Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄། བོད་ཀྱི་གཉེན་སྟོན་མཚོན་རྟགས།

Posted on 2012-06-242012-06-24 By དགེ་རབ་ 16 Comments on ༄། བོད་ཀྱི་གཉེན་སྟོན་མཚོན་རྟགས།

༄། འདབ་མ་བཞི། ཆོས། ནོར། འདོད། ཐར་ཏེ་ཕུན་ཚོགས་སྡེ་བཞི་མཚོན་པ་དང་། དབུས་སུ་ནོར་བུ་གསུམ། བོད་མི་རིགས་ཀྱིས་རྣམ་ཀུན་གཙུག་ཏུ་བཀུར་བའི་མཆོག་གསུམ་མཚོན། ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་བཀོད་པ་ནི། རང་ཉིད་མཆོག་གསུམ་དང་ལས་འབྲས་ལས་ཡ་མ་བྲལ་ན་འཕྲལ་ཡུན་གཏན་གྱི་བདེ་བ་འཐོབ་པར་མཚོན།
༄། ལོ་རྒྱུས་ལྡན་པའི་མི་རིགས་ལ། །ཁྱད་ཆོས་ལྡན་པའི་རྒྱུ་རྩལ་དགོས། སྤྱིར་བོད་ལྟ་བུར་མཚོན་ན། སྐད་དང་། ཡི་གེ སྒྱུ་རྩལ་སོགས་རིག་གཞུང་ཕུན་སུམ་ཚོགས་པའི་མི་རིགས་ཞིག་ལ་སྤོབས་པ་བྱེད་ཆོག འོན་ཀྱང་ད་དུང་གོང་འཕེལ་གཏོང་མི་དགོས་སྙམས་པའི་ང་རྒྱལ་དོར་དགོས།
དེར་བརྟེན་བོད་རང་གི་གཉེན་སྟོན་མཚོན་རྟགས་ཞིག་དགོས་ངེས་ལ་བརྟེན། འདི་ལྟར་གསར་གཏོད་བགྱིས་པར་དགེ་མཚན་མཐོང་ན་ལོངས་སུ་སྤྱོད་ཅིག །། མི་རྣམ་སྤྲུལ་མིང་པས།།

 

 

སྣ་ཚོགས།

Post navigation

Previous Post: འཛམ་གླིང་ཨ་མའི་ཉིན་མོའི་བྱུང་བ།
Next Post: འདོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ།

Comments (16) on “༄། བོད་ཀྱི་གཉེན་སྟོན་མཚོན་རྟགས།”

  1. ཚངས་པ། says:
    2012-06-24 at 11:27 am

    ལས་མེད་རང་རེད།

  2. རང་དབང་ཨ་རྡུ་མན། says:
    2012-06-24 at 11:31 am

    དེ་འདྲའི་དགེ་མཚན་ཆེན་པོ་ཡོད་མེད་མི་ཤེས་་་་ཡིན་ནའང་ཡག་པོ་འདུག འདབ་མ་བཞི་པོའི་མཚོན་ཏོག་ཙམ་དམར་དྲག་ཤག་བསམ་གྱི།

  3. མངའ་རིས་ཕྲིན་ལས། says:
    2012-06-24 at 11:36 am

    དངོས་གནས་ཡག་པོ་འདུག་གསར་གཏོད་དགོས་པ་གལ་ཆེན་པོ་རེད། མཚོན་རྟགས་དེ་བེད་སྤྱོད་བྱེད་མི་བྱེད་ནོ་སོ་སོ་རང་དབང་རེད། མཚོན་བྱེད་རི་མོ་དང་འགྲེལ་བཤད་གསར་གཏོད་གནང་བ་ཙམ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  4. འཁྱམ་པོ says:
    2012-06-24 at 12:17 pm

    བོད་མི་གཉེན་སྒྲིག་གོ་མཚོན་རྟགས་ནི་སྔར་ནས་ད་བར་བརྩེ་བའི་འདུད་པ་མ་བྲོལ་པའི་དཔལ་བཀྲ་ཟེར་བ་དེ་མིན་ནམ།

  5. གཡུ་ཐོག་བུ། says:
    2012-06-24 at 12:25 pm

    བོད་ཀྱི་སྒྱུ་རྩལ་རི་མོ་དེས་བོད་མི་རིགས་སེམས་ཁམས་མཚོན་སྟངས་འགྲེལ་ལུགས་དེར་ཡི་རང་ཞུ། དགྱ་མིས་ཆང་སའི་དགའ་སྟོན་མཚོན་བྱེད་དུ་པ་ཏྲ་འདྲ་བའི་རི་མོ་འབྲི་སྲོལ་འདུག་མོད། ང་ཚོ་བཙན་པོའི་མི་རིགས་ལ་དེ་ལས་ལྷག་པ་ཞིག་ཅིས་ཀྱང་དགོས་པར་སེམས།

  6. བོད་ལ་ཞེན། says:
    2012-06-24 at 12:35 pm

    ཡག་པོ་བྲིས་འདུག་ཡིན་ནའང་ཁྱོ་ཤུག་གཉིས་མཚོན་བྱེད་ཀྱི་འགྲེལ་བཤད་ཅིག་ཀྱང་ཡོད་ན་ཤིན་ཏུ་ལེགས། གཡུ་ཐོག་བུ་ལགས་རྒྱ་མིས་གཉེན་སྟོན་དུ་བྲིས་པ་ནི་པ་ཏྲ་མ་རེད། རྒྱ་ཡིག་ནང་ཞི་ཞེས་པ་(喜)གཉིས་སྦྱར་ནས་བྲིས་པ་རེད།

  7. སྟག་ལྷ་འབུམ། says:
    2012-06-24 at 3:27 pm

    འདི་འདྲའི་ཐོག་དགོངས་པ་བཞེས་པ་ཡག་པོ་རེད། ཡིན་ནའང་ཆོས་ལུགས་ཆོ་གའི་མཚོན་དོན་ཞིག་ལས་འཇིག་རྟེན་མཐུན་འཇུག་གི་མཚོན་དོན་ཞིག་ཏུ་མཐོང་མ་སོང་། ལྷག་པར་དུ་རྒྱབ་ལྗོངས་དམར་པོའི་རི་མོ་སེར་པོས་བརྒྱན་པ་ནི་རྒྱ་ནག་པའི་གཉེན་སྒྲིག་མཚོན་དོན་བསྟུན་དྲགས་པའི་ཚོར་སྣང་བྱུང་། བསམ་ཚུལ་ཁ་ཐུག་ལ་ཞུས་པར་དགོངས་པ་མ་ཚོམས་ཞུས་པ་ཡིན།

  8. ཀརྨ་ཡེ་ཤེས says:
    2012-06-24 at 5:23 pm

    འདི་གསར་གཏོད་ཅིག་ཅི་མ་རེད། ལྷ་བཟོ་མཁས་པས་སྤྲིན་རྣ་བཞི་དང་ནོར་བུ་དགའ་འཁྱིལ་ཟེར་བ་དེ་རེད། སྤྲིན་རྣ་བཞི་དེ་ཕུན་ཚོགས་སྡེ་བཞི་མཚོན་པ་གཡུ་ཐོག་གིས་གསུངས་ཡོད། ནོར་བུ་དགའ་འཁྱིལ་ལ་གཉིས་དང་གསུམ་དང་དྲུག་དང་དགུ་འཁྱིལ་བྱས་ཡོད་པ་དུ་མ་རེད། ཉི་མ་མི་ཆོད་རེད་ཡ་མུ་སྤྲུལ་པ་་་་་་

  9. ཀརྨ་ཡེ་ཤེས། says:
    2012-06-24 at 11:21 pm

    སྤྲིན་རྣ་བཞི་འདིའང་དྲང་པོ་བཤད་ན་རྒྱ་ནག་གི་རི་མོ་ཞིག་རེད།

  10. འདྲེ་མྱེ says:
    2012-06-25 at 1:17 am

    འདི་མི་འགྲིག་རྒྱུ་མེད་ཀི རྒྱ་ནག་ལ་གཉེན་སྒྲིག་གི་སྐབས་སུ་ཤོག་བུའི་འདྲ་རིས་ཤིག་སྦྱར་སྲོལ་ཡོད་པ་དེ། ད་བར་བོད་ནང་ནས་ཀྱང་དེ་སྦྱར་མཁན་ཡོད་སྲོལ་འདུག་པས། དེ་འདྲ་ཞིག་ཡིན་གཅིག་སྦྱར་དགོས་ན་འདི་སྦྱར་ན་ཡག་པོ་འདུག ད་དུང་དཔྱོད་ལྡན་པ་ཚོས་འདི་ལ་འཕྲི་སྣོན་རིགས་ག་རེ་དགོས་པ་དག་བྱས་ནས་བེད་སྤྱོད་བྱས་ན། ཡག་པོ་འདུག འདི་དག་དེང་གི་སྤྱི་ཚོགས་ནང་དགོས་ངེས་ཅན་ཞིག་རེད།

  11. ཁ་བའི་འོད། says:
    2012-06-25 at 3:39 am

    གཉེན་སྒྲིག་གི་མཚོན་རིས་ང་ཚོའི་སྲོལ་རྒྱུན་དང་འཚོ་བའི་ནང་དུ་ལག་ལེན་བསྟར་མུས་ཡོད་པ་ལས་ལྷག་ཅིག་ག་རེ་དགོས་རེད། ཁྱོད་ཚོར་གསལ་ཆ་མེད་ན་དེ་ནི་གཡུང་དྲུང་གཡས་འཁྱུད་དེ་ཉིད་རེད། དེང་གི་དུས་སུ་ཡང་གཉེན་སྒྲིག་སྐབས་གདན་དང་ཐབ་སོགས་སུ་རི་མོ་དེ་ཉིད་འབྲི་སྲོལ་ཡོད་པ་རེད། དེ་ནི་ལོ་རྒྱུས་ལ་གཞིགས་ན་གཡུང་དྲུང་བོན་དང་འབྲེལ་བའི་སྐབས་ནས་བརྩིས་པས་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ལོ་རྒྱུས་ཡོད་པ་རེད། འདི་བོད་མི་རིགས་ཀྱི་ཁྱད་ནོར་ཤིག་རེད། འདི་དེང་དུས་ལུགས་ཀྱི་ཤོག་ཆག་གི་སྟེང་དང་། ལེགས་སྐྱེས་ཀྱི་མཚོན་དོན་དུ་སྤྲད་སྲོལ་ཡོད་པ་ཞིག་བྱས་ན་དེ་གས་འགྲིག་པ་རེད། གོང་གི་རྒྱ་མིན་བོད་མིན་གྱི་རི་མོ་དེས་ཅིས་ཞིག་བྱེད་དགོས་རེད། ནོར་བུ་དགའ་འཁྱིལ་གཟུགས་ཀྱི་གཉིས་འཁྱིལ་དེ་རྒྱ་ནག་གི་དོ་ཅོ་ཟེར་བའི་ཆོས་ལུགས་ཀྱི་གནས་ལུགས་གཏན་ལ་ཕབ་པའི་མཚོན་རྟགས་རེད། ཕྱིས་སུ་དེར་དཔེར་བྱས་ནས་གསུམ་འཁྱིལ་དྲུག་འཁྱིལ་སོགས་བྱུང་བར་མངོན། མགོ་ཁུངས་རྒྱ་ལ་གཏུགས་པ་དེ་ཡག་རྟགས་ཤིག་མེད་པ་ད་དུང་ཡང་ངེས་ཟིན་ཐོབ་མི་འདུག་གམ།

  12. གཡུ་ཐོག་བུ། says:
    2012-06-25 at 8:33 am

    བོད་ལ་ཞེན་ནས་ཀྱིས་དག་བཅོས་གནང་བར་བཀྲིན་ཆེ།

  13. ཏི་སེ། says:
    2012-06-25 at 12:17 pm

    ༈ སོ་སོའི་ཕ་ཡུལ་དང་བསྡུར་ན། མི་ཡི་ལུང་པར་རང་དབང་གི་གར་བཏེག་ཆུང་ཆུང་འདི་དགའ་འོས་པ་ཞིག་རེད། ཅི་སྟེ་ལོངས་སུ་མི་སྤྱོད། འོན་ཀྱང་རྒྱུ་མཚན་ཡོད་པ་དང་། གོ་རྒྱུ་ཡོད་པར་གཞི་བཅོལ་ཏེ་གླེང་ན་དགེ་མཚན་ཆེ་སྙམ།
    གཉེན་སྟོན་མཚོན་རྟགས་འདི་བཞིན་ཉེ་བའི་ལོ་ཤས་ནང་མདོ་དབུས་ཁམས་གསུམ་དུ་བསམ་བློ་སྔོན་ཐོན་དང་། སྒྱུ་རྩལ་འཕེལ་རྒྱས་ཅན་མཁས་དབང་མང་དག་ཞིག་གིས་དང་དུ་བླང་སྟེ་བེད་སྤྱོད་གཏོང་བཞིན་ཡོད་སྐད། གལ་ཏེ་སྒྱུ་རྩལ་ཕྱོགས་འབྲེལ་ཙམ་སྤང་བྱ་ཡིན་ཚེ། བོད་ཡིག་དང་། ནང་ཆོས། བརྩེགས་བཟོའི་སྒྱུ་རྩལ། དེ་བཞིན་དེང་རབས་ཀྱི་འཕྲུལ་ཆས་སོགས་ཀྱང་དེ་དེ་བཞིན་ནོ། བོད་ཀྱི་སྒྱུ་རྩལ་མིན་པའི་ཕྱིར།
    དཔེར་ན་སྔོན་ཐོན་དང་འཕེལ་རྒྱས་ཅན་གྱི་མི་རིགས་ཚོས་བོད་བརྒྱུད་ནང་བསྟན་གྱི་བསམ་པའི་དཔལ་ཡོན་དང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དང་། ཚོང་ར་ཆེ་ཁག་ནང་དུ་བོད་ཀྱི་གླུ་གར་དང་རི་མོའི་སྒྱུ་རྩལ་སོགས་ལེགས་ཆ་དང་ལེན་བྱེད་བཞིན་པ་ལྟར། གལ་ཏེ་ཆོས་ལྡན་དཔལ་མོས་དག་དག་མིན་ན། ཕྱོགས་འབྲེལ་ཡོད་དུ་ཆུག་ཀྱང་ཉེས་འགལ་དེ་ཙམ་མེད་འགྲོ།
    དེ་བས་ད་ཆ་ང་ཚོར་དགོས་ངེས་ཅན་དེ་ཁ་རྒྱག་པ་མིན་ལ། དོན་ཐོག་ཏུ་མཁས་དབང་རྣམས་ནས་དཔེ་མཚོན་རེ་གསར་གཏོད་གནང་ན། མང་མོས་ཀྱིས་གདམ་ཁ་བྱེད་ཆོག་ལ་ཡར་རྒྱས་འགྲོ་སྲིད། དོན་འབྲས་ཡོད་པ་ཞིག་རེད།
    སྒྱུ་རྩལ་གྱི་རྒྱབ་ལྗོངས་ལ་བལྟས་ཚེ་ལས་མེད་ཅིག་གིས་དོན་མེད་དུ་བརྩམས་པ་ཞིག་ཀྱང་ཡིན་ཚོད་མི་འདུག་པས། ཞིབ་འཇུག་དང་བརྟག་དཔྱད་གནང་ན་བསམ། །

  14. ཏི་སེ། says:
    2012-06-25 at 12:43 pm

    དགོངས་དག་ཡིག་འབྲུ་གཉིས་ལས་ཤག་་་་༼དམངས་ཁྲོད༽རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དང་། ཚོང་ར་ཆེ་ཁག་ནང་༼དམངས་ཁྲོད༽་དུ་བོད་ཀྱི་གླུ་གར་དང་རི་མོའི་སྒྱུ་རྩལ་སོགས་ལེགས་ཆ་དང་ལེན་བྱེད་བཞིན་པ་ལྟར།

  15. རི་རྒྱལ་ཏི་སེ། says:
    2012-06-26 at 8:10 pm

    སྤྲུལ་སྐུར་རློམ་པ་ཁྱེད་རང་གི་གཉེན་སྒྲིག་ཉིན་མོ་གཉེན་སྟོན་མཚོན་རྟགས་འདི་བེད་སྤྱོད་ཡོངས་པའི་སྨོན་འདུན་ཡོད།

  16. ཏི་སེ། says:
    2012-06-27 at 9:35 am

    རི་ཏི་ནས་དམོད་སྔགས་གཅིག་ལས་རྒྱུ་མཚན་གང་ཡང་མི་འདུགཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme