་འབུ་སྲན་ཚན་ཆད་ཡིན་ནའང་གསོན་པོ་མེ་རུ་སྲེགས་ན་མི་དེ་ལ་སྙིང་མེད་པའི་དན་རྟགས་གསལ་པོ་མ་རེད་པས།།

  7. བྱ་གླག་རྒོད་པོ་ says:
    2012-07-19 at 1:12 am

    རང་དབང་ཨ་རྔུ་མན་ཟེར་བས་ཁ་གཏང་ས་རྒྱ་མི་ཕར་ལ་བཞག་ནས། དབུས་བོད་མིའི་སྒྲིག་འཛུགས་ལ་ཁ་
    བཏང་བ་ནི། དངོས་གནས་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་རུ་སོང་བ་མ་རེད་དམ། ད་བོད་པ་ཚང་ལ་ནང་
    འཛིང་གཏུག་རྒྱུ་མ་གཏོགས་གང་ཡོང་།

  8. རང་དབང་ཨ་རྡུ་མན་ says:
    2012-07-19 at 2:52 am

    བྱ་གླག་རྒོད་པོ་ལགས། བོད་རྒྱ་སུ་ཡིན་རུང་སྐྱོན་ཡོན་གཉིས་ཀ་ཡོད་རེད་་་་སོང་ཙང་སྤྱི་ཚོགས་ལ་གནོད་པའི་བྱ་བ་ཞིག་ཡིན་ན་་
    རང་ཕྱོགས་དང་གཞན་ཕྱོགས་ཟེར་ཡག་དེ་ཕར་གཞག་ནས་་་་་སྐྱོན་དེ་ཡོ་སྲང་བྱ་གལ་ཆེ། མ་ཟད་རྒྱ་མི་ཟེར་དུས་འགོ་ནས་འཇུག་བར་སྡུག་པོ་དང་བོད་པ་ཟེར་དུས་དུས་འགོ་ནས་འཇུག་བར་ཡག་པོ་ཡིན་དགོས་ཀྱི་མ་རེད་ད། ད་ཧ་གོ་སོང་ངས། ང་རང་ལ་མི་རིགས་དང་རྒྱལ་ཁབ་ལུང་ཚན་སོགས་ཁྱད་པར་རྩ་བ་ནས་མེད། དྲང་བདེན་གྱི་ལམ་དུ་བསྐྱོད་མཁན་ཞིག་ཡིན་ན་དེ་ནི་་་་ང་ཡི་གྲོགས་པོ་ཡིན་པ་མ་ཟད་བློ་གཏད་བཅོལ་སའང་ཡིན། དེ་མིན་གཡོ་སྒྱུ་དང་མ་རབས་ཀྱི་ལམ་བུར་བསྐྱོད་མཁན་ཞིག་ཡིན་ན་ནི་་་སོ་སོའི་སྤུན་མཆེད་ཡིན་ནའང་་་་ང་ཡི་དགག་པ་བརྒྱབ་སའི་ཡུལ་ངོ་མ་དེ་རེད།།

  9. འཁྱམས་པོ says:
    2012-07-19 at 3:29 am

    འདི་ལྟར་མིང་ཐོ་བཀོད་པ་དེ་ཡག་པོ་རེད། ཡིན་ཡང་འདྲ་པར་རེ་རེ་འགོད་ཐུབ་ན་དེ་ལས་ཡག་པ་འདུག
    འཛམ་གླིང་མི་མང་གི་མིག་མདུན་དུ་པར་ཡང་ཧ་ཅང་གལ་ཆེན་རེད། དཔེར་ན་མེ་སྲེག་རེ་རེ་བྱུང་དུས་རེ་རེ་བཞིན་སྔོན་མའི་དཔའ་པོ་དེ་ཚོའང་མིང་པར་དང་བཅས་པ་རེ་འགོད་ཐུབ་ན། ཕྱོགས་གཅིག་ནས་ཁོང་ཚོ་དྲན་གསོ་དང་གཉིས་ནས་ཁྱབ་བསྒྲག་ཡང་རེད། དེས་འཛམ་གླིང་མི་མང་གི་དོ་སྣང་དང་ཚོར་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོག་ཡོད་པ་རེད།

  10. ཤོམ་ཅན། says:
    2012-07-19 at 3:37 am

    དོན་ངོ་མའི་གྲངས་ཀ་ག་ཚོད་རེད། འདི་ནི་ང་ཚོས་ངེས་བར་དུ་གཟབ་གཟབ་བྱེད་དགོས ཁ་སང་voa ཨ་རིའི་རླུང་འཕྲིན་ཁང་ནས་ཁྱོན་བསྡོམས་རང་ལུས་མེར་བསྲེགས་ཀྱི་གྲངས་ཀ་༤༤ ལབ་་སོང་། ཚོགས་པ་གཅིག་དང་སྒྲིག་འཛུགས་གཅིག་གི་འོག་ནས་གྲངས་ཀ་དེ་འདྲའི་ཉུང་ཉུང་ཅིག་བརྩི་མ་ཐུབ་ན་ཞབས་འདྲེན་རེད། བོད་ནང་ནས་ག་ཚོད་ཡིན་་པ་དང་ཕྱི་ལོག་ནས་ག་ཚོད་ཡིན་པ། ཁྱོན་བསྡོམས་ག་ཚོད་ཡིན་པ་གསལ་བོ་བཤད་རྒྱུར་གལ་ཆེན་པོ་མཐོང། གཡག་ཞར་གྱི་རྩྭ་ཟ་ཟ་བྱས་ན་འགྲིག་གི་མ་རེད། འདི་ནི་རྒྱལ་གཅེས་དཔལ་བོ་དཔལ་མོ་རྣམས་པའི་ཚེ་སྲོག་གི་རིན་ཐང་ཡིན་པ་མཁྱེན་དགོས་བར་གྱིས་གསར་འགོད་པ་རྣམས་པ་ལགས།

  11. བྱ་གླག་རྒོད་པོ་ says:
    2012-07-19 at 4:31 am

    ཨ་རྔུ་མན་ཚང་དངོས་གནས་ཕོ་ལ་ཕོ་དྲི་བྲོ་འདུག བྱང་ཆུབ་སེམས་དཔའ་རང་རེད་འདུག་ག ངོ་སོ་ཕ་
    བསད་དགྲ་ལ་བསྟོད། མདུང་རྩེ་ནང་ལ་གཏད་དེ་ཨ་ཁུ་ཁྲོ་ཐུང་རྣམ་ཐར་བདག་གིར་བཞེས་པ་ནི་ངོ་
    མཚར་ཆེའོ། །སྐྱབས་སུ་མཆི།

  12. གཉིས་མེད་སེངྒེ says:
    2012-07-19 at 12:45 pm

    བོད་ནི་འཛམ་གླིང་ལོ་རྒྱུས་ཁྲོད་རང་དབང་འཐབ་རྩོད་ལས་རང་ལུས་མེ་སྲེག་བཏང་བ་མང་ཤོས་སུ་གྱུར་པ་རེད།

  13. རང་དབང་ཨ་རྡུ་མན་ says:
    2012-07-19 at 2:35 pm

    བྱ་གླག་རྒོད་པོ་ལགས་། ང་ལ་སྐྱབས་སུ་འགྲོ་པ་དེ་ཡག་པོ་རེད། ད་ནས་བཟུང་ཁྱེད་རང་་་་་ང་ཡི་སློབ་མ་ཡིན་ད། དགེ་ཕྲུག་ཆུ་ཆུང་རྗེས་མ་ནས་བོད་ཡིག་ཡག་པོ་འབྲི་ཨ།།

  14. བོད་ཀྱི་བུ། says:
    2012-07-19 at 4:16 pm

    བཀའ་ཁྲི་བློ་སེང་གིས་རྒྱལ་བ་ཀརྨ་པར་བོད་ནང་གི་མེ་སྲེག་མཚམས་འཇོག་རོགས་ཟེར་ནས་མ་གསུངས་རོགས་ཞེས་ཞུས་འདུག དེ་ཡང་གསང་སྟབས་ཀྱིས། ཡིད་མ་ཆེས་ན་རྒྱལ་བ་ཀརྨ་སྐུ་དངོས་ལ་དྲིས། བློ་སེང་འདིས་ཅི་བསམ་གྱི་ཡོད་ན་མི་ཤེས།

  15. བྱ་གླག་རྒོད་པོ་ says:
    2012-07-19 at 4:40 pm

    ཨ་རྔུ་དང་ཁྱོད་གཉིས་བོད་ཀྱི་བུ་ཞིག་ཡིན་ས་མ་རེད། རྒྱ་དཔོན་མའོ་དང་ཅང་ཆེན་གཉིས་ཀྱི་གསོས་ཕྲུག་
    དང་། ཏིང་མིའུ་ཐུང་གི་ཚ་བོ་དང་། ཅང་ཝུའུ་གཉིས་སྤུན་མཆེད། རྗེ་རིན་པོ་ཆེའི་གསེར་གདུང་ཐལ་བའི་
    ཕུང་བོར་སྒྱུར་མཁན། གདན་ས་དགའ་ལྡན་དགོན་པ་རྩིག་རོ་དང་མ་ལྷག་པར་བཟོ་མཁན། པཎ་ཆེན་
    རིན་པོ་ཆེ་ལོ་ངོ་དགུ་ལ་བཙོན་འཇུག་བྱེད་མཁན་དེ་ཡིན་ལབ་ན། ལན་པོ་འདུག དངོས་གནས་སྙིང་རྗེ་ས་
    དེ་ཁྱོད་གཉིས་རེད་མི་འདུག་གས།

  16. བོད་ཀྱི་བུ། says:
    2012-07-19 at 6:19 pm

    བྱ་གླག་རྒོད་པོ་ལགས། ཁྱོད་བྱ་ཞིག་ཡིན་པའི་དབང་དུ་བཏང་ན་འུག་པ་ཞིག་ཡིན་ན་མ་གཏོགས་གླག་དང་རྒོད་ཅིག་མིན་པ་ཐག་ཆོད། ད་འོ་ན་གཞིས་ལུས་བོད་མིའི་ཚེ་སྲོག་བཙན་བྱོལ་ནང་གི་ཆབ་སྲིད་པ་མགོ་བདེ་ཁ་ཤས་ཀྱིས་ཆབ་སྲིད་འཁྲབ་བྱེད་ཀྱི་རྩེད་ཆས་བྱེད་དགོས་རེད་དམ། ཐ་ན་རང་ལུས་སྲེག་གཏོང་མཁན་རྣམས་ཀྱི་འབོད་ཚིག་ཚུན་ཆད་རང་ཕྱོགས་ལ་མཁོ་བ་དེ་བསྒྲགས། རང་གི་ལྟ་ཕྱོགས་དང་འཁྲབ་གཞུང་ལ་གནོད་པའི་རོགས་ནག་བསུབ་གཏོང་བཞིན་པ་འདི་དྲང་པོ་རེད་དམ།

  17. རང་དབང་ཨ་རྡུ་མན་ says:
    2012-07-20 at 2:22 am

    བྱ་གླག་རྒོད་པོ་ལགས། བོད་རིགས་ནང་ཁུལ་དུ་ཆོས་དང་ཟང་ཟིང་གི་འབྲེལ་ཐག་བཅད་ཀྱི་ཡིན་ཟེར་ནས་དཀོན་མཆོག་དཔང་དུ་གཙུགས་པ་ལས་་་་་བོད་ཀྱི་བུ་མ་ཡིན་ན་རྒྱ་འགྱུར་སྟོང་འགྱུར་ཡག་གི་་རེད་་་་་་་གང་ལྟར་ཆོས་ལ་བརྟེན་ནས་སྡིག་ཁམ་པོ་ཆེ་དེ་གསོག་དགོས་མ་རེད་ལ་རང་ཉིད་ཐེག་པ་ཆེན་པོ་ལམ་དུ་ཞུགས་སའི་སྒོ་དེ་ཡང་བརྒྱབ་དགོས་མ་རེད། མ་ཟད་གཞན་ཐེག་ཆེན་ལམ་དུ་བསྐྱོད་པ་ཡང་བཀག་དགོས་ཀྱི་མ་རེད། སོང་ཙང་བཙན་བྱོལ་བོད་ཀྱི་བུ་མ་ཡིན་ན་ཁེ་བཟང་ཆེན་པོ་ཡོ་རེད་དའོ། མ་ཟད་བཙན་བྱོལ་བོད་ཕྲུག་མ་ཡིན་ན་མི་ཚེ་གང་པོ་ནང་ཁུལ་གྱི་རྙོག་དྲའི་སྒང་ཆུང་ནང་དུ་འཛུལ་དགོས་མ་རེད། བྱས་པ་ཡིན་ཙང་ཐུགས་རྗེ་གཟིགས།
    ང་གཉིས་ལ་བོད་ཀྱི་བུ་མ་ཡིན་པའི་ལག་འཁྱེར་ཞིག་གནང་དང་། ངས་ཁྱེད་ལ་མཐེ་བོང་གནམ་དུ་ལན་མང་སྒྲེངས་ཆོག།

  18. གྲགས་པ་ says:
    2012-07-20 at 2:38 am

    དྲ་གྲོགས་ཚོ་ད་ཐོག་ནས་ཁ་འཛིང་མ་བྱེད། གནས་ལུགས་ཤོད། གོང་དུ་ཨ་རྡུ་མན་ཟེར་པའི་དྲ་གྲོགས་ཤིག་གིས།
    བློ་རྒྱ་ནམ་མཁའ་ལས་ཆེ་འདོག་གིས། མཁས་དབང་བྱ་གླག་རྒོད་པོ་ལ། བཤད་པའི་གཏམ་དེ་རྣ་བར་འགྲོ་བ་དང་གཟི་བོར་གནས་པའི་གཏམ་ཏུ་མ་མཐོང་། ལྟོས་དང་། ཁྱེད་ཀྱིས་”མེ་རུ་སྲེགས་པའི་བོད་རིགས་སྤན་ཟླ་གྲངས་ག་ཚོད་ཙམ་ལོན་དུས་་་་བརྡ་ས་སྒྲིག་འཛུགས་དེ་བློ་ཁ་ཚིམས་སམ”ཟེར་པ་དེ་ཁྱེད་ཀྱིས་ག་རེ་དྲན་པ་ཡིན། བོད་ནང་ནས་གཞིས་ལུས་དཔའ་བོ་དཔའ་མོ་ཚོས་ཚ་ཚ་འུར་གྱིས་བོད་དོན་འདི་བདེན་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་སུ་རང་གི་གཅེས་པའི་སྲོག་ཚུན་འཆད་བློས་གཏོང་བཞིན་པ་རེད། གནས་ཚུལ་དེ་འདྲ་བྱུང་དུས་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཀྱང་མ་གོ་མ་ཐོས་མེད་པར་མཆོག་གསུམ་ལ་མཆོད་འབུལ་ཞིག་ལས་བྱེད་མ་ཐུབ་ཀྱང་བྱེད་བཞིན་པ་རེད། དེ་ལ་ཁྱེད་ཀྱིས་བློ་ཁ་ཚིམས་དང་མ་ཚིམས་ཀྱི་སྐད་ཆ་ཞིག་གང་ནས་དྲན།
    ད་དུང་ཁྱེད་ཀྱིས། “མ་ཤི་གསོན་པོ་མེར་བསྲེགས་གཏོང་མཁན་བློ་སེང་གཙོས་བརྡ་སའི་དཔོན་ངན་ཚོ། ཁྱོད་ཚོའི་རྒྱུད་ལ་ཡ་ང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པ་རེད་པས”ཟེར་པ་འདི་རྒྱ་གུང་ཕྲན་ལ་དགོས་པའི་སྐད་ཆ་རང་རེད། རྒྱ་དམར་གྱིས་བཙན་བྱོལ་སྒྲིག་འཛུགས་ལ་དུས་རྟག་ཏུ་འདི་འདྲ་བརྗོད་པ་གོ་ཐོས་བྱུང་། ལར་ནས་བློ་སེང་སོགས་རང་གཞུང་གི་མཛད་གཙོ་རྣམ་པས་ཡ་ང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པར་མི་གསོན་པོ་མེ་བསྲེག་བཏང་བ་ཁྱེད་ཀྱིས་ར་སྤྲོད་དང་། ང་ཚོས་ཁྲིམས་ལ་བསྐྱལ་ཆོག་གི་རེད། ཁྱེད་ཀྱིས་ཤེས་སམ། བོད་ནང་གི་གཞིས་ལུས་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་ནས་སྐུ་ལུས་མེ་རུ་སྒྲོན་པ་དེ་མི་སུ་ཞིག་གིས་རྒྱུད་སྐུལ་དང་བཀོད་འདོམས་ཀྱིས་བྱས་པ་ད་སྔ་ར་སྤྲོད་བྱུང་མེད། ཁྱེད་ལ་དེ་ལྟ་བུའི་སྤོམས་པ་ཞིག་ཡོད་ན་མིང་རྫུན་མ་ཞིག་གི་འོག་ནས་ཉ་ཉོག་གི་གཏམ་བཤད་མ་བྱེད་དངོས་སུ་ཐོན་དང་ང་ཚོ་གདོང་དང་གདོང་ཐུག་ཆོག ཡང་གཅིག་བཤད་ན་ཁྱེད་བོད་མི་ཞིག་ཡིན་ན། རང་གི་མི་རིགས་ཀྱི་ཆེད་དུ་རང་གི་གཅེས་པའི་སྐུ་སྲོག་གཏོང་མཁན་འདི་ཚོའི་འཐབ་རྩོད་ཀྱི་ངར་ཤུགས་ལ་རྗེས་སུ་ཡི་རང་བྱེད་མ་ཐུབ་ཀྱང་། དེ་ལ་འགྲེལ་ལོགས་རྒྱབ་པ་ཡིན་ན། ཡ་ང་སྙིང་རྗེ་མེད་མཁན་གྱི་རྒྱ་དམར་གྱི་བྱ་སྤྱོད་ལས་མ་འདས།
    ད་དུང་ཁྱོད་ཀྱིས་གོང་དུ་བོད་རྒྱ་གཉིས་ཀར་སྐྱོན་ཡོན་གཉིས་ཀ་ཡོད་ཚུལ་བརྗོད་འདུག དེ་ཡང་ཞིབ་ཏུ་བསམ་བློ་གང་ཡང་མ་འཁོར་བའི་ལབ་རྡོལ་ཙམ་རེད། འོ་ན་ངས་ཁྱོད་ལ་ཅིག་འདྲི། ད་ལྟའི་རྒྱ་དམར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་འདི་ལ་སྐྱོན་ཡོད་དང་མེད། ང་ཚོས་གླེང་བཞིན་པ་ནི་བོད་དོན་དང་འབྲེལ་བའི་སྐད་ཆར་སོང་ཙང་ངས་ཁྱོད་ལ་དྲི་བ་འདི་བཀོད་པ་ཡིན།

  19. བྱ་གླག་རྒོད་པོ་ says:
    2012-07-20 at 4:04 am

    ཁ་ཕོད་དེ་འདྲ་མ་ཤོད། ཐེག་ཆེན་ལམ་དུ་འཇུག་པར་སྐྱབས་འགྲོ་རྩོམ་བྱེད་དུ་ངེས་པར་ཡོད་དགོས་པ་ཞིག་
    རེད་མོད། ཁྱོད་འཇིག་རྟེན་ནག་ཕྱོགས་ཀྱི་རྒྱལ་འགོང་ཞིག་ལ་སྙིང་ནས་སྐྱབས་སུ་སོང་བས། ཐེག་ཆེན་པ་
    ཕར་ཞོག་ནང་པ་ཙམ་ཡང་ཡིན་ག་ལ་སྲིད་དེ། ་ནང་པ་ཡིན་ན་ཁས་བླང་བ་དང་གཞན་དུ་སྨྲ་བའི་སྐྱབས་འགྲོའི་
    ཁྱད་པར་ཚང་དགོས་པར་ལམ་རིམ་ཆེན་མོར་གསལ་བར་གསུངས་པས་སོ། །ཁྱོད་ཀྱིས་༧གོང་ས་མཆོག་དང་
    བཙན་བྱོལ་སྒྲིག་འཛུགས་ཀྱིས་ཆོས་ལུགས་དད་པ་རང་མོས་འཕྲོགས་སོང་ཟེར་བ་ལྐུགས་རྟགས་ནམ་མཁར་མི་
    ཤོང་བའི་ཚོད་དུ་འདུག་སྟེ། དོལ་རྒྱལ་བསྟེན་མི་རུང་བར་གསུངས་པས་ཆོས་ལུགས་དད་པ་རང་མོས་འཕྲོག་གི་
    ཡོད་ན།མགོ་སྟོན་པ་སངས་རྒྱས་དང་རྗེ་རིན་པོ་ཆེ་ནས་མཇུག་༧སྐྱབས་རྗེ་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ་
    སོགས་ཀྱང་དེར་འགྱུར་བས། ལས་ངན་གྱི་མཚོན་ཆ་རང་ལ་འཁོར་བ་མི་ཚོར་རམ། དངོས་གནས་མགོ་རུལ་བ་
    རྣ་བས་མ་ཚོར་བ་རང་རེད།

  20. རང་དབང་ཨ་རྡུ་མན་ says:
    2012-07-20 at 4:25 am

    གྲགས་པ་ལགས། དེ་སྐྱོན་ཡོ་རེད། ག་རེ་རེད་ཟེར་ན་་་་རྒྱ་ནག་ནས་ད་བར་བོད་རང་སྐྱོང་ལྗོངས་ཟེར་ཡག་དེའི་ནང་དུ་ཨ་མདོ་ཡོངས་དང་ཁམས་པ་མང་ཆེ་བ་ཚུད་མེད་པ་དེ་སྐྱོན་ཆེན་པོ་རེད། ངས་བྱས་ན་དེའི་ནང་དུ་བོད་མི་ཆ་ཚང་ཚུད་ན་ཡག་པོ་འདུག་ཟེར་གྱི་ཡོད།

  21. རང་དབང་ཨ་རྡུ་མན་ says:
    2012-07-20 at 4:35 am

    བྱ་གླག་་་་་ཁྱོད་ག་རེ་ལབ་ཀྱི་ཡོད་་་་ད་རེས་ཚ་བ་འཕར་བ་མ་རེད་དང་། ཡང་མིན་ན་ཅེ་ནེ་ཤུགས་ཚད་ཆེ་རུ་ཕྱིན་པ་རེད་པས།
    གང་ལྟར་ཁྱེད་རང་གཅིག་བྱེད་ཤག །སྟོན་པ་སངས་རྒྱས་ནས་རྗེ་རིན་པོ་ཆེ་དང་། ཕ་བོང་ཁ་པ་ནས་ཁྲི་བྱང་རིན་པོ་ཆེའི་བར་རྣམ་པ་ཚོས་་་་ཤུགས་ལྡན་བསྟེན་གསོལ་མི་ཆོག་ཟེར་བའི་བཀའ་སློབ་ཟེར་ཙམ་ཞིག་མེད་པ་མ་ཟད་་་ཕ་བོང་ཁ་པ་ཡབ་སྲས་རྣམ་གཉིས་ཤུགས་ལྡན་བསྟེན་གསོལ་གནང་མཁན་གཙོ་བོའི་གྲས་ཡིན་པ་ད་བར་ཧ་མ་གོ་བ་ཡིན་ས་རེད།
    སྐུ་མཁྱེན་་་་སྔོན་ལ་རང་སྨན་ཁང་ནང་དུ་ཨམ་ཆེ་བསྟེན་སར་ཕེབས་དང་། དེ་མིན་དཔེ་ཉེན་ཁ་ཆེན་པོ་རེད་ལོ།།

  22. ལོག་སྨྲ་ཚར་གཅོད། says:
    2012-07-20 at 9:19 am

    རང་དབང་ཨ་རྡུ་མན་ཟེར་མཁན་འདི་དོལ་རྒྱལ་ཚོགས་པའི་རྒྱུགས་ཁྱི་ཞིག་རེད། འདིའི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་མེད་ལ་རྒྱུ་མཚན་ཡང་མི་འདུག བོད་ལ་མེར་སྲེག་བཏང་བ་དེ་དག་རྡ་ས་ནས་བྱས་པ་མིན་པ་དཔའ་བོ་ཚོས་མ་སྐུལ་དང་བླངས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བློས་བཏང་བྱས་པ་ཤ་སྟག་ཡིན་པ་ལས་ཁྱེད་ཚོ་དོལ་རྒྱལ་ཚོགས་པ་དང་རྒྱ་གུང་ཁྲན་གཉིས་ཀྱི་བཤད་པ་ནང་བཞིན་མིན། བོད་མི་ཚོས་ཁྱེད་ཚོ་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་ཀྱི་མི་འདུག་ན་སོ་སོར་སྡུག་གྱོང་རེད། སོ་སོས་ཉོས་པ་རེད། བོད་སྤྱི་པ་འགྲོ་ས་ལམ་ཁ་ལས་གོལ་ཏེ་སོང་བའི་སྒེར་སྐྱོན་རེད།
    ཁྱེད་ཚོས་རྒྱ་མིའི་དངུལ་ལོ་བོད་སྤྱོད་ཀྱིས་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་འཛིན་སྐྱོང་ལ་རྒྱབ་གཏད་ཀྱིས་དགྲ་དགའ་གཉེན་སྡུག་གི་ལས་ལ་བཞུགས་པ་དེ་ལ་བོད་མི་མང་གིས་དུས་ནམ་ཡང་སེམས་ནང་རྗེད་མི་སྲིད་ལ་འགག་རྩའི་དུས་སུ་བོད་ཀྱི་ལམ་ཕྱོགས་ལ་ལྡོག་ཟླ་བཟུང་བ་འདི་མི་རབས་ནས་མི་རབས་བར་དེབ་ཐཻཪ་ནང་ཆེས་ཐབས་སྡུག་གི་མིང་ནག་ཞིག་དང་སྡིག་ཉེས་ཤིག་ཁྱེར་དགོས།

  23. ལོག་སྨྲ་ཚར་གཅོད། says:
    2012-07-20 at 9:24 am

    དྲ་གྲོགས་ཚོ། ང་ལོག་སྨྲ་ཚར་གཅོད་ཀྱི་མིང་ཐོག་ནས་རང་དབང་ཨ་རྡུ་མན་གྱིས་ལོག་པར་སྨྲས་པ་དེ་དག་ཚར་དུ་གཅོད་དགོས་ངེས་རེད། ཚང་མས་མི་འདི་ལ་དོག་ཟོན་བྱོས།

  24. ཀརྡོ་གཉེར་ཕྱག་པ་ says:
    2012-07-20 at 9:39 am

    ལ་ལ་རང་ལུས་མེ་ཡིས་བསྲེགས། །
    ལ་ལ་གཞན་སེམས་ཚིག་གིས་བསྲེགས། །

  25. བོད་ཀྱི་བུ། says:
    2012-07-20 at 11:51 am

    བཀའ་ཁྲི་བློ་སེང་གིས་”ངས་བཀའ་བློན་གྱི་ལས་འགན་ཁུར་བ་ནས་བཟུང་སྟེ་མེར་བསྲེག་གཏོང་མཁན་མང་དུ་སོང་ཡོད་”ཟེར། ད་དུང་ཁོང་གིས་མེར་བསྲེག་དེ་ཁོང་གིས་བཀའ་ཁྲིའི་ལས་འགན་བླངས་པ་ནས་འགོ་བཙུགས་ཡོད་མདོག་གིས་གྲངས་འདྲེན་ཚུན་ལ་འགྱུར་བ་བཏང་བར་བརྟེན་གླེང་རྙོག་བྱུང་ཡོད།

  26. རང་དབང་ཨ་རྡུ་མན་ says:
    2012-07-20 at 2:37 pm

    ལོག་སྨྲ་ཚར་བཅད་ལགས། ང་ལ་དོལ་རྒྱལ་ཚོགས་པའི་རྒྱུགས་ཁྱི་རེད་ཟེར་ཡག་དེ་རྒྱུ་མཚན་གང་ཡིན་ནམ། མེར་སྲེགས་དོན་རྐྱེན་ལ་ངོ་རྒོལ་བྱས་པས་ཟེར་རམ་དམངས་ཚོགས་རང་དབང་དང་ཆོད་དད་རང་དབང་ལ་དགའ་ཞེན་བྱེད་མཁན་སོང་ཙང་རེད་པས་ག་རེ་རེད་གསུང་དང་། དེ་འདྲ་ཡིན་ན་དཔལ་རྒྱལ་བ་ཀརྨ་པའང་དོལ་རྒྱལ་ཚོགས་པའི་རྒྱུགས་ཁྱི་རེད་པས་མེར་སྲེགས་དོན་རྐྱེན་དེ་ཡགཔོ་མིན་པའི་སྐོར་བཀའ་སློབ་ཕེབས་ཡོད་རེད། ཀླུ་མཁར་བྱམས་དང་འཇམ་དབྱངས་ནོར་བུ་སོགས་ཀྱང་དོལ་རྒྱུགས་ཁྱི་རེད་པས་དམངས་ཚོགས་ལ་དགའ་ཞེན་དངོས་གནས་ཁྱེད་རང་ལ་ཡང་བརྡ་སའི་སྒྲིག་འཛུགས་ཀྱི་ཧམ་བཤད་བྱེད་ཡག་གི་གོམས་གཤིས་ངན་པ་དེ་འགོས་ཤག །རྗེས་མ་ནས་སྐད་ཆ་བཤད་དུས་གཟབ་གལ་གནང་རོགས། 
    བོད་སྤྱི་ཚོགས་ནང་ལོགས་ཞི་བདེ་དང་རང་དབང་དགོས་ཟེར་མཁན་དོལ་རྒྱལ་ཚོགས་པ་ལས་གཞན་ཡོ་མ་རེད་པས། དེ་འདྲ་ཡིན་དུ་གྱུར་ན་བོད་སྤྱི་ཚོགས་ནི་ཤིན་ཏུ་ནས་ཐབས་སྐྱོ་བ་ལ་ཨ། མ་གཞི་ནས་དོལ་རྒྱལ་ཚོགས་པས་ད་བར་བོད་སྤྱི་ཚོགས་ལ་གནོད་པའི་ལས་ཀ་ག་རེ་བྱེད་སོང་། བོད་རང་བཙན་དེ་དོལ་རྒྱལ་ཚོགས་པས་བཙོང་པ་རེད་པས་་་་བོད་རྒྱ་ཞི་མོལ་མེད་པ་དེ་དོལ་རྒྱལ་ཚོགས་པས་བཟོས་པ་རེད་པས། དབུ་མའི་ལམ་གྱི་རེ་བ་སྟོང་པ་དེ་དོལ་རྒྱལ་ཚོགས་པས་བཟོས་པ་རེད་པས། ༧གོང་ས་མཆོག་བོད་ལ་ཕེབས་མ་ཐུབ་པ་དེ་དོལ་རྒྱལ་ཚོགས་པས་བྱེད་པ་རེད་པས།   བོད་མི་ཡུལ་གྱར་བའི་ཁྲོད་ནས་རང་བཙན་གྱི་ལྟ་བ་འཛིན་མཁན་དང་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་གཉིས་ཀྱི་དབར་འགལ་ཟླ་དེ་དོལ་རྒྱལ་ཚོགས་པ་ནས་བྱེད་པ་རེད་པས་
    ཡིན་ཅིག་གསུང་རོགས་གནང་།
    ཁུངས་མ་འཁྱོལ་བའི་དཔོན་ངན་ཚོས་ཆབ་སྲིད་ཀྱི་ཞབས་བརྡོལ་བ་ཡོང་དུས་རང་ཉིད་ཀྱི་ནག་ཉེན་སྦས་ཡག་གི་ཆེད་དུ་བོད་སྤྱི་ཚོགས་ནང་ལོགས་མདའ་དཀྲུགས་ཕུག་དཀྲུག་བཟོས་ནས་རང་གི་ཉེས་པ་གཞན་ལ་འགེལ་ཐབས་བྱེད་ཡག་གི་
    ངན་ཇུས་བོད་མི་ཚོ་མགོ་བོ་འཐོངས་བཅུགས་ཡག་གི་ཆེད་དུ་ལྷ་དང་བླ་མའི་འགྲིག་མ་འགྲིག་གི་སྐད་ཆ་དེ་བཀྲམས་པ་རེད་་་་སོ་སོ་ལྐུགས་པ་མ་ཡིན་པ་སོང་ཙང་དེ་ཚོ་ཚང་མ་ཧ་གོ་ཡི་ཡོད། མ་གཞི་ནས་དེ་ལྟ་བུའི་མ་རབས་ཐ་ཤལ་གྱི་ལས་ཀ་དེ་ཚོ་སྔ་ཕྱི་མ་གཏོགས་འཛམ་གླིང་གང་སར་གསལ་གསལ་གཏིང་གཏིང་ཆགས་ཀྱི་རེད་གང་ཡིན་ཟེར་ན་ལས་རྒྱུ་འབྲས་ལ་བསླུ་བ་མེད་པས་སོ།།

  27. ལུང་རྟོགས། says:
    2012-07-20 at 11:18 pm

    ཨ་རྡུ་མན་ཞེས་པ་འདི་རྒྱ་ཁྱི་དང་དོལ་འདྲེ་གཞི་མཐུན་རེད། བོད་ཀྱི་བུ་ཞེས་པ་འདི་ཤར་ཁུག་གི་སྤྲུལ་པ་རེད། གང་ལྟར་འདི་གཉིས་ཀ་སྐབས་འཚོལ་བ་རེད། ཚང་མས་གཟབ་དགོས།

  28. བོད་ཀྱི་ན་གཞོན་། says:
    2012-07-21 at 1:19 am

    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། །

  29. ལོག་སྨྲ་ཚར་གཅོད། says:
    2012-07-21 at 10:45 am

    རང་དབང་ཨ་རྡུ་མན་ནས་ལགས། དོལ་རྒྱལ་ཚོགས་པ་ནི་བོད་པའི་སྤྱི་ཚོགས་ནང་གནོད་པ་ཚབས་ཆེ་ཤོས་བསགས་མཁན་ངོ་མ་དེ་ཡིན། རྒྱུ་མཚན་དགོས་ན་མུ་འགོད་བྱེད་ཆོག ཁྱེད་རང་དོལ་རྒྱལ་ཚོགས་པའི་མགོ་གཙོ་མིན་ན་བྱེད་གཏེ་ཞིག་ཡིན་པའི་དཔང་རྟགས་ཁྱེད་ཀྱི་ངག་གི་བརྗོད་པ་དང་ཡིད་ཀྱི་ཞེན་པ་ལས་གསལ་པོར་ཤེས་ཐུབ། ངས་ཁྱེད་རང་དོལ་རྒྱལ་ཚོགས་པའི་ཚོགས་མི་ཡིན་པའི་དཔང་རྟགས་ཁྱེད་རང་གི་བྲིས་པའི་རྩོམ་ཡིག་ཁག་རྣམས་ཨང་གྲངས་ནང་གོ་རིམ་བཞིན་འགོད་ཀྱི་ཡིན། གཟིགས་ཨ།
    ༡) །སྟོན་པ་སངས་རྒྱས་ནས་རྗེ་རིན་པོ་ཆེ་དང་། ཕ་བོང་ཁ་པ་ནས་ཁྲི་བྱང་རིན་པོ་ཆེའི་བར་རྣམ་པ་ཚོས་་་་ཤུགས་ལྡན་བསྟེན་གསོལ་མི་ཆོག་ཟེར་བའི་བཀའ་སློབ་ཟེར་ཙམ་ཞིག་མེད་པ་མ་ཟད་་་ཕ་བོང་ཁ་པ་ཡབ་སྲས་རྣམ་གཉིས་ཤུགས་ལྡན་བསྟེན་གསོལ་གནང་མཁན་གཙོ་བོའི་གྲས་ཡིན་པ་ད་བར་ཧ་མ་གོ་བ་ཡིན་ས་རེད།

    ༢) མ་གཞི་ནས་དོལ་རྒྱལ་ཚོགས་པས་ད་བར་བོད་པའི་སྤྱི་ཚོགས་ལ་གནོད་པའི་ལས་ཀ་ག་རེ་བྱེད་སོང་།

    ༣) བོད་རིགས་ནང་ཁུལ་དུ་ཆོས་དང་ཟང་ཟིང་གི་འབྲེལ་ཐག་བཅད་ཀྱི་ཡིན་ཟེར་ནས་དཀོན་མཆོག་དཔང་དུ་གཙུགས་པ་ལས་་་་་བོད་ཀྱི་བུ་མ་ཡིན་ན་རྒྱ་འགྱུར་སྟོང་འགྱུར་ཡག་གི་་རེད་་་་་་་གང་ལྟར་ཆོས་ལ་བརྟེན་ནས་སྡིག་ཁམ་པོ་ཆེ་དེ་གསོག་དགོས་མ་རེད་ལ་རང་ཉིད་ཐེག་པ་ཆེན་པོ་ལམ་དུ་ཞུགས་སའི་སྒོ་དེ་ཡང་བརྒྱབ་དགོས་མ་རེད། མ་ཟད་གཞན་ཐེག་ཆེན་ལམ་དུ་བསྐྱོད་པ་ཡང་བཀག་དགོས་ཀྱི་མ་རེད། སོང་ཙང་བཙན་བྱོལ་བོད་ཀྱི་བུ་མ་ཡིན་ན་ཁེ་བཟང་ཆེན་པོ་ཡོ་རེད་དའོ། མ་ཟད་བཙན་བྱོལ་བོད་ཕྲུག་མ་ཡིན་ན་མི་ཚེ་གང་པོ་ནང་ཁུལ་གྱི་རྙོག་དྲའི་སྒང་ཆུང་ནང་དུ་འཛུལ་དགོས་མ་རེད། བྱས་པ་ཡིན་ཙང་ཐུགས་རྗེ་གཟིགས།
    ང་གཉིས་ལ་བོད་ཀྱི་བུ་མ་ཡིན་པའི་ལག་འཁྱེར་ཞིག་གནང་དང་། ངས་ཁྱེད་ལ་མཐེ་བོང་གནམ་དུ་ལན་མང་སྒྲེངས་ཆོག།

    ༤) ཁུངས་མ་འཁྱོལ་བའི་དཔོན་ངན་ཚོས་ཆབ་སྲིད་ཀྱི་ཞབས་བརྡོལ་བ་ཡོང་དུས་རང་ཉིད་ཀྱི་ནག་ཉེན་སྦས་ཡག་གི་ཆེད་དུ་བོད་སྤྱི་ཚོགས་ནང་ལོགས་མདའ་དཀྲུགས་ཕུག་དཀྲུག་བཟོས་ནས་རང་གི་ཉེས་པ་གཞན་ལ་འགེལ་ཐབས་བྱེད་ཡག་གི་ངན་ཇུས་བོད་མི་ཚོ་མགོ་བོ་འཐོངས་བཅུགས་ཡག་གི་ཆེད་དུ་ལྷ་དང་བླ་མའི་འགྲིག་མ་འགྲིག་གི་སྐད་ཆ་དེ་བཀྲམས་པ་རེད་་་་སོ་སོ་ལྐུགས་པ་མ་ཡིན་པ་སོང་ཙང་དེ་ཚོ་ཚང་མ་ཧ་གོ་ཡི་ཡོད། མ་གཞི་ནས་དེ་ལྟ་བུའི་མ་རབས་ཐ་ཤལ་གྱི་ལས་ཀ་དེ་ཚོ་སྔ་ཕྱི་མ་གཏོགས་འཛམ་གླིང་གང་སར་གསལ་གསལ་གཏིང་གཏིང་ཆགས་ཀྱི་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme