Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོན་ནས་མི་དགའ།

Posted on 2012-06-27 By ཁ་བརྡ་ 23 Comments on ཁྱོན་ནས་མི་དགའ།

ཐོར་རྒོད་པ་སྤྱན་ཆབ།

སེམས་གཅོང་དང་སེམས་ཁྲལ་གྱིས་སེམས་པ་ཟ་གྲབས་ལྡག་གྲབས་བྱེད་བཞིན་འདུག དེ་ཡང་། འདི་ག་རུ་རྒྱུ་འབྱོར་གྱི་འབོལ་གདན་བཏིངས་མེད་ན། འདི་ག་རུ་ངོ་སོ་ཡི་སྤྱན་ཤེལ་མནབས་མེད་ན་མིག་གིས་མཐོང་མཐོང་ལ་རང་ཉིད་ཀྱི་ཕ་མ་ཡིན་ཡང་གཡུགས་ནས་བུད་འགྲོ། རང་ཉིད་ཀྱི་ཉེ་དུ་ཡིན་ཡང་དོར་ནས་བུད་འགྲོ། དེ་བས་ན། ང་། སྤྱི་ཚོགས་འདིར་ཁྱོན་ནས་མི་དགའ། མདོར་བསྡུས་ན། ང་། རྡ་སའི་བོད་ལ་ཁྱོན་ནས་མི་དགའ་འོ།།

བསམ་གཞིག་དང་སོ་ལྟ་ཡིས་རུས་རྐང་བྲུ་གྲབས་འབྲད་གྲབས་བྱེད་བཞིན་འདུག དེ་ཡང་གཞན་མ་ཡིན་ཏེ། འདི་ག་རུ་གཡོ་བསླུ་ཡི་རྙི་རྒྱར་གོམས་མེད་ན། འདི་ག་རུ་མངོན་ལྐོག་གི་གདོང་འབག་བརྗེ་མི་ཤེས་ན། སེམས་ཀྱིས་ཤེས་ཤེས་ས་ནས་དྲང་བོ་དང་བདེན་པ་བཅག་ནས་བུད་འགྲོ། དཀར་ནག་དང་གཤིས་སྤྱོད་དོར་ནས་བུད་འགྲོ། དེ་བས་ན། ང་། རང་དོན་ཁོ་ན་རྐོ་བའི་སྤྱི་ཚོགས་འདིར་ཁྱོན་ནས་མི་དགའ། མདོར་བསྡུས་ན། ང་། ཁ་ཆབ་སྲིད་ལ་འཐམས་པའི་བོད་པ་ཚོར་ཁྱོན་ནས་མི་དགའ་འོ།།

ན་ཟུག་དང་གཟེར་ཤད་ཀྱིས་ལུས་ཟུངས་རལ་གྲབས་གཏོར་གྲབས་བྱེད་ཀྱིན་འདུག དེ་ཡང་གཞན་ཞིག་ག་ལ་ཡིན་ཏེ། འདི་ག་རུ་སྐུ་ཉི་མ་ཆེན་མོའི་གསུང་ལ་རྣ་བས་ཉན་གྱིན་ཉན་གྱིན་དུ། ཕྱག་ཞབས་ཀྱི་པདྨོ་ལ་ཐོད་པས་གཏུགས་ཀྱིན་གཏུགས་ཀྱིན་དུ་བཀའ་ཆེན་པོར་རྒྱབ་ཀྱིས་འགལ་ཞིང་གསུང་དྲོན་མོ་རྐང་བས་བརྫིས་ནས་བུད་འགྲོ། དེ་བས་ན། ང་རང་མངོན་ལྐོག་དང་ཕྱི་ནང་འགལ་བའི་ཆོས་ཚོགས་འདིར་ཁྱོན་ནས་མི་དགའ། མདོར་བསྡུས་ན། ང་། ལག་ཕྲེང་བ་ལ་འབྱར་པའི་ཤན་པ་ཚོར་ཁྱོན་ནས་མི་དགའ་འོ།།

སྣ་ཚོགས།

Post navigation

Previous Post: རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཞལ་ཆེམས་དོན་ཚན་ལྔ།
Next Post: བོད་ཡིན། འོད་ཡིན།༼གཞས་ཚིག་ཅིག༽

Comments (23) on “ཁྱོན་ནས་མི་དགའ།”

  1. མེ་ཏོག་དཀར་པོ། says:
    2012-06-27 at 9:53 pm

    ང་ནི། “རང་ཉིད་རྟ་ལ་བཞོན་བཞིན་དུ། །རྟ་ཉིད་བརྗེད་པར་འགྱུར་”མཁན་ལ་གཏན་ནས་མི་དགའ།

  2. གནམ says:
    2012-06-27 at 11:27 pm

    ཡོད་ཡོད་སྐྱོན་དུ་མཐོང་ན།། རང་ལ་བསླད་ཞིག་མེད་འགྲོ།
    ལྕང་མའི་ནག་གི་ནང་ན།། ཙན་དན་ཤིང་ཞིག་ཨེ་ཡོད།

    ཡིན་མིན་འབྲི་ན་འདོད་དུས།། དགེས་སྐྱོན་ཡིད་ལ་ཨེ་དྲན།།
    ཁ་རྒོད་བདག་མེད་ནང་ནས།། ཚིག་རྒོད་འཛིན་མེད་ཤོར་གི།

    རྡ་ས་ཆོས་ས་འདི་ནས།། ཁྱེད་རང་ཐོན་པ་ཡིན་ན།།
    མི་ངན་རྐང་གཅིག་ཚར་བས།། དུས་བདེ་གནས་འཇམ་ཡོང་སྲིད།།

  3. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-28 at 1:04 am

    ཁྱོད་རྡ་ས་རུ་མི་དགའ་ན། ཁྱོད་དགའ་བའི་ཕྱོགས་སུ་སོང་ན་ལེགས། སུ་གཅིག་གིས་ཁྱོད་ལ་ཨུ་ཚུགས་ཀྱིས་ཞུ་བ་མི་འཐེན། དེ་བས་ཀྱང་ཁྱོད་མེད་པའི་ཉིན་དེ་ནས་རྡ་ས་ཇེ་གཙང་དུ་འགྲོ་ངེས་རེད།

  4. འདྲེ་རྐང་ཐོ། says:
    2012-06-28 at 1:07 am

    རྡ་ས་ནོར་བུའི་གླིང་ལ། །
    ལྕེ་གཉིས་ནེ་ཙོ་མིན་ན། །
    ཁྲུང་ཁྲུང་འཕུར་ལམ་དོག་པར། །
    སྔ་ནས་ཚོར་བས་ཟིན་ཡོད། །

  5. འདྲེ་རྐང་ཐོ། says:
    2012-06-28 at 1:19 am

    རྡ་སའི་ཕྱུག་ཆེན་མི་ཆེན་རེ་ཟུང་མ་གཏོགས་དེ་རུ་འདུག་རྒྱུ་དགའ་མཁན་ཡོད་རྒྱུ་མ་རེད་འདོད། ལྷག་པར་དུ་རྡ་སའི་ཡུལ་མི་རྭ་ལུག་དེ་ཚོའི་གྲས་ན་སྐྱིད་ཅིག་མེད་པར་ཁྱོད་དང་ང་འདྲ་འདྲ་ཡིན་རྒྱུ་རེད།

  6. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-28 at 2:28 am

    དྲ་གྲོགས་གནམ་ལགས་ཀྱིས་༼མི་ངན་རྐང་གཅིག༽གསུངས་པའི་ངན་དེ་ཁ་གསལ་གྱི་ལན་དང་འགྲེལ་བ་ཞིག་གནངས་རོགས། དེ་མེད་ན་ནི་ཁ་ཆེན་པོའི་ནང་ནས་ཚིག་རྫོབ་པོ་ཚོད་ཡོད་བྱས་ན་ལེགས་སོ།།
    གཞན་ཡང་། ཕུག་རོན་ཞུ་བ་ལགས་ཀྱང་དེ་བཞིན་ཡིན་ང་བསྡད་པས་རྡ་ས་རྫོབ་པོ་ཆགས་པ་གང་ཡིན་གསལ་འདོན་བྱེད་རོགས་ཞུ། དེར་གསལ་འདེབས་བྱེད་རྒྱུ་མི་རྙེད་ན་ནི་ཡང་གོང་བཞིན་ནོ།།

  7. དོན་ཡོད་མཁས་གྲུབ། says:
    2012-06-28 at 2:53 am

    གཞན་ལ་ལྟ་བའི་མིག་ཡོད་ཀྱང་།
    རང་ལ་ལྟ་ན་མེ་ལོང་དགོས།
    རང་བློ་རང་དུ་མ་འདུས་ན།
    རང་སྐྱོན་རང་གིས་མཐོང་བ་དཀའ།

  8. གནམ says:
    2012-06-28 at 3:15 am

    ལག་ལ་ཕྲེང་བ་ཡོད་ནི། ཁ་ན་ཆབ་སྲིད་མང་ནི། འདུག་ས་རྡ་ས་ན་ཡིན་པའི་བོད་རིགས་ངས་ཁྱོ་ང་ཚོ་ལ་མི་དགའ་ན་འདི་ནས་མ་བཞུགས་ཕེབས་ལ་སོང་ཞུ་བ་ལས་གཞན་ཅང་མིན། རྒྱ་ངན་དེ་ཚོ་དང་ཁྱེད་ཚོ་ང་ཚོ་ལ་མི་དགའ་ན་ངས་མི་ངན་ལབ་ཡ་ཡིན་ཡིན་པ་ཡིན་ལགས། ད་སྐུ་རློང་བཞེངས་ན་གང་ཡོང་།

  9. དྷརྨ་ཝིར་དྷི། says:
    2012-06-28 at 3:27 am

    བྱ་གོ་བོས་སྐྱེས་པའི་ཁྱི་གུ་དེས།
    རང་ཕ་མའི་སྲོག་གི་གཤེད་མར་ལངས།
    གནས་རྡ་སར་འཚོ་བའི་ཐོར་རྒོད་དེས།
    རང་སྤུན་ཟླའི་རིགས་ལ་ཚིག་གྲི་འཕྱར།

    བྱ་སྐྱུང་ཀའི་རིགས་ཀྱི་རང་གཤིས་ཤིག
    གནས་རྡ་སའི་སྤུན་ཟླར་ཡོད་འགྱུར་ན།
    བུ་རྒོད་པོ་ཐོར་རྒོད་ཟེར་སྐད་དེ།
    ནག་སྨུག་པའི་ཁྲོད་དུ་བརྫང་ཆོག་རེད།

  10. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-28 at 5:49 am

    མ་གཞི་བརྩམས་ཆོས་ཅི་གང་ཞིག་ཡིན་ཡང་། གཙོ་བོ་དེའི་ཅི་ཞིག་བཤད་ཀྱིན་ཡོད་པ་དང་ཅི་ཞིག་ལ་འབད་ཀྱིན་ཡོད་པ་གོ་བར་བྱས་ནས་ད་གཟོད། དགག་དྲི་དོགས་གསུམ་བྱེད་དགོས་པ་ནི་ཡ་མཐའ་མ་ཡིན་པ་མ་མཐའི་ཆ་རྐྱེན་ཡིན་པས། དྲ་གྲོགས་གནམ་དང་དྷརྨ་ཝིར་ངྷི་ཁོང་རྣམ་པ་གཉིས་གཙོ་བྱས་ཐོག་དེ་དང་དེ་འདྲ་བ་དག་ལ་ཆེད་དུ་ཡང་བསྐྱར་ཚན་པ་གཅིག་བསྣན་ཡོད་ལགས།

    ࿌ ཚིག་རྩུབ་དང་ངན་དམོད་ཀྱིས་གསོད་གྲབས་འདེད་གྲབས་བྱེད་ཀྱིན་འདུག དེ་ཡང་གཞན་ཞིག་ཅི་ནས་ཡིན་ཏེ། འདི་ག་རུ་ངོ་བསྟོད་དང་ཡག་རབས་རྒྱན་རབས་ཀྱི་ལྕེ་བརྒྱ་སྤྲུལ་མི་ཤེས་ན། “ཕར་ལ་སེམས་བསྟན་ཀྱང་ཚུར་ལ་གློ་སྟོན་ངེས་ལ་”ངན་འཚང་དང་དམོད་མོ་བརྩེགས་ནས་བུད་འགྲོ དེ་བས་ན། ང་། དོན་མེད་ངག་འཆལ་བའི་རིགས་ལ་ཁྱོན་ནས་མི་དགའ། མདོར་བསྡུས་ན། ང་། གོ་བ་རྡོ་ལ་གཏུགས་པའི་ཀློག་མཁན་ཚོར་ཁྱོན་ནས་མི་དགའ་འོ།།
    2012/06/28ཉིན་དྲན་གསོ་བ་དག་ལ་བཀའ་དྲིན་དང་བཅས།

  11. གྲུ་ནག་ཡུ་དམར། says:
    2012-06-28 at 6:01 am

    ཚིག་ཟུར་ལ་འཐམས་ནས་སོ་འདེབས་རེ་བྱས་ན་སྟ་གྲི་འཆར་དགོས་བའི་ཉིན་ཞིག་སླེབས་རྒྱུ་རེད། དེར་བརྟེན་འདོད་ཚུལ་དང་མཐོང་ཚུལ་མི་འདྲ་ན་དྲི་བ་དྲིས་ལན་བརྒྱུད་ནས་གསལ་བོ་བཟོ་རོགས།
    དཔེར་ན། ཕྱག་ན་པད་མའི་ཞབས་ལ་མགོ་བོ་གཏུགས་ཀྱིན་གཏུགས་ཀྱིན། ཁ་ཕར་འཁོར་བ་ནས་ཕྱི་ལག་གཡུག་ནས་འགྲོ་མཁན་དག་སུ་རེད། རྡ་སའི་རི་ངོགས་འདིར་གནས་བའི་ལྷ་མི་ཡོད་དོ་ཅོག་འདི་འདྲ་རེད་ལབ་ན། སྒྲོ་འདོགས་རེད། སྐུར་འདེབས་རེད། རྒྱུ་མཚན་འདི་ལ་བརྟེན་ཆབ་སྲིད་པ་དེ་དང་ལག་ལ་ཕྲེང་བ་ཐོག་མཁན་སུ་ཡིས། ལས་དོན་གང་གི་ཐད་ནས་སམ། དུས་ཚོད་ནམ་ཞིག་ལ། བཀའ་ཁྲི་བཞུགས་བའི་དུས་སྐབས་སུ་འམ། ཡང་ན་སྤྱི་འཐུས་ལས་ཐོག་གམ། དེ་མིན་ཚོགས་པ་སྐྱིད་སྡུག་གང་རུང་གི་འགན་འཛིན་སྐབས་སུ་སོགས། རང་དོན་ཁོ་ན་ལས་སྤྱི་དོན་ཞིག་ཡེ་ནས་སྒྲུབ་མ་སོང་། དེར་བརྟེན་ང་སུན་སྣང་སྐྱེས་བྱུང་། རྐྱེན་འདི་ཡིས་དབང་གིས་ང་ཁོང་ཚོ་ལ་མི་དགའ་ལབ་ན་འགྲིག་གི་རེད། དེ་ལ་རྒྱུ་མཚན་ཞིག་འདྲེན་རྒྱུ་ཏག་ཏག་མེད་ན། ཐར་རྒོད་པ་སྤྱན་ཆབ་སུན་སྣང་སྐྱེས་དགོས་དོན་ཅི་ཡིན་ནམ།

  12. གནམ says:
    2012-06-28 at 7:01 am

    སྤྱིར་ཁྱོད་དང་ང་གཉིས་མཉམ་དུ་ཡོད་རྒྱུ་ན། ངས་ཁྱོད་ཀྱིས་གློ་སྟོན་གྱིན་འདུག་གམ་སེམས་སྟོན་གྱིན་འདུག་གསལ་པོ་ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་ལས་ཚོར་ཐུབ་ཚོད་རེད། ཡིན་ན་ཡང་ཁྱོད་ཀྱི་འབྲི་རྩོམ་ལ་ནི་དེ་འདྲའི་གསོན་ཉམས་མི་ལྡན་པས་ཁ་ཐིག་གི་གོ་བ་རེ་བླངས་ན་ཚོགས་གྲལ་ལ་མ་ཚུད་པའི་ངན་པ་སྐྱོན་ཅན་ཞིག་ཡིན་པས་སྣང་བ་སྟེར། གལ་དེ་ཁྱོ་ཡ་རབས་ཡོན་ཏན་ཅན་ཞིག་ཡིན་ན་ངས་བཟོད་གསོལ་འབུལ་བ་ནི་ལས་སླ་བོ་ཞིག་ཡིན།

  13. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-28 at 8:09 am

    ལགས་སོ། ཁ་བརྡ་དྲ་བར་བཀོད་ཡོད་པ་དེ་ངའི་རྩོམ་ཡིན་པ་ལས་ང་མ་ཡིན་པ་ཉིད་ཀྱིས་མཁྱེན་འདུག དེས་ན་ཉིད་ཀྱིས་དྲ་མཆན་འགོད་ས་དེའང་ངའི་རྩོམ་ཡིག་ལས་ང་མིན་པས་ན། དེའི་དོན་སྐྱོན་འདི་ན་འདི་རེད་གསུངས་དང་། དེའི་ཚིག་སྐྱོན་འདི་ན་འདི་རེད་གསུངས་དང་། ཡང་ན།་ཡིག་ནོར་དང་ཚིག་སྦྱོར་སོགས་ནས་གསུང་རྒྱུ་ཡོད་ན་འགྲིག་པ།
    བར་སྐབས་འདིར་ང་ཡ་རབས་མི་རབས་དང་དེར་ཡོན་ཏན་ཡོད་མེད་ནི་མ་བབ་པའི་མི་ལ་མ་བཅོལ་བའི་ལས་རེད་ལགས།

  14. གནམ says:
    2012-06-28 at 9:13 am

    སྤྱི་ཚོགས་ཡ་རབས།
    གྲོགས་པོ་ཡ་རབས།
    ནང་མི་ཡ་རབས།
    འཁོར་ཡུག་ཡ་རབས།
    ཡ་རབས་ཅན་དུ་སྒྱུར་བའི་གཏམ།
    རྩོམ། ཁ་ཏ། བསླབ་བྱ། ལམ་སྟོན། རེ་སྐུལ། རྒྱབ་སྐྱོར། སློབ་གསོ་སོགས་ཡ་རབས་ཀྱི་ཕྱོགས་སུ་སྐྱོད་པས་རེ་བ་ཡོད།
    ཚིག་སྦྱོར་དང་ཡིག་ནོར་སོགས་ལ་ངས་འགན་འཁུར་མི་ཐུབ། ཀློག་པ་པོ་ཞིག་གི་གོ་བ་ལེན་ཕྱོགས་ནས་ཁྱོའི་རྩོམ་དེས་བཀུར་འོས་བའི་སྤྱི་ཚོགས་ཞིག་མེད་པར་བསྒྲུབས་འདུག་ན་དེ་ནི་ལྷ་ས་ཆུང་ཆུང་འདིའི་བློ་ལ་མི་ཤོང་བའི་ཁ་རྡུང་ཞིག་དུ་འདོད།

  15. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-28 at 9:25 am

    ལགས་རེད། ངའི་རྩོམ་ཡིག་དེའི་ཚན་པ་དང་པོས་ཁྲེལ་གཞུང་གླེང་གི་ཡོད་ལ། གཉིས་པས་དྲང་བདེན་བཤད་ཀྱིན་ཡོད། གསུམ་པས་དད་པ་དང་དམ་ཚིག་ཟེར་གྱིན་ཡོད་ལ་རྗེས་མ་དེས་ཁྱོད་དང་ཁྱོད་འདྲ་བ་ཁོ་ན་བཤད་ཀྱིན་ཡོད་པ་རེད། དེ་བས་ན་དོན་གྱི་གནད་ཀ་འདིས་ཡོད་ཚད་གོ་བར་གྱིས་ལ་ཚིམས་པར་མཛོད་ལགས།

  16. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-28 at 9:30 am

    ངས་རྩོམ་ཡིག་དེས་བཤད་རྒྱུར།
    ཁྲེལ་གཞུང་མེད་ན་ལྷ་སའང་དགོས་དོན་མེད།
    དྲང་བདེན་་་དད་དམ་མེད་པར་གྱུར་བ་ཡིན་ན་ཡོད་ཚད་དགོས་དོན་མེད་ཟེར་གྱིན་པ་དང་འདྲ་བས་ན། ལྡོག་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་ནི་དེས་ན་དེ་དག་ཐམས་ཅད་ཡོད་པ་ཡིན་ན་ཞེ་ན་དེའོ།།

  17. ལོ་མ་ལྗང་ཁུ་། says:
    2012-06-28 at 10:01 am

    རྩོམ་གང་ཞིག་བྲིས་བ་ཡིན་ན་ཁ་གསལ་དགོས་བ་ནི་གལ་ཆེན་པོ་རེད་། དེའི་ཕྱིར་། ཁྱོད་རྡ་སའི་མི་ལ་མི་དགའ་བའི་མི་བུ་ཚོའི་མིང་བཅས་བྲིས་ན་ཡག་པོ་རེད་མ་གཏོགས་། རྡ་སའི་མི་ཚང་མ་སྐྱོན་ཅན་རེད་ཟེར་ན་། མི་བུ་ཡོངས་ཀྱིས་ཁས་མི་ལེན་ཅིང་རྩོམ་པ་པོ་རང་ཉིད་ཁྱིམ་མཚེ་དགུ་ལ་མི་འཆམ་པའི་རྒན་མོའི་དཔེ་ལས་གང་ཡང་མེད་པ་རང་གི་རྩོམ་ལས་གསལ་བཤད་བྱས་འདུག

  18. ཐོར་རྒོད་པ་སྤྱན་ཆབ། says:
    2012-06-28 at 11:32 am

    ལོ་མ་ལྗང་ཁུ་ལགས། སྐུ་མཁྱེན། ཐོག་མར་ཅི་ཟེར་གྱིན་པ་གོ་བར་གྱིས་ལ་དེ་ནས་བསམ་ཚུལ་གསུངས་རོགས་ཞུ།

  19. རྣམ་སྲས། says:
    2012-06-28 at 12:09 pm

    ང་། རང་ཉིད་ཀྱིས་མ་འཇོན་པར་གཞན་ལ་ཕྲག་དོགས་བྱེད་མཁན་ཚོར། རང་ཉིད་ཀྱིས་མ་མྱོང་བར་གཡམ་རྒྱུགས་བྱེད་མཁན་ཚོར། རང་ཉིད་ལ་མེད་པའི་གཞན་ལ་སྨོད་སྨོད་བྱེད་མཁན་ཚོར། རང་ཉིད་ཀྱིས་མ་ཐོབ་པས་གཞན་ལ་སྙོན་འཛུགས་བྱེད་མཁན་མཚོར། རང་ཉིད་ཀྱིས་མ་ཤེས་པས་གཞན་ལ་གླང་འགེལ་བྱེད་མཁན་ཚོར། རང་ཉིད་ཁོ་ན་བསམ་ནས་རྫུན་གཏན་ཤོད་མཁན་ཚོར། རང་ཉིད་ཀྱི་མིང་གྲགས་འདོད་ནས་ཀུན་ལ་དགག་རྒྱག་བྱེད་མཁན་ཚོར། རང་ཉིད་ཀྱི་ཁེ་ཕན་གྱི་དོན་དུ་སྤྱི་དོན་ཁ་ལ་འཁྱེར་མཁན་ཚོར། མདོར་ན་རང་ཉིད་བསམ་ནས་གཞན་ལ་སྐྱོན་བརྗོད་བྱེད་མཁན་ཚོར། ཚེ་རབས་ནས་སྐྱེ་བ་ཐམས་ཅད་དུ་སྙིང་ཁུང་རུས་པའི་གཏིང་ནས་གཏན་ནས་མི་དགའ།

  20. ལོ་མ་ལྗང་ཁུ་། says:
    2012-06-28 at 3:57 pm

    རེད་རེད་རྩོམ་པ་པོ་ལགས་། ངས་ཁྱེད་ཀྱི་རྩོམ་ཐེངས་འགའ་བཀླགས་པ་ཡིན་། ཁྱེད་ཀྱིས་འདི་འདྲ་ཞིག་བཤད་ཀྱི་འདུག༼རྡ་སའི་བོད་ལ་ཁྱོན་ནས་མི་དགའ་༽ བོད་ནི་སྤྱི་མང་ཞིག་ཡིན་པས་ཁྱེད་རྡ་སའི་བོད་མི་ཡོངས་ལ་མི་དགའ་ཟེར་བ་ལས་ཁྱེད་མི་དགའ་སའི་བོད་མི་ཚོར་མི་དགའ་ཟེར་མི་འདུག གལ་སྲིད་སྲིད་ཁྱེད་མི་དགའ་སའི་བོད་མི་ཚའི་མིང་འབོད་ཐུབ་ན་ཡར་བཤད་མར་བཤད་མ་བྱེད་པར་བཤད་ཟེར་བ་དེ་ཡིན་།

  21. གནམ says:
    2012-06-29 at 3:16 am

    ཐོར་རྒོད་རོགས་གཅེས།
    ཁྱོས་སྙན་ངག་བྲིས་རེད། ངས་གོ་བ་བླངས་རེད། ཁྱོད་ཀྱི་སྙན་ངག་ལ་གོ་བ་ལེན་པའི་རང་དབང་ང་ལ་ལོས་ཡོད། ངས་གོ་བ་ག་རེ་བླངས་བླངས་རེད། གལ་ཏེ་ཁྱོ་མི་འཐད་ན། རྗེས་མ་སྙན་ངག་མ་འབྲི། དངོས་ཡོད་དཔྱད་བརྗོད་རང་བཞིན་ལྡན་པའི་གནས་ལུགས་ཕྲོས་དང་དེ་ནས་གོ་བ་འཛོལ་གྱི་མ་རེད། ཨེ་ཤེས་ཐལ། ཨ་མའི་བུ།

  22. བོད་ཞེན་ says:
    2012-06-29 at 3:10 pm

    དངོས་གནས་བཤད་ན་ཡག་མོ་ཞིག་བྲིས་འདུག ཡིན་ནའང་ཁབ་འབུག་ཙམ་ཡང་མི་ཤོང་བའི་སྤྱི་ཚོགས་འདིར་གླེང་སློང་འདྲ་མིན་ཡོད་ཡོད་པ་རེད། རྩོམ་རིག་སྒྱུ་རྩལ་ལ་མཐའ་གཅིག་ཏུ་ཚིག་དོན་རེ་རེ་བཞིན་ཐོད་གཏུགས་དགོས་དོན་མེད། སྤྱིའི་ཆ་ནས་ཚིག་དོན་ཅན་ཞིག་བྲིས་འདུག་ལབ་ཡ་དེ་ཡིན། རྒྱབ་སྐྱོར་ཡོད།

  23. བྲོ་འཚལ། says:
    2012-06-30 at 8:17 am

    ངོ་མ་ཡག་པོ་ཞིག་བྲིས་འདུག་པས་རྗེས་སུ་ཡི་རང་མ་གཏོགས་ཅང་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme