Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་གི་མེ་ཏོག་རྐང་གསུམ།

Posted on 2012-06-25 By ཁ་བརྡ་ 8 Comments on སྙན་ངག་གི་མེ་ཏོག་རྐང་གསུམ།

སྙན་ངག་མཁན། ཋཱ་ཀུར། (Tagore) སྒྱུར་མཁན། ཟླ་བ་གཞོན་ནུ།

མེ་ཏོག་རྐང་དང་བོ་མོ།

མིན། བདག་གི་མཛའ་བཤེས་རྣམ་པ་ཚོ། ང་ནམ་ཡང་དཀའ་ཐུབ་པ་ཞིག་བྱེད་རྒྱུ་མིན། ཁྱོད་ཚོས་ཅི་ཞིག་བཤད་ཀྱང་བཤད།
གལ་ཏེ་མོས་ང་དང་མཉམ་དུ་དཀའ་ཐུབ་ཀྱི་སྡོམ་ཁྲིམས་མ་བཞེས་ན་ནི་ང་ནམ་ཡང་དཀའ་ཐུབ་པ་ཞིག་བྱེད་རྒྱུ་མིན།
གལ་ཏེ་བདག་ལ་བསིལ་གྲིབ་སྟུག་པའི་གྲིབ་འོག་ཅིག་དང་། ང་དང་མཉམ་དུ་དཀའ་ཐུབ་ལ་སྡོད་མཁན་ཞིག་མ་རྙེད་པ་ཡིན་ན་ང་རང་དཀའ་ཐུབ་པ་ཞིག་བྱེད་རྒྱུ་མིན་ཞེས་སེམས་ཐག་ཆོད་པ་ཡིན།
མིན། བདག་གི་མཛའ་བཤེས་རྣམ་པ་ཚོ། གལ་ཏེ་ནགས་ཚལ་གྱི་བསིལ་གྲིབ་སྟུག་པོ་དེར་བདག་གིས་སུ་ཞིག་གི་དགོད་སྒྲའི་བྲག་ཆ་ཐོས་རྒྱུ་མེད་པ་དང་། གལ་ཏེ་སུ་ཞིག་གི་གེ་ས་རིའི་མདོག་ཅན་གྱི་སཱ་རས་རླུང་ཁྲོད་དུ་ལྷབ་ལྷུབ་སྐྱོད་པ་མ་སྲིད་པ;
གལ་སྲིད་སྒྲ་ཤིན་ཏུ་མཉེན་པའི་གསང་གཏམ་ཤབ་ཤུབ་ཀྱི་སྒོ་ནས་ས་དེའི་ལྷིང་ཇེ་འཇགས་སུ་གཏོང་རྒྱུ་མ་སྲིད་ན།
ང་རང་རང་ཁྱིམ་དང་ཁ་བྲལ་ཏེ་དབེན་འཇགས་ཀྱི་ནགས་ཚལ་དུ་གནས་རྒྱུ་མིན་ལ། དཀའ་ཐུབ་པ་ཞིག་ནམ་ཡང་བྱེད་རྒྱུ་མིན།

མེ་ཏོག་རྐང་གཉིས་པ་མོ།

ཀྱེ། བདག་ཉིད་ཆེན་པོ། ཉེས་ཅན་འདི་གཉིས་གུ་ཡངས་སུ་གཏོང་རོགས།
དིང་གི་དཔྱིད་རླུང་རབ་ཏུ་བཟི་སྟེ་གཡུག་གིན་འདུག, ཐལ་རྡུལ་དང་ལོ་མ་རྙིད་པ་དག་འཁུར་གྱིན་འདུག, དེ་དག་དང་ལྷན་དུ་ཁྱེད་ཀྱི་ཁྲིད་ཚན་ཡང་བརླག་སོང་།
ཡབ་ཆེན་ལགས། མི་ཚེ་ལ་སྙིང་བོ་མི་འདུག་ཅེས་མ་གསུངས་རོགས།
རྒྱུ་མཚན་ནི་བདག་ཅག་གིས་འཆི་བ་དང་ལྷན་དུ་ཞི་མོལ་བྱས་ཟིན་ལ། ད་དུང་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་ངེད་གཉིས་ལ་འཆི་མེད་ཀྱི་གོ་འཕང་ཐོབ་པར་བྱས་ཡོད་པས་ཡིན།

བརྒྱ་ལ་རྒྱལ་བོའི་དམག་དཔུང་ཐོན་ཏེ་ངེད་གཉིས་ལ་ཤུགས་ཀྱིས་རྒོལ་འཛིང་བྱེད་ན་ཡང་། ངེད་གཉིས་ཀྱིས་སྐྱོ་བའི་ཉམས་དང་བཅས་ཏེ་མགོ་བོ་གཡུག་ཞོར་འདི་སྐད་དུ། སྤུན་མཆེད་ཚོ། ཁྱོད་ཚོས་ངེད་ཅག་གི་ལྷིང་འཇགས་དཀྲོག་གིན་འདུག གལ་སྲིད་ངེད་ཅག་དང་ལྷན་དུ་ཅ་ཅོའི་རྩེད་མོ་འདི་ངེས་པར་རྩེ་རྒྱུ་ཡིན་ན་ནི། སོང་ཞིག རང་རང་གི་མཚོན་ཆ་ས་གཞན་ཞིག་ཏུ་བརྡབས་རོགས་ཞེས་བརྗོད་ཆོག
རྒྱུ་མཚན་ནི་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་ངེད་གཉིས་ལ་འཆི་མེད་ཀྱི་གོ་འཕང་ཐོབ་པར་བྱས་ཡོད་པས་ཡིན།

གལ་ཏེ་སྙིང་ཉེ་བའི་མི་རྣམས་ཕེབས་ཏེ་ངེད་གཉིས་བསྐོར་བར་བྱས་ན་གུས་འདུད་དང་བཅས་མངོན་པར་དགའ་བར་བྱས་ཏེ་འདི་སྐད་དུ། ཁྱད་དུ་འཕགས་པའི་བསོད་ནམས་འདི་བདག་ཅག་ལ་མཚོན་ན་ཁ་སྐྱེངས་བྱེད་ཅིག་རེད། ངེད་གཉིས་གནས་སའི་མཐའ་མེད་པའི་ནམ་མཁར་དགོད་བྲོ་བ་ཞིག་ལ་བར་སྟོང་ཁྱོན་ནས་མི་འདུག
རྒྱུ་མཚན་ནི་དཔྱིད་དུས་ཀྱི་མེ་ཏོག་ཚོགས་འཚང་ཁ་ཤིག་ཤིག་ཐོན་བྱུང་ལ། བྲེལ་འཚུབ་ཆེ་བའི་སྦྲང་མའི་གཤོག་པ་དག་ཀྱང་ཕན་ཚུན་གཙུབས་བརྡར་བྱེད་ཀྱིན་འདུག
ངེད་གཉིས་ཀྱི་དག་ཞིང་ཆུང་ཆུང་སྟེ། གང་དུ་འཆི་བ་མེད་པའི་ངེད་གཉིད་ཁོ་ན་གནས་ས་དེ་དགོད་བྲོ་བ་ཞིག་ལ་ཧ་ཅང་དོག་པོ་འདུག་ཅེས་བརྗོད་ཆོག

མེ་ཏོག་རྐང་གསུམ་པ་མོ།

མཚན་གྱི་ཆུ་ཚོད་འདི་འདྲ་འཕྱི་བོ་ཞིག་ལ་ཁྲོམ་རའི་སྒོ་ཡང་བརྒྱབས་ཡོད་པས་ཁྱེད་ཀྱིས་སླེ་བོ་ཞིག་བཟུང་སྟེ་གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཀྱིན་ཡོད?
ཁོང་ཚོ་ཚང་མ་ཁུར་བོ་དང་ལྷན་དུ་ཁྱིམ་ལ་ལོག་བྱུང་ལ། ཟླ་བས་སྡེ་བའི་སྡོང་མགོ་ནས་ལྐོག་ལྟ་བྱེད་ཀྱིན་འདུག
གྲུ་གཟིངས་འབོད་ཀྱིན་པའི་བྲག་ཆ་ནི་ཆུ་མོ་ནག་པོ་དེ་བརྒྱུད་ནས་རྒྱང་རིང་གི་རི་སྐྱེས་ངང་བ་གཉིད་སའི་འདམ་རྫབ་ཡོད་སའི་བར་དུ་འཁྱིལ་གྱིན་འདུག
ཁྲོམ་རའི་སྒོ་ཡང་བརྒྱབས་ཡོད་པས་ཁྱེད་ཀྱིས་སླེ་བོ་བཟུང་སྟེ་གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཀྱིན་ཡོད?
ས་ཡི་གོ་ལའི་མིག་ཟུང་ནི་གཉིད་ཀྱི་མཛུབ་མོས་བཀབ་བྱུང་།
ཁ་ཏའི་ཚང་ཡང་ད་ནི་དལ་ཅག་གེར་གྱུར་སོང་ལ། སྨྱུག་མའི་ལྐོག་ལབ་ཤབ་ཤུབ་ཀྱང་དལ་རྨེག་གེར་གྱུར་སོང་།
ལས་ཀ་བ་རྣམས་ཞིང་ཁ་ནས་ཕྱིར་ཁྱིམ་དུ་ལོག་ཟིན་ནས་ལྷས་རར་རང་རང་གི་གདན་འདིང་གིན་འདུག
ཁྲོམ་རའི་སྒོ་ཡང་བརྒྱབས་ཡོད་པས་ཁྱེད་ཀྱིས་སླེ་བོ་བཟུང་སྟེ་གང་ཞིག་ལ་བྲེལ་འཚུབ་ཀྱིས་བཞུད་ཀྱིན་ཡོད?

སྙན་ངག

Post navigation

Previous Post: ༼ ཆབ་སྲིད་དཔྱད་གླེང༽གསར་འཕྲིན་ཐད་གཏོང་བྱས་པ།
Next Post: རང་སྲུང་གི་སེམས་ཤུགས་དང་རང་རྒྱལ་གྱི་སྙིང་སྟོབས།

Comments (8) on “སྙན་ངག་གི་མེ་ཏོག་རྐང་གསུམ།”

  1. རྒད་པོ། says:
    2012-06-25 at 1:28 pm

    དང་བོ་ཟེར་ན་གོ་གི་མིན་འདུག་དེ་ག་རེ་རས། 

    ངའི་གོ་བ་ལ་མེ་ཏོག་རྐང་ཟེར་མཁན་ཞིག་དང་མི་ཡིན་ནམ་ཁྱི་ཡིན་ནམ་བོ་མོ་ཟེར་མཁན་ཞིག་རེད་བསམ་བྱུང་། རྗེས་མ་ཀློག་ཡོང་དུས། གཉིས་པ་དང་གསུམ་པ་ཟེར་བ་མཐོང་སྐབས། གཞི་ནས་ངའི་གོ་བ་དེ་ཡོངས་སུ་ནོར་བ་ཤེས་བྱུང་།

    དང་པོ་ཟེར་ན་ལེགས་པ་འདུག དཔེར་ན། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་གསུང་ཆ་ཚང་ལ་དང་པོ་མ་གཏོགས་དང་བོ་མི་ཟེར། དེ་བཞིན་ས་དགེ་བཀའ་རྙིང་གི་མཁས་དབང་ཚང་མས་དང་པོ་ཟེར་བ་མང་པོ་མཐོང་མྱོང་། ད་དང་བོ་ཟེར་འབྲི་སྲོལ་དེ་ག་དུས་དར་བ་རས། 

    ཁྱོད་ཡིག་སྒྱུར་བྱེད་མཁན་གྱི་མི་ཞིག་ཡིན་ན། དང་པོ་རང་གི་ཡི་གེ་དེ་འབྲི་སྐབས་དོ་སྣང་མ་བྱས་ན། བསྒྱུར་གཞིའི་ཡི་གེ་གཏོར་བརླག་གཏོང་བའི་ཉེན་ཁ་ཡོང་སྲིད། 

  2. དོམ་ནག says:
    2012-06-27 at 7:36 am

    རྒད་པོ་ནི་རྒད་པོ་རང་རེད། ལབ་བརྡོལ་འབྱིན་གྱིན་འདུག
    དང་བོ་སོགས་ཟེར་བ་དེ་དག་ཤེས་པ་ལ་མཐོང་རྒྱ་བསྐྱེད་དགོས་པ་རེད། སྐུ་འབུམ་དང་བཀྲ་ཤིས་འཁྱིལ་སོགས་ཀྱི་པར་ཤིང་དེ་དག་ལ་འདྲིས་ཆ་ཅུང་ཙམ་ཡོད་ན་འཐུས་ཡོང་།

    འདི་ལ་གཅིག་གཅོད་ཀྱི་སྒེར་གཅོད་དེ་འདྲ་ཡོང་གི་མ་རེད།
    འདི་ནི་བརྡ་སྤྲོད་དང་མཐུན་པ་ཙམ་མ་ཟད། རྟགས་མཚུངས་ཀྱང་ཡིན།

  3. རྒད་པོ། says:
    2012-06-27 at 10:23 pm

    སྣང་བ་མི་འགྲོ་བའི་སྐད་ཆ། མགོ་ནག་བོད་པ་ཀུན་གྱི་དང་པོ་ལབ་དུས། མཐོང་རྒྱ་བྱེད་དགོས་རེད་ཟེར་བ་འདི་ཡ་མཚན་གྱི་སྐད་ཆ་རང་རེད། བཀའ་འགྱུར་བསྟན་འགྱུར་ཚང་མའི་ནང་ལ་དང་པོ་ཟེར་བ་མ་གཏོགས་དང་བོ་མིན་འདུག རྟགས་མཚུངས་མ་མཚུངས་ཀྱི་སྐད་ཆ་དེ་དེ་བས་ཡ་མཚན་རེད། བཀྲིས་འཁྱིལ་གྱི་དཔར་མའི་ནང་ལ། དང་བོ་ཟེར་ཡོད་ན། དེ་བཀྲིས་འཁྱིལ་གྱི་འབྲི་སྟངས་དེ་ནོར་བ་རེད། 

    ད་གཡུགས་ཞོག ཁྱོད་དང་བོ་ཟེར་བྲིས། ངས་དང་པོ་ཟེར་བྲིས། རྩོད་པ་མེད། ཁྱོད་ཀྱི་ཤོད་སྟངས་ལ་བལྟས་ན། གསུམ་མ་ཟེར་འབྲི་དགོས་པ་ལས། གསུམ་པ་ཟེར་ན་མི་འགྲིགས། བྱས་ན། ང་ཚོས། དཀོན་མཆོག་གསུམ་མོ་ཟེར་འབྲི་དགོས་སམ། 

    དཀོན་མཆོག་གསུམ་མོ་མཁྱེན་ཟེར་དགོས་སམ། དང་བོ་ཟེར་ན། རྟགས་ག་རེ་མཚུངས་ཀྱི་འདུག རྗེས་འཇུག་ང་ལ་བོ་ཟེར་ན། རྟགས་མཚུངས་པ་རེད་དམ། 

  4. དོམ་ནག says:
    2012-06-28 at 2:18 am

    རྒད་པོ་ཟེར་བ། བླུན་པོ་སྨྲ་བ་ཉུང་ན་མཛེས།
    བཀའ་བསྟན་འགྱུར་ཚང་མར་དེ་བཞིན་བྲིས་ཡོད་པའི་དབང་དུ་བཏང་ཡང་དེ་ཡང་སྒྲུབ་བྱེད་ཡང་དག་ཏུ་མི་འགྲོ་སྟེ། ཞོལ་དཔར་མའི་ཞུ་དག་པ་བཅོམ་ལྡན་རིག་རལ་དང་སྡེ་དགེ་དཔར་མའི་ཞུ་དག་པ་སི་ཏུའི་སློབ་མ་ཚུལ་ཁྲིམས་རྒྱལ་བ་སོགས་ཡིན་པས་དེ་ཡང་གང་ཟག་གཅིག་གཉིས་ཅིག་གི་བློ་ཡི་བཀོད་པ་དང་ཞེ་འདོད་དང་ཡང་ན་ས་ཁུལ་རང་བཞིན་ཅན་དུ་གྱུར་ཡོད་པ་ལས་དེ་བོད་ཆོལ་ཁ་གསུམ་གྱི་ཚབ་མཚོན་ཁྱོན་ནས་བྱེད་མི་ཐུབ་པའང་རྒད་པོ་ཚེ་ཟད་ཁྱོད་ཀྱིས་རྟོགས་མི་འདུག

    གོང་གི་དེ་དབུས་གཙང་བའི་ཡུལ་སྐད་ཤུགས་ཆེ་དྲག་པའི་སྐྱོན་ཏེ། དཔེར་ན། ཨ་མདོ་རྔ་བ་ལ་དབུས་གཙང་བས་རྔ་པ་ཟེར་སྟངས་ལས་ཁྱོད་ཀྱིས་དབུས་གཙང་བར་པ་ཞིག་རང་བཞིན་གྱིས་ངན་ལོབ་ཏུ་སོང་ཡོད་པའང་རྟོགས་ངེས་ཡིན། དེ་ཚད་མ་ཡིན་ཟེར་ན་ང་གད་མོ་རྐུབ་ནས་ཤོར་གྱི་འདུག་གོ

    གསུམ་གྱི་རྗེས་སུ་མ་ངེས་པར་དུ་སྦྱོར་མི་དགོས་ཏེ། རྗེས་འཇུག་མའི་སྐྱེ་གནས་དེ་པ་དང་ཉེ་བ་ལས་མ་དང་སྐྱེ་གནས་གཅིག་ཏུ་གྱུར་བས་བརྗོད་ཁྱོན་ནས་མི་བདེ་བས། འདི་ལྟ་བུ་ལ་གངས་ཅན་བརྡ་སྤྲོད་པའི་སྐད་དུ་སྒྲ་མཐུན་གྱི་བརྗོད་བདེ་འདྲེན་པ་ཟེར། ཁྱོད་ཀྱིས་ཕལ་ཆེར་ཐེངས་དང་བོར་གོ་བ་མིན་འགྲོ། ཧ་ཧ་ཧ་

    ད་དུང་བཤད་བྱ་མང་དུ་ཡོད་ཀྱང་། དབང་རྟུལ་ལ་མངས་སུ་དོགས་པར་རེ་ཞིག་བསྐྱུང་བར་བྱའོ།།

    གང་ལྟར་ང་རང་ཟླ་བ་གཞོན་ནུ་ལྟར་དང་བ་དང་དང་བོ། རྒྱལ་བ་དང་རྒྱལ་བོ། བཅུ་བ་དང་བཅུ་བོ་འབྲི་བ་འདི་དབུས་གཙང་བའི་པ་ལ་ངན་ལོབ་ཏུ་གྱུར་རྒྱུ་མངས་དྲག་པའི་ཡུལ་སྐད་དང་མི་མཐུན་པ་ལས་བོད་གངས་ཅན་གྱི་བརྡ་སྤྲོད་དང་ཡོངས་སུ་མཐུན་པ་འདི་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་དོ།
    བརྡ་སྤྲོད་སྨྲ་བ་དོན་ནག་པས།

  5. རྒད་པོ། says:
    2012-06-28 at 5:52 pm

    ལགས་སོ་བརྡ་སྤྲོད་སྨྲ་བ་དོན་ནག་པ་ལགས། ཁྱོད་ད་དོམ་དང་དོན་གཉིས་འཁྲུག་འགྲོ་བཞིན་འདུག རང་འཚོ་ཟིན་མ་ཐུབ་པའི་རྟགས་གསལ་པོ་འདུག ཁྱོད་ཀྱི་ཡུལ་ཅན་ལོག་ཤེས་དེ་ལ་ལྟར་ན། མ་དང་ན་ཁྱད་པར་མིན་འདུག པ་དང་བ་ཁྱད་པར་མིན་འདུག ད་ཨ་མ་དང་གནའ་མ་གཉིས་ཀྱང་ཁྱད་པར་ཡོད་ཀྱི་མ་རེད། བླ་མ་དང་དོལ་རྒྱལ་གཉིས་ཀྱང་ཁྱད་པར་ཡོད་ཀྱི་མ་རེད། ངོ་མ་འཁྲུག་འགྲོ་བཞིན་འདུག 

  6. ཀླུ་སྨྱོན། says:
    2012-06-28 at 6:04 pm

    སྡེ་དགེ་བཀའ་འགྱུར་གྱི་ཞུ་དག་པའི་མཚན་ལ་ཚུལ་ཁྲིམས་རིན་ཆེན་ཞུ་བ་ལས་ཚུལ་ཁྲིམས་རྒྱལ་བ་མི་ཞུ། ངས་མ་མཐོང་བའི་ཁོང་གི་མཚན་གཞན་ཞིག་ཡིན་ན་དགོངས་དག ཁྱེད་ཀྱིས་ནག་ཚོ་ལོ་ཙྰ་བ་ཚུལ་ཁྲིམས་རྒྱལ་བ་དགོངས་བཞིན་བྲིས་པ་མིན་ནམ།

  7. མེ་ཏོག་དཀར་པོ། says:
    2012-06-28 at 9:57 pm

    ད་འདི་ནང་ཨ་མདོ་བར་གཅིག་བཤད་ན་ཧུང་རུབ་ཕཊ་རུབ་རྒྱབ་ནས་འུ་ཐུག་བཅུག་གིས་རེད། དབུས་གཙང་གི་མཁས་པ་གཅིག་ལས་ཨ་མདོ་བའི་རྒན་མོ་ཞིག་གི་གཡག་རྩ་ཆེ་གི་རེད།

  8. མེ་ཏོག་དཀར་པོ། says:
    2012-06-28 at 10:49 pm

    ་

    དོམ་ནག་ལགས། བླུན་བོ་སྨྲ་པ་ཉུང་ན་མཛེས། ། ཞེས་པར་བཅོས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme