Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་མོ་ལོ་བཅུ་དགུ་ཅན་ཞིག

Posted on 2012-07-172012-07-17 By ཁ་བརྡ་ 10 Comments on རྒྱ་མོ་ལོ་བཅུ་དགུ་ཅན་ཞིག

རྡོ་རྗེ་རིན་ཆེན་གྱིས།

——————–

རྒྱ་དང་རྒྱ་མོ་གཉིས་ང་ཡོད་སར་སླེབས་བྱུང་།  ང་བོད་པ་ཡིན་ཞེས་བཤད་སྐབས་ཁོང་ཚོས་བོད་ཀྱི་སྐོར་ལ་གླེང་སློང་བྱེད་འདོད་ཡོད་ཅེས་ཟེར།  རྒྱ་དེ་དང་རྒྱ་མོ་དེ་གཉིས་ལས་རྒྱ་དེ་ནི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པ་དང་། ད་ལྟ་ཨ་རིའི་མཐོ་སློབ་ཏུ་མཁས་པ་བརྗེ་རེས་ཀྱི་ཚུལ་དུ་ཡོང་ཡོད།  ཁོའི་ཨིན་ཇིའི་སྐད་དེ་རྒྱའི་ཨིན་ཇིའི་སྐད་རང་རེད།  ལོ་ཡང་སུམ་ཅུར་ཉེ་འདུག  རྒྱ་མོ་དེ་ནི་དེ་འདྲ་མ་རེད།  ལོ་བཅུ་དགུ་ཡིན་པ་དང་དབྱར་ཁའི་འཛིན་གྲྭའི་ཆེད་ཨ་རིར་ཡོང་བ་རེད།  དེ་རིང་ནི་ཨ་རིར་སླེབས་ཉི་མ་ཉི་ཤུ་བ་དེ་ཡིན་ཟེར།  ང་ཚོས་གླེང་མོལ་བྱས་པ་རྣམས་ཁ་བརྡའི་ཚུལ་དུ་གཤམ་དུ་འདྲེན་གྱི་ཡིན།

  • ཁྱེད་རང་བོད་པ་ཡིན་ནམ།
  • ཡིན། ང་བོད་པ་ཡིན།  སྔོན་མའི་ཨ་མདོ་རེད། དེང་སང་གི་མཚོ་སྔོན་ཞིང་ཆེན་ནས་རེད།
  • བྱས་ན་ང་ཚོ་ལུང་པ་གཅིག་པ་རེད་པཱ།
  • ང་ནི་ཕྱི་ལོགས་ཀྱི་རྒྱལ་ཁབ་ན་ཡོད་ཅིང་།  ངའི་ཕ་མ་བོད་ན་ཡོད།
  • ང་ཚོ་རྒྱ་ནག་གི་མི་དམངས་རྣམས་༧རྒྱལ་བ་རིན་པོ་ཆེ་ལ་དགའ་གི་མ་རེད།  ཁྱོད་༧རྒྱལ་བ་རིན་པོ་ཆེའི་ཕྱོགས་འཛིན་པ་ཡིན་ནམ།
  • མིན། ང་༧རྒྱལ་བ་རིན་པོ་ཆེའི་སློབ་མ་ཡིན། ཁྱོད་ཚོ་༧རྒྱལ་བ་རིན་པོ་ཆེ་ལ་ཅིའི་ཕྱིར་མི་དགའ་བ་རེད།
  • ཁོང་གིས་བོད་རང་བཙན་རྩོད་ཀྱི་ཡོད་པ་རེད།
  • བྱས་ན། ཁྱོད་ཀྱིས་བོད་ཀྱི་སྐོར་མཁྱེན་གི་ཡོད་དམ།
  • ཏོག་ཙམ་ཤེས་ཀྱི་ཡོད།
  • ༡༩༤༩ ལོའི་ ཟླ་ ༡༠ ཚེས་ ༡ ཉིན་ཀྲུང་གོ་རྒྱལ་ཁབ་དབུ་བརྙེས་པ་རེད།
  • རེད། ངས་ཤེས་ཀྱི་ཡོད།
  • ཉི་མ་དེ་ལ་བོད་རྒྱ་ཁོངས་ན་ཡོད་པ་མ་རེད།  རྒྱབ་ཁབ་བཙུགས་ནས་ཅང་མ་འགོར་བར་བཅིངས་འགྲོལ་དམག་བོད་ལ་བསྐྱོད་པ་རེད་ལ། ༡༩༥༡ ལོར་གཞི་ནས་གྲོས་མཐུན་དེ་བཞག་པ་རེད།  དེ་ནས་ ༡༩༥༩ ལོར་༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་ལ་ཕེབས་པ་རེད།
  • ཨ་ལེ། ངས་དེ་ཚོ་ཤེས་ཀྱི་མེད།
  • ད་གིན་ཁྱེད་རང་གིས་༧རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་འདུག་ཅེས་བཤད་སོང་། ༡༩༧༩ ལོ་ནས་རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་ཡོད་པ་མ་རེད།
  • དངོས་གནས།
  • རེད། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་ཤེས་སམ།
  • དེ་ཤེས།
  • ཨོ་  དེ་འདྲ་བོ་ཞིག་རྩོད་ཀྱི་ཡོད་པ་རེད།  ད་དུང་ཁྱེད་ཀྱིས་ རྒྱ་ནག་མི་དམངས་ས་ཡ་དྲུག་༧རྒྱལ་བ་རིན་པོ་ཆེ་ལ་དགའ་གི་མ་རེད་ཅེས་ལབ་སོང་།  ངའི་བསམ་ཚུལ་བྱས་ན། ཁྱེད་ཀྱིས་ “རྒྱ་ནག་མི་དམངས་”ཟེར་བ་དེའི་ནང་ལ་བོད་མི་དམངས་ཀྱང་ཚུལ་ཡོད་པ་རེད། རེད་པཱ།
  • རེད། དེ་ལོས་ཚུད།
  • བོད་མི་རྣམས་རྒྱལ་བ་རིན་པོ་ཆེ་ལ་དགའ་ནས་ཤི་འགྲོ་གི་རེད།
  • ཇོ་ལགས། དགོངས་དག་  ད་ང་འགྲོ་རན་སོང་། ངའི་གྲོགས་པོས་ང་ལ་སྒུག་བསྡད་ཡོད།  ཁྱེད་དང་སྐད་ཆ་བཤད་པ་ལ་དགའ་བོ་བྱུང་།
  • ཡ་ཡ། ཕེབས་དང་།  དེང་སང་ཁྱེད་རང་རང་དབང་ལུང་པ་ཞིག་ལ་ཡོད་སྟབས།  གནས་ཚུལ་གསར་པ་མང་པོ་ཤེས་ཐུབ་ཀྱི་རེད། ག་ལེར་ཕེབས་ཨ།

 

གྲོགས་པོ་ཚོ། གོང་གསལ་གླེང་མོལ་འདི་འདྲ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་ཡོད་མེད་འདི་ང་ཚོ་ལ་གསལ་ཐག་ཆོད་ཡོད།  སྐད་ཆ་འདི་རྒྱ་བོད་ཀྱི་འཐབ་རྩོད་ནང་ཕྱིན་པ་ཡིན་ན།  ང་ཚོ་བརྒྱ་ཆ་བརྒྱ་ཐམ་པ་ཤོར་མི་འདུག་གམ།

རྩོམ་རིག

Post navigation

Previous Post: ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་བགྲོ་གླེང་།
Next Post: ང་ཚོས་གོམ་བགྲོད་ཇི་ལྟར་བྱས་པ་མ་རྗེད་ཅིག

Comments (10) on “རྒྱ་མོ་ལོ་བཅུ་དགུ་ཅན་ཞིག”

  1. མགར་སྟོང་བཙན། says:
    2012-07-17 at 1:24 pm

    རྡོ་རྗེ་རིན་ཆེན་གྱིས་གནད་འགག་ཅན་གྱི་སྐད་ཆ་ཞིག་བཤད་འདུག དངོས་གནས་ང་ཚོ་བཙན་བྱོལ་ཏུ་འབྱོར་ནས་མང་གཙོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡང། མང་གཙོའི་སྤྱི་ཚོགས་ནང་རང་གི་ལྟ་གྲུབ་དང་མི་མཐུན་པའི་ལྟ་གྲུབ་གཞན་ལ་བརྩི་བཀུར་མི་བྱེད་པ་དང། བསམ་སྤྱོད་གཉིས་ནས་ལྟ་གྲུབ་གཞན་ལ་ཆེད་དུ་བར་ཆད་དང་གེགས་རྐྱེན་བཟོ་པ་འདི་དངོས་གནས་ཐབས་སྐྱོ་བོ་རེད། ཆེས་ཐབས་ཆག་གི་བསམ་སྤྱོད་འདིའི་མཇུག་འབྲས་གོང་དུ་བཤད་པ་བཞིན་༧རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་ཡོད་པ་ལྟ་བུར་གོ་ནོར་ཐེབས་པ་དེ་རེད། བོད་རང་བཙན་རྩོད་ཀྱི་ཡོད་ཟེར་མཁན་འཇམ་ནོར་མགོ་བཟུང་ནས་རྩིས་ན། མཚམས་རེར་དངོས་གནས་མི་གཤིས་ཁྱོན་ནས་མེད་པའི་སྐད་ཆ་དེ་རྫུན་མ་རྫུན་རྐྱང་དེ་འདྲ་བཤད་ཀྱི་ཡོད་པ་རེད། འཇམ་ནོར་གྱིས་ཨ་རི་ནས་རྒྱ་མི་ཤེས་ཡོན་ཅན་ཞིག་ལ་བོད་མི་བརྒྱ་ཆ་༩༠ རང་བཙན་ལ་རྒྱབ་སྐྱོར་ཡོད་པ་རེད། ཡིན་ནའང། རྨོངས་དད་ཆེ་བས་༧ཏཱ་ལའི་བླ་མའི་གང་གསུངས་ལ་ཉན་གྱི་འདུག ཆབ་སྲིད་ཀྱི་འཐབ་རྩོད་ཁྱོན་ནས་བྱེད་ཤེས་ཀྱི་མི་འདུག་ཅེས་བཤད་པ། ཕྱིས་སུ་རྒྱ་མི་དེ་རྡ་ས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས། དེ་བཞིན་སྒེར་པ་ཤེས་ཡོན་ཅན་མི་སྤུས་ཡོད་མཁན་དེ་འདྲ་ཞིབ་འཇུག་གིས་ཐུག་སྟེ་སྐད་ཆ་འདྲི་སྐབས་གཞི་ནས་རྫུན་རྐུབ་རྡོལ་འདུག དེ་འདྲའི་དབང་གིས། ད་བར་ང་ཚོའི་རྩ་དོན་ལ་ནུས་པ་མ་ཐོན་པ་དང། བོད་རྒྱ་འབྲེལ་མོལ་ལ་ནུས་པ་མ་ཐོན་པ། རྒྱ་ནག་གཞུང་ལའང་དོགས་པ་བྱུང་བ་བཅས་བྱུང་འདུག་པ་ནི་ཚང་མས་ཤེས་གསལ་ཡིན་སྟབས། ད་ནས་བཟུང།

    ༡ བོད་མི་ཚོས་རང་བཙན་ཡིན་ཟེར་མཁན་རང་དོན་སྒྲུབ་མཁན་དེ་ཚོར་འབྲེལ་བ་བྱས་ན་རྩ་དོན་བརླག་ཉན་འདུག

    ༢ རང་བཙན་འདོད་ཀྱང་༡ འཐབ་རྩོད་ཀྱི་དགོས་དམིགས། ༢ རྩོད་མཁན་གྱི་སྒྲིག་འཛུགས། ༣ རྩོད་པའི་ཐབས་ལམ་མེད་མཁན་ཞིག་ཡིན་ན་བོད་མི་ཚོ་རྩ་བ་ནས་མགོ་འཁོར་ཉན་གྱི་མི་འདུག

    ༣ ༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་འདུག་ཅེས་པ་དེའི་ཡོང་རྐྱེན་གཅིག་བཙན་བྱོལ་ནང་གི་རང་བཙན་པ་འཇམ་ནོར་དང་ལྷ་བཟང་སོགས། བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ། དེ་བཞིན་བོད་ཀྱི་རིག་གནས་དང་བཅས་པར་མི་གཤིས་དང་དམ་ཚིག་གང་ཐད་ནས་ཅི་ཡང་མེད་མཁན་ཚོའི་བྱས་འབྲས་ཡིན་པས། དེ་དག་སྐྱག་ལངས་ལ་བཏང་རིན་ཁྱོན་མིན་པ་ཤེས་དགོས་པ་རེད།

    ༤ འཇམ་ནོར་དང་ལྷ་བཟང་ཟེར་བ་འདི་དག་གིས་ད་བར་ལོ་ལྔ་བཅུའི་ནང་བོད་གཞུང་དང་༧གོང་ས་མཆོག་ལ་གནས་དུས་ཚོད་རྩིས་རྐྱང་རྐྱང་བྱས་འདུག་པ་ཧ་ཅང་གསལ་བོ་རེད་འདུག་པས། མི་རབས་གསར་པས་མི་འདི་དག་གི་ངོ་བོ་དང་དགོས་དམིགས་ཅི་ཡིན་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་དགོས་ཚོད་གདའ།

    ༥ རང་བཙན་ནི་ཚོར་བ་ཙམ་དང། ཐོབ་ཐང་ཙམ་རེད་ཅེས་རྩད་བསྡད་ན། དངོས་གནས་ངོ་ཚ་བོ་དང་ཐབས་སྐྱོ་བོ་ཞེ་དྲག་རེད། དངོས་གནས་ང་ཚོ་དྲག་པོའི་ལམ་དུ་སོང་རང་བཙན་བཤད་ཁུལ་བྱས་ན། མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་ཞིག་བྱས་རྗེས་ཅི་གང་མེད་པའི་མཇུག་འབྲས་ཤིག་ཐོབ་པ་གསལ་བོ་རེད། སྡུག་ས་ནས་བཤད་ན། རྒྱ་གར་ཕར་བཞག་ཞོག ཕྱི་རྒྱལ་ཁག་གི་མི་སེར་ཆགས་ཟིན་པའི་བོད་མི་ཚོའང་འདུག་ས་མེད་པ་ཞིག་བཟོ་བ་གསལ་བོ་རེད།

    ༦ ཕྱོགས་གང་ནས་བལྟས་ཀྱང་ང་ཚོར་རང་བཙན་ཐོབ་ཀྱི་མ་རེད་མོད། ཆབ་སྲིད་ཀྱི་ཚོང་དང་དམག་ཅིག་རྒྱུད་ན་རེ་བ་འདྲ་ཞིག་ཡོད་ན། འཚེ་བ་ཅན་གྱི་ལས་བྱེད་མཁན་དེ་འདྲ་ཡོང་སྲིད་པ་རེད་མོད། ད་ལྟ་ང་ཚོ་བོད་ལ་ལྟ་ས་ཅི་ཞིག་ཡོད་དམ། གང་ཡང་མེད་པ་གསལ་བོ་རེད། མེད་པ་འདི་འདི་ནས་ལོ ༡༠ དང་༡༥ བར་བསམ་བློ་བཏང་ན་ཡར་རྒྱས་སུ་འགྲོ་ཡི་རེད་དམ། གཏན་ནས་འགྲོ་ཡི་མ་རེད། ངས་བལྟས་ན་བོད་མི་བཙན་བྱོལ་བ་ཚོའི་དུས་ཚོད་ཡག་ཤོས་རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་དུས་ཡིན་པ་རེད། དེས་ན་ཚོད་དཔག་ཅིག་གནང་རོགས། ལོ་ག་ཚོད་འགོར་ས་རེད། རང་བཙན་གང་ནས་ཡོང་གི་རེད།

    ༧ ང་ཚོ་བོད་མི་ཚོར་སྐྱོན་གཉིས་ཡོད་པ་ནི། རང་སྐྱོན་ཁས་མི་ལེན་པ་དང་རང་ལ་མེད་ནའང་ཅིག་ཡོད་མདོག་མདོག་བྱེད་པ་འདི་གཤིས་ཀ་རང་ལ་འཐིམས་བསྡད་ཡོད་པ་རེད། དེར་འགྱུར་བ་གཏོང་དགོས་ཀྱི་འདུག ང་ཚོ་བོད་ལ་ལྗིད་ཁོག་ག་ཚོད་འདུག་ལྟ་དགོས་ཀྱི་འདུག བཙན་བྱོལ་ནང་གི་གཞིས་ཆགས་ཚོར་ལྟོས་དང། བོད་ནང་གི་གྲོང་པ་དེ་ཚོ་བསྡུར་ས་འགྲོ་ཡི་མ་རེད། བོད་ནང་འཚོ་བའི་ཕྱོགས་རང་འགོ་རང་ཐཽན་རེད། དེ་ནས་སྐད་ཡིག་རིག་གནས་རྒྱུད་འཛིན་ཐད་གཟིགས་དང། བཙན་བྱོལ་ནང་ངོ་ཚ་བོ་ཞེ་དྲག་རེད། གནས་བབ་འདིའི་འོག་དངོས་གནས་བྱས་ན། ང་ཚོར་བོད་ནང་གི་གནས་ཚུལ་ཤེས་རྒྱུའི་ཆ་རྐྱེན་མེད་པ་དེའང་གསལ་བོ་རེད། དེས་ན་ཁོང་ཚོའི་དོན་དག་ཅིག་བཤད་རྒྱུའི་གནས་ཚད་ག་འདྲ་ཞིག་ཡོང་གི་རེད་དམ།

    ༨ བོད་ནང་དུ་བསམ་བློ་གཏོང་ཤེས་མཁན་དང་ཡང་ན་གནས་སྟངས་མཁྱེན་མཁན་ཞིག་ཡིན་ན། རང་བཙན་ཟེར་གྱི་མ་རེད། རང་སྲེག་གཏོང་མཁན་བརྒྱ་ཆ་ ༩༩ རང་བཙན་ཁྱོན་ནས་གསུང་གི་ཡོད་པ་མ་རེད། པཎ་ཆེན་རིན་པོ་བཙོན་གྲོལ་ཐོབ་རྗེས་དང། བོད་རྒྱ་ཞི་མོལ་དང་པོ་མགོ་ཚུགས་རྗེས་ནས་བོད་རང་བཙན་ཟེར་བ་དེ་བོད་ནང་ནས་ཡལ་ཚར་བ་རེད། དེ་རྒྱུ་མཚན་ཞིག་གི་ཐོག་ནས་ཡལ་བ་རེད། དེས་རྐྱེན། ང་ཚོས་ཁོང་རྣམས་པའི་འདོད་དོན་ལ་བརྩི་བཀུར་བྱ་ན་མགྲིན་ཚབ་བྱ་ན་འདི་ནས་འདྲ་མི་འདྲ་ལབ། རང་བཙན་ལབ་བསྡད་ན་ག་བ་ཡོང་གི་རེད།

    ༩ མདོ་ཁམས་སྨད་ཕྱོགས་ལ་མཚོན་༧རྒྱལ་བ་པཎ་ཆེན་གྱི་གཟི་དཔལ་མཛད་འཕྲིན་ལ་བརྟེན་ནས་སྡེ་པ་གཞུང་དང་བརྩི་བཀུར་བྱེད་ཀྱི་ཡོད་པ་རེད། འདི་ནས་རང་བཙན་པ་ཚོས་༧རྒྱལ་བ་རིན་པོ་ཆེར་ཁ་བཏང་སྐུར་འདེབས་བྱས་ན། ཁོང་ཚོས་ག་རེ་དགོངས་ཀྱི་རེད་དམ། ཁོང་རྣམ་པ་ཚོས་ག་རེ་བྱས་ནས་བོད་དོན་ལ་ད་བར་ཤུགས་རྒྱབ་པ་རེད་དམ།

    ༡༠ ད་དུང་བཙན་བྱོལ་ནང་རང་བཙན་ཟེར་མཁན། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ཁུལ་ཆབ་སྲིད་ཕྱོགས་ཁག་ཁག་གི་གཡོ་འོག་ཏུ་ཚུལ་སྡོད་མཁན་ཞེ་དྲག་མང་པོ་ཡོད་ས་རེད། དེ་རྣམས་ཀྱིས་དངོས་གནས་བོད་དོན་ལ་འགན་འཁུར། བོད་མི་མང་ལ་མཐོང་ཆུང་མ་བཏང་ན་ཞེ་དྲག་ཡག་གི་རེད། དེ་མིན་ས་འོག་དར་ཐག་ལྟ་བུའི་ལས་ཀ་ཐབས་ཆག་བྱས་བསྡད་ན་ཁུངས་འཁྱོལ་གྱི་མ་རེད། ལས་རྒྱུ་འབྲས་འགྲོ་གི་མ་རེད། དེ་རྣམས་ཀྱིས་གཟབ་པར་འཚལ་ལོ།།།།།

  2. རིག་པའི་བུ says:
    2012-07-17 at 1:56 pm

    དེ་ནི་རྒྱུན་ལྡན་ཞིག་རེད། དམིགས་བསལ་བ་གང་ཡང་མ་རེད། མགར་སྟོང་བཙན་ཨེ། སྡར་མ་ཞིག་ཅི་ལྟར་མགར་སྟོང་བཙན་ལ་ཆགས། ཞེ་བ་རྒྱ་ནག་ལ་མགོ་ཐོག མགོ་འདོགས་རྒྱུ་ག་དུས་ཡིན་ཡང་ཡོད་པ་རེད།

  3. བཀྲ་རྡོར།། says:
    2012-07-17 at 2:15 pm

    རྩོམ་འབྲི་བ་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་འདིར་འགོད་རོགས། ངེད་ནས་ཁྱེད་ལ་གལ་ནད་ཅིག་གི་ཐད་གླེང་སློང་བྱེད་དགོས་ཡོད།

  4. མི་འགྱུར་རྡོ་རྗེ། says:
    2012-07-17 at 4:53 pm

    ནང་ཁུལ་གཅིག་གི་གཅིག་ལ་བཤད་ནས་མ་འདུག་དྲ་གྲོགས་ཚོ་ཐུགས་རྗེ་གཟིགས། རང་རང་སོ་སོའི་ཁྲག་ཏུ་བབས་པའི་ལས་དོན་ཡག་པོ་སྒྲུབ། ད་ལྟའི་དུས་འདིར་རྒྱ་གཞུང་གི་དབུ་མ་དང་རང་བཙན་གང་ཡིན་ཡང་ལྟ་ཚུལ་གཅིག་ལས་གཉིས་སུ་མཐོང་གི་མི་འདུག་དེ་ཤེས་པར་གྱིས།

  5. Diki Dolma says:
    2012-07-17 at 10:52 pm

    རྩོམ་པ་པོ་ལ་ཞུ་རྒྱུར། རྩོམ་ཡིག་འདི་མཐོང་འཕྲལ་ང་ཅུང་ཟད་མཚར་བཅུག་སོང་། ག་རེ་རེད་ཟེར་ན། ད་ལྟ་རྒྱ་གར་ནང་གནས་སྡོད་ངེད་ཀྱི་གྲོགས་པོ་རྡོ་རྗེ་རིན་ཆེན་ཨ་རིར་ཕེབས་པ་མིན་འགྲོ་བསམ་སོང་། ཞལ་པར་གཏོང་དུས་ཁོ་བ་རྒྱ་གར་དུ་སྔ་མོའི་སྡོད་སར་བསྡད་འདུག ངས་གྲོགས་པར་ཁྱེད་ཀྱིས་ཁ་བརྡའི་དྲ་བར་རྩོམ་ཡིག་དེ་འདྲ་ཞིག་བྲིས་འདུག་གཱ་ཟེར་དུས་ང་མིན་ཟེར། རེད་དེ་ཁོ་བ་མ་རེད། མ་གཞི་མིང་འདྲ་བོ་ཡོང་སྲིད་ཀྱང་སྔོན་མ་ཡང་ཁ་བརྡ་དྲ་ཐོག་ལ་འཇིགས་མེད་བློ་གྲོས་གཉིས་བྱུང་ནས་འཁྲུལ་གཞི་བྱུང་བ་རེད། རྒྱ་གར་དུ་གནས་སྡོད་ངེད་ཀྱི་གྲོགས་པོ་རྡོ་རྗེ་རིན་ཆེན་གྱིས་ད་བར་རྩོམ་ཡིག་མང་དག་ཞིག་བོད་ཀྱི་དུས་བབ་དྲ་བ་སོགས་སུ་ཐོན་དང་ཐོན་བཞིན་པ་དང་། དཔེ་དེབ་ཀྱང་གཉིས་གསུམ་ཞིག་འདོན་སྤེལ་བྱས་ཡོད་པ་རེད། ཉེ་ཆར་ཡང་སློབ་གཞི་དང་བསླབ་གཞིའི་དོགས་སློང་དང་། ཤེས་ཡོན་སྲིད་བྱུས་ཕྱིར་ལྟ། ཁ་བརྡ་དྲ་བར་མེ་ལྕེ་སོགས་ཐོན་པ་རེད། མིང་འདྲ་བོ་འདི་ལྟར་བྱུང་ན་རྩོམ་ཡིག་ལ་འགན་འཁྲི་ཡོད་པ་དང་། རྒྱ་ཆེའི་ཀློག་མཁན་རྣམས་ཀྱང་འཁྲུལ་གཞི་ཡོང་སྲིད། ང་ནི་རྟག་པར་བཙན་བྱོལ་ནང་གི་དྲ་ཚིགས་ཁག་ཀློག་མཁན་ཞིག་ཡིན་སྟབས། ཨ་རིའི་རྡོ་རྗེ་རིན་ཆེན་འདི་དང་ཐོག་མཐོང་བ་ཡིན། ཕལ་ཆེར་ཚང་མ་དེ་འདྲ་ཡིན་སྲིད། རེ་བ་ལ་ཁྱེད་ཀྱིས་རྗེས་སོར་རྩོམ་ཡིག་བྲིས་ཚེ་རང་མིང་ཐོག་ཁྱད་མིང་ཞིག་འབྲི་རོགས་ཞུ་བཞིན་ཡོད། དེ་མིན་ཁྱེད་གཉིས་འཁྲུལ་གཞི་ཡོང་གི་འདུག་ཞུ་ཀི་ཡོད།

  6. ལོག་སྨྲ་ཚར་གཅོད། says:
    2012-07-18 at 12:15 am

    ངོ་སྤྲོད་འདི་གསལ་པོ་ཞིག་མི་འདུག བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མཐུན་གྱི་མི་འདུག ཕར་བཤད་པ་དེ་གང་ཡིན་དང་ཚུར་བཤད་པ་དེ་གང་ཡིན་ཤེས་མ་སོང་།
    དྲི་བ་དྲིས་ལན་སྐོར་འགོད་སྐབས་རྒོལ་སྔ་ཕྱི་གཉིས་ཀྱི་དོན་རྟགས་གསལ་པོར་བཟོ་དགོས་པ་གལ་ཆེ།

  7. བཀྲ་རྡོར།། says:
    2012-07-18 at 9:50 am

    བདེ་སྐྱིད་སྒྲོལ་མས་བཤད་པ་ལྟར་གོང་གསལ་རྩོམ་པ་པོ་ལ། ངས་ཀྱང་རེ་སྐུལ་ཞིག་ཞུ་བཞིན་ཡོད། མཚན་འདྲ་བོ་དེ་འདྲ་ལ་རྩོམ་འབྲི་བ་ཚོས་བསམ་བློ་གཏོང་དགོས། རྩོམ་ཡིག་བྲིས་རྗེས་རྩོམ་པ་པོ་ལ་འགན་འཁྲི་ཡོད་སྟབས་མཚན་འདྲ་བོ་བེད་སྤྱོད་བྱེད་མིན་ཉན། དེ་གོང་གསལ་རྩོམ་འབྲི་བ་དེས་སེམས་ལ་འཛིན་རོགས་ཞུ་བཞིན་ཡོད།

  8. སྣྲོན་ངག་ཁྲི། says:
    2012-07-18 at 12:08 pm

    བགྲོ་གླེང་གནང་མཁན་དང་། མཆན་ཞབས་པ་ལྷན་རྒྱས་ཧང་སྔས་དགོས་དགོས་དོན་གང་ཡང་མེད།

    དེའི་ནང་ནི་སྐད་ཆ་དེ་དག་ནི་རྒྱ་མིའི་ནམ་རྒྱུན་གྱི་བསམ་བློ་གཏོང་སྟངས་དངོས་གནས་དེ་རང་རེད།

    ང་ཚོས་༸གོང་ས་མཆོག་ནས་བོད་རང་བཙན་བརྩོད་གནང་གི་ཡོད་མ་རེད་ཅེས་བརྒྱ་ཕྲག་ཁྲི་ཕྲག་མང་པོ་འབྲེལ་བཤད་རྒྱབ་ནའང་། ཁོང་ཚོས་དེ་ནི་དངོས་དོན་མ་ཡིན་པའི་སྒྲོ་བཏགས་ཀྱི་མཛེས་བཟོ་ཙམ་ཞིག་རེད་དྲན་སྲིད་ལ་
    གལ་སྲིད་བརྩོད་གནང་གི་མེད་པ་ཡིན་ནའང་། དེ་ནི་གནས་སྐབས་ཀྱི་དགོས་མཁོ་ཙམ་ཞིག་རེད་ལོས་བསམ་ཏེ།
    བོད་རང་བཙན་ནི་བོད་པ་ཙམ་དུ་མ་ཟད་རྒྱ་མིས་ཀྱང་སེམས་ཀྱི་སྦུབས་ནས་མངོན་ར་གསལ་པོ་ཁྲོད་ཡོད་པས་སོ།

    ཁོང་ཚོ་རྒྱ་མིའི་སེམས་ནང་དབུ་མའི་ལམ་ནི་རང་བཙན་གྱི་སྔོན་འགྲོའི་རིམ་པ་དང་པོ་ལྟ་བུར་ངོས་འཛིན་པ་ལས་རང་བཙན་དང་དབུ་མ་གཉིས་ང་ཚོས་ཚོས་རྩིས་པ་ལྟར་གྱི་ནང་འགལ་ཆེན་པོ་ཞིག་ཏུ་མཐོང་གི་མེད་ཅིང་། ལྷག་པར་དེ་གཉིས་ཀྱི་གཞི་རྩའི་ཁྱད་པར་ནི་དེ་བས་ཀྱང་འབྱེད་དཀའ་བའི་གནས་སུ་ལྷུང་ཡོད་སྟབས། ཤ་ཕར་སྤྲད་ནས་ཏི་ཀ་ཚུར་ལ་སློང་བ་འདི་འདྲ་མི་སྲིད་སྙམ་ནས་དོགས་པའི་གནད་འབའ་ཞིག་གིས་མགོ་བོ་ན་བཞིན་
    གནས་ཡོད་ཅིང་། དོགས་པ་དེ་དག་སེལ་བར་ཉུང་མཐར་ཡང་མི་རབས་གཅིག་འགོར་སྲིད་པས། དེའི་ཐད་ནས་ང་ཚོར་ཁེ་གྱོང་ཅི་དང་ཅི་ཞིག་ཡོད་མིན་མནོ་བསམ་བཞེས་དགོས་པའི་དུས་ལ་བབ་ཡོད་པ་མཁྱེན་པྲ་མཛོད་ཅིག

  9. རང་དབང་ཨ་རྡུ་མན་ says:
    2012-07-18 at 2:32 pm

    ཧ་ཧ་་་ཆེས་ཐ་ཤལ་གྱི་བོད་མི་དེ་ཚོར་ལྟོས་དང་། དོན་དངོས་ཐོག་བོད་དོན་བསམ་བློ་གཏོང་མཁན་ཚོ་་་་དེང་སང་བོད་མིའི་སྒྲིགས་འཛུགས་ནང་དུ་མི་ཐ་ཤལ་དུ་བརྩིས་བཞིན་ཡོད། དངོས་གནས་ཕམ་བ་ལ་ཨ་་་་
    ང་རང་ནི་སྐྱེ་བ་ཕྱི་མར་བོད་པའི་སྐྱེ་བ་མ་ལེན་པར་ཤོག །

  10. Jan says:
    2012-07-19 at 3:01 am

    ཡག་པོ་བཤད་གདུག་རྗེས་སུ་ཡིརང་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme