Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་རྩོད་པ་ལ་མེད་ཐབས་མེད་པ་གསུམ།

Posted on 2012-07-08 By ཁ་བརྡ་ 26 Comments on རང་བཙན་རྩོད་པ་ལ་མེད་ཐབས་མེད་པ་གསུམ།

རྟ་བདུན་དབང་བོ།

བོད་མི་ཡོད་དོ་ཅོག་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དང་གཅིག། སྒྲིག་འཛུགས་སྲ་ཞིང་བརྟན་པ་ཞིག་ཡོད་རྒྱུ་དང་གཉིས། དཔལ་འབྱོར་འཛད་པ་མེད་པ་ཞིག་ཡོད་རྒྱུ་གསུམ་ནི་ཧ་ཅང་གི་གལ་ཆེན་གསུམ་ཡིན། ཆོས་ལུགས་དང་ཆོལ་ཁ་གང་གིས་རིས་སུ་མ་སླད་པར་བོད་མི་ཡོངས་སུ་རྫོགས་པའི་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ཕྱོགས་བསྐྱོད་བྱ་རྒྱུ་དང། དེ་ནས་རང་བཙན་ནམ་རང་དབང་རྩོད་པའི་ཆེད་དུ་སྒྲིག་འཛུགས་སྲ་ཞིང་བརྟན་པ་ཞིག་མེད་དུ་མི་རུང་བ་ཡིན་ལ། དེ་མུ་མཐུད་ནས་གནས་པའི་ཆེད་དུ་དཔལ་འབྱོར་འཛད་པ་མེད་པ་ཞིག་ངེས་པར་དུ་དགོས། དེས་ན་བོད་མི་ཡོད་དོ་ཅོག་གིས་དཔལ་འབྱོར་གྱི་རོགས་འདེགས་སོ་སོས་གང་ནུས་ཀྱིས་སྒྲུབ་རྒྱུ་འདི་ཧ་ཅང་གི་གལ་ཆེན་རེད། ཇི་སྲིད་འདི་གསུམ་གནས་པ་དེ་སྲིད་དུ་ང་ཚོའི་ནུས་པ་ནམ་ཡང་ཉམས་མི་སྲིད། ཐབས་གང་ལ་བརྟེན་ནས་རང་བཙན་རྩོད་དམ་ཞེས་ན། ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད། བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ། ཕྱི་རྒྱལ་ནང་རྒྱལ་ཀུན་ཏུ་ཁྱབ་བསྒྲགས་གང་ནུས་ཅི་ནུས་ཤིག་བྱ་རྒྱུ་ཧ་ཅང་གི་གལ་ཆེན་རེད་སྙམ། འདི་དག་ནི་ཇི་སྲིད་རང་བཙན་མ་ཐོབ་པ་དེ་སྲིད་དུ་ནམ་ཡང་མཚམས་བཞག་མི་རུང། ང་ཚོ་བོད་མི་ཚང་མར་འགན་ཡོད་ཕྱིར་གཞན་གྱིས་སྐུལ་མ་ལ་བརྟེན་མ་དགོས་པར་སོ་སོའི་རང་ངོས་ནས་དང་ལེན་བྱ་རྒྱུ་ཧ་ཅང་གི་གལ་ཆེན་རེད། ཡིན་ནའང་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད་སོགས་བྱ་བ་གང་ཞིག་བྱས་ཀྱང་སྒྲིག་འཛུགས་ཤིག་གི་འོག་ནས་བྱེད་ན་ནུས་པ་ཆེ་བར་སྙམ། ཁོ་བོས་བལྟས་ན་བོད་ཀྱི་གཞོན་ནུ་ཚོགས་པ་འདི་ཧ་ཅང་གི་མེད་དུ་མི་རུང་བའི་ཚོགས་པ་ཞིག་རེད་སྙམ། དེང་དུས་བོད་ནང་དུ་མ་སྐུལ་དང་བླངས་ཀྱིས་རང་སྲེག་གི་ལས་འགུལ་མི་ཉུང་བ་ཞིག་སྤེལ་ཟིན་པ་རེད། གལ་ཏེ་རང་སྲེག་གི་ལས་འགུལ་འདི་བོད་ཀྱི་དཔའ་བོ་དང་དཔའ་མོ་ཚོས་མུ་མཐུད་ནས་སྤེལ་བ་ཡིན་ན་གྲུབ་འབྲས་ཆེན་པོ་མི་ཐོན་པའི་ཁར་གྱོང་གུད་དུ་འགྲོ་སྲིད་པའི་ཕྱིར། བོད་མི་ཡོངས་ཀྱིས་ཐབས་གཞན་ལ་བརྟེན་ནས་འབད་བརྩོན་རྒྱུན་འཁྱོངས་སུ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་པར་སྙམ་མོ། ལྷག་པར་དུ་རང་སྲོག་བློས་གཏོང་ཐུབ་མཁན་གྱི་གང་ཟག་འདི་ལྟ་བུ་ནི་ཉིན་མོ་སྐར་མ་ནང་བཞིན་ཤིན་ཏུ་དཀོན་པས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། སེམས་ཤུགས་ཅན་འདི་ཚོའི་སྐུ་ཚེ་ཞབས་པད་ཡུན་ཏུ་བརྟན་ནས་བོན་དོན་མུ་མཐུད་དེ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཅིས་ཀྱང་གལ་ཆེ། གལ་ཏེ་རང་སྲེག་བཏང་བ་ཡིན་ན་གཏོང་མཁན་དེའི་མི་ཚེ་དེའི་ཉིན་ནས་རྫོགས་ཚར་བ་རེད། གཞན་བྱ་ཐབས་གང་ཡང་ཡོད་པ་མ་རེད། དེར་མ་ཟད་ཁྱིམ་མི་ཚང་མ་མྱ་ངན་གྱིས་སྡུག་ལ་སྦྱོར་བ་དང་ནམ་རྒྱུན་རྒྱ་མིས་ལྟ་རྟོག་ནན་མོ་འོག་ཏུ་གནས་དགོས་པ་སོགས་ཞན་ཆ་དུ་མ་ཞིག་མཆིས། གལ་ཏེ་བོད་དོན་འཐབ་རྩོད་པ་ཚོས་རང་སྲེག་མ་ཡིན་པའི་ཐབས་གཞན་ལ་བརྟེན་ནས་རྩོད་པ་ཡིན་ན། དམར་བོའི་སྡིག་རྩུབ་འོག་རེ་ཞིག་གཅར་རྡུང་དང་མནར་གཅོད་སོགས་དུ་མ་ཞིག་མྱོང་དགོས་ཀྱང་ད་དུང་ཁྱོད་ཀྱི་འདུན་མ་རྫོགས་མེད་པར་མ་ཟད་གྲུབ་འབྲས་ཆེན་པོ་ངེས་པར་དུ་ཐོབ་སྲིད་པ་རེད། རྒྱུ་མཚན་འདི་དག་བརྟེན་ནས་ཁྱེད་རྣམས་ཀྱི་སྐུ་ལུས་འཚོ་ཞིང་བཞུགས་ནས་བོད་དོན་མི་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཅིས་ཀྱང་གལ་ཆེ་བར་སེམས་སོ། ངས་སྔོན་ལ་རང་བསྲེགས་ཀྱི་སྐོར་ལ་རྩོམ་ཐུང་ཁ་ཤས་ཤིག་ཁ་བརྡ་ནང་དུ་སྤེལ་བ་ཡིན། དེར་དྲ་གྲོགས་ཚོས་བསམ་ཚུལ་འདྲ་མིན་ཞིག་མཆིས་པ་དེ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་ཐུགས་རྗེ་ཞུ་རྒྱུ་ཡིན། འོན་ཀྱང་ཕྱིའི་ལྟ་རྒྱ་དང་ནང་གི་མཁྱེན་རྒྱ་ཁབ་མིག་ལས་དོག་པ་འགས་དོན་དང་མི་མཐུན་པའི་འཆལ་གཏམ་འགའ་ཞིག་སྤེལ་འདུག་པ་ནི་ཤིན་ཏུ་ནས་དོར་བར་བྱ་བའི་རིགས་སོ། ང་ཚོའི་རྩོད་བཞིན་པའི་བོད་ཀྱི་ས་ཁྱོན་ནི་རྒྱ་ནག་སྐམ་ས་ཆེན་པོའི་སུམ་ཆའི་གཅིག་ཡིན་པར་ཐོས། རྒྱ་ནག་དམར་བོ་ཚོ་འུ་ཐུག་ན་མ་གཏོགས་ས་ཁྱོན་ཆེ་བ་འདི་ལྟ་བུ་ཞིག་རྩིས་སྤྲོད་ལས་སླ་བོ་ངང་ནས་ནམ་ཡང་བྱེད་རྒྱུ་མ་རེད། ད་ལྟའི་རྒྱ་ནག་གི་ཕྱི་ནང་གང་གི་ཐད་ལ་བལྟས་ན། བོད་མི་ཅི་ཙམ་གྱིས་རང་སྲོག་དོར་ཡང་དམར་ཕྱོགས་ཚོ་འུ་ཐུག་པ་སྣུམ་ཟད་ཀྱི་མར་མེ་བཞིན་གཏོང་རྒྱུ་དཀའ་བར་གནང་སྙམ། དེས་ན་ང་ཚོའི་ཐབ་རྩོད་འདི་ཟླ་བ་ཁ་ཤས་ཀྱིས་མ་ཡིན་པར་ལོ་དུ་མའི་རིང་གི་ཐབ་རྩོད་ཅིག་ཡིན་ཕྱིར་བོད་རིགས་སྤུན་ཟླ་རྣམས་ཀྱི་སྐུ་སྲོག་ཆུད་ཟོས་སུ་མི་གཏོང་པར་འཚོ་ཞིང་གནས་ནས་མུ་མཐུད་དེ་རྒྱུན་འཁྱོངས་བྱ་རྒྱུ་ཅིས་ཀྱང་གལ་ཆེ་བར་སྙམ་མོ། །

སྣ་ཚོགས།

Post navigation

Previous Post: བན་བོན་གྱི་བླ་མ་རོང་ལེའི་ཞབས་བརྟན་གསོ་སྨན་བདུད་རྩིའི་བུམ་བཟང་ཞེས་བྱ་བ། །
Next Post: དུས་ཚོད།

Comments (26) on “རང་བཙན་རྩོད་པ་ལ་མེད་ཐབས་མེད་པ་གསུམ།”

  1. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-08 at 12:17 pm

    རྟ་བདུན་དབང་བོའི་གསུངས་པ་ལ་མངོན་པར་བསྟོད་དོ། བདེན་པ་འདྲ་བོ་འདུག འདི་འདྲའི་ཤ་ཚ་བའི་གཏམ་སྤེལ་བ་ལ་ཐུགས་རྗེ་ཆེ། །

  2. བསྟན་འཛིན་རྒྱལ་མཚོ says:
    2012-07-08 at 4:36 pm

    ཧ་ཅང་ཡག་པོ་འདུག་དེ་འདྲ་བསླབ་བྱ་ཡག་པོ་གནང་འདུག

  3. ཐབས་ཇུས་ཅན says:
    2012-07-08 at 7:30 pm

    བོད་རྒྱ་ནག་གི་ས་ཁྱོན་བཞི་ཆའི་གཅིག་ཡིན་པར་བཤད། ཁྱེད་རང་ཡག་པོ་གསུངས་འདུག ཡིན་ནའང་བོད་པ་ཚོས་ཕྲུ་གུ་མང་པོ་སྐྱེས་དགོས་པའི་སྐོར་གསུངས་མི་འདུག གལ་ཆེ་ཤས་དེ་རེད་བསམ།

  4. མགོན་པོ་ཕྱག་གཉིས་པ། says:
    2012-07-08 at 9:50 pm

    གལ་སྲིད་ཁྱེད་ལ་རང་བཙན་གཙང་མ་ཞིག་དགོས་ཀྱི་ཡོད་ན་དེ་ནམ་ཞིག་ཁྱེད་ལ་འཐོབ་གི་རེད། དེ་ནི་ཁྱེད་ཀྱི་ཐོབ་ཐང་ཡིན་པས་ཕྱིར། ཡིན་ན་ཡང་། དེ་ལ་མེད་ཐབས་མེད་པའི་ཆ་རྐྱེན་གཅིག་རང་གཅིག་དགོས་ཀྱི་ཡོད་པ་རེད། དེ་ནི་གཞུང་གི་ལངས་ཕྱོགས་དེ་རང་བཙན་ལ་གཏན་ཁེལ་དགོས་པ་རེད། གཞུང་གིས་དབུ་ཁྲིད་ནས་གཞུང་སྒེར་ཚང་མས་རང་བཙན་གྱི་ཐོབ་ཐང་རྩོད་དགོས་པ་རེད། གལ་སྲིད། བོད་མི་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་པའི་གཞུང་དེ་དབུ་མ་ལ་འགྲོ་སྐབས། ཚོགས་པ་ཡན་གར་བ་ཞིག་གིས་རང་བཙན་ལ་བརྩོན་པ་དེ་ནི་རྒྱལ་སྤྱིའི་ཐོག་ནུས་མེད་དང་རྒྱབ་སྐྱོར་རྙེད་དཀའ་བ་ཞིག་རེད། ཡིན་ནའང་། བོད་ཀྱི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཐབས་ཡོད་པ་རེད། བོད་མིའི་སྤྱི་ཚོགས་ནང་རྒྱབ་སྐྱོར་ཆེན་པོ་ཐོབ་པ་ཡིན་ན། སྤྱི་འཐུས་ནང་རང་བཙན་པ་མང་ཞིག་སླེབས་པ་ཡིན་ན་གཞུང་གི་ལངས་ཕྱོགས་དབུ་མ་ཟེར་བ་དེ་རང་བཙན་ལ་བསྒྱུར་བའི་ལམ་ཀ་ཡོད་པ་རེད། དེ་ནས་ལས་ཀ་སྤེལ་བདེ་ཆགས་པ་རེད། ལམ་ཀ་ཁེར་ལམ་དེ་མ་གཏོགས་རང་བཙན་ལ་ལམ་ཀ་ཡོད་པ་མ་རེད་དེ། ཤུགས་རྒྱག་རྒྱུ་ཡོད་པ་རེད།

  5. གནམ་ལྕགས་རྡོ་རྗེ says:
    2012-07-08 at 11:06 pm

    ཁྱེད་རང་བསམ་ཚུལ་ཤིན་ཏུ་བཟང། དངོས་གནས་བདེན་འགུ

  6. གནམ says:
    2012-07-08 at 11:19 pm

    མགོན་པོ་ཕྱག་གཉིས་བའི་རྒྱབ་ན་ཀ་ལངས་ལངས་ཡིན། རང་བཙན་གཙང་མ་རྩོད་འདོད་ན་རང་བཙན་གཙང་མ་རེག་གི་རེད། དཔེར་ན། ཟ་ཁང་ཞིག་ནས་ཟ་མ་ཡག་པོ་ཞིག་ཟ་འདོན་ན། ལམ་ཁ་གསུམ་ཡོད་པ་རེད། གཅིག་སློང་ཡ་རེད། གཉིས་པ་དེ་ཉོ་ཡ་རེད། གསུམ་པ་དེ་བཙན་འཕྲོག་བྱེད་ཡ་རེད།
    དང་པོ་སློང་ཡ་དེ་ལ་ཡང་ལམ་ཁ་གཉིས་ཡོད་པ་རེད། གཅིག་དེ་སྒོ་འགྲན་ནས་སྐུ་མཁྱེན་སྐུ་མཁྱེན་ང་གཅིག་གནང་རོགས་གནང་ཞུས་ནས་ཚེ་གང་འགྲོ་ཡ་རེད། གཉིས་པ་དེ་ཚེ་གང་ལ་ཚེ་གཡོག་རྒྱུག་ནས་རེག་ཐབས་བྱེད་པ་དེ་རེད།
    གཉིས་པ་ཉོ་ཡ་ལ་ལམ་ཁ་གཅིག་མིན་པས་མེད་པ་རེད། དེ་ནི་ཚེ་གང་བོར་སྒོར་མོ་ཡོད་དུས་ཡོད་དུས་རྫིགས་མདོག་གྱིས་གཞན་ངོ་འཚོ་མི་དགོས་པར་ཉོ་ཡ་རེད།
    གསུམ་པ་བཙན་འཕྲོག་དེ་ལ་ཡང་ལམ་ཁ་གཅིག་རེད། སླངས་ན་མི་གནང་པ་དང་ཉོས་ན་མི་བཙོང་བ་དང་། ཡང་ན་གོང་གི་འདི་དག་གིས་མི་ཚེ་སྐྱེལ་མི་ཐུབ་ན། བཙན་འཕྲོག་བྱེད་ཡ་རེད། བཙན་འཕྲོག་བྱས་ནས་ཐོབ་སོང་ན་ང་ཚོས་མུ་མཐུད་བོད་བཙན་པོའི་གདོང་རྒྱུད་ཀྱི་རྗེས་སྐྱོང་ཐུབ་སོང་བ་རེད།
    ད་ལྟའི་བོད་ཀྱི་ལང་ཕྱོགས་ནི་སློང་མོའི་ལེའུ་ནང་ན་ཡོད་པ་རེད་འདོད། ང་ལ་མཚོན་ན་འདི་ཡོང་ས་མ་རེད།

  7. ལུང་རྟོགས། says:
    2012-07-08 at 11:19 pm

    རྩོད་རྒྱུ་ནི་ཐོབ་དཀའ་བ་རང་བཙན་རྩོད་དགོས་ཟེར། ལས་འགུལ་ནི་ནུས་ལྡན་དེ་ཚོ་མཚམས་བཞག་དགོས་ཟེར། ཧཧཧ ཡོང་རྒྱུ་མེད་པའི་སྐད་ཆ་རེད། སྔོན་མ་འཇར་མན་ནར་རྩིས་ཇེའུ་མི་རིགས་རྩ་མེད་བཟོ་བའི་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་དྷི་ལ་ཇེའུ་མི་རིགས་ཚོས་ཇི་ལྟར་བྱེད་དགོས་ཤེས་དྲིས་པར། ཁོང་གིས་ཇེའུ་མི་རིགས་མང་པོས་སྡེབ་ཅིག་ལ་རང་སྲོག་བཅོད་དགོས། དེ་འདྲ་བྱས་ན་འཛམ་གླིང་སྤྱི་དང་འཇར་མན་མི་མང་ནས་ཇེའུ་མི་རིགས་ཀྱི་དཀའ་སྡུག་དེ་རྟོགས་ཐུབ་ཅེས་གསུང་པ་རེད་ཟེར། ཆབ་སྲིད་འཐབ་གཙོད་པ་ཞིག་ལ་འདི་འདྲའི་བློ་སྟོབས་ཤིག་དགོས་པ་ལས། ལས་འགུལ་ལས་ལྷ་པོ་ཞིག་སྤེལ་ནས་དཀའ་རྙོག་ཆེན་པོ་ཞིག་སེལ་འདོད་པ་ནི་ཉིན་མོའི་རྨི་ལམ་རེད།

  8. གནམ་ལྕགས་རྡོ་རྗེ says:
    2012-07-08 at 11:27 pm

    མགོན་པོ་ཕྱག་གཉིས་པ་ན་རེ།
    ཁྱེད་རང་གསུང་པ་དགོས་རྒྱུ་ཞིག་རེད་ཏེ། ཨུ་ཚུགས་བློ་ཆུང་གླན་པ་ལ་སུས་ཀྱང་རྒྱབ་སྐྱོར་བྱེད་དཀའ།
    ཁྱེད་ཀྱིས་རྒྱལ་སྤྱི་ཞེས་འབོད་ཤེས་ཀྱང་། ད་ལྟའི་དུས་ལ་རྒྱལ་སྤྱིའི་ཁས་ལེན་ཐུབ་པ་དང་ལག་ལེན་ཐུབ་པའི་ཆ་རྐྱེན་ཞིག་ངེས་པར་ཚང་དགོས་པ་དེ་ཧ་གོ་དགོས་རྒྱུ་ཞིག་རེད།
    གལ་སྲིད་ཁྱེད་རང་ལ་རང་བཙན་ལེན་ཐུབ་པའི་ཆ་རྐྱེན་ཡོད་ན་རྒྱལ་སྤྱི་དང་བོད་གཞུང་ལ་རེ་བ་དགོས་ཀྱི་མ་རེད།
    དེང་སང་དུས་ལ། ཁ་ཡ་སོ་ཅན་གྱིས་བཤད་ཤེས་ཀྱང་། མགོ་རྣ་བ་ཅན་གྱི་ཉོན་ཤེས་པ་ཞིག་དགོས་ཀྱི་རེད།
    གྲོགས་པོ། ལྷག་བསམ་ཡོད་ཀྱང། ཤེས་རབ་དེ་བས་དགོས། སྙིང་རྗེ་ཡོད་ཀྱང་། ཤེས་རབ་དེ་བས་དགོས།
    རང་བཙན་དགོས་ཀྱང་། ཐབས་ལམ་དེ་བས་དགོས། བོད་རྒྱལ་ལོ།

  9. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-08 at 11:28 pm

    ལུང་རྟོགས་ཟེར་བ་འདི་མི་ཧ་ཅང་གི་སེམས་ཤུགས་ཅན་གྱི་དཔའ་བོ་ཞིག་རེད་འདུག་པས། སྐུ་ལུས་མེ་སྲེག་གཏོང་ཉན་ཆེ། དེ་ལྟར་ནམ་ཡང་མི་མཛད་པར་ཞུ། ང་ཚོར་ཁྱོད་ལྟ་བུ་ངེས་པར་དུ་དགོས་མཁོ་མཆིས་པས་སྐུ་སྲོག་འཚོ་བར་བཞུགས་སུ་གསོལ། །

  10. གནམ་ལྕགས་རྡོ་རྗེ says:
    2012-07-08 at 11:38 pm

    གནམ་ནས་ན་རེ།
    ཁྱེད་རང་གིས་རང་བཙན་གྱི་ལམ་གདམ་ག་གསུམ་གསར་སྟོན་གནང་འདུག་པ་དེ་ཡག་པོ་འདུག འོན་ཀྱང་ལམ་དེ་གསུམ་འགྲེལ་བཤད་བྱེད་དུས། ཁྱེད་རང་རང་ལ་གདེང་ཚོད་མེད་པ་ཁ་བརྡ་རང་རེད། ཡོང་རྒྱུ་མེད་པ་མཇེ་ལ་མདུད་པ་རྒྱག་ཟེར་བའི་དཔེ་ལྟར་རེད།

  11. སྣྲོན་ངག་ཁྲི། says:
    2012-07-08 at 11:51 pm

    མཁྱེན་ཡངས་རྟ་བདུན་དབང་པོ་ལགས།
    ཁྱེད་ཀྱི་བཅོས་མ་ཡིན་པའི་དགོངས་ཚུལ་དེ་ཧ་ཅང་བཟང་ལ་རྒྱུ་མཚན་ཡང་ཆེན་པོ་འདུག། འོན་ཀྱང་དཔེ་དོན་འགའ་ཞིག་མཚུངས་པོ་མི་འདུག་ལ་ནང་འགལ་ཡང་ཅུང་ཟད་འདུག་
    པ་ནི། རང་སྲོག་བློས་གཏོང་མཁན་གྱི་གང་ཟག་ནི་ཉིན་མོའི་སྐར་མ་བཞིན་
    ཤིན་ཏུ་དཀོན་རབས་དང་། ཡང་མུ་མཐུད་དེ་དེ་ལྟར་རང་སྲེག་གི་ལས་འགུལ་སྤེལ་ན་ཞེས་ལྟོས་ས་ལྟོས་འཇོག་གིས་མང་པོ་ཡོང་གི་ཡོད་པའི་སྔོན་དཔགས་སམ་དོགས་པ་སྔོན་བསུ་མཛད་པ་ནི།
    དཔེ་དོན་མི་མཚུངས་པ་ཙམ་དུ་མ་ཟད་དངོས་དོན་དོན་དང་ཡང་ཤིན་ཏུ་འགལ་བར་སེམས། གང་ཡིན་ཞེ་ན་བོད་མི་མི་འབོར་ཉུང་ཉུང་དེ་ཙམ་གྱི་ནང་ནས་དུས་ཚོད་ཐུང་ཐུང་དེ་ཙམ་གྱི་ནང་དུ་རང་སྲོག་བློས་བཏང་ནས་རང་གི་རྒྱལ་ཁབ་དང་།མི་རིགས། ཆབ་སྲིད་ཀྱི་བདག་དབང་སླར་གསོ་སོགས་ཀྱི་མངོན་འདོད་སྒྲུབ་མཁན་གྱི་མི་འབོར་ཉིན་མོའི་
    སྐར་མ་ནང་བཞིན་མ་རེད། ཉིན་མོའི་སྐར་མ་ནི་ཉི་འཛིན་སོགས་ཤུགས་ཆེ་བའི་སྐབས་སྲིད་མཐའ་ཙམ་མ་གཏོགས་མཐོང་མཁན་གྱི་གང་ཟག་བོད་ཕྱི་ནང་གང་ལའང་ཤིན་ཏུ་དཀོན།
    གཞན་ཡང་བོད་ཀྱི་ས་ཁྱོན་ནི་ད་ཆའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ཀྱི་བཞི་ཆ་གཅིག་ཟེར་བ་ཞིག་གོ་བ་ཙམ་ལས་གསུམ་ཆ་གཅིག་ཟེར་བ་ཞིག་
    གོ་མྱོང་མེད་པས་ཁྱེད་ཀྱི་རྩིས་དེ་སུས་རྒྱབ་ནས་གཏན་ལ་ཕབ་སམ།
    ཡང་ན་བོད་ཀྱི་ས་ཁྱོན་གོང་ཕེལ་དང་ས་ཆར་ཕྲུ་གུ་འགའ་ཞིག་སྐྱེས་སམ།
    དངོས་དོན་དང་མཚུངས་པའི་དཔྱད་གཞིའི་རིན་ཐང་ཅན་གྱི་ལན་གསལ་པོ་ཞིག་གསུངས་
    རོགས་གནང་། ཐུགས་རྗེ་ཆེ་དྲ་གྲོགས་ཚོ།།

  12. གནམ says:
    2012-07-09 at 12:03 am

    གནམ་ལྕགས་རྡོ་རྗེ་ལགས། རེད། ངའི་གདེང་ཚོད་དེ་ཁྱོད་དང་ཁྱེད་འདྲ་བའི་བོད་མཇེ་སྙིང་མེད་དེ་ཚོ་བོད་མཇེ་དཔའ་བོ་ཞིག་ལ་མདུད་ནག་དགུ་རྒྱག་ཐུབ་དུས་ཞིག་ཡོད་ན་གདེང་ཚོད་ཀྱི་ཉི་མ་མི་ཤར་ཞིག་མ་རེད།

  13. གནམ་ལྕགས་རྡོ་རྗེ says:
    2012-07-09 at 12:21 am

    ཡ་གྲོགས་པོ་གནམ་ན་རེ།
    ཁྱེད་རང་བོད་མཇེ་དཔའ་བོ་ཡིན་པའི་དཔའ་རྟགས་གང་ཡང་མཐོང་མ་བྱུང་།
    ད་དུང་ཁྱེད་རང་དཔའ་བོ་ཡིན་བསམ་ན་དཔའ་གཏམ་གྱི་ཡི་གེ་དེ་ཚོ་གསལ་པོ་བྲིས་དང་ཚང་མ་ལ་ཕན་ཆེ།
    དེ་མིན་དཔའ་རྩལ་ནི་ང་རྒྱལ་གྱི་ཆ་ཤས་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ལ་ང་རྒྱལ་བྱས་ན་རང
    ་སྡུག་རང་གི་ཉོས་པ་རེད་འགུ

  14. ལུང་རྟོགས། says:
    2012-07-09 at 12:30 am

    རང་བྱུང་རིག་རྡོར་ལགས། ང་ལ་རང་སྲེག་གཏོང་ཕོད་པའི་སྙིང་སྟོབས་དེ་འདྲ་མེད་ཀྱང་། བོད་ཀྱི་རྩ་དོན་དང་རང་དབང་ཆེད་རང་སྲོག་བཏང་མཁན་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་དང་ཡི་རང་ཞུ་རྒྱུ་ལས། ཁོང་ཚོའི་རླབ་ཚེ་བའི་ལས་འགུལ་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་རྒྱུའི་སྙིང་སྟོབས་དེ་འདྲ་ཡང་མི་འདུག

  15. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-09 at 12:52 am

    ད་ངས་ལྟོས་ན་ཁྱོད་ཀྱིས་ཡི་གེ་ཀློག་ཤེས་ཀྱང་གོ་བ་མེད་པ་འདྲ། འདིར་དྲ་གྲོགས་སུ་གཅིག་གིས་ཀྱང་རང་སྲེགས་ལ་ངོ་རྒོལ་བྱེད་ཀྱིན་མི་འདུག་གོ རང་སྲེག་གཏོང་བ་ལས་ཐབས་ལམ་གཞན་ལ་བརྟེན་ན་ལེགས་ཚུལ་གྱིས་སྐུལ་མ་བྱེད་བཞིན་འདུག་པ་ལས་སྐྱོན་བརྗོད་བྱེད་མཁན་མི་གནང་ངོ་། ཁྱེད་ཀྱི་མིག་མ་ལྡོངས་སམ། །

  16. གནམ says:
    2012-07-09 at 1:34 am

    ཡི་གེ་འབྲི་ཡ་ལས་སླ་པོ་རེད། (དཔའ་གཏམ་གྱི་ཡི་གེ་དེ་ཚོ་གསལ་པོ་བྲིས་དང་ཚང་མ་ལ་ཕན་ཆེ།) དེ་འདྲ་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་མདུན་ཐང་ནས་རང་ལུས་མེ་མཆོད་མཁན་ཞིག་ཁ་ཚ་དགོས་གདུག་རེད། འདིས་ཅི་ཞིག་གསལ་ཁ་བཟོ་ཐུབ་བམ་ཟེར་ན། མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་ཡོད་ན་རོགས་པ་དང་རེ་བ་མེད་ན་ཉིན་དེ་ནས་བཟུང་བོད་ས་ཕྱོགས་གང་ནས་རང་ལུས་མེ་རུ་སྒྲོན་པའི་ལམ་དེ་མཚམས་འཇོག་དང་བོད་བདེན་པའི་འཐབ་རྩོད་ཀྱི་ལམ་ཁ་གསར་བ་ཞིག་གི་མགོ་འཛུག་དང་། བོད་མིའི་རེ་བ་འདི་ནམ་ཡང་གི་རེ་བ་སྟོང་བ་ཞིག་ཡིན་པས་ངོས་འཛིན་སྟེར་ཐུབ་པའི་བོད་ཀྱི་ལོ་རྒྱུས་ལ་དགོས་མཁོ་དང་མ་འོངས་བོད་མའི་རང་དཔང་འདི་འཆི་གསོན་གྱི་དབྱེ་བ་ལས་བདེན་རྫུན་གྱི་ལམ་ཁ་ཞིག་མིན་པ་གསལ་བོར་བཟོ་བའི་དབའ་བོ་རེད། དེ་མིན་ལམ་ཁ་དང་འཆར་གཞི་སོགས་རྗེས་ནས་ཡིན་། གནམ་ལྕགས་རྡོ་རྗེ་ལགས་ཡོང་ས་རེད་བེ། འདི་ངའི་བཀའ་མིན་ཐལ། འདི་ཁྱོ་རང་གི་འདོད་པ་རེད།

  17. ལུང་རྟོགས། says:
    2012-07-09 at 2:50 am

    རང་སྲེག་གཏོང་བ་དེ་ཐབ་ཐབས་ལམ་ཡང་དག་མ་རེད་ཟེར་ན་རང་སྲེག་ལ་ངོ་རྒོལ་བྱས་པ་མིན་ན་ཅི་ཡིན། ངོ་རྒོལ་ཞེས་པ་ནི་བྱ་ཐབས་དེ་ཡང་དག་རེད་དེ་ལ་མོས་མཐུན་མེད་ཞེས་བཤད་པ་དེ་ལས་གཞན་ཅི་ཡོད། དེ་ངོ་རྒོལ་མིིན་ན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ཡང་དག་མ་རེད་ང་ཚོས་ངོས་ལེན་མི་ཐུབ་ཅེས་བཤད་པ་དེ་ཡང་ངོ་རྒོལ་ཇི་ལྟར་འགྱུར། སྐྱོན་བརྗོད་འདིར་མེད་ཀྱང་དེའི་སྔོན་ལ་རྟ་བདུན་དབང་པོ་ཟེར་བ་འདིས་རང་སྲོག་བཅོད་པ་ནི་རྩ་མ་ཚང་བའི་ལས་ཀ་ཡིན་རབས་བཤད་པ་དེ་ཚོ་ཁྱོས་ཀྱང་མཐོང་ཡོད་རྒྱུ་རེད།

  18. ལུང་རྟོགས། says:
    2012-07-09 at 2:52 am

    བྱ་ཐབས་དེ་ཡག་དག་མ་རེད་ཅེས་བཅོས།

  19. གནམ་ལྕགས་རྡོ་རྗེ says:
    2012-07-09 at 8:58 am

    ཞོག་པ་སྔ་མོ་ཡར་ལང་་པ་དང་། གྲོགས་པོ་གནམ་ནས་བྲིས་པའི་ཡི་གེ་དེ་ཀློག་པས་དམིགས་གཏད་གང་ཡིན་ད་དུང་གསལ་ཁ་དབེན།
    ངས་འདོད་པ་ཡིན་ཚུལ་བཀོད་འདུག་པ་དེ་ཁྱེད་རང་དཔའ་གཏམ་ཆེ་དྲག་པ་རེད།
    ངས་འདོད་པའམ་བསམ་ཚུལ་ཞུས་ན། རང་བཙན་ནི་གནམ་བསྐོས་གོང་མས་གནང་བ་མིན། དེ་བས་ཀྱང་ས་ནས་སྐྱེ་བ་ག་ལ་ཡིན།
    རང་བཙན་ནི་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་བཅོལ་བ་དེ་བདེན་གཏམ་གཅིག་ཡིན། རྔ་བརྡུང་དང་བསྟུན་པའི་འཆམ་འགྲོས་ཟེར་བ་ལྟར་འཛམ་གླིང་ཆབ་སྲིད་ཀྱི་ཁ་ཕྱོགས་དང་བསྟུན་ནས་ཆབ་སྲིད་ནང་དུ་ལས་འགུལ་སྤེལ་རྒྱུ་དེ་རང་བཙན་བཙན་ཐབས་སུ་ལེན་པའི་ལག་ཆ་གཅིག་ཡིན། དེ་ལྟར་དགོས་ན་བློ་སེང་གི་ལམ་སྟོན་ཉན་ན་གནད་གསེང་ཡོད།
    དེ་མིན་ཁྱེད་རང་ལ་ཐབས་ལམ་བློ་ཁེལ་པོ་ཡོད་ན་ཤོད་དང་ང་ཚོས་ཉན་ཆོག།
    གྲོགས་པོ་གསལ་པོ་ཤོད་དང་།

  20. ཇ་མ་ says:
    2012-07-09 at 8:39 pm

    དེང་སང་དཔའ་གཏམ་བཤད་མཁན་དང་སྙིང་གཏམ་བཤད་མཁན་མང་པོ་འདུག་ངོ་མ་ཡག་པོ་རེད། དེ་བཞིན་ང་འདྲ་བའི་ལབ་རྒྱག་མཁན་འགའ་རེའི་མཉམ་དུ་རྒྱ་ནག་གིས་བོད་རྒྱ་ནག་གི་མངའ་འོག་ཏུ་སྒྲིབ་པའི་དགག་ལན་རེ་བྲིས་ན་ག་འདྲ་འདུག དྲ་ལྟ་ཚོ།

  21. གནམ says:
    2012-07-09 at 11:01 pm

    མེ་ཏོག་ཨ་རོགས།
    ཁྱོ་འདི་ཆི་ཟིག་འདྲ་ཟིག་རེད། རྔ་རྡུང་ནི་མེད་ལ་དཀའ་ངལ་ཡོད་ནོ་མ་ཤེས་ནེ། ངས་བཤད་རྒྱུ་བོ་དེ་རྔ་རང་དགས་རྡུང་དེ་འཆམ་གཞན་ལ་འཆམ་གི་འཇུག་དགོས་འི་ཟེར་གི་ཡོད་ཡ། བློ་སེང་གིས་དེའི་ཟློག་ཕྱོགས་བཤད་ཀི་ཡོད་པ་རེད། ཁོ་སྐབས་འཚོལ་བ་རེད། གོ་སྐབས་ཡོད་ན་རྒྱལ་ཁ་ལེན་རྒྱུ་རེད་མེད་ན་ཉལ་རྒྱུ་རེད་ཡ། ཤེས་སོང་ངམ། ཁོས་མི་མང་ལ་གོ་སྐབས་ཞིག་སྟེར་མི་ཐུབ་ན་མི་མང་གིས་ཁོ་ལ་གོ་སྐབས་ཞིག་སྤྲད་ན་ཕན་ཚུན་གཉིས་ཀ་དགོས་ཡ་དེ་རེག་ས་རེད་བསམ་གི་ཡོད། དེ་ན་མི་མང་གིས་རང་ལུས་པོ་མེ་ལ་སྒྲོན་དགོས་རྒྱུ་རེད་ཡ།
    ཕྱི་འདང་རྒྱབ་ན་དགྲ་མི་ཐུབ་ཟེར་ནི་རེད། གོ་སྐབས་ལ་སྒུག་ན་དོན་མི་འགྲུབ་ཟེར་བ་རེད།

  22. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-10 at 12:54 am

    གལ་སྲིད་དབུ་མའི་ལམ་དོར་ནས་རང་བཙན་གཙང་མའི་ལམ་ཁར་སྐྱོད་ཚེ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།
    དབུ་མའི་ལམ་འདི་ལ་དགེ་མཚན་ཆེར་མཐོང་མ་སོང་། ངས་བསམ་ཚུལ་ཙམ་ཡིན། ད་དྲ་གྲོགས་ཚོས་དྲང་གཏམ་ཞིག་གསུང་རོགས་ཞུ། །

  23. གནམ་ལྕགས་རྡོ་རྗེ says:
    2012-07-10 at 2:44 am

    ད་བྱ་ཐབས་མི་འདུག འདི་ནའང་ངའི་མིང་འདྲ་བོ་ཞིག

  24. གཟེ་མ་ར་མགོ says:
    2012-07-10 at 9:46 am

    གཞིས་སྡོད་བོད་མིའི་མངོན་འདོད་གཙོ་བོ་རང་བཙན་ལ་རེ་བ་དང་གཅིག
    དབུ་མའི་ལམ་གྱི་ད་བར་མཇུག་འབྲས་གང་ཡང་མ་ཐོན་པ་དང་གཉིས།
    རྒྱ་བོད་བར་གྱི་གྲོས་མོལ་གྱི་རྔ་རྩ་ཆད་པ་དང་གསུམ།
    དེ་གསུམ་གྱི་གནད་ལ་བསྣུན་ན་རང་བཙན་མ་གཏོགས་ཅི་ཡང་རྩོད་ཡས་མེད་པ་མངོན་གསལ་རེད་མི་འདུག་གམ། ལྟོས་དང་།

  25. རང་བྱུང་རིག་པའི་རྡོ་རྗེ་ says:
    2012-07-10 at 11:58 am

    གཟེ་མ་ར་མགོའི་གཏམ་ལ་རྒྱུ་མཚན་འདུག ངེད་ཀྱི་བསམ་ཚུལ་འདྲ་བོ་འདུག

  26. འབྲི་བརྒྱ་མ་གཡང་ཁོ། says:
    2012-07-11 at 7:59 am

    མགོན་པོ་ཕྱག་གཉིས་པ་དང་། སྐུ་ཞབས་གནམ་ལགས་ཀྱིས་གཞིས་སྡོད་མི་དམངས་ཀྱི་འདོད་བློ་ངོ་མ་དེ་གསུངས་སོང་། ངས་ཁོང་རྣམ་གཉིས་གཙོས་དེ་དང་བཞེད་པ་གཅིག་མཐུན་གྱི་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞུ་བ་ལགས། དེ་མིན་དྲ་གྲོགས་ལྷན་རྒྱས་ནས་ཚིག་ཟུར་ཙམ་གྱི་འགལ་བ་བརྩད་ནས་བསྡད་ན་དོན་གོ་ཆུང་། ང་ཚོས་ལྟ་བའི་ཐད་ནས་ཕྱོགས་འགལ་དུ་སོང་ནའང་། རང་རང་གི་ཐབས་ལམ་གཞིར་བཟུང་ནས་སྒང་བ་བོད་པ་ཚང་གི་སྐུ་དོན་ལ་འབད་ཡ།
    མཚམས་འདིར་ང་ལ་དྲི་བ་ཞིག་ཡོད་པ་ནི། གཞོན་ནུ་ཚོགས་པ་ནས་བོད་ནང་ནི་བོད་མི་ཚོགས་པའི་ནང་དུ་བསྡུ་བཞིན་འེ་ཡོད། ཡོད་ན་ཚོགས་པའི་ནང་ཞུགས་པའི་ལམ་སྟོན་ཞིག་ཁ་བརྡའི་སྟེང་སྤེལ་རོགས། བོད་ནང་ནས་ཀྱང་ཁ་བརྡའི་སྟེང་ཞུགས་པའི་དྲ་གྲོགས་མང་བས་ཁོང་ཚོས་ཕན་ཚུན་ལ་སྤེལ་བ་སོགས་བྱས་ཆོག་ལ། ཚོགས་པར་འཛུལ་ཞུགས་བྱེད་ཐུབ་ཚེ་དེས་བོད་ནང་གི་རྒྱ་ཆེའི་མི་མང་ལ་སེམས་ཤུགས་འཕར་མ་སྣོན་ཐུབ་ལ། རྡོག་རྩ་ཆིག་སྒྲིལ་ལའང་ནུས་པ་ཐོན་ཐུབ་པར་བསམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme