Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་རྔ་པ་ཚོ་བདུན་ཀི་རྟི་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག

Posted on 2012-07-172012-07-17 By ཁ་བརྡ་ 34 Comments on དེ་རིང་རྔ་པ་ཚོ་བདུན་ཀི་རྟི་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག


ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བློ་བཟང་བློ་འཛིན། རང་ལོ་ ༡༨ ཡིན་པ་ཁོང་གིས་བོད་ནང་གི་ཉིན་གུང་དུས་ཚོད་ ༡༢ ཡོལ་ཙམ་ལ་ཚོ་བདུན་ཀིརྟི་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ནས་རང་ལུས་མེར་སྲེག་བཏང་སྟེ་ས་གནས་ཞང་སྲིད་གཞུང་ཕྱོགས་སུ་གོམ་བགྲོད་ཀྱིས་ཕེབས་ཡོད་ཅིང་། ཅུང་ཙམ་ནས་ལུས་ཀྱི་མེ་ཤུགས་ཆེ་རུ་སོང་སྟབས་ས་ལ་འགྱེལ་ནས་འབར་མེ་དྲག་པོའི་ཀློང་དུ་སྐུ་གྲོངས་ཡོད་འདུག
མེ་སྒྲོན་པ་དང་མཉམ་དུ་སྐད་འབོད་མང་པོ་ཞིག་བྱས་ཡོད་ཀྱང་བརྗོད་ཚིག་གང་ཡིན་གསལ་བོ་ཤེས་རྟོགས་ཐུབ་མེད། གནས་ཚུལ་དེ་བྱུང་རྗེས་གྲྭ་པ་རྣམས་ཀྱིས་སྐུ་ཕུང་གཙང་ཉར་བྱས་ཏེ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་བསྒྲུབས་དང་སྒྲུབ་མུས་ཡིན་ཞིང་། གྲྭ་པ་རྣམས་ཀྱིས་དོ་དགོང་མཚན་ལ་སྐུ་ཕུང་ཞུགས་འབུལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
དེ་རྗེས་འབར་ཁམས་རྫོང་ནས་དྲག་ཆས་ཉེན་རྟོག་པ་སོགས་མང་པོ་ཞིག་ཚོ་བདུན་ཀིརྟི་དགོན་པའི་ཕྱོགས་སུ་ཡོང་གི་ཡོད་ཀྱང་ཚོ་བདུན་མི་མང་གིས་ཚོ་བདུན་ཟམ་ཁ་ནས་བཀག་འགོག་བྱེད་རྒྱུའི་གྲ་སྒྲིག་བྱས་ནས་ཡོད་འདུག་པས་ཉེན་རྟོག་པ་དང་མི་མང་གདོང་ཐུག་གིས་ཛ་དྲག་གི་གནས་ཚུལ་ཡོང་ཉེན་ཡོད་འདུག སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་ནི་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ཥོ་ལ་ཅང་སྡེ་བའི་མཁར་མགོ་ཚང་ནས་ཡིན་ཞིང་། ཕ་མིང་ལ་འབྱོར་རྒྱས་དང་། མ་མིང་ལ་ཚེ་པོ་པོ་ཟེར། ཆུང་ཆུང་སྐབས་ནས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ་ད་ལྟ་འཛིན་གྲྭ་ཁ་དོག་གོང་མ་ཡིན་ཞིང་། འཛིན་གྲྭའི་ནང་ནས་སློབ་སྦྱོང་རྩེ་གྲས་ཡིན་པར་མ་ཟད་ཀུན་སྤྱོད་ལེགས་ཤིང་ཡ་རབས་ཚུལ་མཐུན་གྱི་ཁ་ཡ་ན་ཟླས་མིག་དཔེར་འོས་པ་ཞིག་ཡིན་འདུག
མི་ཚང་དེར་ད་ལྟ་ནང་མི་ལྔ་ཡོད་འདུག རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པ་ནི་འབར་ཁམས་རྫོང་ཁོངས་སུ་ཡོད་ཅིང་། འབར་ཁམས་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་ ༨༥ ཙམ་གྱི་སར་ཡོད། དགོན་འདིའི་མིང་ཆ་ཚང་ལ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཡིན་ཞིང་། དེེང་སྐབས་དགེ་འདུན་ཞལ་གྲངས་ ༣༠༠ ལྷག་ཡོད་པའི་རྒྱལ་རོང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཡིན་འདུག

དེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་དགོན་འདིའི་གྲྭ་འཆི་མེད་དཔལ་ལྡན་དང་གྲྭ་བསྟན་པ་དར་རྒྱས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག་པ་བཅས།

 

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༧ ལ།
—————————————-
Kanyag Tsering

Kirti Monastery
Dharamshala-176219
Distt.kangra]
(H.P.)INDIA
91-9418708642

གསར་འགྱུར།

Post navigation

Previous Post: ང་དང་རྒན།
Next Post: ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད་བགྲོ་གླེང་།

Comments (34) on “དེ་རིང་རྔ་པ་ཚོ་བདུན་ཀི་རྟི་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག”

  1. ཚེ་བསམ་ says:
    2012-07-17 at 7:18 am

    རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་བརྗེས་སུ་ཡི་རང་བཞུ།
    ཁྱེད་རྣམས་ཀྱི་ཐུགས་དོན་ཞིན་སྒྲུབ་པའི་སྨོན་ལམ་རྒྱབ་རྒྱུ་ཡིན་།
    བོད་རྒྱལ་ལོ་།

  2. བྲོ་འཚལ། says:
    2012-07-17 at 7:24 am

    རྒྱལ་གཅེས་དཔའ་བོ་ཁྱེད་ཚོའི་མཛད་རྗེས་ནམ་ཡང་ཉམས་པ་མེད།་་་་་ཁྱེད་ཅག་གི་ཐུགས་འདོད་བཞིན་འགྲུབ་པའི་སྨོན་ལམ་བཅས།་་་བོད་རྒྱལ་ལོ།།་་་བོད་རྒྱལ་ལོ།།

  3. གནམ says:
    2012-07-17 at 7:39 am

    ད་འདུག་ཚད་ཞིག་མ་རེད་ཡ། ད་ཅི་ཞིག་བྱེད། ང་ཚོས་ཕན་ཚུན་ལ་བློ་སྐྱེད་དང་བློ་སྒོ་འདྲ་རྗེ་རེ་བྱས་ན་དན་དན་ལམ་ཁ་འདྲ་ཡོད་རྒྱུ་རེད། མགོ་བ་ཚོས་མི་འཁྲིད་ན་མཇུག་ནས་ཡར་ལ་བ་ཚོད་ཀྱིས་ས་གཙུབས་རྡུལ་གཙུབས་འདྲ་བྱེད་ཚུལ་ཡོད་རྒྱུ་རེད་ཡ།
    ངོ་མ་ཡིན། མཆོད་འབུལ་ཙམ་ཞིག་གིས་ལོ་རྒྱུས་འདིའི་མཇུག་བསྡུ་མི་ཐུབ་པ་རེད། ད་ག་རེ་བྱེད།

  4. རྒྱ་གར་རྨ་བྱ། says:
    2012-07-17 at 7:39 am

    མི་རིགས་འཚོ་གནས་ཀྱི་བློ་བཏང་འདི་ལྟར་གནང་བར་སྙིང་ནས་མངོན་པར་བསྟོད་ཀྱིན་གུས་འདུད་ཞུ།
    ཐུགས་རྗེ་ཆེ།

  5. མེ་ཏོག་དཀར་པོ། says:
    2012-07-17 at 7:41 am

    རྒྱལ་གཅེས་དཔའ་བོ་བློ་བཟང་བློ་འཛིན་ལ་ཆེས་མཐོའི་གུས་འདུད་དང་། ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཡོད།
    བོད་རྒྱལ་ལོ།།
    པདྨ་འདམ་གྱིས་མ་གོས་ཤིང་། །
    སྲིད་གསུམ་དྲི་མས་མ་གོས་པ། །
    སྲིད་པའི་པདྨོ་ལས་བྱུང་བའི། །
    བདེ་བ་ཅན་དུ་སྐྱེ་བར་ཤོག །

  6. འབའ་སྲས། says:
    2012-07-17 at 8:08 am

    དཔའ་རྒོད་ཁྱེད་འདི་ལྟར་བཞུད་ཟིན་པ་ལ་ཕངས་སེམས་དང་། ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་དང་གུས་འདུད་ཞུ། བོད་རྒྱལ་ལོ།།

  7. རི་རྒྱལ་ཏི་སེ། says:
    2012-07-17 at 8:18 am

    མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག། ཨོཾ་ཨཱཿམི་དེ་ཝ་ཧྲཱིཿ ཨོཾ་ཨཱཿམི་དེ་ཝ་ཧྲཱིཿ ཨོཾ་ཨཱཿམི་དེ་ཝ་ཧྲཱིཿ ཨོཾ་ཨཱཿམི་དེ་ཝ་ཧྲཱིཿ ཨོཾ་ཨཱཿམི་དེ་ཝ་ཧྲཱིཿ

  8. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-07-17 at 8:34 am

    རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཅན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་བློ་འཛིན་ཁོང་བོོད་བསྟན་སྲིད་མི་རིགས་ཁོ་ནའི་ཆེད་སྐུ་སྲོག་མེ་རུ་སྒྲོན་པའི་སྙིང་སྟོབས་དང་མཛད་རྒྱས་ལ་གུས་འདུད་དང་། ཤུལ་ལུས་བོད་མའི་ཡོངས་དང་ཁྱད་པར་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་གྲངས་མེད་ཞུ། ༧ བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། ། གཅེས་པའི་ལུས་སྲོགས་ལོངས་སྤྱོད་ཡོངས་བཏོང་སྟེ། ། བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། ། གྲུབ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། ། བོད་རྒྱལ་ལོ། །
    བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །

  9. གཡུ་ཐོག་བུ། says:
    2012-07-17 at 8:35 am

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་པོས་ཐུགས་རྗེས་སྐྱོང་བར་མཛོད། །

    ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

  10. མིག་བརྒྱད་པ། says:
    2012-07-17 at 9:25 am

    ཀ་ཁ་ག་ངའི་བུ་ཕྲུག་སྙོམ་ལག་རྒྱས།།
    སེམས་ལ་ཡོད་པ་དད་པ་རྣལ་མ་སྟེ།།
    ལན་ཅིག་ཐོབ་པའི་མི་ལུས་རིན་ཆེན་འདི།།
    གཏོང་བའི་བློ་སྟོབས་དེ་ལ་ངོ་མཚར་སྐྱེས།།

  11. མིག་བརྒྱད་པ། says:
    2012-07-17 at 9:35 am

    སྲོག་ལ་སྤུ་ཙམ་འདུ་ཤེས་མེད་པ་ཡི།།
    ད་ལྟའི་སྤྱི་ཚོགས་འདི་ཡི་སྣེ་མོ་ནས།།
    ཁྱེད་དང་ཁྱེད་འདྲའི་རླབས་ཆེན་སེམས་དཔའ་རྣམས།།
    རེ་རེ་མེར་མཆོང་བྱེད་པ་ཡིད་སེམས་ཕངས།།

  12. མིག་བརྒྱད་པ། says:
    2012-07-17 at 9:58 am

    འདི་ན་མཆོད་འབུལ་བགྲང་བ་ཙམ་ཞིག་གིས།།
    དཔའ་བོའི་ཕུགས་འདུན་འགྲུབ་པ་མ་ལགས་མོད།།
    གཞིས་ལུས་བོད་མིའི་སྙིང་སྟོབས་མེ་དཔུང་གིས།།
    བདེན་པའི་མཚོ་ཆེན་འཕྱུར་བར་རམ་འདེགས་བྱེད།།

  13. མ་བཅོས་རང་བཞིན། says:
    2012-07-17 at 12:07 pm

    བོད་རྒྱལ་ལོ།

  14. བན་དེ་བ། says:
    2012-07-17 at 12:29 pm

    ཨ་ཁ་རགྱལ་གཅེས་དཔའ་བོ་ཚོ་གཅིག་རྗེས་གཉིས་འཐུད།
    རྟེན་བཟང་དལ་འབྱོར་གྱི་ལུས་རྟེན་འདི་ཉིད་ཐོབ་རྒྱུ་དཀའ་བས་འོན་ཀྱང་འགྲོ་བ་ས་ཡ་དྲུག་གི་བདེ་དོན་དུ་གཤེགས་བཞུད་བྱས་པ་འདི་ཡིས་མྱུར་བར་དལ་རྟེན་ཐོབ་ནས་སླར་ཡང་སྔར་གྱི་བསྒྲུབ་བྱ་འདི་ཉིད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བསམ་དོན་འགྲུབ་པའི་སྨོན་ལམ་དང་དེ་རིང་གི་རྐྱེན་ངན་འདི་ལ་ཐེག་པ་ཆེན་པོའི་བསྔོ་སྨོན་ཡང་དག་ཞུ་རྒྱུ་ཡིན། རྗེས་ལུས་ནང་མའི་གཉེན་སྤུན་བཅས་ལའང་ཐུགས་གསོས་ཞུ་བཞིན་ཡོད།

  15. བྱ་གླག་རྒོད་པོ་ says:
    2012-07-17 at 1:02 pm

    འཇིགས་མེད་དཔའ་བོའི་སྙིང་སྟོབས་དགུང་ལས་མཐོ། །འཚེ་མེད་ཞི་བའི་ལྟ་དགོངས་རི་བཞིན་བརླིང་། །
    བསྟན་སྲིད་མི་རིགས་ཆེད་དུ་རང་གི་སྲོག །དམར་མོ་མེ་ལ་སྲེག་ཕོད་དཔའ་བོར་འདུད། །
    བདེན་དོན་རྩོད་པའི་ཕོ་རྒོད་ཁྱེད་ཅག་གི །མཛད་རྗེས་རི་མོ་བདག་ཅག་སྙིང་དབུས་ལ། །
    བཀོད་ནས་ཇི་སྲིད་རང་དབང་མ་ཐོབ་པར། །དེ་སྲིད་བརྩོན་པ་བརྒྱ་ཡིས་བསྒྲུབ་པར་བྱ། །

  16. ལྷ་སྲས་ཐ་ཆུང་། says:
    2012-07-17 at 1:08 pm

    ནམ་རྒྱུན་དགེ་འདུན་པ་དང་བཙུན་མ་རྣམས་ལ་དམའ་འབེབས་ཀྱི་ཚིག་གི་མདའ་མོ་འཕེན་པར་དགའ་བའི་མཆན་བུ་འགོད་མཁན་གྱི་དྲ་འབུ་དག་དེ་རིང་གང་ཞིག་དུ་སོང་བ་ཡིན་ནམ། རྒྱལ་གཅེས་དཔའ་བོ་བློ་བཟང་བློ་འཛིན་ལགས་ལ་ཆེད་བསྟོད་རེ་མི་འབྲི་བར་ཡང་སྒྲོ་སྐུར་གྱི་ཚིག་མདའ་རེ་གྲ་སྒྲིག་བྱེད་ཀྱི་ཨེ་ཡོད། དྲ་འབུ་ཚོ།

  17. ཁྱུང་དཀར says:
    2012-07-17 at 3:01 pm

    སྙིང་སྟོབས་དང་ལར་ཞེན་གྱི་སྤོབས་པ་གནམ་ལས་མཐོ་ཞིང་།
    ཡ་རབས་དྲང་ཚུགས་ལྡན་པའི་གྲྭ་གཞོན་ཁྱོས།
    འཇིག་རྟེན་ན་ཆེས་སྙན་པ་འཕུར་བའི་ཞི་བདེའི་རྒྱལ་བོ་སྟེ།
    གངས་ཅན་པའི་མགོན་དུ་བཀུར་བའི་འུ་ཅག་གི་སྐྱབས་གནས་གསོན་པོ།
    ༧གོང་ས་རྒྱལ་བ་རིན་པོ་ཆེ།
    ཡུན་རིང་བྲལ་བའི་ཕ་ཡུལ་གྱི་གཞིས་ཁྱིམ་སྐྱ་བོར་བསུ་ཆེད་དང་།
    གངས་ཅན་པའི་ཁོར་ཡུག་ཧྲིལ་བོར་སུན་གཙེར་དང་མནར་གཅོད་ཀྱིས་རྔམ་དྲག་པའི།
    དམར་བའི་གདུག་རྩུབ་ཀྱི་བྱས་ངན་ལ་ཚེ་སྲོག་མེ་རུ་བསྲེགས་ནས་རྒོལ་བ་འདི་ཇི་འདྲའི་སྟོབས་འང་།
    ཡིན་ཡང་། ཁྱོད་དང་ཁྱོད་ལྟ་བུའི་གངས་རིའི་སེམས་དཔའ་ཚོ་གངས་ཅན་པའི་ཆེད་དུ་བཞུད་སོང་ནའང་།
    ཡིད་སྐྱོ་བ་ཞིག་ལ་ལྟོ་འདུན་གཙོ་གཉེར་ལ་མགོ་འཁོར་བའི་གངས་རིའི་རྐྱལ་སྟོང་བ་ཁྱུ་གཅིག
    རི་བོ་གངས་ཅན་པའི་ཕྱི་ནང་གང་སར་ལྷོད་ཀྱིས་ཉལ་འདུག
    དེའི་རྐྱེན་གྱིས་ཁྱེད་ཅག་བུད་ཤིང་ཇི་བཞིན་ཚ་ཚ་སུར་སུར་གྱིས་བསྲེགས་འགྲོ་དུས།
    སྡར་མ་ང་རང་བཞིན་གྱིས་ཕངས་སེམས་ཤིག་ཤོར་ཡོང་གི

  18. རྐྱང་ཕྲུག་ says:
    2012-07-17 at 3:01 pm

    དམག་དང་མཚོན་ཆའི་སྟོབས་ཤུགས་ཆིག་སྒྲིལ་གྱིས།།
    འཇིག་སྐུལ་གནམ་ས་གཡོ་བའི་ལས་བྱས་ཀྱང་།།
    འཇིག་ཞུམ་བྲལ་བའི་གངས་རིའི་དཔའ་རྒོད་ཚོས།།
    བདེན་པའི་མེ་ལྕེ་རེ་ཡིས་བསྲེག་པར་བྱས།།

  19. ཚོགས་ཆེན། says:
    2012-07-17 at 3:28 pm

    ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

  20. སྣྲོན་ངག་ཁྲི། says:
    2012-07-17 at 3:31 pm

    ༡བློ་རྩེ་གཅིག་གིས་ཐོས་བསམ་སྒོར་ཞུགས་མཐར། །

    ༢བཟང་གསུམ་ལམ་དུ་བགྲོད་པའི་མཐུ་སྟོབས་ཀྱིས།

    ༣བློ་ཡི་མངོན་འདོད་དྲག་པོ་མཚོན་པའི་སླད། །

    ༤འཛིན་མའི་ཡང་རྩེར་བདེན་དོན་མེ་ལྕེ་སྤར། །

    ཞེས་པས་བསྔགས་པའི་ཆོ་ལོ་གཏོར་ཏེ་གང་གི་ཐུགས་བཞེད་མཐའ་དག་མྱུར་དུ་འགྲུབ་པའི་སྨོན་འདུན་བཅས་སྒོ་གསུམ་གྱི་བློས་བཏང་ལ་དོ་བའི་རང་བཙན་བསྐྱར་གསོ་ཡོང་བ་དང་༸གོང་ས་མཆོག་མྱུར་དུ་མི་འཇིགས་གདོང་ལྔས་བསྟེགས་པའི་གྲུ་འཛིན་གཉིས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མྱུར་དུ་ཞབས་སོར་འཁོད་པའི་སྨོན་འདུན་གྲངས་མེད་ཞུ་ཞུ་ཞུ།

  21. གངས་ལྗོངས་རྒྱལ་སྲས says:
    2012-07-17 at 3:41 pm

    ཕན་ཡོན་གང་ཆེ་མི་ཤེས་གཉིས་ག་འདོན་གི་ཡིན་ཡཱ ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཎི་པད་མེ་ཧཱོྃ། རྒྱལ་གཅེས་དཔའ་བོ་མཆོག་བདེ་བ་ཆེན་པོ་ཡི་ས་ལ་མྱུར་དུ་སྐྱེ་བར་ཤོག

  22. འདྲེ་རྐང་ཐོ། says:
    2012-07-17 at 4:01 pm

    རྒྱ་དམག་དྲག་པོའི་མེ་མདའི་ལེན་ལ་ཞི་འཇམ་ཕན་བདེའི་ཞུ་བ་འཐེན། །
    ༧གོང་ས་ཁྱོད་ནི་བདེན་འདྲེན་དགོས་ཞེས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར། །
    མདོར་ན་ས་ཡ་དྲུག་གི་ཆེད་དུ་རིན་ཆེན་ནོར་ལས་ལྷག་པའི་ལུས། །
    མེ་རུ་བསྒྲོན་པའི་དཔའ་བོ་ཁྱེད་ཅག་བདེ་ལྡན་ཞིང་དུ་སྐྱེ་བར་ཤོག །

  23. རྣ་བ་བརྒྱད་པ། says:
    2012-07-18 at 12:07 am

    གངས་ལ་གནས་པ་ནི་སེང་གེ་ཡིན་ལ། སེང་གེ་ནི་རི་ལ་གནས་པའི་རྒྱལ་པོ་ཡིན་པa། ཨ་ཧ་ཧ། དེ་རིང་ནས་ཁ་བརྡའི་ནང་ལ་ཡོང་ན་ཡིན།

  24. དེ་ཕོ། says:
    2012-07-18 at 12:38 am

    ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

  25. ལུང་རྟོགས། says:
    2012-07-18 at 1:27 am

    ཁྱེད་ཀྱི་སྐུ་གཟུགས་མེ་ལྕེར་སྤར་བ་འདིས།།
    བོད་མིའི་སེམས་ཤུགས་མེ་ཁ་ཁད་ཀྱིས་གསོས།།
    གཡོན་ལྷུང་མུན་པའི་ཁྲོད་གནས་འཛམ་གླིང་ལ།།
    དྲང་བདེན་འོད་ཀྱི་སྣང་བས་ཁྱབས་པར་མཛད།།

  26. ཕྱུགས་རྭ་ཁུ་བྱུག says:
    2012-07-18 at 2:24 am

    སྙིང་སྟོབས་ཞུམ་པ་མེད་པའི་སེམས་དཔའ་ཆེ།།
    གངས་ཅན་བོད་མིིས་གདུང་བ་ཁུར་ཆེར་ཏེ།།
    བདེན་དོན་སྲང་ལ་གཞལ་བའི་འཛམ་གླིང་འདིར།།
    གཅེས་སྲོག་བདེན་པའི་རྒྱབ་རྟེན་ཕུལ་བ་མཚར།།གུས་མདུད་བཅས་ཕུལ།

  27. ཏི་སེ། says:
    2012-07-18 at 4:13 am

    མཚན་དཔེའི་མེ་ཏོག་བཞད་ཅིང་། །ཤེས་རབ་ཀྱི་ཟེའུ་འབྲུ་རྒྱས་འདྲ། །སྙིང་རྗེའི་སྤྱན་རས་ཟིམ་ཞིང་། །ཐུགས་བསྐྱེད་ཀྱི་གོ་ཆ་གྱོན་འདྲ། སེམས་དཔའི་རིགས་ཅན་ཁོང་གིས་་གཙོས་པའི་འདས་པ་འདས་མ་དེ་དག་གནས་སྐབས་བར་དོའི་འཇིགས་ལས་གྲོལ་ཞིང་མྱུར་དུ་རྫོགས་བྱང་འཐོབ་པར་སྨོན། རིང་མིན་ཁོང་རྣམས་ཀྱི་དགེ་རྩར་འཆི་ངེས་པ་ཅན་རྒྱ་ཡི་སྲོག་བསླུ་དང་མ་ཎི་བྱེ་བ་གཅིག་ལས་མི་ཉུང་བ་འདོན་རྒྱུའི་དམ་བཅའ་ཡོད། འདི་དག་ནི་ང་རང་གཙོས་པ་བོད་མི་ཡོངས་ཀྱིས་བསྒྲུབ་འོས་པ་དང་། མི་འགྲུབ་བ་ཞིག་ཀྱང་མ་རེད། ཨོཾམཎིཔདྨེ་ཧཱུཾ།

  28. རང་གྲོལ། says:
    2012-07-18 at 7:37 am

    ཡང་བསྐྱར་བོད་གངས་ཅན་དུ་འཁྲུངས་ཏེ་ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་མགོན་དུ་བཞུགས་རོགས།

  29. རང་གྲོལ། says:
    2012-07-18 at 7:52 am

    གངས་ཅན་དཔའ་བོ་དཔའ་མོ།། དག་པའི་ཞིང་ལ་མ་ཕེབས།། སླར་ཡང་བོད་མིའི་མགོན་དུ།། མྱུར་དུ་བྱོན་པའི་སྨོན་འདུན།། བོད་རྒྱ་འགྲིག་ཐབས་མི་འདུག། བོད་མིར་སྐྱོབ་མཁན་མི་འདུག། ཞི་མོལ་རེ་བ་མི་འདུག། བདག་ཉིད་མགོན་དུ་ལོངས་ཤོག།

  30. དྲི་མེད་ལྷག་བསམ། says:
    2012-07-18 at 8:31 am

    ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།

  31. དྲི་མེད་ལྷག་བསམ། says:
    2012-07-18 at 8:33 am

    མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག། ཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿཨོཾ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཨ་མི་དེ་ཝ་ཧྲཱིཿ

  32. མིག་བརྒྱད་པ། says:
    2012-07-18 at 11:25 am

    སྔགས་ཡིག་དེ་འདྲ་མང་པོ་བཀོད་པ་ལས།།
    དགོངས་ཚུལ་ཚིག་འགའ་བྲིས་ན་མི་ལེགས་སམ།།
    ཡང་ན་མྱ་ངན་སྨོན་འདུན་མཚོན་པ་ཡིས།།
    ཤི་བོའི་འདས་མཆོད་སྒྲུབ་པ་མི་ལེགས་སམ།།

  33. སྣྲོན་ངག་ཁྲི། says:
    2012-07-18 at 12:42 pm

    བོད་དཔའ་བོས་རང་ལུས་རང་གིས་བསྲེགས། །

    རྒྱའི་གཡོ་སྒྱུས་གཞན་ས་རང་གིས་བཟུང་། །

    བོད་ལྷག་བསམ་ཅན་རེ་ཕར་ཕར་རྫོགས། །

    རྒྱར་གོ་སྐབས་རེ་རེ་ཚུར་ཚུར་ཐོབ། །

    ཚུལ་འདི་ལ་དགོངས་ནས་དཔའ་བོ་ཚོས། །

    ཐུགས་ཤེས་རབ་མེ་ལྕེའི་ཀློང་དཀྱིལ་ནས། །

    ཕའི་རང་ས་བུ་ཡིས་འཛིན་པའི་ཆེད། །

    འཕྲལ་ཕུགས་ཀྱི་འབྲས་བུར་ནན་དགོངས་མཛོད། །

  34. རྣ་བ་བརྒྱད་པ། says:
    2012-07-18 at 1:02 pm

    འདས་བོའིམཛད་རྗེས་ལ་རྗེས་དྲན་དང་དཔའ་བོའིསྙིང་སྟོབས་ལ་ཡིད་སྨོན། ཁྲེལ་མེད་ཝ་མོ་ལ་འཕྱ་སྨོད་སྒོས་ཀ་བརྩོམ་ཞིག་འབྲི་ན(་་་་་་་་་་་་་་་་་་་)སྙན་ངག་པ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme