Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་དག་བོད་ཀྱི་མཛངས་མ་རེད།

Posted on 2012-06-22 By དགེ་རབ་ 71 Comments on འདི་དག་བོད་ཀྱི་མཛངས་མ་རེད།

མེ་ཏོག་དཀར་པོ།
——-
༡ ཡེ་ཤེས་མཚོ་རྒྱལ། ༼དུས་རབས་ ༨ ༽ རྡོ་རྗེའི་ཚེ། མི་བརྗེད་གཟུངས། རྫུ་འཕྲུལ་མཐུ།
མཁའ་སྤྱོད་གནས། བདེ་ཆེན་མཆོག་རྣམས་གྲུབ། ཁྲི་སྲོང་རྗེའི་བཙུན་མོར་ཡང་བཞུགས།

༢ ཚེ་ནམ་གཟའ་སངས་རྒྱས་མཚོ། འོད་ལུས་སུ་ཡལ།

༣ ཤེ་དཀར་རྡོ་རྗེ་མཚོ། ཆུ་བོ་ཐང་ལྟར་བརྒལ།

༤ ཚོམ་བུ་བཟའ་པདྨ་མཚོ། རླུང་སེམས་ལྷ་སྐུར་སྨིན།

༥ མལ་གོང་བཟའ་རིན་ཆེན་མཚོ། དར་གོས་ཉི་ཟེར་ལ་བཀལ།

༦ རུས་བཟའ་དོན་གྲུབ་མ། ལྟ་སྟངས་ཀྱིས་བརྟན་མ་བཅུ་གཉིས་ལས་ལ་འགྱེད།

༧ ཤུད་བུ་བཟའ་ཤེས་རབ་མ། བཀའ་དང་བསྟན་བཅོས་ཐམས་ཅད་མ་བསླབ་པར་ཤེས།

༨ ཡར་འབྲོག་བཟའ་ཆོས་ཀྱི་སྒྲོན་མ། གསུང་བཤད་དུས་ནམ་མཁའི་ལྷས་ལེགས་སོ་བསྒྲགས།

༩ འོ་ལྕེ་བཟའ་སྐར་རྒྱལ་མ། ཆོས་ཀྱི་དྲི་བ་ནམ་དགོས་ཡི་དམ་གྱི་ལྷ་ལ་བྱེད།

༡༠ འཛེམ་བཟའ་ལྷ་མོ། བཟའ་བཏུང་གང་དགོས་ནམ་མཁའ་ནས་ལེན།

༡༡ འབར་བཟའ་ལྷ་དབྱངས་མ། གཞན་རྒྱུད་འདུལ་ཐབས་ཤེས།

༡༢ ཅོག་རོ་བཟའ་བྱང་ཆུབ་སྨན། ལུས་མེ་ཆུར་སྤྲུལ།

༡༣ འབྲོམ་བཟའ་སྤམ་ཏི་ཆེན་མོ། ནམ་མཁའ་ལ་བྱ་ལྟར་འཕུར།

༡༤ རོང་སྨན་བཟའ་ཚུལ་ཁྲིམས་སྒྲོན། རྡོ་བ་ཟན་ལྟར་གསོལ།

༡༥ ཁུ་བཟང་དཔལ་བཙུན་མ། བསྙེན་ཕུར་གཡོ་འགུལ་བྱེད།

༡༦ ཕྲུམ་བཟའ་ཤེལ་སྨན། མོ་ཏོག་ནམ་མཁར་འཇོག

༡༧ ཞང་ཞུང་བཟའ་ལི་ཐིག་སྨན། ཐེམ་བུ་བཀོག་པའི་ལྷ་ཁང་བཞེངས།

༡༨ རུ་ཡོངས་བཟའ། བྲག་ལྷ་ཀླུ་ཕུག་གི་རང་བྱུང་རྣམས་གསལ་བར་བརྐོས།

༡༩ མོང་བཟའ་ཁྲི་ལྕམ། ཡེར་པའི་གཙུག་ལག་ཁང་བཞེངས།

༢༠ སྣ་ནམ་རྒྱ་ཚ་ལྷ་སྣང་། སྐུ་ཚེ་བརྟན་པ་བྱང་ཆུབ་སེམས་དཔའི་ལུགས་སུ་པདྨ་སྤུངས་པའི་ལྷ་ཁང་བཞེངས།

༢༡ འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ནམ་བྱང་ཆུབ་སྒྲོན་མ། དགེ་རྒྱས་ཀྱི་བཙུག་ལག་ཁང་བཞེངས།
རབ་བྱུང་བས་བོད་ཀྱི་རབ་བྱུང་མའི་ཐོག་མར་གྱུར།

༢༢ ཚེ་སྤོངས་བཟའ་མེ་ཏོག་སྒྲོན། ཁམས་གསུམ་ཟངས་ཁང་གླིང་བཞེངས།

༢༣ ཕོ་ཡོང་བཟའ། གསེར་ཁང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས།

༢༤ བདག་མེད་མས། བྱམས་སྙིང་རྗེ་བཟོད་དུ་མེད་པས་ཐོས་པ་དགར་རང་གི་བུ་ལས་ལྷག་པར་བསྐྱངས།

༢༥ མྱང་ཚ་དཀར་རྒྱན། རང་གི་ཕ་གཞིས་འཕྲོག་ཅིང་སྡུག་བཏད་མཁན་དག་གི་དགྲ་ཤ་དྲོད་མོ་ལེན།
དགྲ་ཡི་ཁྱིམ་དུ་མི་ཤི་རྟ་འགྱེལ་སྐབས་ཁྱིམ་གྱི་སྟེང་ནས་དགའ་འབོད་བྱས།

༢༦ པེ་ཏ། རང་ཉིད་སྤྲང་ལ་འཁྱར་ནའང་ཟས་གོས་བསགས་ནས་ཇོ་ཇོ་ལ་བརྩེ་བས་སྤྲད།
ཚེ་སྨད་དུ་ཆོས་པ་བཟང་པོར་གྱུར།

༢༧ སྣང་ས་འོད་འབུམ། བར་དོར་སོང་ནས་ཤི་བོའི་འཕྲིན་ཁྱེར་ཏེ་སླར་སྔ་མའི་ལུས་ལ་ཞུགས།
མི་ཡུལ་དུ་འདས་ལོག་ཅེས་གྲགས་པ་འབར།

༢༨ མི་འགྱུར་དཔལ་སྒྲོན། སྨིན་གྲོལ་གྱི་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱ་མང་པོ་ཐར་ལམ་ལ་འདྲེན།
བོད་དང་འབྲས་ལྗོངས་བར་འགྲུལ།

༢༩ བཙུན་མ་གཡུ་ལྷ། ༡༩༠༡ – ༡༩༨༠ ནད་པར་རྩ་གཟིགས་པ་སོགས་གཞན་ཕན་ལ་ཆེར་བརྩོན།
སྐུ་གཤེགས་སྐབས་སྤུར་འོད་དུ་ཞུ་སྟེ་ཕྲུ་གང་ལས་མ་ལྷག།

༣༠ ཇོ་མོ་སྨན་མོ། ༡༢༥༨-༡༢༨༣ ལུས་མ་སྤངས་བར་འདབ་ཆགས་རྒྱལ་པོ་མཁའ་ལ་འཕུར་བ་ལྟར་ནམ་མཁའི་དབྱིངས་སུ་ཇེ་མཐོ་ཇེ་མཐོར་ཨོ་རྒྱན་མཁའ་འགྲོའི་ཚོགས་གྲལ་དུ་གཤེགས།

༣༡ རྟ་མགྲིན་ལྷ་མོ། ༡༩༢༣-༡༩༧༩ དབུ་སྐྲས་མིག་གི་ལིང་ཏོག་མངོན་སུམ་ཕྱི་ནུས་པ་དང་།
ནུ་ཆུ་མིག་ནད་གྲིབ་ནད་ལ་སོགས་སྦྱོང་བའི་མཆོག་ཡིན། གྲྭ་སློབ་མང་དུ་བསྐྱངས།

༣༢ བསམ་ལྡིངས་ཆོས་དབྱིངས་བདེ་ཆེན་མཚོ་མོ། མཁས་གྲུབ་ཀྱི་མཚན་སྙན་རྒྱས།
དགོངས་གཏེར་དཔལ་མོ་སྙིང་ཐིག་སོགས་བརྩམས་ཆོས་མང་། དད་རྫས་རྣམས་རྟེན་དང་བརྟེན་པ་ཉམས་གསོའི་ཕྱོགས་སུ་བཏང་།

༣༣ ནེ་ནེ་ལྡན་བཟང་མོ། ༡༩༠༠- སྐུ་ཚེ་རིལ་པོ་སྒྲུབ་པར་བཞུགས། དགུང་གྲངས་བརྒྱ་ལྷག་བཞུགས།

༣༤ ཤུགས་གསེབ་ལོ་ཆེན་ཆོས་ཉིད་བཟང་མོ། ༡༨༥༣-༡༩༥༨ ཐོས་བསམ་སྒོམ་གསུམ་མཐར་ཕྱིན།

༣༥ སྟག་ལུང་ཆོས་དྲུང་མ་བསྟན་འཛིན་ཆོས་ཉིད་དབང་མོ།

༣༦ ལྷ་རིན་ཆེན་མཚོ། ཡབ་ཀྱི་ཤུལ་དུ་སྡེ་བསྐྱངས། དགྲ་གཉེན་གཉིས་ལ་ངར་ཐོན་ཞིང་བློ་གྲོས་ཀྱི་ལང་འཚོ་བརྟས།
སྐུ་ཚེ་སྨད་ཆོས་ལ་ཞུགས།

༣༧ རྗེ་བཙུན་པདྨ། བཙན་བྱོལ་ནང་བཀའ་ཤག་གི་བཀའ་བློན་གནང་། བུ་ཁྱིམ་གྱི་ལས་འགན་ཁྲོད་བོད་ཕྲུག་མང་པོར་མ་འོངས་མདུན་ལམ་གནང་།

༣༨ ཆོས་དབྱིངས་སྒྲོལ་མ། སྙན་པའི་དབྱངས་རྟ་ལ་དྲངས་པའི་བསླབ་བྱ་བཟང་པོས་མི་མང་གི་བློ་བཀུག
ཉམ་ཐག་གི་བྱིས་པ་མང་པོར་ཟས་གོས་སློབ་སྦྱོང་གི་མཐུན་རྐྱེན་སྦྱར།

རྩོམ་རིག

Post navigation

Previous Post: ཤ་ཚ་བའི་གཏམ་ལ་སྙན་མོ་མེད།
Next Post: བོད་རང་བཙན་གྱི་རྡོ་སེང་གེ

Comments (71) on “འདི་དག་བོད་ཀྱི་མཛངས་མ་རེད།”

  1. ཇ་མ་ says:
    2012-06-22 at 8:44 am

    ད་དུང་ཁ་ཤས་ལྷག་ཡོད་པ་འདྲ། ཁོ་རེ།

  2. མེ་ཏོག་དཀར་པོ། says:
    2012-06-22 at 9:40 am

    སྣོན་ཅིག ཁོ་རེ།

  3. མེ་ཏོག་དཀར་པོ། says:
    2012-06-22 at 9:42 am

    དགེ་རབ་ལགས་ལ་ཐུགས་རྗེ་ཆེ་ཞུ།

  4. ཤར་ཕྱོགས་ཁུག་རྟ། says:
    2012-06-22 at 10:20 am

    ཡག་པོ་འདུག

  5. འདོད་ལྷ་ཁམས་པ། says:
    2012-06-22 at 10:33 am

    ཧྲ་གི་ཡ། ཡག་མོ་རེད།

  6. བཀྲ་ཤིས says:
    2012-06-22 at 10:49 am

    མཛངས་མ་དཔྱད་འདེམས་པ་འདི་ལ་ཕལ་ཆེར་ཆོས་ལུགས་པའི་ངོས་འཛིན་སྟངས་ཀྱི་ཤུགས་རྐྱེན་ཐེབས་པས། མཛངས་མའི་མཛད་རྗེས་ནི་ལྷ་སྒྲུང་དང་རྫུ་འཕྲུལ་ཙམ་ཞིག་ལ་ངོས་བཟུང་འདུག
    རྒྱལ་པོ་གནམ་རི་སྲོང་བཙན་ཡབ་སྲས་ཀྱི་དུས་སུ་བོད་གཅིག་གྱུར་ལ་མཛད་རྗེས་བླ་མེད་བཞག་པའི་མཛངས་མ་བློ་རིག་ཅན་དེའི་བཀའ་དྲིན་མི་གླེང་དོན་ཅི་ཡིན།
    ཆེས་མི་འོས་པ་ནི་རྗེ་བཙན་པདྨ་མཛངས་མའི་གྲས་སུ་བཞག་པས་གཞན་དེ་ཚོའི་མཛངས་གྲལ་རྫོབ་པ་ལས་ཅི་ཡོད།

  7. བོད་ལ་ཞེན། says:
    2012-06-22 at 11:21 am

    བཀྲིས་ཟེར་བའི་བཀྲ་མ་ཤིས་པ་ཁྱོད་ཉོན། རྗེ་བཙུན་པདྨ་མཛངས་མ་ལོས་ཡིན། བོད་མི་རིགས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ཐད་ལ་བྱས་རྗེས་ཧང་སངས་པ་བཞག་ཡོད་པ་འཛམ་གླིང་ཡོངས་ཀྱི་ཤེས་ཀྱི་ཡོད་རེད།

  8. བཀྲ་ཤིས says:
    2012-06-22 at 11:38 am

    ཡ། ཁོ་རེ་བོད་ལ་ཞེན་ཟེར་བའི་སྤྲོ་ཐུང་མི། ཁྱོད་ཁྲོན་པའི་སྦལ་བ་དང་རི་བོང་ཅལ་འདྲོགས་ཡིན་པ་ཐེ་ཚོམ་མི་དགོས། མཛངས་མའི་ལོ་རྒྱུས་འབྲི་དུས་རྗེ་བཙུན་པདྨ་མའི་ནག་ཉེས་ཇི་ལྟར་བརྗོད། ཟམ་གདོང་རིན་པོ་ཆེའི་ཤེས་ཡོན་སྲིད་ཇུས་ལ་དགག་པ་རྒྱག་མི་སུ་རེད། བོད་ཁྱིམ་གྱི་ཁ་ལོ་སྒྱུར་མི་རྗེ་བཙུན་པདྨ་ཟེར་བས་བོད་མིན་རྒྱ་མིན་ཤར་མིན་ནུབ་མིན་གྱི་བོད་ཕྲུག་ར་མ་ལུག་རྐྱང་རྐྱང་བཟོས་པ་ལས། ཁ་ཡོད་ལག་ཡོད་ཀྱི་གནའ་དེང་ཤེས་རིག་ཟུང་འབྲེལ་མི་ནུས་ནའང། དབྱིན་ཡིག་གི་ལམ་ནས་རང་མགོ་ཐོན་པ་བརྒྱ་ཆ་༤༠ཙམ་ཡང་སྐྱེད་བསྲིངས་མ་ནུས་པར་བོད་ཕྲུག་མང་པོའི་མདུན་ལམ་ཆུད་ཟོས་བཏང་། བོད་ཕྲུག་མང་པོ་ཀླད་པ་འཁོར་རྒྱ་མེད་པའི་ལུག་ལྟ་བུར་བཏང་ནའང་། ད་དུང་མཛངས་མར་བརྩི་དགོས་ཟེར་ན། ཁྱོད་གླེན་པ་གཏུ་ཐུག་ཅིག་ཡིན་པ་བཤད་མི་དགོས་པ་རེད་དོ།།

  9. རྫ ་ཚེ་རིང་བཀྲ་ཤིས། says:
    2012-06-22 at 11:45 am

    ད་དུང་བཟོད་པ་རིང་མོ་དང་ལབ་སྒྲོན་སོགས་ཡོད་པ་འདྲ། དབུས་བཟའ་མཁའ་འགྲོ་ཡང་ཡོད་རེད།
    ཏ་རེ་ལྷ་མོ་ཡང་ཡོད་རེད།

  10. མེ་ཏོག་དཀར་པོ། says:
    2012-06-22 at 12:00 pm

    སྲོང་བཙན་སྒམ་པོའི་གཅུང་མོ་པདྨ་དཀར། ཞང་ཞུང་རྒྱལ་པོ་ལིག་མྱི་རྒྱའི་མནའ་མར་ཕེབས། གཅེན་སྲོང་བཙན་དང་གསང་བརྡ་དང་འབྲེལ་ཏེ་ལིག་མི་རྒྱའི་ཆབ་སྲིད་བོད་ཀྱི་མངའ་འབངས་སུ་བཅུག

  11. གླིང་དཀར་ལྷ་རྗེས། says:
    2012-06-22 at 12:00 pm

    མཛངས་མ་དང་མཛེས་མ་གཉིས་ནི་ནོར་ཉེན་འདུག
    སྔ་རབ་དང་དེང་རབ་འཁྲུགས་ཉེན་ཆེ།
    གོང་འཁོད་ཀྱིས་མཛངས་མ་དེ་དག་དེང་དུས་མཛེས་མ་མ་ཡིན།

  12. ཁ་བའི་འོད། says:
    2012-06-22 at 12:10 pm

    ༣༩ དཔའ་མོ་རི་ཀྱོ་ལགས། བོད་མི་རིགས་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས། མཛད་རྗེས་བླ་ན་མཐོ།

  13. མེ་ཏོག་དཀར་པོ། says:
    2012-06-22 at 12:22 pm

    ཁ་བའི་འོད། དེ་ཡིན་དང་ཡིན།

  14. ཀརྨ་ཡེ་ཤེས says:
    2012-06-22 at 12:36 pm

    ད་དུང་རྒྱ་རི་སྒྲོལ་མ། ཚེ་སྐྱིད། སྒྲོན་དཀར་འཚོ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  15. བསྟན་འོད་ says:
    2012-06-22 at 12:49 pm

    བལ་བཟའ་ཁྲི་བཙུན་རིག་ཡག་། རྒྱ་བཟའ་འུན་ཤིང་གོང་འཇོ་་གཉིས་བོད་མིན་གྱང་བྱས་རྗེས་བོད་ལ་བཞག་ཡོད་།
    མེ་ཏོག་དཀར་པོས་གསུངས་ལམངོན་པར་བསྟོད་དོ་།

  16. ཨ་རུ་ར། says:
    2012-06-22 at 1:00 pm

    ཤིན་ཏུ་ལེགས།

  17. ལ་སྟོད་བུ། says:
    2012-06-22 at 1:11 pm

    དཔལ་ལྡན་ལྷ་མོ།
    ཁྲོས་མ་ནག་མོ།
    བོད་ཀྱི་བླ་སྤྲུལ་ཆེན་མོ་དག་གི་གསང་ཡུམ་རིགས་མ་ལས་སོགས་ཀྱང་འདིར་འཁོད་དགོས་འདུག

  18. རིག་པའི་བུ། says:
    2012-06-22 at 1:12 pm

    ཨ་མ་རྗེ་བཙུན་པདྨའི་ནོར་འཁྲུལ་ཆེ་ཤོས་གཅིག་དེ་ཏཱ་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དེ་བཟོས་སོང་། ཐོག་མར་ཚང་མས་རོགས་སྐྱོར་བྱས་ཏེ་ཝ་ཎ་མཐོ་སློབ་ཀྱི་ཡན་ལག་གམ། མཉམ་འབྲེལ་ལྟ་བུའི་མིང་ཐོག་ནས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཏེ། རྒྱལ་སྤྱིའི་ངོས་ལེན་ཡོད་པའི་མཐོ་སློབ་ཚད་ལྡན་ཞིག་འཛུགས་འཆར་བྱས་པ་རེད། ཨ་མ་རྗེ་བཙུན་པདྨས་དེ་ཁས་མ་བླངས་པར་བརྟེན། རྒྱ་གར་ལ་དེབ་སྐྱེལ་བྱེད་ཐབས་མེད་པ་རེད། ད་ལྟ་ཁོང་ཚོའི་ལག་ཁྱེར་དེ་བོད་ཁྱིམ་ལས་གཞན་སུ་གཅིག་གིས་ངོས་ལེན་མེད་པ་ཆགས་ཡོད་པས། དེང་སྐབས་སློབ་མ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
    ཝ་ཎ་མཐོ་སློབ་ཀྱི་མིང་གཡར་ནས་དེབ་སྐྱེལ་བྱེད་ཐུབ་སོང་ན། འཛིན་སྐྱོང་དང་སློབ་གཉེར་སོ་སོས་གང་བྱས་རེད་མོད། བྱུང་མ་སོང་།

  19. དྭངས་བླངས་པ says:
    2012-06-22 at 1:29 pm

    མཛངས་མའི་གོ་དོན་གང་ཡིན་ཡག་པོ་གཟིགས་དང། རྗེ་བཙུན་པད་མ་ཅེས་པའི་རྗེ་བཙུན་དེ་༧གོང་ས་མཆོག་གིས་སྐུའི་སྲིང་མོ་ཡིན་པའི་དབང་ལས་མིང་དེ་མི་ཐོག། ད་དུང་བོད་པ་ཡིན་ཡང་བོད་ཡིག་སྦྱོང་ན་ལྟོ་གོས་མི་རག་ཚུལ་སློབ་གྲྭ་ཁག་ལ་ཟེར་མཁན་དེ་ཡང་ཁོང་མིན་ན་སུ་རེད། ཕྱོགས་རེས་དང་འཐེན་ཁྱེར་ཡོད་ཀྱང་འགོ་འཛིན་འདོད་པ་ཞི་མིའི་རང་སྟུག་གསེར་དུ་བསྒོམ་པ་ཞིག་མ་ཡིན་ནམ།

  20. གཙན་ནག་པ་ says:
    2012-06-22 at 1:42 pm

    ༣༨ ཆོས་དབྱིངས་སྒྲོལ་མ། སྙན་པའི་དབྱངས་རྟ་ལ་དྲངས་པའི་བསླབ་བྱ་བཟང་པོས་མི་མང་གི་བློ་བཀུག མོ་མཛངས་མ་ཡིན་ན་དཔེ་བསགས་པ་རེད། བལ་ཡུལ་རྒྱ་མའི་གཞུང་ཚབ་ཁང་གིས་ལོ་ལྟར་བོད་པ་རྒྱལ་ཚོང་བ་དང་རྒྱའི་རྒྱུགས་ཁྱི་བོད་མི་རྣམས་ལོ་གསར་གཏོང་སྲོལ་ཡོད་པ་ཇི་བཞིན་ཕྱི་ལོ་ ༢༠༠༩ ལོར་ཆོས་དབྱིངས་སྒྲོལ་མ་སྐུ་མགྲོན་གཙོ་བོ་དེ་རེད། དེ་མ་ཤེས་ན་ཁག་མེད། སྐབས་རེ་བོད་པ་རྣམས་ནས་གནས་ཚུལ་རྒྱུས་ལེན་དང་ཉམས་ཞིབ་མེད་པར་འུར་སྒྲོགས་བྱེད་བཞིན་ཡོད་པ་དེ་ཡང་ཡག་པོ་མ་རེད།

  21. མི་བུ་ says:
    2012-06-22 at 5:39 pm

    ད་རོ་རྙིང་པ་དེ་ཚོ་ཡར་སློང་ན་ཅི་བྱེད། རྣམ་རྟོག་རེད། རྒྱབ་རྐྱང་རྐྱང་ལ་བལྟས་ནས་མ་སྡོད། མདུན་ལ་ལྟོས་དང། གོང་དུ་འཁོད་པའི་བུད་མེད་རྣམས་ནས་རེ་གཉིས་མ་གཏོགས་མང་ཆེ་བས་དམིགས་བསལ་ཀྱི་བྱས་རྗེས་གང་ཡང་བཞག་མེད། དེ་ལས་ད་ལྟ་རང་རེའི་མིག་མདུན་དུ་མཐོང་རྒྱུ་ཡོད་པའི་མཛངས་མར་བདག་པོ་ཡག་པོ་བརྒྱབ་ན་གང་འདྲ་འདུག འདིར་སུ་གཅིག་གིས་ཀྱང་བོད་ཀྱི་འཇམ་དབྱངས་སྐྱིད་དང་འོད་ཟེར་སོགས་མ་མཐོང་བ་ནི་དངོས་གནས་ད་དུང་ལྷ་མི་འདྲེ་གསུམ་བསྲེས་ནས་དོན་དམ་དེ་ཉིད་སུ་ཡི་ལོ་རྒྱུས་ཡིན་པ་ཤེས་པར་དཀའ་ལ་ཟེར་འགྲོས་ཙམ་གྱི་་རྗེས་སུ་འཇུག་པའི་བརྟུལ་ཤུགས་འཛིན་པ་ནི་ཡ་ང་སྙིང་རྗེའི་ཡུལ་དུ་ཟད། མདོར་ན། མཛངས་མ་ཡིན་མིན་དེ་གནས་ལུགས་རྒྱུ་མཚན་དྲངས་ནས་བཤད་ན་དགེ་མཚན་འདྲ་ཐོན་སྲིད་པ་ལས་མིང་སྐམ་པོ་ནི་ཁྲི་སྟོང་མང་པོ་བྲིས་ཀྱང་དེ་ནི་སྣག་ཤོག་ཟན་པའི་རྒྱུ་ལས་གཞན་ཅི།།

  22. འཁྱམས་པོ says:
    2012-06-22 at 6:41 pm

    རེད་འབྲི་བ་པོ་གྲྭ་རྒན་ཞིག་ཡིན་ཐག་ཆོད་རེད་མང་ཆེ་བ་ཆོས་ལུགས་པ་རྐྱང་རེད་ད་དུང་ཨ་ནེ་ཡང་མང་པོ་འདུག་་་་་་

  23. སྤྲུལ་སྐུ་དབང་ཆེན says:
    2012-06-22 at 7:35 pm

    མི་ཆོ་མེད་དེ་ལ་བསམ་བློ་དང་གཏམ་ཡང་ཆོ་མེད་ཅིག་མ་གཏོགས་ག་བ་ཡོད་རེད། ཨ་ནེ་ཆོས་དབྱིངས་སྒྲོལ་མའི་རྐུབ་ལྡག་མཁན་ཞིག་ཡིན་པ་འདྲ། མོས་མ་ཎི་པད་དབྱངས་རེ་དང་བལ་བོའི་གཞས་རེ་གཏོང་བ་མ་གཏོགས་བོད་གཞས་གཙང་མ་ཞིག་བཏང་བ་མཐོང་ཐོས་ཡོད་པས། རིགས་ངན་མགར་བ་ཚེ་ཐར་ཚང་བལ་བོ་ན་མ་རབ་ལ་ཚད་བཞག་སའི་ཁྱིམ་ཚང་ཞིག་དང་། ཨ་ནེ་ཆོས་དབྱིངས་གཞང་འཚོང་མ་རྒྱ་བོད་བལ་གསུམ་ལ་སྐད་གྲགས་ཡོད་པ་ཞིག་བོད་ཀྱི་མཛངས་མ་བཞག་ན། ཁྱོད་མེ་ཏོག་འདབ་ཟད་དཀར་པོའི་དཀྱིལ་ན་ནག་ཐིག་ཅན་ཁྱོད་བལ་བོ་དང་ཡང་ན་འབྲུག་པའི་ཕྲུག་གུ་བོད་པའི་དགོན་པ་ནང་ལྟོ་བསྐྱལ་བསྡད་མཁན་རེ་ཡིན་ན་མ་གཏོགས་བོད་པ་ཡིན་གྱི་མ་རེད། ང་ཚོ་བོད་པའི་བུ་མོ་ཚང་མ་མི་རིགས་གཞན་དག་ལ་བསྡུར་ན་་མཛངས་མ་རྐྱང་རྐྱང་ཡིན། རིགས་ངན་བལ་མོ་ཆོས་དབྱིངས་སྨད་འཚོང་མ་དེ་དགོས་དོན་མེད་པ་ཧ་གོ་བར་གྱིས།།

  24. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-22 at 7:54 pm

    ད་དུང་ཀིར་རྟི་སྒྲོལ་དཀར་ལྷ་མོ་ལྷག་འདུག། ཧཧཧ་་

  25. ཀུན་གསལ་ཟླ་བ། says:
    2012-06-22 at 9:44 pm

    ད་དུང་སྒྲ་དབྱངས་ལྷ་མོ། ལས་ཅན་སྐལ་ལྡན་རྣམས་ཀྱི་མགྲིན་པར་ངག་གི་དངོས་གྲུབ་སྩོལ་བ་དང་སྙན་ངག་གི་བྱིན་རླབས་གནང་མཁན།

  26. མེ་ཏོག་དཀར་པོ། says:
    2012-06-22 at 10:14 pm

    ༡ དབང་ཆེན་ཟེར་མཁན་སྤྲུལ་སྐུས་མིང་གིས་ལྟོ་འཚོལ་མཁན་ལས་ངན་དེས་ག་རེ་བཤད་གི་ཡོད། མགར་བ་ཡིན་ན་མཛངས་མ་ཡིན་མི་ཆོག་རྒྱུ་ཅི་ཡོད། བལྟས་ངན་འདི་ཚོ་ད་དུང་རིགས་མཐོ་དམན་སོགས་གཅིག་སྡུད་ལམ་ལུགས་ཀྱི་དྲི་མ་མ་ཡལ་བར་ལྷག་སྡོད་མཁན་དེ་འདྲ་རེད་འདུག་ཨང་།
    ༢ ཆོས་ལུགས་ཐོགས་ནས་བྱས་རྗེས་བཞག་ན་ཉེས་པ་གང་ཡོད། ངས་བལྟས་ན་དེ་ཚོ་ཡང་བྱས་རྗེས་རེད་འདོད།
    ༣ དཔལ་ལྡན་ལྷ་མོ་ཟེར་བ་དེ་ནི་མི་ཡིན་གྱི་མ་རེད།
    ༤ གྲྭ་རྒན་གྱིས་ཡི་གེ་བྲིས་མི་ཆོག་པ་རེད། ངས་བལྟས་ན་རང་དབང་ལུང་པར་གྲྭ་པ་དང་གྲྭ་མིན་སུས་ཀྱང་ག་རེ་བྲིས་ནའང་འགྲིག

  27. མེ་ཏོག་དཀར་པོ། says:
    2012-06-22 at 10:26 pm

    མི་བུ་སོགས་འདིར་ཕེབས་ནས་བསམ་འཆར་གསུངས་པར་བཀའ་དྲིན་དགའ་ཚོར་སྦོམ་ཡོད།

  28. སྐྱུ་རྩི་ནས། says:
    2012-06-22 at 11:08 pm

    ཚེ་རིང་འོད་ཟེར་དང་། དཔའ་མོ་ཀུན་གླིང་ཀུནབཟང་ལགས། རྣམ་གཉིས་གཅེས་པའི་སྲོག་དགྲ་བོའི་ལག་ཏུ་བཞག་ནས་སྐུ་ལས་སྐྱོན་མཁན་ཀྱང་ཆད་པ་ཡིན་ནམ་ལྷག་པ་ཡིན་ཅི་མི་ཤེས་ད་ཁོ་རེ།

  29. གཙན་ནག་པ་ says:
    2012-06-22 at 11:40 pm

    ཆོས་དབྱིངས་སྒྲོལ་མ་རིགས་བཟང་ངན་གང་ཡིན་ཀྱང་བོད་མོ་དཀྲུས་ཀྱང་མི་དག་པ་ཞིག་ཡིན་པ་ཀུན་གྱི་ཤེས་གསལ་རེད་དེར་འགྲེལ་བཤད་ཞུ་དགོས་མེད། འོན་ཀྱང་རྒྱ་མའི་གཞུང་ཚབ་ཁང་ནང་དུ་གངས་ཅན་རྒྱའུ་དང་ཆོས་དབྱིངས་སྒྲོལ་མ་སོགས་རྒྱུགས་ཁྱི་ཚོགས་ཁག་ལོ་གསར་མཉམ་གཏོང་བྱ་མཁན་ཞིག་ཡིན་པ་ཀུན་གྱི་མཁྱེན་པ་གནང་རོགས།

  30. མེ་ཏོག་དཀར་པོ། says:
    2012-06-22 at 11:42 pm

    ཏན་ཏན་ཆད་པ་རེད།
    ཇི་སྐད་དུ། ཁྱོད་ཀྱི་མ་མཐོང་ཤེས་བྱ་མང་། །བོང་བུའི་མ་བགྲོད་ལམ་ཁ་མང་། །ཞེས་པ་ལྟར་རེད།

  31. གངས་སྤྲེལ་ཚ། says:
    2012-06-23 at 12:00 am

    ཆོས་དབྱངས་སྒྲོལ་མ་མཛངས་མ་་ཨ་་ཧ་ཧ

  32. ཚངས་པ། says:
    2012-06-23 at 12:08 am

    ཁྱེད་རང་གི་མཛངས་མ་འདེམས་སྟངས་དེ་ལྟར་ཨེ་ཡིན། རང་ལ་ཁྱོ་བོ་བུ་ཕྲུག་ཡོད་བཞིན་དུ་ལོག་གཡེམ་གབ་མཐུན་བྱས་ནས་རྗེས་སུ་ཁྱོ་བོ་གཞན་དང་ཆང་ས་རྒྱབ་པ་སོགས་བྱེད་མཁན་མཛངས་མ་རེད་དམ།

  33. བསྟན་འོད་ says:
    2012-06-23 at 12:34 am

    རང་གིས་རང་ལ་སྤྲུལ་མིང་འདོག་མཁན་དབང་ཆེན་ཟེར་བ་ཁོས་བོད་པ་ཡོད་དོ་ཅོག་མ་རབ་གྱི་བྱ་སྤྱོད་ཁོ་ན་ལ་ཞུགས་མཁན་དང་། དེ་ལ་ལྟ་སྟོགས་བྱེད་མཁན་གྱི་དབང་ཆ་ཁོ་གཅིག་པུ་ལ་ཡོད་འདོག་དང་། ད་ལྟ་བོད་གྱི་བུད་མེད་ནི་མི་རིགས་གཞན་གྱི་བུད་མེད་ལས་ཀྱང་མཛངས་མ་ཡིན་ཚུལ་བཤད་འདུག་། ད་གཞི་ནས་གོ་སོང་ཁྱེད་ཀྱིས་ནམ་རྒྱུན་དམོད་པར་བྱེད་སའི་བོད་པ་ནི་སྐྱེས་པ་ཁོ་ན་རེད་འདུག་། བོད་ལ་ཕོ་ཡོད་ཚད་ཀུན་གྱི་ཐ་མ་དང་།
    མོ་ཡོད་ཚད་གཞན་ལས་ཁྱད་འཕག་ཞིག་དུ་ངོས་འཛིན་གནང་གིན་འདུགས་།
    གཞན་སྐྱོན་བལྟ་བའི་མིག་ཟུང་ཤིན་ཏུ་ཡངས་།
    རང་སྐྱོན་དཔྱད་པའི་ཐུགས་དགོང་ཀུན་ནས་དོག་།

    ཕོ་ལ་ལྐུག་པ་མོ་ལ་མཛང་མ་ཟེར་།
    ཡོད་ཚད་མོ་རུ་གྱུར་ན་ཁྱེད་བློ་བདེ་།

  34. འཁྱམས་པོ says:
    2012-06-23 at 12:49 am

    རེད་ཡ་་་་་་་་་རང་དབང་ལུང་བ་ནས་གྲྭ་བས་བྲིས་ན་ལོས་ཆོག་་་་་འོན་ཀྱང་གྲྭ་པས་མཛངས་མ་འདེམས་པ་དང་མཛངས་མ་དེའང་ཨ་ནེ་དང་ཆོས་ལུགས་པ་རྐྱང་གིས་གྲུབ་པ་དེ་་་་་་་་དེ་འདྲའི་ལན་པོ་ཞིག་ཨེ་ཡིན་ནམ་་་་་་་་་་

  35. མེ་ཏོག་དཀར་པོ། says:
    2012-06-23 at 1:06 am

    ད་ཡང་གོ་ལོག་འཐེབ་འདུག ངས་སྤྱིར་བཏང་བཤད་པ་ཡིན། འདི་བྲིས་མཁན་གྲྭ་པ་ཡིན་པ་བརྗོད་མེད།

  36. ལྷ་མོ་སྒྲོལ་མ་ says:
    2012-06-23 at 2:06 am

    ངའི་ཆེ་དད་གུས་བྱེད་སའི་བོད་ཀྱི་མཛངས་མ་ཚེ་རིང་འོད་ཟེར་འདིར་བྲིས་མི་འདུག་ངས་མཁས་མི་ལེན་ཐག་ཆོད་ཡིན་

  37. གཡུ་བྲག་པ says:
    2012-06-23 at 2:22 am

    ཧཧཧཧཧཧཧཧཧཧཧཧཧཧཧ། མུག་གེ་ཐང་ན་རྟ་མགོ་སྐམ་པོ་རྩོད་མཁན་བྱིས་པ་འདི་ཚོ་ཤ་ཚ། ཨུ་ཤུ། རུལ་དྲུ་ཁ་བའི་ཡུལ་གྱར་བ་ཡ།

  38. jamyang.choedon says:
    2012-06-23 at 2:36 am

    མཛངས་མ་ཟེར་ན་ཚེ་རིང་འོད་ཟེར་་་་་་་་་་་་དཔའ་མོ་ཚེ་རིང་འོད་ཟེར་་་་་་་་་་་་་་་་་་་་་མཁས་དབང་ཚེ་རིང་འོད་ཟེར་་་་་་་་་་་་་་་་མཛེས་མ་ཚེ་རིང་འོད་ཟེར་་་་་་་་་་་་་་་་་་་་ག་རི་བྱས་སོང་་་་་་་་་་་་་་་་་ག་རི་བྱས་སོང་་་་་་་་་་་་་་་་་་་་་་་ག་རི་བྱས་སོང་་་་་་་་་་་་་་་་་ཁྱོད་ཀྱི་མིག་ཅི་ཞིག་གིས་སྒྲུབས་པ་ཡིན་ནམ་་་་་་་་་་་་་་་་་་་་་

  39. མེ་ཏོག་དཀར་པོ། says:
    2012-06-23 at 2:41 am

    ངས་དྲན་ཚོད་ཅིག་བྲིས་པ་ཙམ་ལས་ད་དུང་མཛངས་མ་དུ་མ་ཞིག་གི་མཚན་ཆད་ཡོད་ཐག་ཆོད་རེད། མཚན་དང་མཛད་རྗེས་མདོ་ཙམ་རེད་སྣོན་རོགས།
    བོད་ཀྱི་བུད་མེད་རྒྱལ་ལོ། །བོད་ཀྱི་མཛངས་མ་རྒྱལ་ལོ།།

  40. གངས་སྤྲེལ་ཚ། says:
    2012-06-23 at 3:05 am

    པཎ་གཞིས་རིག་འཛིན་དབང་མོ་ནི་མཛངས་དང་བོད་ཀྱི་བདག་མོ་གཉིས་ཡིན་་ཡིན་པས་འདིར་མཇ་འགོད་དོན་ཅི། དེ་བརྗེད་ཟེར་ན་ཨ

  41. ཨ་ལྕགས་འབྲུ་ཕྲུག says:
    2012-06-23 at 3:18 am

    བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་བུད་མེད་སྐོར་ཞིག་གི་མཚན་རུབ་ཏེ་བསྡུས་ཏེ་འདིར་བཀོད་འདུག་པ་དག་ལ་དག་ལ་སྤྱིར་ལྷ་སྒྲུང་དང་རྟོག་བཟོའི་ཆ་གཏན་ནས་མེད་པའི་མཛངས་མ་རྐྱང་ཡིན་མི་སྲིད་མོད། གང་ལྟར་ཀྱང་ངེད་ཅག་རྗེས་རབས་པ་ཚོས་ཁ་མིག་ཡར་ལྟ་བྱེད་སའི་མཛངས་མ་ཞེས་ཡ་རབས་སྤྱོད་བཟང་དང་ཐབས་མཁས་ཐུགས་མཛངས་ཀྱི་བུད་མེད་ཁག་ཅིག་བཞེངས་བསྐྲུན་བྱས་ཡོད་པ་འདི་དགེ་མཚན་ཆེ། ད་དུང་དྲ་གྲོགས་འགས་གསུངས་པ་ལྟར་དེང་དུས་འཚོ་ཞིང་བཞུགས་པའི་མཛངས་མ་གསོན་པོ་བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཚེ་རིང་འོད་ཟེར་དང་གཞས་མ་འཇམ་དབྱངས་སྐྱིད། དེ་བཞིན་རྒྱལ་གཅེས་སྐུ་གཤེགས་དཔའ་མོ་དཔལ་ལྡན་ཆོས་མཚོ་དང་་་་་མཚན་ཅི་བཞིན་མ་ངེས་ཀྱང་བོད་མི་རིགས་ཀྱི་དོན་དུ་སྐུ་ལུས་མཆོད་མེར་ཕུལ་བའི་དཔའ་མོ་སྙིང་སྟོབས་ཅན་འགའ་ཞིག་བྱུང་བ་དག་ནི་ངེས་པར་དུ་བོད་ཀྱི་མཛངས་མའི་གྲས་སུ་བཞག་དགོས་སོ།

  42. ལུང་རྟོགས། says:
    2012-06-23 at 3:21 am

    བོད་ཀྱི་ལོ་རྒྱུས་སྟེང་གི་འཛང་མ་སྐད་གྲགས་ཆེ་ཤོས་ནི་འགྲོ་གཟའ་ཁྲི་མ་ལོད་ཞེས་པ་དེ་རེད། སྲས་དགུང་ན་ཆུང་བའི་དབང་གིས་ཁོ་མོས་ལོ་མང་རིང་བོད་ཀྱི་རྒྱལ་སྲིད་ཚག་ཚུད་སྐྱང་བ་རེད་ལ། བུད་མེད་ཅིག་གིས་བོད་བཙན་པོའི་རྒྱལ་སྲིད་སྐྱོང་མཁན་ནི་མོ་རང་ལས་བྱུང་མྱོང་མེད་པ་རེད། དེས་ན་ཁོ་མོ་འདིར་མེད་པ་ནི་ཆད་སྐྱོན་ཆེན་པོ་རེད།

  43. ལུང་རྟོགས། says:
    2012-06-23 at 3:26 am

    རྗེ་བཙུན་པད་མ་ནི་བོད་ཡིག་གི་གཤེད་མ་ཡིན་པས་བོད་པའི་འཛང་མའི་གྲལ་ལ་ནམ་ཡང་འཇོག་མི་འོས།

  44. ཀརྡོ་གཉེར་ཕྱག་པ་ says:
    2012-06-23 at 3:30 am

    གྲི་གུམ་བཙན་པོའི་སྐབས་ཀྱི་རུ་ལས་སྐྱེས་ཀྱི་མ་ཡུམ་དང་། གཅེན་མོའི་དཔའ་མཛངས་སོགས་ལ་ཡང་སྤྱན་ཞིབ་གནང་གལ་ཆེ་བར་ཞུ།

  45. མེ་ཏོག་དཀར་པོ། says:
    2012-06-23 at 3:44 am

    འབྲོ་ཟ་ཁྲི་མ་ལོད།

  46. དབང་ཆེན་ says:
    2012-06-23 at 4:04 am

    བོད་ཀྱི་མཛེས་མ་དང་། བོད་ཀྱི་འཛངས་མ། བོད་ཀྱི་དཔའ་མོ། སོགས་རེ་རེ་ལའང་ཐུན་མིན་གྱི་འཇོག་བྱེད་རེ་ཡོད་པ་ལས། བོད་མོ་སྐད་གྲགས་ཅན་ཡོད་ཚད་འཛངས་མར་གོ་བ་ལེན་རྒྱུ་མེད། དེས་ན་མཛེས་མ་ནི་གཟུགས་མཛེས་མིན་གྱིས་འཇོག་གི་ཡོད་པས་རྒྱལ་སྤྱིའི་མཛེས་མ་འདེམས་སྟངས་དང་གཅིག་པ་བྱེད་ཆོག འཛངས་མ་ནི་མི་རིགས་སོ་སོའི་རིགས་གཞུང་དང་མཐུན་པའི་རིན་ཐང་གི་ལྟ་ཚུལ་ཅིག་གི་ཐོག་ནས་འཇོག་དགོས།། དཔའ་མོ་ནི་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཆེན་པོ་བྱས་པ་རྣམས་འཇོག་དགོས། ད་དུང་གླུ་མ་གྲགས་ཆེན་ལ་སྐར་ཆེན་ཟེར་དགོས། ཡང་ན་གྲགས་སྐར་ཟེར་དགོས།

  47. མེ་ཏོག་དཀར་པོ། says:
    2012-06-23 at 4:09 am

    ལུང་རྟོགས་ཀྱིས་གསུངས་པ་བདེན་པ་རེད།

  48. དོལ་སྨྱོན། says:
    2012-06-23 at 6:03 am

    ཆོས་དབྱིངས་སྒྲོལ་མའི་ནུ་མ་ཆེ་ལུགས་དང་།།
    ཆོས་དབྱིངས་སྒྲོལ་མའི་འཕོངས་ཚོས་ཆེ་ལུགས་དང་།།
    ཆོས་དབྱིངས་སྒྲོལ་མ་ཆགས་ཉམས་ཆེ་ལུགས་སོགས།།
    གང་ལ་བལྟས་ཀྱང་ང་ནི་བློ་མ་བདེ།།

  49. ཐུབ་བསྟན says:
    2012-06-23 at 6:39 am

    ད་དུང་རྒྱལ་དབང་ཀརྨ་པས་སྲིང་མོ་དངོས་གྲུབདཔལལ་མོ་ཡོད་རེད

  50. ཀརྡོ་གཉེར་ཕྱག་པ་ says:
    2012-06-23 at 6:46 am

    ཁ་བརྡར་ཉུལ་བའི་ངལ་དུབ་ཀྱིས། །

    ནུ་མ་ཆེན་པོར་་མཐོང་བས་ཡིད་སྡོམ་ཤོར། །
    འཕོངས་ཚོས་ཆེན་པོར་རེག་པས་ལུས་སྡོམ་ཤོར། །
    ཆགས་ཉམས་ཆེན་པོར་བཤད་པས་ངག་སྡོམ་ཤོར། །
    དོལ་ཕོ་དབྱིངས་མོའི་ཕྱོགས་སུ་ཤོར་ཉེན་འདུག །

    ངལ་བ་གསོ་ཕྱིར་ཚིག་ཀྱལ་ཤོར། །

  51. དོལ་སྨྱོན། says:
    2012-06-23 at 7:05 am

    ཧ་ཧ་ཧ་ཧ་ཧ་ཧ་ཧཧཧཧཧཧཧ

  52. མེ་ཏོག་དཀར་པོ། says:
    2012-06-23 at 7:58 am

    སྟུ་ཡོད་ཚད་ཀྱི་མིང་འདིར་བཅུག་མ་འོངས་ཨ། ཐུབ་བསྟན་ལགས།

  53. བོད་ལ་ཞེན། says:
    2012-06-23 at 8:11 am

    ཨ་ནེ་ཆོས་དབྱིངས་སྒྲོལ་མ་མཛངས་མ་ཡིན་ན་ཚེ་བརྟན་སྒྲོལ་མ་ཡང་མཛངས་མ་ཡིན་རྒྱུ་རེད།

  54. ཐབས་ཇུས་ཅན says:
    2012-06-23 at 8:22 am

    ཨ་ནེ་ཆོས་དབྱིངས་སྒྲོལ་མའི་ཁྱོ་ག་ནེ་པ་ལེ་ཞིག་ཡིན་པ་འདྲ། རེད་པས

  55. མཁན་པོ་ཉི་མ། says:
    2012-06-23 at 8:42 am

    ༡) རང་དབང་རྩོམ་པ་བོ་ཚེ་རིང་འོད་ཟེར།
    ༢) རང་དབང་རྩོམ་པ་བོ་འཇམ་དབྱངས་སྐྱིད།
    ༣) གླུ་མ་རིག་འཛིན་སྒྲོལ་མ།
    ༤) གླུ་མ་ཚེ་དབང་ལྷ་མོ།
    ད་དུང་རང་ལུས་མེར་རུ་སྒྲོན་གནང་མཁན་གྱི་བུད་མེད་རྣམས་བཅས།

  56. མཁན་པོ་ཉི་མ། says:
    2012-06-23 at 8:50 am

    ཏཱ་ལའི་བླ་མ་མཐོ་སློབ་ཀྱི་མཐར་ཕྱིན་ལག་འཁྱེར་དེ་Indra Gandi National Open University (IGNO) བརྒྱུད་ནས་སྤྲོད་བཞིན་ཡོད་པས་གཙུག་ལག་སློབ་གཉེར་ཁང་གཞན་དག་དང་འདྲ་བར་ངོས་ལེན་ཡོད།

    དཀའ་ངལ་ཆེ་ཤོས་ནི་མཐོ་སློབ་དེར་དགེ་རྒན་ཚད་ལྡན་མེད་པ་དང་བོད་རིགས་སློབ་མ་གཅིག་བུ་ཙམ་ཡིན་པས་རེད། ད་དུང་མང་་་་་་་་་་

  57. མེ་ཏོག་དཀར་པོ། says:
    2012-06-23 at 10:03 am

    མཁན་པོ་ཉི་མས་གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དགེ་རྒན་ལ་ཁྱེད་རང་ཕེབས་ན་ཡག་ས་རེད།

  58. ཧོར་བུ་ཡེ་ཤེས says:
    2012-06-23 at 10:24 am

    མཁན་པོ་ཉི་མ་ལགས་ཁམས་བཟང་། ས་ར་དང་ཝ་ན་ནས་སློབ་མཐར་ཕྱིན་པ་རྣམས་ཀྱི་ཕྱག་ལས་གནང་ཐུབ་ཀྱིན་མེད་རེད་དམ་དེ་ཚོ་ལ་ཚད་ལྡན་གྱི་ལག་འཁྱེར་མེད་པ་རེད།་ང་ཚོའི་སྤྱི་ཚོགས་ནང་ལས་མེད་ག་ཚོས་མི་འདུག་གམ། ལྷག་པར་དུ་རྡ་ས་མི་འཁྱིམ་ཤེས་ཡོན་ཅན་ག་ཚོད་འདུག། དེ་ཚོ་ལ་ལས་ཀ་མི་སྤྲོད་པ་ཅི་ཡིན་ནམ། དེང་སང་དྲ་བ་དང་ཚགས་ཤོག་ཐོག་ཏུ་གསལ་སྒྲག་གང་མང་བཟོས་ན་ཡག་པོ་ཡོད་པ་མཁྱེན་རྒྱུ་རེད། དེ་མིན་རང་དགའ་ས་ཁོ་ནའི་མི་ནི་ཧ་ཅང་དཀའ།

  59. ཁ་རུ་ཁ་ཐུག says:
    2012-06-23 at 12:22 pm

    བློ་བཟང་དབང་རྒྱལ་གྱི་མཛངས་མ་དེ་ཚོ། མཛངས་མའི་གྲལ་དུ་འཇོག་དགོས་རེད་དམ། མཛེས་མའི་གྲལ་ལ་འཇོག་དགོས་རེད།

    སྐུ་ལུས་མེར་བསྲེགས་གཏོང་གནང་མཁན་དེ་ཚོ་ངོ་མ་བོད་ཀྱི་མཛངས་མ་དངོས་གནས་དེ་ཚོ་རེད།

  60. ཨ་ལྕགས་འབྲུ་ཕྲུག says:
    2012-06-23 at 12:51 pm

    བློ་བཟང་དབང་རྒྱལ་གྱི་གར་སྟེགས་སྟེང་གི་བོད་མོ་དེ་ཚོ་ལའང་མཛངས་མ་ཞེས་མིང་ཐོགས་ཡོད་ལུགས་ཤིག་ཐོས། དེ་དག་ལ་མཛངས་མ་ཟེར་ན་གང་འདྲ་འདུག དྲ་བའི་གྲོགས་པོ་ཚོ།

  61. ནུབ་ཕྱོགས་གངས་ཕྲུག་ says:
    2012-06-23 at 1:04 pm

    ཆོས་དབྱིངས་སྒྲོལ་མ་ཨ་ནེ་རྫུན་མ་རེད། སྤྲུལ་སྐུ་དབང་ཆེན་སྤྲུལ་སྐུ་རྫུན་མ་རེད། ཁོ་གཉིས་ཀྱི་ལོ་རྒྱུས་ངའི་ཤེས།

  62. རྫ་ཕྲུག says:
    2012-06-23 at 1:07 pm

    ནང་པའི་ཆོས་ལུགས་ལ་ཞེན་པ་ལོག་པའི་གྲོགས་པོ་རྣམ་པ། བོད་པ་ཚང་ལ་ནང་ཆོས་དང་མ་འབྲེལ་བ་དང་ནང་ཆོས་ལས་ལྷག་པའི་ཡོན་ཏན་གཞན་ཞིག་འཛམ་གླིང་ལ་ངོམ་ཆོག་པ་ཞིག་ཡོད་ན་གསུང་རོགས་ཤེས་འདོད་ཧ་ཅང་ཆེ།

  63. སྤྲུལ་སྐུ་དབང་ཆེན says:
    2012-06-23 at 1:31 pm

    ནུབ་ཕྱོགས་གངས་ཕྲུག་བདེན། ཆ་རྒྱུས་ཡོད་ཚོད་གདའ། ངོས་ལེན་ཞུ་ཆོག

  64. ཐུབ་བསྟན says:
    2012-06-23 at 2:53 pm

    མེ་ཏོག་ངཀར་པོ་ལགས། ཁྱེད་ཀྱི་གདམས་པས་མཛངས་མ་འདི་ཚོ་ཚང་མ་སྟུ་མེད་པ་ཨེ་རེད།

  65. སྣྲོན་ངག་ཁྲི། says:
    2012-06-23 at 6:10 pm

    བོད་ཀྱི་མཛངས་མའི་མཚན་ཉིད་ཡོད་དེ།།
    བོད་མི་རིགས་ཀྱི་ཟབ་ཁྱད་འབུར་དུ་ཐོན་པ་གང་ཞིག ལུགས་གཉིས་ཀྱི་ལྟ་སྤྱོད་གང་རུང་ལ་མཛད་རྗེས་
    གཟེངས་སུ་ཐོན་པའི་སྤྱོད་ཡོན་གཉིས་ལྡན་གྱི་དྭངས་གཙང་ལུས་ཕྲ་མ་དེ་ཡིན་པའི་ཕྱིར།
    མཚན་གཞི་ནི། ༸རྒྱལ་ཡུམ་ཆེན་མོ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། གྲགས་ཅན་གླུ་མ་ཟླ་གཞོན། སྒྲོན་བྷེ་སོགས་པའི་མཛད་རྗེས་ཅན་རྣམས་རེ་རེ་ནས་ཆོས་ཅན།

  66. གཙན་ནག་པ་ says:
    2012-06-23 at 9:12 pm

    ཧོར་བུ་ཡེ་ཤེས་ལགས་ས་ར་དང་ཝ་ན་ནས་མཐོན་པའི་སློབ་མ་རྣམས་ཀྱི་ཕྱག་ལས་གནང་ཐུབ་ཀྱི་ཡོད་མེད་མི་ཤེས་ཀྱང་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་བོད་དགེ་ཚད་ལྡན་ཞིག་འཚོལ་དགོས་བྱུང་ན་རྒྱ་མཚོའི་ནང་ནས་ཁབ་འཚོལ་བ་དང་གཅིག་མཚུངས་ཡིན་པས་དེའི་གང་སྟོན་གྱི་ཡོད་དམ།

  67. འཁྱམ་པོ says:
    2012-06-24 at 12:30 am

    བོད་ཀྱི་མཛངས་མ་ངོ་མ་ནི་བསྟན་འཛིན་དབང་མོ་དང་། དཔལ་ལྡན་ཆོས་མཚོ། རྟ་མགྲིན་ཆོས་འཛོམས། ཚེ་རིང་སྐྱིད། རིན་ཆེན། རི་སྐྱོད་བཅས་སོ། རྒྱུ་མཚན་ནི་སྨོན་མེད་བཤད་མ་དགོས་པ་རེད།

  68. སྤྲུལ་སྐུ་དབང་ཆེན says:
    2012-06-24 at 12:10 pm

    བོད་ཀྱི་མཛངས་མ་ཡིན་ན་བློ་བཟང་དབང་རྒྱལ་གྱི་མཉམ་དུ་ཟླ་གཅིག་གི་ཉལ་རོགས་ཡིན་དགོས་པའི་ག་ལ་ཁྱབ།

  69. སྣྲོན་ངག་ཁྲི། says:
    2012-06-30 at 3:05 pm

    མིང་དོན་མཚུངས་པའི་བོད་ཀྱི་མཛངས་མ་ཡིན་ན་སྤྱོད་ཡོན་གཉིས་ལྡན་ཡིན་པས་ཁྱབ་
    ཀྱང་། བོད་ཀྱི་མཛེས་མ་ཡིན་ན་ཚུལ་འཆལ་གྱི་མེ་ཏོག་ཐང་ཁུག་མ་ཡིན་པས་མ་ཁྱབ་ལ་ཡིན་པས་ཀྱང་མ་ཁྱབ་བོ།
    བོད་ཀྱི་དཔའ་མོ་ཡིན་ནའང་མཛེས་མ་དང་མཛངས་མ་གང་རུང་ངམ་གཉིས་ཀ་
    ཡིན་པའི་ཁྱབ་པ་ནི་ནམ་ཡང་མེད་དོ།

  70. གཞོན་ནུ་ཟླ་མེད། says:
    2012-06-30 at 8:32 pm

    གོང་གི་མཛངས་མ་དེ་ཚོ་མཛངས་མ་ཡིན་མིན་རྡ་སའི་བོད་ཀྱི་མཛངས་མ་དཔྱད་འདེམས་པ་བློ་བཟང་དབང་རྒྱལ་ལ་སྤྱན་འབུལ་ཞིག་ཞུས་ན་ཤེས། ཁོང་གིས་གཅིག་བྱས་ན་དེའི་ནང་ན་མཛངས་མ་གཅིག་ཀྱང་རེག་གི་མ་རེད། ཡང་ན་ཆ་ཚང་མཛངས་མ་རེད་ཟེར་ན་ཐང་། ཨ་ཁུ་ཚོའི་སྤྱན་ལམ་ན་ཡོད་པའི་མཛངས་མ་དེ་དག་ཕོ་སར་ཚོའི་མཛངས་མར་བརྩི་མིན་མི་ཤེས་ཡ།

  71. མེ་ཏོག་དཀར་པོ། says:
    2012-07-01 at 12:23 am

    དཔྱོད་ལྡན་ཟླ་མེད་འདིར་ཕེབས་པ་བཟང་། ཉིན་ཤས་འདི་ནང་བན་བོན་གྱི་ཁ་དམག་ནང་ལ་ཕེབས་མེད་དམ། ད་མཆན་བུ་སྒོ་རྒྱབ་པ་འདྲ། མཆན་བུ་གཞན་པའང་མཐོང་རྒྱུ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme