Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོ་སྒང་ནས་འབར་བའི་མེ་ལྕེ།

Posted on 2012-06-23 By དགེ་རབ་ 4 Comments on མཐོ་སྒང་ནས་འབར་བའི་མེ་ལྕེ།

སྣ་ཚོགས་རང་གྲོལ།
——-
མེ་ལྕེ་འདི། གོ་ལའི་ཡང་ཐོག་ནས་མཆེད་ཅིང་།
འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་སོང་།
མེ་ལྕེ་འདི། ཡབ་མེས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་ཅིང་།
མ་འོངས་པའི་མི་རིགས་ཀྱི་མདུན་ལམ་འཚོལ།
མེ་ལྕེ་འདི། ད་ལྟའི་མི་རིགས་ཀྱི་གནས་སྟངས་འགྲེལ་བརྗོད་བྱེད་ཀྱིན།
མཐོ་སྒང་གི་ཡུལ་གྲུ་དེ་ནས་རྒྱུན་མི་ཆད་པར་འབར་སོང་།
མེ་ལྕེ་འདི། མི་རིགས་ཀྱི་ཆེད་དུ་ཕུལ་བའི་མཆོད་པ་བླ་མེད་ཅིག
མེ་ལྕེ་འདི། གཞལ་བར་དཀའ་བའི་རིན་བྲལ་གྱི་དངོས་པོ་ཞིག
མེ་ལྕེ་འདི། ཟུབ་པར་དཀའ་བའི་ལོ་རྒྱུས་ཀྱི་ཤོག་བུ་དམར་པོ་ཞིག
མེ་ལྕེ་འདི། བརྗེད་པར་དཀའ་བའི་མི་རིགས་ཀྱི་རྡོ་རིངམཐོན་པོ་ཞིག
ད་དུང་མེ་ལྕེ་འདི། ས་ཡ་དྲུག་གི་སྙིང་གསོན་པོ་ཞིག་དང་།
དྲང་བདེན་གྱི་འབོད་སྒྲ་ཞིག མི་རིགས་ཀྱི་སྐྱོ་གླུ་ཞིག
འབར་སོང་འཛམ་གླིང་གི་ཡང་ཐོག་དེ་ནས།
མཆེད་སོང་ས་ཡ་དྲུག་གི་སྙིང་དམར་པོ་དེ་ནས།

སྙན་ངག

Post navigation

Previous Post: བདེན་པའི་མེ་ལྕེ།
Next Post: བལྟར་མི་བཟོད་པའི་གློག་བརྙན་ཞིག

Comments (4) on “མཐོ་སྒང་ནས་འབར་བའི་མེ་ལྕེ།”

  1. སྣྲོན་ངག་ཁྲི། says:
    2012-06-23 at 5:28 pm

    འབར་ནས་མཆེད་པའི་མཐོ་སྒང་མེ་ལྕེ་ཡི་ཕྲེང་བ།།
    འཛམ་གླིང་དབུས་ནས་དར་ཏེ་ཡང་རྩེ་རུ་འཁོར་ཡང་།།
    རྒྱུན་ཆད་མེད་པའི་དཀྱིལ་ཤར་ཡུལ་གྲུ་ཡི་དམག་འཐབ།།
    སྡུག་རྩུག་རྦ་རླབས་འཕྱུར་བའི་ཆུ་ཆེན་དེས་བཅོམ་སོང་།།
    ད་ནི་འདས་པོའི་མངོན་འདོད་བོད་དོན་གྱི་བདེན་མཐའ།།
    རང་བསྲེགས་སྲོག་གི་ཕྲེང་བས་མེ་ཟླུམ་ལྟར་དྲངས་ཀྱང་།།
    རྒྱ་དམར་གུང་བྲན་མུན་པའི་སྨག་ཆེན་གྱི་ཁྲོད་ནས།།
    རང་དབང་༸རྒྱལ་མཆོག་འོད་སྣང་འདྲེན་ནུས་ཤིག་མཆིས་སམ།།

  2. jigwang says:
    2012-06-23 at 7:15 pm

    I just can not see.
    What to do

  3. འཁྱམ་པོ says:
    2012-06-23 at 11:41 pm

    ད་རུང་། མེ་ལྕེ་འདི། བོད་མི་རིགས་འཇིགས་ཞུམ་མེད་པའི་སྙིང་སྟོབས་མཚོན།
    ཤུས་ལ་ལྷག་པའི་བོད་མི་ཚོ་ངུས་པ་དང་སྨོན་ལམ་བསྔོ་སྨོན་ཙམ་གྱིས་མི་ཕན་པར།
    མི་རིགས་ཀྱི་དཔའ་བོ་དེ་ཚོའི་རེ་སྨོན་དེ་ང་ཚོས་རྒྱུད་འཛིན་དང་འཕེལ་རྒྱས་བཏང་དགོས།
    དེའི་ཆེད་དུ་བུ་ཡིན་ན་བུ་སྐད་དང་། བུ་མོ་ཡིན་ན་རྣམ་པ་སྟོན་པའི་དུས་སུ་སླེབས་ཡོད་དོ།

  4. རང་དབང་ཨ་རྡུ་མན། says:
    2012-06-24 at 5:43 am

    ཧ་ཧ་་་་འཁྱམ་པོ་ལགས། ག་རེ་ལབ་ཀྱི་ཡོད། བུ་ཡིན་ན་བུ་སྐད་དང་། བུ་མོ་ཡིན་ན་རྣམ་པ་སྟོན་པའི་དུས་སུ་སླེབས་ཡོད། བུ་ཡིས་བུ་སྐད་མ་བརྒྱབ་ན་ག་རེའི་སྐད་བརྒྱབ་དགོས་རེད། བུ་མོས་རྣམ་པ་སྟོན་ནས་ག་པར་གཏོང་རྩིས་ཡོད་གཞང་ཁང་ནང་རེད་པས།
    ཐུགས་རྗེ་གཟིགས་སྐད་ཆ་ཡག་པོ་དེ་འདྲ་བཤད་ཡག་མི་འདུག་པས། ད་ཆ་རྣམ་པ་སྟོན་ཡག་དང་གཞས་ཞབས་བྲོ་འཁྲབ་ཡག་གི་དུས་ཚོད་མ་རེད། མྱ་ངན་བྱེད་ཡག་གི་དུས་ཚོད་རེད་དའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme