Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ཤེས་རབ་གླིང་བོད་སྐད་སློབ་གྲྭ་དབུ་ཕྱེས།

Posted on 2012-07-10 By ཁ་བརྡ་ 10 Comments on ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ཤེས་རབ་གླིང་བོད་སྐད་སློབ་གྲྭ་དབུ་ཕྱེས།

གནས་ཚལ་མཁོ་སྤྲོད་པཿ གངས་འདབས།

རྗར་མེ་ནི་གྲོང་ཁྱེར་Frankfurtནང་རྟེན་གཞི་བྱས་པའི་བོད་ཀྱི་ཤེས་རིག་གི་བསྟེ་གནས་བོད་ཀྱི་ཁང་པའི་ནང་༧ གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུའི་འཁྲུངས་སྐར་ཟབ་རྒྱས་ཤིག་ཚེས་དྲུག་ཉིན་ཞུས་ཡོད་པ་དང་། དུས་བཟང་དེའི་ཉིན་ཤེས་རབ་གླིང་མིང་དུ་བཏགས་པའི་བོད་སྐད་སློབ་གྲྭ་གཅིག་དབུ་ཕྱེས་བྱས་པ་དང་སྦྲགས་ཚེས་དྲུག་ནས་ཚེས་བརྒྱད་བར་ཁྱོན་ཉིན་གསུམ་རིང་ས་གནས་བོད་མི་ཚོས་འཁྲུངས་ལྷ་དབྱར་གསོལ་དང་།དབྱར་སྐྱིད་བཏང་གནང་སོང་།
བོད་སྐད་སློབ་གྲྭ་དེ་ནི་ས་གནས་འདི་རུ་གནས་སྡོད་བྱེད་པའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་དམིགས་ཏེ་སློབ་གྲྭ་གསར་བཙུགས་བྱས་པ་ཞིག་རེད་འདུག
ཉིན་དེར་སྐུ་མགྲོན་གཙོ་བོར་༧དཔལ་ས་སྐྱའི་གདུང་སྲས་རིན་པོ་ཆེས་ཞབས་སོར་འཁོད་ཡོད་པ་དང་། དེ་བཞིན་རྗར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་རྗར་མན་པ་བོད་ཀྱི་གྲོགས་ཁག་གཅིག་དང་། རྒྱ་གར་བ་དང་། ས་གནས་བོད་རིགས་བཅས་ཁྱོན་མི་ལྔ་བཅུ་འགལ་བ་འཛོམས་གནང་འདུག
ཞོགས་པའི་ཆུ་ཚོད་དགུ་པ་ནས་ཉིན་དེའི་བྱེད་སྒོ་རྣམས་གྲ་སྒྲིག་བྱས་པ་ལྟར་གཅིག་མཇུག་གཉིས་མཐུད་ངང་སྤེལ་བ་ལས་ཐོག་མར་བསང་ཁ་བསང་གསོལ་དང་། དེ་ནས་༧ རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་རྗེས་༧རྒྱལ་བའི་ཞབས་བརྟན་འདོན་པ། སྐུ་མགྲོན་རྣམ་པས་གསུངས་གཞས་གནང་གྲུབ་མཚམས་ཤེས་རབ་གླིང་སློབ་གྲྭ་འགོ་ཕྱེས་གནང་སོང་།
རྗར་མེ་ནི་བོད་ཀྱི་ཁང་པ་འགོ་ཚུགས་གནང་མཁན་དང་། ཆོས་ཕྱོགས་ཀྱི་དབུ་འཛིན་བྲག་གཡབ་༧ སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དྲྭ་ལམ་skype བརྒྱུད་སློབ་གྲྭའི་དབུ་ཕྱེས་ཀྱི་བཀའ་སློབ་གནང་སོང་བ་ལས་དུམ་བུ་ཞིག་ནི་ “རྗར་མེ་ནི་བོད་ཀྱི་ཁང་པ་དང་། ས་གནས་བོད་རིགས་ཚོགས་ཆུང་གཉིས་མཉམ་འབྲེལ་ཐོག་༼ཤེས་རབ་གླིང་།༽ བོད་སྐད་སློབ་གྲྭ་འདི་འགོ་བཙུགས་ཐུབ་པ་རེད། བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་བསྐྲུན་པ་དང་། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་གི་རྩ་བ་བོད་སྐད་ཆགས་ཡོད་སྟབས་བོད་ཀྱི་སྐད་ཡིག་སྦྱོང་བར་སློབ་གྲྭ་འདི་ཐོན་རྐྱེན་ཆགས་ཡོད། དེར་བརྟེན་འགོ་ཕྱེས་ཀྱི་མཛད་སྒོར་མ་སྒྲིག་ལྷུན་གྲུབ་ངང་༧ སྐྱབས་མགོན་གདུང་སྲས་རིན་པོ་ཆེ་ཞབས་སོར་འཁོད་ཐུབ་པ་དེར་སྙིང་དབུས་ནས་དགའ་པོ་བྱུང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་ཁང་པས་སྐུལ་བ་བྱས་པ་ཙམ་གྱི་མི་ཆོག་པར་ས་གནས་བོད་རིགས་ཚོགས་ཆུང་དང་། བོད་མི་ཚོས་འགན་འཁུར་གནང་ནས་མཉམ་ལས་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕན་ཚུན་ཚང་མས་འགན་རང་འཁུར་གནང་ནས་བོད་ཀྱི་སྐད་ཡིག་གི་མཚོན་པས་ཤེས་བྱའི་གནས་གཞན་ལའང་རིམ་པས་ཐོན་འགྱུར་སྦྱར་ནས་ང་རང་ཚོ་བོད་པའི་མི་དེ་བོད་པ་འཐུས་སྒོ་ཚང་བ་དག་ཡོང་སླད་ཚང་མས་དགོངས་པ་ཞེས་ནས་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།„
དེ་ནས་༧ དཔལ་ས་སྐྱ་གདུང་སྲས་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བ་ནི“ དེ་རིང་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོ་འདི་ལ་ས་གནས་ལ་ཡོད་པའི་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་གནང་ཡག་དེ་ཞེ་དྲག་གལ་ཆེན་པོ་རེད་དེ་ལ་སྙིང་དབུས་ནས་རྗེས་སུ་ཡིད་རངས་ཞུ་ཡི་ཡོད། ༧ རྒྱལ་བ་རིན་པོ་ཆེ་༡༩༥༩ ལོར་བོད་ནས་རྒྱ་གར་ལ་ཕེབས་སྐབས་སུ་ཕྱག་ལས་ཐོག་མར་གནང་ཡག་དེ་དགོན་པ་བཙུགས་གནང་བ་དང་གཞི་ཆགས་ཁག་བཙུགས་གནང་ཡག་དེ་གནང་ཡོད་མ་རེད། ཕྱག་ལས་ཐོག་མར་དེ་མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་བོད་ཕྲུག་ཚོར་མ་སུ་རི་ལ་སློབ་གྲྭ་བཙུགས་གནང་ཡོད་པ་དང་། དེ་ནས་རིམ་བཞིན་རྒྱ་གར་གྱི་ས་ཆ་མང་པོར་བཙུགས་ཐུབ་པ་བྱུང་བ་ནས་སློབ་མ་སྟོང་ཕྲག་མང་པོ་སློབ་ཐོན་བྱུང་བ་དང་བྱུང་བཞིན་ཡོད།„ ད་དུང་གང་ཉིད་ཀྱིས་གསུངས་དོན། “བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་ནང་ཆོས་ཤེས་པ་དང་རྟོགས་པ་བྱེད་པར་བོད་ཀྱི་སྐད་ཡིག་དེ་ཤེས་དགོས་ཧ་ཅང་གལ་ཆེན་པོ་རེད། ད་རེས་སློབ་གྲྭ་འདིའི་མིང་ལ་ཤེས་རབ་གླིང་བཏགས་འདུག ཤེས་རབ་ནི་ཤིན་ཏུ་གལ་ཆེན་པོ་རེད།„ སོགས་བཀའ་སློབ་གནང་བ་དང་མཇུག་ཏུ་༧རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་ཅིང་། སྐུའི་མཛད་འཕྲིན་ཡར་ངོའི་ཟླ་བཞིན་རྒྱལ་བའི་སྨོན་ལམ་གསུངས་སོང་།
ཉིན་དེའི་བྱེད་སྒོ་ཁག་ནང་ལེགས་སྦྱར་ཐུང་ཐུང་ཁ་ཤས་དང་། སྐུའི་མཛད་རྣམ་དང་འབྲེལ་བའི་དཔར་རིས་གཏམ་བཤད་དེ་བཞིན་ས་གནས་བོད་རིགས་ཟློས་གར་ཚོགས་ཆུང་ནས་གཞས་སྣ་འཁྲབ་སྟོན། སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་མཚོན་པའི་སྐད་རིགས་མི་འདྲ་བའི་ནང་༧གོང་ས་མཆོག་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ཐ་དག་ལྷུན་གྱི་སྒྲུབ་པའི་སྨོན་ཚིག་འདོན་པ་བཅས་གོ་སྒྲིག་ཞུས་འདུག
གོ་སྒྲིག་ཞུ་མཁན་གྱིས་གསུངས་དོན་ནི་ད་རེས་དབྱར་སྐྱིད་དང་འབྲེལ་བའི་ཉིན་གསུམ་རིང་བོད་པ་རྣམས་འཛོམས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་འབྲེལ་དང་། ས་གནས་རྒྱུན་ལས་ཚོས་ལས་དོན་མཐུས་ཚང་། དེ་བཞིན་བོད་ཀྱི་ཁང་པས་མཐུན་འགྱུར་གྱ་ནོམ་པ་གནང་བ་ལ་རྟེན་ནས་། དུས་བཟང་ཁྱད་པར་ཅན་དེ་འདོད་བློ་འཁེང་པོའི་ངང་སྲུང་བརྩི་ཞུ་ཐུབ་པ་བྱུང་སོང་བཞེས་འབྲེལ་བརྗོད་གནང་སོང་།
མཛད་རིམ་གོ་སྒྲིག་ཞུ་མཁན་རྗར་འཁོད་བོད་རིགས་ཚོགས་པའི་ས་གནས་ཧེ་སན་བོད་རིགས་ཚོགས་ཆུང་དང་། རྗར་མེ་ནི་བོད་ཀྱི་ཁང་པ་གཉིས་ཡིན་ལ་མཛད་སྒོ་ཚོགས་ས་དེ་རྗར་མེ་ནི་བོད་ཀྱི་ཁང་པའི་ནང་རེད།
བོད་ཀྱི་ཁང་པ་དེ་ནི་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲིང་བཅུ་བཞི་པ་ཆེན་པོས་མགོན་སྐྱབས་ཀྱི་ཚད་འཛིན་དབུ་ཁྲིད་གནང་བ་དང་། བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་ཞིང་འཛམ་གླིང་ནང་གདེངས་འཇོག་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་གི་བསྟེ་གནས་ཤིག་རེད་འདུག་ལ་བསྟེ་གནས་དེར་ལོ་གཅིག་ལ་བྱེད་སྒོ་ཆེ་ཆུང་བསྡོམས་པས་གསུམ་བརྒྱ་སྤེལ་གྱིན་ཡོད་པ་ལས་བྱེས་སྒོ་ཁག་གཅིག་གཙུག་ལག་སློབ་གྲྭ་ཆེ་ཁག་དང་། འགྲེམས་སྟོན་ཁང་དུ་མ། དེ་བཞིན་ཚོགས་པ་གཞན་དང་མཉམ་འབྲེལ་གྱིས་སྤེལ་བས་མཚོན་ད་རེས་ཀྱི་བྱེད་སྒོ་དེ་ཡང་དེའི་ནང་གི་ཆ་ཤས་གཅིག་རེད་འདུག

གསར་འགྱུར།

Post navigation

Previous Post: ཤར་ལྷོ་བསུ་དཔལ་དུ་༧རྒྱལ་བའི་འཁྲུངས་སྐར་བསྲུང་བརྩི་ཞུས་པ།
Next Post: སྐུའི་འཁྲུངས་སྐར་སྲུང་གཙི་དང་སྤེལ་རྗམ་བོད་ཚོགས་སྐབས་དྲུག་པའི་དམ་འབུལ།

Comments (10) on “༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ཤེས་རབ་གླིང་བོད་སྐད་སློབ་གྲྭ་དབུ་ཕྱེས།”

  1. མེ་ཏོག་དཀར་པོ། says:
    2012-07-10 at 10:16 pm

    སློབ་གྲྭ་བཙུག་པར་ལེགས་སོ་དང་། བཀྲ་ཤིས་བདེ་ལེགས་ཡོད།

  2. གངས་མཚོ། says:
    2012-07-11 at 9:55 am

    གོང་གི་གསར་འགྱུར་འདི་ཁ་གསལ་བོ་མི་འདུག

  3. གངས་འདབས། says:
    2012-07-11 at 12:22 pm

    རྗར་མེ་ནིའི་གྲོང་ཁྱེར་Frankfurt ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩེ་ཞུས་འདུག
    འཁྲུངས་སྐར་ཉིན་༼ཤེས་རབ་གླིང་།༽བོད་ཀྱི་སྐད་ཡིག་སློབ་གྲྭ་སྒོ་ཕྱེས་གནང་འདུག
    མཛད་སྒོའི་ཐོག་བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་དང་། ༧དཔལ་ས་སྐྱ་གདུང་སྲས་རིན་པོ་ཆེ་རྣམ་གཉིས་ནས་བཀའ་སློབ་གནང་བ་དང་དབུ་ཕྱེས་བཀའ་དྲིན་བསྐྱངས་འདུག
    ཚེས་༦་ནས་༨་བར་འཁྲུངས་ལྷ་དབྱར་གསོལ་དང་། སྦྲགས་དབྱར་སྐྱིད་བཏང་བ་དང་། གཞས་སྣ་མང་པོ་འཁྲབ་སྟོན་གནང་འདུག
    བྱེད་སྒོ་དེ་རྗར་འཁོད་བོད་རིགས་ཚོགས་པའི་ས་གནས་ཚོགས་ཆུང་དང་། རྗར་མེ་ནི་བོད་ཀྱི་ཁང་པ་གཉིས་ནས་གོ་སྒྲིག་ཞུས་འདུག
    གངས་མཚོ་ལགས་ཀྱིས་གསལ་པོ་མཁྱེན་ཐུབ་པའི་རེ་བ་ཞུ།།།

  4. བློ་གྲོས་རྒྱ་མཚོ། says:
    2012-07-11 at 3:32 pm

    བོད་སྐད་སློབ་གྲྭ་བཙུག་པར་ལེགས་སོ་དང་། བཀྲ་ཤིས་བདེ་ལེགས་ཡོད།
    ཡིན་ནའང་ ༧ གདན་ས་ཤེས་རབ་གླིང་གི་མཚན་དེ་ བེད་སྤྱོད་བྱེད་དགོས་དོན་གང་ཡིན་ནམ།

  5. གངས་འདབས། says:
    2012-07-11 at 5:25 pm

    སློབ་གྲྭའི་མིང་ཤེས་རབ་གླིང་དེ་ནི་བྲག་གཡབ་༧ སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་ལ་སྐྱབས་འཇུག་ཞུས་ཐར་་གང་ཉིད་ནས་བཏགས་གནང་བ་རེད།
    གདན་ས་ཤེས་རབ་གླིང་དང་འབྲེལ་བ་ཡོད་པ་མི་ཤེས།

  6. དྲང་བདེན་ says:
    2012-07-12 at 12:00 am

    ༄། སྐྱབས་མགོན་ཆེན་པོ་ས་སྐྱ་གདུང་སྲས་མ་འོང་བོད་ཀྱིས་ཆོས་ཀྱིས་དབུ་ཁྲིད་ཆེན་མོ་སྐུ་ཚེ་ཁྲི་ལོ་བསྟན་པའི་སྨོན་ལམ་ཞུ།།

  7. Gonpo says:
    2012-07-12 at 4:48 am

    ཤེས་རབ་གླིང་སློབ་གྲ་རེད།
    ཤེས་རབ་གླིང་དགོན་པ་མ་རེད།

  8. གླིང་དཀར་ལྷ་རྗེས། says:
    2012-07-12 at 6:58 am

    སྐྱབས་མགོན་ཆེན་པོ་ས་སྐྱ་གདུང་སྲས་མ་འོང་བོད་ཀྱིས་ཆོས་ཀྱིས་དབུ་ཁྲིད་ཆེན་མོ་སྐུ་ཚེ་ཁྲི་ལོ་བསྟན་པའི་སྨོན་ལམ་ཞུ་ཞེས་པ་ནི་དྲང་བདེན་ལགས་དངོས་ཤུགས་གོ་རྒྱུ་ཡོད་དམ། རྒྱུ་མཚན་ཅི་ཕྱིར་གསུངས་ཀྱི་ཡོད་དམ། ལན་ཞིག་དགོས།

  9. མེ་ཏོག་དཀར་པོ། says:
    2012-07-12 at 7:44 am

    ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཤོལ་བ་དེ་གང་འདྲ་རླབས་ཆེ་བ་ཞིག་རེད་མིན་འདུག་གམ། གཞན་སྡེ་ཚན་སྡེ་ཚན་གྱི་བླ་མ་དེ་ཚོ་༧གོང་ས་མཆོག་གི་ཞབས་སྟེགས་ལ་འུག་པས་མཚན་མོ་སྒུག་སྒུག་བྱེད་གིན་འདུག་ག

  10. གསང་གྲོལ། says:
    2012-07-13 at 1:34 am

    འ་རོ་གངས་འདབས། ཁྱེད་རང་Frankfurt ན་ཡོད་དམ། ཤེས་རབ་གླིང་ནི་འཇར་མན་གྱི་བོད་ཡིག་སློབ་གྲ་ཐོག་མ་དེ་ཡིན་པ་འདྲ། སློབ་མ་ག་ཚད་འདུག་གམ། ས་གནས་དེ་གར་བཞུགས་པའི་ས་དཀར་རྣམ་སྲས་ཚང་གི་བྱིས་པ་ཚོ་བོད་ཡིག་སློབ་གྲའི་ནང་ན་ཨེ་ཡོད་ཀི ཁྱེད་ཀྱིས་ས་གནས་ས་ཐོག་གི་གནས་ཚུལ་བཏང་བར་ཤིན་ཏུ་ལེགས་མུ་མཐུད་གཏོང་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme