Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུཊ།

Posted on 2012-06-282012-06-28 By ཁ་བརྡ་ 21 Comments on རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུཊ།

ཁ་སང་གཟའ་ལྷག་པའི་ཉིན་དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རང་བཙན་ཚོགས་འདུ་ཞིག་ཚོགས་ཏེ། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་འཛུགས་རྒྱུར་མོས་མཐུན་རྒྱབ་སྐྱོར་དང་། ལོ་རྗེས་མར་རང་བཙན་ཚོགས་ཆེན་འཚོགས་རྒྱུར་གོ་སྒྲིག་ཚོགས་ཆུང་ཞིག་ཀྱང་གསར་འཛུགས་གནང་སོང་།
ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ཆུ་ཚོད་ ༧ དང་ཕྱེད་ཀའི་བར། དྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རང་བཙན་ཚོགས་འདུ་ཞིག་ཚོགས་སོང་ལ། ཚོགས་འདུའི་སྟེང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གྱིས་གཙོས། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་ནོར་བུ་ཚེ་རིང་། དགེ་བཤེས་ག་ཟི་ཚེ་རིང་པོ། བསྟན་པ་ཡར་འཕེལ། ཀརྨ་ཡེ་ཤེས། སྐལ་བཟང་རྒྱལ་མཚན། གསེར་རྟ་ཚུལ་ཁྲིམས། བློ་བཟང་ཡེ་ཤེས། འཇམ་དབྱངས་བཟོད་པ་བཅས་བོད་མི་མང་སྤྱི་འཐུས་ལས་ཐོག་ ༡༠ དང་། གཞན་ཡང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་དང་། རྩོམ་པ་པོ། ཉམས་ཞིབ་པ། མི་སེར་དཀྱུས་མ་བཅས་རང་བཙན་ལྟ་འཛིན་མཁན་སྐྱ་སེར་ ༥༠ ཙམ་འཛོམས་འདུག
གསར་འགྱུར་ཆ་ཚང་གཟིགས་ན། དྲ་ཐག་ འདི་ན་ཡོད།  བོད་ཀྱི་དུས་བབ།

གསར་འགྱུར།

Post navigation

Previous Post: རེབ་གོང་། (འགྱུར་གསར་པ།)
Next Post: དེང་རབས་བོད་ཀྱི་གཏམ་དཔེ།

Comments (21) on “རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུཊ།”

  1. མངའ་རིས་ཕྲིན་ལས། says:
    2012-06-28 at 11:14 am

    འདི་ནི་ཧ་ལས་པའི་གལ་ཆེའི་རང་བཞིན་དང་ད་ལྟའི་བོད་རྒྱའི་གནས་བབ་ལ་གཞིག་པའི་དགོས་ངེས་པ་དང་། ཕན་ཐོག་ཡོང་ངེས་པའི་ཚོགས་འདུ་ཞིག་ཡིན་པར་སོང་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད། ད་དུང་མ་འོངས་པར་དངོས་ཡོད་ལོ་རྒྱུས་དང་། ད་ལྟའི་རྒྱ་དམར་གཞུང་ནས་བྱེད་སྟངས་ལ་གཞིག་སྟེ་རང་བཙན་གཙང་མ་རྩོད་ལེན་བྱེད་ཚུལ། ཐབས་ལམ་གང་དང་གང་བེད་སྤྱོད་བྱེད་དགོས་པ་སོགས་ཀྱི་སྐོར་དེ་ལྟ་བུ་ཚོགས་ཆེན་གོ་སྒྲིག་བྱེད་ཐུབ་ན་དགེ་མཚན་ཆེ་བར་སེམས།

  2. གཡུ་ཐོག་བུ། says:
    2012-06-28 at 12:30 pm

    སྤྱིར་དམངས་གཙོའི་ཁེ་དབང་ཡོངས་སུ་སྤྱད་ནས་བོད་མིའི་རྩ་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་ཚོགས་པར་ཡི་རང་ཞུ།
    འོན་ཀྱང་། མགོ་བོ་འཁོར་ཞིང་ཟུག་གཟེར་རྒྱབ་དགོས་པ་ཞིག་ལ་ཚོགས་འདུ་དེའི་རྗེས་སུ་བོད་རྒྱལ་ཡོངས་ལྷན་ཚོགས་ཟེར་བ་ཞིག་འཛུགས་རྒྱུའི་མོས་མཐུན་བྱས་ཟེར་བ་དེ་རེད། ངའི་བསམ་ཚུལ་ལ་རང་བཙན་རྩོད་ལེན་གནང་མཁན་གྱི་ཚོགས་པ་གསར་པ་དེ་འདྲ་དགོས་དོན་མེད། གང་ཞེ་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་རང་དབང་རྩོད་ལེན་བྱེད་མཁན་གྱི་ཚོགས་པ་འབུར་ཐོན་ཞིག་ཡོད་པས་སོ། རང་བཙན་དང་འབྲེལ་བའི་ལས་འགུལ་སོགས་ཅི་མཆིས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་གཅིག་གི་ཐོག་ནས་སྤེལ་ཐུབ་ན་ནུས་པ་ཆེ་བ་དང་། གཅིག་སྒྲིལ་གྱི་གོང་བུ་དེ་བས་ཆེ་བ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད། མ་གཞི། ང་ཚོའི་སྤྱི་ཚོགས་ནང་ཚོགས་པ་འདྲ་མིན་འཛུགས་རྒྱུའི་དབྱིངས་ཆེ་ཙམ་ཡོད།

  3. བློ་བཟང་དར་རྒྱས། says:
    2012-06-28 at 1:02 pm

    གཡུ་ཐོག་བུ་ལ་རྒྱབ་སྐྱོར་ཡོད།
    ༧གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་མང་ཚོགས་ལ་གནང་མ་ཐག་ལམ་སེང་ཚོགས་འདུ་དེ་འདྲ་གོ་སྒྲིག་བྱས་པ་ནི་དྭོགས་ཟོན་བསྐྱེད་གཞི་ཞིག་འདུག
    ལར་ནས་བོད་ཀྱི་རྒྱལ་ཡོངས་ཚོགས་པ་ཟེར་བ་དགོས་དོན་མེད། གཞོན་ནུ་ལྷན་ཚོགས་ཡོད་བཞིན་དུ་གཞན་དགོས་དོན་མེད། བོད་ཀྱི་མང་གཙོ་ཚོགས་པ་ཡོད་བཞིན་དུ་གཞན་ཞིག་དགོས་དོན་མེད།
    དེ་ནི་བསམ་བཞིན་དུ་ཆབ་སྲིད་ཀྱི་འགན་དབང་བཀའ་ཁྲིར་གནང་མ་ཐག་ལག་ལེན་བྱེད་དགོས་དོན་གང་ཡིན་ནམ། སྔ་མ་དྲག ཕྱི་མ་དྲག ཆབ་སྲིད་ཀྱི་འགན་དབང་བཀའ་ཁྲིར་བྱུང་མ་ཐག་ལག་ལེན་བྱས་པ་དེར་བསམ་གཞིགས་ངེས་པར་བྱོས།

  4. དམ་ཆོས་བསམ་འཕེལ། says:
    2012-06-28 at 2:09 pm

    བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ (The Tibetan National Congress)ཞེས་པ་དབུ་བཙུགས་པར་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ། ཆབ་ཅིག་ཐོག་མར་རང་ཉིད་ཀྱིས་འདི་ནས་བཤད་འདོད་པ་ཞིག་ནི། བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཤེས་པའི་ཚོགས་པ་འདིའི་གཞུང་སྐད་དེ་བོད་སྐད་ཁོ་ན་ཡིན་དགོས་པ་ནི་བོད་རང་བཙན་འཐབ་རྩོད་ཀྱི་ཚོགས་པ་ཞིག་གི་ངོས་ནས་གཞི་རྩའི་ཆ་རྐྱེན་དང་པོ་ཡིན་པར་འདོད་ལ། བོད་ཀྱི་རང་བཙན་མཐུན་ཚོགས་ཀྱིས་བཏོན་པའི་ཆ་རྐྱེན་ལྔ་བོ་དེའང་ཁ་ལག་གཉིས་ཀྱིས་ལག་ལེན་དང་རྒྱུན་འཁྱོངས་ཡོང་བའི་རེ་ལྟོས་དང་སྨོན་ལམ་ཡོད།

    བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཀྱི་དོན་ཚན་ལྔ།

    ༡༽ བོད་རང་བཙན་གྱི་རྒྱལ་ཁབ་བདག་དབང་ཆ་ཚང་ཡོད་པ་ཞིག་སླར་གསོ་བྱེད་རྒྱུ།

    ༢༽ རང་དབང་ཅན་གྱི་འོས་འདེམས་དང་། ཁྲིམས་ཀྱི་དབང་བསྒྱུར། སྐྱེ་བོ་སྒེར་བའི་རང་དབང་གི་གཞི་རྩ་བཅས་ལ་བརྟེན་པའི་དམངས་གཙོའི་ལམ་སྲོལ་ཅན་གྱི་གཞུང་ཞིག་བོད་ནང་དུ་འཛུགས་རྒྱུ་ངེས་གཏན་བྱེད་རྒྱུ།

    ༣༽རང་དབང་ཅན་གྱི་བོད་ནང་དུ་ཚུལ་མཐུན་དང་ཁྲིམས་མཐུན་གྱིས་འདམས་པའི་བོད་མི་དམངས་ཀྱི་སྲིད་གཞུང་ཞིག་མ་བཙུགས་བར་དུ། བཙན་བྱོལ་བོད་གཞུང་དེ་མུ་མཐུད་གནས་རྒྱུ་དེ་ངེས་གཏན་བྱེད་རྒྱུ།

    ༤༽བཙན་བྱོལ་བོད་གཞུང་གི་གཡོལ་མེད་ཀྱི་འགན་འཁྲི་ནི་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགན་སྟེ། འདི་ནི་ཆོད་སེམས་དང་ལྷག་བསམ་གཡོ་བ་མེད་པ་ཞིག་གི་ཐོག་ནས་སྒྲུབ་རྒྱུ་དེ་ངེས་གཏན་བྱེད་རྒྱུ།

    ༥༽ བོད་ཀྱི་སྤྱི་ཚོགས་ཀྱི་གནའ་བོའི་རིག་གཞུང་དང་སྐད། རྒྱལ་རབས་ལོ་རྒྱུས་དང་རྩོམ་རིག་བཅས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱེད་པ་དང་། ཐབས་མཁས་ཀྱི་འབད་བརྩོན་དྲག་པོ་བརྒྱུད་ནས་དུས་རབས་ཉེར་གཅིག་པའི་ནང་དུ་དེ་དག་གི་གལ་ཆེའི་རང་བཞིན་དང་འཚོ་གནས་ཐུབ་པ་དེ་ངེས་གཏན་བྱེད་རྒྱུ།

  5. ཀླུ་ཚང་། says:
    2012-06-28 at 2:30 pm

    དགའ་བསུ་དང་ཡི་རང་ལས་མེད། འོན་ཀྱང་གཞོན་ནུ་ལྷན་ཚོགས་དང་རང་བཙན་ཚོགས་པ་ཡོད་བཞིན་དུ་འདི་ག་རེ་བྱས་ནས་འཛུགས་དགོས་ཀྱི་ཡདོ་རེད་དམ། དེ་འགྲེལ་བཤད་ཅིག

  6. གཞོན་སྐྱེས་སུ says:
    2012-06-28 at 11:53 pm

    སྤྱིར་འདི་སྐོར་ལ་ཚོགས་འདུ་བསྐོང་ནས་བགྲོ་གླེང་རེ་བྱས་ན་བཟང་མོ།
    ཡིན་ཡང་འཇམས་དབྱངས་ནོར་བུ་དང་འདྲ་བའི་ཁྱི་རྒན་གཅིག་ལྷ་བཟང་ཚེ་རིང་ལྟ་བུ་སྤྱང་ཁུ་གཉིས། འདི་གཉིས་ཀྱི་འོག་ལ་སྐབས་འཚོལ་བ་དང་རང་ཚིག་བརྟེན་པོ་མེད་པ་མཐའ་ན་རང་ཉིད་ཀྱི་འཚོ་བ་ཙམ་ལའང་འགན་འཁུར་བྱེད་མི་ཐུབ་པས། འདི་དག་གི་བོད་རྒྱལ་ཡོངས་རང་བཙན་ཚོགས་པ་འཛུགས་རྒྱུ་ཟེར་བ་དེའི་ཕན་ནུ་ཅི་ཞིག་ཡོད། ཉིས་སྟོང་བརྒྱད་ནས་དེ་རིང་བར་བོད་མི་ག་ཚོད་ཀྱི་རང་སྲོགས་ཤོར་སོང་། ཁྱེད་ཚོའི་འདི་དག་གི་ཚེ་སྲོགས་ཀྱི་རིམ་ཐང་མཇལ་ཐུབ་དམ། རང་སྲོགས་ལས་བཏང་གནང་མཁན་གྱི་དཔའ་བོ་དཔའ་མོ་དག་གི་འབོད་ཚིགས་ནི་༧གོང་ས་མཆོག་བོད་ལ་ཞུས་ཐུབ་དགོས་ཞེས་པ་ཚང་མའི་རེ་བ་གཅིག་མཚུངས་རེད། དེ་ན་ཁྱེད་ཚོས་འབོད་ཚིགས་འདི་ཚོགས་ཐོག་ཏུ་ཟུར་ཙམ་ཡང་གླེང་ཡ་མེད་པ་ཅི་ཡིན།
    མགོ་མ་ཚོས་པའི་སྤྱི་འཐུས་གསར་འགྱུར་བ་ཁ་ཤས་ཡང་ཚོགས་ཐོག་འདི་ཞུགས་འདུག་ངོ་ཚ་མེད་པ་རང་རེད། རང་ཉིད་ཀྱི་བསྡད་སའི་ས་མཚམས་ཤེས་ན་ཡག

  7. བྲོ་འཚལ། says:
    2012-06-29 at 2:48 am

    བློ་བཟང་དར་རྒྱས་དང་གཡུ་ཐོག་ལ་རྒྱབ་སྐྱོར་ཡོད།་་་ང་ཚོ་ལ་གཞོན་ནུ་ཚོགས་པ་ལྟ་བུའི་རང་བཙན་ཚོགས་པ་ཞིག་ཡོད་བཞིན་དུ་དེ་ལྟར་བོད་རྒྱལ་ཡོངས་རང་བཙན་ཚོགས་པ་ཞེས་པ་ཞིག་འཛུགས་དགོས་དོན་ཅི་ཡིན་ནམ།་་་་ད་ང་ཚོ་བྱེས་འབྱོར་འདི་ལ་ཚོགས་པ་མང་དྲགས་པ་མ་གཏོགས་ཉུང་བའི་སྐྱོན་མི་འདུག་པས་མིང་འདྲ་མི་འདྲ་བཏགས་ནས་ཆབ་སྲིད་ཀྱི་རྐུབ་བཏེགས་ཞིག་དང་བརྩི་མཐོང་གི་གོ་གནས་སྐམ་པོ་ཞིག་གི་ཆེད་དུ་ཚོགས་པ་འདྲ་མི་འདྲ་མ་བཙུགས་ན་བཟང་སྟེ།་་་གལ་ཏེ་རྒྱ་གར་ནང་བཞིན་ཚོགས་པ་མང་པོ་ཞིག་ཆགས་སོང་ན་གཞུག་མ་ཞིག་ལ་གཞུང་རང་གིས་དབང་འཛིན་བརྟན་པོ་མེད་པར་གཡོ་འགུལ་དང་མི་བདེ་བ་སོགས་འབྱུང་བ་ཐག་རིང་ལ་བལྟ་མི་དགོས་པར་ད་ལྟའི་ང་ཚོའི་གནས་ཡུལ་རྒྱ་གར་གཞུང་ལ་བལྟས་ན་གསལ་བོ་ཡིན་པས་བྱེས་འབྱོར་སྒྲིག་འཛུགས་འདིས་ད་ཐབས་བཀོད་ཅིག་འཐེན་ནས་ཚོགས་པ་དང་ཚོགས་པའི་མིང་འཁྱེར་བའི་ལུང་ཚན་དང་བྱེ་བྲག་བོད་རྒྱལ་ཡོངས་རང་བཙན་ཚོགས་པ་ཞེས་པ་ལྟ་བུ་འདི་དག་འགོག་པའི་དུས་ལ་བབས་པར་སྙམ།

  8. ཇོ་ཇོ། says:
    2012-06-29 at 5:15 am

    ཁྱེད་ཚོས་ཆབ་སྲིད་ཀྱི་ལྟ་བའི་རྨང་གཞིའི་ཐོག་དེ་ལྟར་བཙུགས་ཡོད་ན། དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་དེའི་ནང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཟེར་བ་ཁོ་ཡང་འདུག་པ། དོགས་གཞི་ཡོད། རང་བཙན་རྒྱ་ལ་རྩོད་པ་ལས་ནང་ཁུལ་ཁ་གཏད་དུ་ལངས་ཆེད་ཚོགས་པ་དེའི་ནང་འཛུལ་ཡོད་ན་ང་ཚོས་ལྟ་ཞིབ་མུ་མཐུད་བྱེད་རྒྱུ་ཡིན། རང་བཙན་པ་ཚོ། ཁྱོད་ཚོས་ཁ་དང་ལག་པ་གཉིས་ཀས་རང་བཙན་གྱི་འཆར་གཞི་སྒྲིག་རོགས། ད་བར་གྱི་བཙན་བྱོལ་བོད་པའི་ལོ་རྒྱུས་ནང་ཁ་རང་བཙན་ལས་ལག་རང་བཙན་མ་ཡིན་པ་ཤ་སྟག་རེད།

  9. ཨ་རོགས་ཉི་མ། says:
    2012-06-29 at 5:35 am

    མོས་མཐུན་རྩ་བ་ནས་མེད། ཚོགས་པ་མང་ན་རྙོགས་དྲ་མང་།

  10. མི་འཁྱམ། says:
    2012-06-29 at 8:36 am

    ད་ལྟའི་བོད་ཀྱི་རྩ་དོན་ལ་གཞིགས་ནས་རང་བཙན་ཆེད་བོད་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་བྱས་པར་རྗེས་སུ་ཡི་རངས་ཡོད། ལོ་ངོ་བཞི་བཅུ་ལྷག་ལ་དབུ་མའི་ལམ་གྱི་སྒང་ལ་སོང་པ་དང་། ཕྱི་ལོ་ 2008 ནས་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་དང་དེའི་འགྲེལ་བ་སོགས་བོད་རྒྱའི་བར་ཞི་མོལ་བཟོས་པ་རེད། གང་ཡང་གྲུབ་འབྲས་ཐོན་མེད་པ་ས་རིས་ཐང་གསལ་རེད། ད་ལྟའི་སེང་གེ་ཕོ་བྲང་གིས་ད་དུང་རྒྱ་ནག་གི་འགོ་ཁྲིད་གསར་པ་སོགས་ལ་རེ་བ་རྒྱག་གི་འདུག དེ་ནི་ཉིན་མོའི་སྐར་མ་ནང་བཞིན་མ་རེད་དམ། དེ་ལས་ཚེ་རིང་རྡོ་རྗེའི་རྩོམ་ཡིག་ལས་ཕྱིའི་རང་བཙན་ཤོར་སོང་ནའང། ནང་གི་རང་བཙན་སྲུང་ན་ཡག་ཤོས་རེད་ཟེར་བ་ནང་བཞིན། ནང་གི་རང་བཙན་སྲུང་སྐྱོབ་བྱས་ན་མི་རིགས་མི་ཉམས་པར་ཕན་ཐོགས་ཆེ་སྙམ་བསམ་གྱི་འདུག

  11. དམེ་ཤུལ་ཐང་སར་ཚང་། says:
    2012-06-29 at 11:58 am

    ལྟབ་བདེ་བའི་དྲྭ་ཚིག་འདི་འདྲ་ཞིག་ཡོད་དུས་ད་ཁ་བརྡ་མི་བྱེད་ཅི་ཞིག་བྱེད་ཞེས་པ་བཞིན་དུ་བདག་གིས་ཐག་མར་བཀྲ་ཤིས་བདེ་ལེགས་ཞུ།

  12. དམེ་ཤུལ་ཐང་སར་ཚང་། says:
    2012-06-29 at 12:09 pm

    ཁ་བཤད་དོན་ལ་མ་གནས་ན་ཚོགས་པ་མང་བའི་ཅི་ཞིག་བྱ།།མདའ་མས་གནལ་ལ་མ་ཕོག་ན་རི་དྭག་ལྔོན་པའི་ཅི་ཞིག་བྱ།།

  13. ཁྲོན་ཁ་བ་པ་སངས། says:
    2012-06-29 at 1:04 pm

    བོད་མི་ཙམ་ཟན་བ་ཞིག་ཡིན་པའི་ཆ་ནས་ཚོགས་པ་དེར་རྩ་བ་ནས་ངོས་ལེན་བྱ་ཐབས་བྲལ་སོང་ལ་དེ་ལྟ་བུ་དགོས་དོན་མེད།
    སྤྱི་འཐུས་ཁ་ཤས་ཞིག་གིས་ཀྱང་རང་གི་ངོ་གདོང་ངོ་མ་བཏོན་འདུག དངོས་ནས་བསམ་བློ་ཐོང་དང་བོད་མི་ཚོ།
    གཞན་གྱི་བླུ་འཁྲིད་འོག་ཏུ་མ་ཚུད་པ་གནང་རོག

  14. གཡུ་ཆུང་། says:
    2012-06-30 at 10:21 am

    རང་བཙན་རྒྱལ་ལོ།བོད་རྒྱལ་ལོ།ཚོགས་ཞུགས་པ་རྒྱལ་ལོ།

  15. ལྡོང་ཚ། says:
    2012-06-30 at 3:07 pm

    ད་ཡང་ང་ཚོའི་སྐུ་ངོ་ཚོས་འཁྲབ་རན་སོང་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གྱིས་གཙོས། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་ནོར་བུ་ཚེ་རིང་། དགེ་བཤེས་ག་ཟི་ཚེ་རིང་པོ། བསྟན་པ་ཡར་འཕེལ། ཀརྨ་ཡེ་ཤེས། སྐལ་བཟང་རྒྱལ་མཚན། གསེར་རྟ་ཚུལ་ཁྲིམས། བློ་བཟང་ཡེ་ཤེས། འཇམ་དབྱངས་བཟོད་པ་བཅས་བོད་ལ་ཕྱིན་ནས། ཕོ་བྲང་པོ་ཏ་ལའི་མདུན་ནས་སྐད་ཅིག་བརྒྱབ་ན་ག་འདྲ་འདུག་གམ། རྒྱའི་ཉེན་རྟོག་པ་འཁྲིས་ལ་ཡོད་ས་ནས་ཁྱེད་ཚོས་སྐད་རྒྱག་ཕོད་ས་རེད་དམ། སོ་སོས་མ་ཕོད་ན། བོད་ནང་གི་བོད་མི་ཚོ་ཁོ་ནས་ཅིག་བྱེད་དགོས་པ་ཨེ་རེད། ཁ་དྲོ། ཁ་དྲོ། གད་མོ་མ་བསླངས་དང་། ཁྱེད་ཚོས་དངོས་གནས་རང་བཙན་ལེན་ངེས་ཡིན་ནམ། ཕར་ཚུར་ཁྱེད་ཚོས་གཅིག་གིས་གཅིག་གི་གདུང་ལ་ཡག་པོ་རེ་ལྟོས་དང་། ཁྱེད་ཚོ་ཚང་མ་ངོ་ཚ་མེད་པའི་མི་རྙོག་དྲ་གང་ཆེ་ཤ་སྟག་མ་རེད་དམ། ངས་རེ་བ་ལ་སྐུ་ངོ་སྤྱི་འཐུས་ཁྱེད་ཚོས་ཁྲིམས་བཟོས་འགན་ཡག་པོ་ཞིག་ཁུར་རོགས། དེ་གལ་ཆེན་རེད། གྲོས་ཚོགས་ནམ་འཚོགས་ལ་ཁྲིམས་སྒྲིག་ཡག་པོ་ཁུར་རོགས། ཁྲིམས་ཡིག་ཅིག་བཟོ་སྐབས་ཁྱེད་ཚོས་སྤྱི་དོན་ལ་མི་བསམ་པར་རང་ཕྱོགས་ཀྱི་ཁེ་ཕན་ཆུང་ཙག་ཚུན་ཆད་ལ་ཁྲིམས་དེ་གནོད་བྱེད་ཅིག་ཡིན་མོིན་ལ་བསམ་བློ་གཏང་སྟེ། དེ་ཞིག་གནོད་ས་རེད་དྲན་ན་ཆོལ་ཁ་ཆོས་ལུགས་དང་བཅས་ལ་ཁ་ལ་ཁྱེར་ཏེ། གྲོས་ཚོགས་ཕྱི་ལ་ཐོན་ནས། ཚོགས་འདུ་མཇུག་བསྡོམས་ཙམ་ཡང་རྒྱག་ཁོམ་མེད་པ་མི་ངན་ཁྱི་འདྲ་བ་འདི་ཚོས་སྐབས་སྔོན་མ་ཞབས་འདྲེན་ག་ཚོད་ཞུས་ཡོད།

  16. མདོ་སྨད་པ་བླུན་པོ་ says:
    2012-06-30 at 9:48 pm

    དེ་རིང་འདིར་ཚོགས་པའི་ཚོགས་འདུ་འདི་གལ་ཆེན་ཞེ་དྲག་རེད། ལྷག་པར་དུ་གཞུང་འབྲེལ་མིན་ན་ཡང་བོད་མི་མང་སྤྱི་འཐུས་ཁག་བཅུ་ལྷག་ཕེབས་ཡོད་པ་འདིས་ང་ཚོ་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་བསམ་བློ་ཞིག་མ་བཏང་རང་བཏང་ཆགས་ཀྱི་རེད། ཡིན་ན་ཡང་ང་ཚོའི་ངོས་ནས་གྲ་སྒྲིག་ཡག་པོ་ཞིག་མེད་ན་ཕན་ཐོག་ཆེར་མཐོང་མ་སོང། རེ་བ་ནན་པོ་ཞིག་ཞུ་རྒྱུར་ནམ་ཡང་ལས་འགུལ་སོགས་གང་སྤྱིའི་ཕྱོགས་ནས་ཡིན་ན་ཡང་རང་བཙན་ཁ་ལ་ཁྱེར་ནས་བཙན་བྱོལ་ནང་ཁུལ་ལ་ཚིག་རྩུབ་བེད་སྤྱོད་གཏོང་རེས་དང་། ནང་ཁུལ་བྱེད་སྟངས་འགྲིག་མིན་གྱི་ཁ་རྩོད་རྐྱང་རྐྱང་གིས་མི་སྐྱེལ་བའི་རེ་བ་ཧ་ཅང་ཆེ། དེ་མ་གཏོགས་ཁྱེད་རྣམ་པས་ཕྱག་ལས་ཆ་འཇོག་ཡོད་པ་ཞིག་གནང་ཚེ་ང་ཚོ་བོད་མི་ཡོད་ཚད་རིམ་གྱིས་ཁྱེད་ཅག་གི་རྗེས་སུ་འབྲངས་ངེས་ཡིན་ལ་རིམ་གྱིས་ཅི་ཞིག་གི་འགྲོ་སོང་བཏང་དགོས་བྱུང་ན་ཕན་ཐོག་ཡོད་པ་ཞིག་མཐོང་ཚེ་ངེས་པར་དུ་བཏང་གི་ཡིན། བསྐྱར་དུ་ནན་ཞུ་བྱེད་རྒྱུ་ཞིག་ལ་ང་ཚོའི་ནང་ཁུལ་ཚོགས་པ་དང་མི་སྒེར་གྱི་བསམ་ཚུལ་ཕྲན་བུ་མ་མཐུན་པ་ཙམ་གྱིས་ནང་ཁུལ་ལ་རྩོད་རེས་མི་བྱེད་པའི་རེ་བ་ཡོད། རང་རང་གི་ས་ནས་ནུས་པ་ཅི་ཡོད་འདོན་རྒྱུ་དང་ཕུགས་ལ་ང་ཚོ་རྡོག་རྩ་ཆིག་སྒྲིལ་ཡོང་དགོས་པ་དེ་ང་གཅིག་པོ་མིན་པར་བོད་ཕྱི་ནང་གཉིས་ཀར་རང་སྲོག་བློས་གཏོང་གནང་མཁན་མི་ཉུང་བ་ཞིག་ཡོད་པ་ཚང་མའི་རེ་བ་དང་དམིགས་ཡུལ་བླ་མེད་ཡིན་པས་དེ་ཡིན་གཅིག་མིན་གཅིག་དེ་དག་རྩ་འཛིན་གནང་ན་གཟི་བརྗིད་ཆེ་བར་མཐོང་།

  17. སྣྲོན་ངག་ཁྲི། says:
    2012-07-01 at 12:17 am

    རང་བཙན་གླེང་རར་སྡང་ཟུག་དགོས་དོན་མེད།།
    དབུ་མའི་གཏམ་ལའང་དག་སྣང་བསྒོམས་དོན་མེད།།
    སུ་ཞིག་ཕུགས་བསམ་བརྟན་ལ་རླབས་ཆེ་ཞིང་།།
    མ་འོངས་མངོན་དཔག་ནུས་པའི་དཔལ་དེར་བསྔགས།།
    ལ་ལས་རང་བཙན་པ་ལ་དགྲ་ལས་སྡང་།།
    ལ་ལས་ཅོལ་ཆུང་གང་བྱས་དབུ་མར་རློམ།།
    འགའ་ཞིག་བར་ནས་སྐབས་འཚོལ་རིང་ལུགས་མོས།།
    དེ་ཀུན་རང་སྡེ་འཇོམས་པའི་ནང་དགྲ་ཉིད།།

  18. སྣྲོན་ངག་ཁྲི། says:
    2012-07-01 at 12:33 am

    བཟང་ངན་གང་ལྟར་ཡང་།
    རང་བཙན་གྱི་བགྲོ་གླེང་ཚོགས་འདུའི་ཚོགས་བཅར་བའི་ཁྲོད་དུ་ཤེས་འཇོན་གཉིས་ལྡན་གྱི་སྤྱི་འཐུས་དང་།སྤྱི་ཟུར་སྔར་བས་ཇེ་མང་དུ་སོང་བ་འདི་ཡང་ཉེ་བའི་ལོ་རྒྱུས་ནང་དུ་
    བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆབ་སྲིད་ཐད་ལངས་ཕྱོགས་ལ་མངོན་གསལ་དོད་པའི་
    འགྱུར་བ་ཆེན་པོ་ཕྱིན་པ་ཞིག་ཏུ་མངོན།

  19. ཀརྡོ་གཉེར་ཕྱག་པ་ says:
    2012-07-01 at 4:58 am

    རང་བཙན་གྱི་ཆེད་དུ་བཙུགས་ལས་བོད་མིའི་ཆེད་དུ་བཙུགས་པ་མིན་པ་འདྲ།
    དབུ་ལམ་གྱི་ཁ་གཏད་དུ་བཙུགས་པ་ལས་བོད་མའི་སྒྲིགས་འཛུགས་ཀྱི་ཆེད་དུ་བཙུགས་པ་མིན་པ་འདྲ།
    རང་གི་གོ་སའི་ཆེད་དུ་བཙུགས་པ་ལས་བོད་མི་རིགས་ཀྱི་ཆེད་དུ་བཙུགས་པ་མིན་པ་འདྲ།
    བོད་མིའི་ཆེད་དུ་དང་སྒྲིག་འཛུགས་ཀྱི་ཆེད་དུདང་བོད་མི་རིགས་ཀྱི་བཙུགས་པ་ཁུངས་སྐྱེལ་མེད་པ་འདྲ།

  20. ཇོ་ཇོ། says:
    2012-07-02 at 3:15 am

    སྤྱི་འཐུས་ཀརྨ་ཆོས་འཕེལ་ལ། དབུས་གཙང་མི་མང་རྣམས་ཀྱིས་གོ་སྐབས་ལན་ཅིག་སྤྲོད་རོགས།
    གལ་ཏེ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གཤམ་གྱི་ཆ་རྐྱེན་རྣམས་ཁས་བླངས་ན་འབྱུང་འགྱུར་དབུས་གཙང་སྤྱི་འཐུས་སུ་གདམ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
    ༡། གཞུང་གི་ལས་དོན་སྒྲུབ་སྐབས་མྱོས་གྱུར་གྱི་རིགས་སྤང་དགོས།
    ༢། གཞན་གྱི་ཆེད་གཡམ་རྒྱུགས་བྱེད་མི་ཉན།
    ༣། བློ་གཟུ་བོར་གནས་དགོས།
    ༤། སྨྲ་བརྗོད་གང་ཞིག་གནང་ཡང་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ལྟར། བོད་མི་རིགས་ཀྱི་ཆེད་ཡིན་དགོས་པ་ལས། ནང་ཁུལ་འབར་རྫས་སུ་མ་འགྱུར་བ་དགོས།

  21. དམེ་ཤུལ་ཐང་སར་ཚང་། says:
    2012-07-05 at 10:13 am

    ད་བོད་དམངས་གཙོའི་སྒྲིག་འཛིག་ལ་བྱེད་ཀྱི་མེད་པ་ཞིག་སྤྱི་འཐུས་འགའ་ལ་བྱ་་རྒྱུ་ཞིག་ཡོད་གི་གཏན་ནས་བསམས་ཀྱི་མི་འདིག་་ཁ་དཔེ་ལ་མཁལ་ཚུལ་ཕར་ན་ནང་སྟོད་ཚིལ་ལེན་རྒྱུ་ཡོད་ནི་མ་རེད་ཞེས་བཤད་བཞིན་དུ་ཡིན་ནི་རེད།གལ་ཏེ་དེ་ལས་བྱེད་རྒྱུ་ཞིག་ཡོད་ཟེར་ན་ད་རང་ལུས་མེར་སྲེག་གཏོང་དང་ད་སེམས་ཤུགས་ཡོད་ནི་ཡིན་པ་མ་ཟད་་འཛམ་ཀླིང་གསར་འགྱུར་ཁྱབ་བསྒོག་ཆེན་པོ་ཆགས་རྒྱ་རེད་ལ་དོན་དང་ཡང་ལྡན་།ཡིད་རངས་ཡང་གཏང་ནས་ཞུ་གི་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme