Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་དང་ལྕམ་ཨང་སང་སུ་ཀི་མཇལ་འཕྲད་མཛད་པ།

Posted on 2012-06-202012-06-20 By ཁ་བརྡ་ 18 Comments on ༸གོང་ས་མཆོག་དང་ལྕམ་ཨང་སང་སུ་ཀི་མཇལ་འཕྲད་མཛད་པ།

༼དབུས་བོད་མིའི་སྒྲིག་འཛུགས་དྲ་ཚིགས་ནས་འདྲེནབཀོད་ཞུས།༽

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༩ ཉིན་བྷར་མའི་མང་གཙོ་དོན་གཉེར་བ་ལྕམ་སྐུ་ཨང་སང་སུ་ཀི་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་མགྲོན་ཁང་དུ་ཆེད་བཅར་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ལྕམ་སྐུ་མཆོག་ལ་བཀའ་སློབ་སྩལ་དོན། སྐུ་ཉིད་དང་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། སྐུ་ཉིད་ཀྱིས་སྙིང་སྟོབས་དང་ཆོད་སེམས་ལ་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད།


སྐུ་ཉིད་རང་གི་ཕ་དམ་པ་ལྟར་ཆོད་སེམས་བཅང་སྟེ་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ཆེད་ལྷག་བསམ་ཧུར་སྐྱེད་ཀྱིས་འབད་བརྩོན་དེར་བྱ་བ་ལམ་ལྷོང་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན། སླད་ཀྱང་སྐུ་ཉིད་དང་མཇལ་རྒྱུའི་རེ་བ་ཡོད་ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས། ༸གོང་ས་མཆོག་གིས་ལྕམ་སྐུ་མཆོག་ལ་མཇལ་དར་དང་སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་གསོལ་རསསྩལ་ཡོད།
དེ་རྗེས་༸གོང་ས་མཆོག་གིས་ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་དུ་མང་གཙོའི་རིན་ཐང་དང་བོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་བཅས།།

གསར་འགྱུར།

Post navigation

Previous Post: ༼སྒྲ་སྒྲུབ་རིག་པ༽དཔེ་དེབ་གསར་ཐོན།
Next Post: ༸གོང་ས་མཆོག་དང་ལྕམ་ཨང་སང་སུ་ཀི་མཇལ་འཕྲད་མཛད་པ།

Comments (18) on “༸གོང་ས་མཆོག་དང་ལྕམ་ཨང་སང་སུ་ཀི་མཇལ་འཕྲད་མཛད་པ།”

  1. གཅན་ཡེ་རྒྱམ། says:
    2012-06-20 at 8:52 am

    ཁོང་ལྷན་རྒྱས་མཇལ་འཕྲད་གནང་བར་དགའ་ཚོར་ཆེན་པོ་བྱུང་། བོད་རྒྱལ་ལོ།།

  2. རྒན་བྲག says:
    2012-06-20 at 8:57 am

    ཁོང་རྣམ་པ་གཉིས་ཁྲི་ལོར་བརྟན་པར་ཤོག

  3. མིག་བརྒྱད་པ། says:
    2012-06-20 at 9:17 am

    འཛམ་གླིང་ཞི་བདེ་དང་རང་དབང་དམངས་གཙོ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །

  4. མེ་ཏོག་དཀར་པོ། says:
    2012-06-20 at 9:40 am

    ཧ་ཅང་གི་གནས་ཚུལ་བཟང་པོ་རེད། བཀྲ་ཤིས་བདེ་ལེགས་ཞུ།

  5. ཇ་མ་ says:
    2012-06-20 at 10:15 am

    ཡག་པོ་ཞེ་དྲག་འདུག

  6. མི་བུ་ says:
    2012-06-20 at 4:31 pm

    གལ་སྟེ་བོད་པའི་མི་ཆེན་བླ་ཆེན་ཚོས་རྨོའོ་ལགས་་འདི་ནང་བཞིན་དམངས་ཀྱི་འགོ་ཁྲིད་ནས་དཀའ་ངལ་བརྒྱབ་ཐུབ་པ་ཡིན་ན་བོད་དོན་ལ་ནམ་ཞིག་རྒྱལ་ཁ་ཐོབ་མི་སྲིད་པ་མ་རེད་བསམ་གྱི་འདུག འོན་ཀྱང་རང་ཅག་གངས་ཅན་པ་ཚོ་ནི་བདག་སྐྱུར་གཞན་ཕན་བྱེད་མཁན་དང་། ཡོད་ཚད་སྐྱེ་བ་སྔ་ཕྱིའི་ལས་རྒྱུ་འབྲས་ཁོ་ནར་ཡིད་ཆེས་ཅན། བྱམས་དང་སྙིང་རྗེའི་བདག་ཉིད་ཅན་འབའ་ཞིག་ལགས་པས་ད་ལྟའི་གནས་སྟངས་ལ་འགྱུར་ལྡོག་འགྲོ་དཀའ་མོ་རེད། བོད་མིའི་བསམ་བློར་གསར་བརྗེ་ཞིག་མ་བྱུང་བར་བོད་ཀྱི་ཆབ་སྲིད་དང། སློབ་གསོ། སྤྱི་ཚོགས་དེ་དེང་དུས་ཀྱི་འགྲོ་བ་མི་སྤྱི་དང་མཐུན་པའི་ལམ་སྟེང་དུ་སླེབས་ཁག་པོ་རེད། ད་འོ་ན་བོད་མི་རིགས་འདི་བཞིན་མ་ཤི་གསོན་གནས་བྱེད་རྒྱུར་ཐབས་ཤེས་གང་ཞིག་ཡོད་དང་ཞེ་ན། དེ་ནི་ཇི་ལྟར་བྱས་ནས་འཛམ་གླིང་སྤྱི་སྤྱོད་ཀྱི་ཡར་རྒྱས་ཀྱི་བསམ་བློ་དང། རིག་ཚན་སྣ་ཚོགས། མི་ཆོས་དང་མི་ཡི་རིན་ཐང་རྩ་འཛིན་ཀྱི་སློབ་གསོའི་མ་ལག་ནང་འདྲེན་བྱས་ཐོག་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་སྒྲོམ་གཞི་བྱས་པའི་་བོད་མིའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་དང་མི་ཐུབ་ལ་རག་ལས་ཡོད། དེས་ན་ཁ་བརྡ་ལ་སོགས་པའི་དྲ་རྒྱའི་ཐོག་ཆག་ཏོ་ཉག་ཏོ་དང་ཟ་བེ་ཟི་བེ་འཆལ་ཆོལ་རྩོམ་རལ་བྲིས་ནས་མི་སྡོད་པར་ཕྱི་རྒྱལ་གྱི་རིག་གནས་གསར་པ་བོད་ཡིག་ཐོག་ངོ་སྤྲོད་དང། ཤེས་བྱ་གསར་པ་རང་རིགས་ཀྱི་་རིག་གནས་ཁོངས་སུ་ངོ་སྤྲོད་དང་མཁོ་བསྡུ། རྒན་དར་གཞོན་གསུམ་ཚང་མའི་བློ་སྒོ་འབྱེད་ཐུབ་པའི་ལྷུག་རྩོམ་དང་སྙན་ངག། བོད་ཀྱི་སྐད་དང་རིག་གནས་ཕུན་ཚོགས་སུ་འགྲོ་བར་ཕན་རླབས་ཆེ་བའི་རིག་ལམ་དཔྱད་ཐབས་ཀྱི་རྩོམ་ཡིག་དང། སྙན་ཇིབ་ལྡན་ལ་སློབ་གསོའི་ནུས་པ་ལྡན་པའི་སྒྲུང་རྩོམ་སོགས་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ལྡན་པར་སེམས་པས་ཚང་མས་དེ་དོན་སྙིང་ལ་འཇོག་རོགས། ཁོ་བོས་ཀྱང་བསྒྱུར་དེབ་ཚན་རིག་པའི་མེས་པོ་ཨ་དབྱིན་སེ་ཐན་དང་། འཛམ་གླིང་གི་ལོ་རྒྱུས། རྩོམ་དེབ་ཏ་ལའི་བླ་མའི་ཕོ་བྲང་དཀར་པོའི་རྨི་ལམ་དང། ལྡེའུ་དཀར་ནག་གཉིས་–ཨ་རི་དང་རྒྱ་ནག་པོའི་གཡོ་སྒྱུ བོད་ཀྱི་མི་རབས་གསར་བ–བོད་གཡག་དང་རྒྱ་སེང་གི་རྒྱུད་པ་སོགས་མིངཅན་གྱི་དེབ་ཚོགས་ཤིག་མགྱོགས་པོ་ཀློག་པ་རྣམས་ཀྱི་སྤྱན་སྔར་བསྟར་ཐུབ་རེ་བྱེད་བཞིན་ཡོད་དོ།

  7. སྐྱུ་རྩི་ནས། says:
    2012-06-20 at 4:46 pm

    འཛམ་གླིང་ཞི་བདེའི་སྟོན་པ་༧གོང་ས་མཆོག་དང་། རང་གི་ལུང་པ་དང་མི་མང་གི་ཆེད་དུ་བརྩེ་བའི་བཟའ་ཟླ་དང་། བུ་ཕྲུག་བློས་གཏོང་གིས་མང་གཙོ་དང་རང་དབང་གི་ལམ་སྟོན་དཔའ་མོ་རྣམ་པ་གཉིས་་སྐུ་ཚེ་ཡུན་ཏུ་བརྟན་པར་ཤོག

  8. བསྟན་འོད་ says:
    2012-06-20 at 7:16 pm

    ཞི་བདེའི་གླིང་ག་ཞིག་ན་་
    ཞི་བདེའི་ལྷ་བྱ་རྣམས་གཉིས་།
    ཞི་བདེར་གཇལ་འཕྲད་འདིའང་།
    ཞི་བདེ་སྨོན་དོན་ལུས་ཡིན་།

  9. འདོད་ལྷ་ཁམས་པ། says:
    2012-06-20 at 8:53 pm

    འཛམ་གླིང་ཞི་བདེ་འཇིག་རྟེན་ཡོངས་ལ་ཁྱབ། །
    མི་དམངས་མང་གཙོ་ས་གཞི་ཀུན་ཏུ་དར། །
    ཞི་བདེ་དེད་དཔོན་སྐུ་ཚེ་བསྐལ་བརྒྱར་བརྟན། །
    མང་གཙོ་སྣེ་འཁྲིད་ཕྱོགས་བཞི་ཀུན་ནས་རྒྱལ། །

  10. ལུང་རྟོགས། says:
    2012-06-21 at 1:58 am

    རླབས་ཆེན་གྱི་མི་ཞིག་ཆགས་དགོས་ན། རླབས་ཆེན་གྱི་བློས་གཏོང་རེ་དགོས་པ་ལས། རང་ཉིད་ཀྱི་ཁ་ཕོར་དང་ཁྱིམ་ཚང་ཙམ་སྲུང་སྡོད་མཁན་དག་ནི་ནམ་ཡང་རླབས་ཆེན་གྱི་མི་ཞིག་ཆགས་མི་སྲིད།

  11. གཉིས་མེད་སེངྒེ says:
    2012-06-21 at 4:02 am

    ཞི་བདེའི་དེད་དཔོན་ཚོའི་དཔུང་རྡང་གཅིག་ཏུ་སྦྲེལ་ཏེ། རྭ་ཅོ་ཅན་གྱི་དཔོན་ངན་ཚོ་སུན་ཕྱུངས་ཤིག

  12. རིག་པའི་བུ says:
    2012-06-21 at 7:02 am

    མི་བུས་གསུང་བ་བདེན་པ་རེད། དེ་ལྟར་དྲན་ནས་ཡུན་རིང་འགོར་ཟིན། ཉིད་ཀྱིས་དངོས་སུ དེ་ལྟར་གནང་བ་ཐུགས་རྗེ་ཆེ། སྒུག་ནས་ཡོད།

  13. ཁྲི་རལ་པ། says:
    2012-06-21 at 12:10 pm

    མི་གཅིག་ལ་ལམ་འགྲོ་སོང་དུས་དེ་ངོམས་སོ་ལ་ཁྱེར་ཏེ་རང་མི་རིགས་ཀྱི་དབུ་ཁྲིད་ཚོར་སྐྱོན་འདོགས་བྱེད་པ་ནི་སོ་སོར་རང་ཚུགས་མེད་པར་རླུང་གར་གཡུག་སར་ཁ་ཕྱོགས་པའི་རྟགས་རེད།
    བོད་ཀྱི་བླ་ཆེན་ཚོས་སོ་སོའི་མི་རིགས་ཆེད་དཀའ་སྡུག་མྱོང་བ་ཨང་སན་སུ་ཅི་ལས་ལྡབ་འགྱུར་ཆེ་བ་མེད་ན་ཆུང་ང་ཏན་ཏན་མེད།དཔེ་མཚོན་བཞག་ན་༧པཎ་ཆེན་རིན་པོ་ཆེ་དང་༧གུང་ཐང་ཚང་སོགས་ལོ་ག་ཚོད་བཙོན་དུ་བཞུགས་ཡོད།ཁོང་ཚོ་གཅར་རྡུང་མནར་གཅོད་དང་ངལ་རྩོལ་བསྒྱུར་བཀོད་སོགས་བྱས་པའི་མནར་གཅོད་དེ་འདྲ་མགོ་སེར་གྱི་མནའ་མ་དེས་མྱོང་མེད་པ་མངོན་གསལ་དོད་པོ་རེད།བོད་ཕྱི་ནས་༧གོང་ས་མཆོག་དང་༧ཀརྨ་པ།༧ས་སྐྱ་གོང་མ་དང་ཆོས་རྒྱལ་དྲུང་པ།བླ་མ་ཡེ་ཤེས་སོགས་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཆེད་མི་ཚེ་གང་བོར་སྐུ་ངལ་གང་ཙམ་བསྐྱོན་ཡོད་བོད་མི་བསམ་ཡོད་ཅིག་ཡིན་ན་སེམས་ནང་གསལ་པོ་རེད།
    ད་ཆ་འབར་མའི་ནང་གི་འགྱུར་ལྡོག་གསར་པ་དེ་ཨང་སན་སུ་ཅི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་བཟོས་བཞག་པ་ཅིག་མ་ཡིན་པར།གཙོ་བོ་འབར་མ་འཛམ་གླིང་སྤྱི་ལ་འབྲེལ་མེད་ཟུར་སྡོད་ཀྱིས་རྒྱ་ནག་ཁོ་ནར་སྐྱབས་བཅོལ་བར་ཁེ་ཕན་གང་མེད་པ་ཤེས་པའི་ཐོག་ནས།ཆབ་སྲིད་བསྒྱུར་བཅོས་ཀྱིས་ཕྱི་ལ་དཔལ་འབྱོར་སྒོ་འབྱེད་བྱས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་མ་རྩ་འཛུགས་རྒྱུ་སོགས་འབར་མའི་དམིགས་ཡུལ་རེད་ལ།ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨང་སན་སུ་ཅི་ལ་བསྟན་པའི་རྣམ་འགྱུར་དེའང་འབྱུར་འགྱུར་གྱི་སོ་སོའི་འབར་མའི་ནང་གི་ཆབ་སྲིད་དང་ཚོང་གི་ཁེ་ཕན་ཙམ་རེད།
    ལར་ད་ཆའི་འབར་མའི་ནང་འགྱུར་བ་གསར་བ་ཅིག་འགོ་འབུས་བཞིན་པ་དེ་འགོ་གཙོ་ཐེན་སན་སོགས་ཀྱི་བསམ་བློ་ཙམ་རེད།ལྕམ་ཨང་སན་སུ་ཅི་འབར་མའི་དམག་སྤྱི་ཚོ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་བར་གྱི་རྩེད་ཆས་སྤོ་ལོ་ཙམ་རེད།
    དེ་ཚོ་ཤེས་པའི་ཐོག་ནས་བལྟས་ན་ཡག་པོ་ཡོད་པ་རེད།

  14. དགེ་ལེགས། says:
    2012-06-21 at 9:20 pm

    ༄།།ད་ལྟ་བོད་མིའི་ཁ་ན་བྱང་ཆེ་བ།།༧རྒྱལ་བའི་ཞབས་བརྟན་གངས་རི་ར་བ་མ།།གསུང་མཁན་སུ་ཡིན་མ་ཤེས་དཔྱད་པའི་ཚེ།།ཞབས་དཀར་ཚོགས་དྲུག་རང་གྲོལ་རང་རྣམ་དུ།།རྒྱལ་དབང་མཇལ་སྐབས་ཡན་ལག་བདུན་པ་བཅས།།གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་འདིར།།ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།སྤྱན་རས་གཟིགས་དབང་ལུང་རྟོགས་རྒྱ་མཚོ་ཡི།།ཞབས་པད་སྲིད་མཐའི་བར་དུ་བརྟན་པར་ཤོག །སྐྱེ་བ་ཀུན་ཏུ་ཞེས་སོགས་ཞབས་བརྟན་ཕུལ།།དེ་ལྟ་ནའང་རྗེས་ཟློས་ཡིན་ནམ་སྙམ།།ཏག་ཏག་མིན་པའི་ཁོ་བོའི་དྲན་ལམ་དུ།།རྒྱལ་དབང་བདུན་པས་ལོ་ཀེ་ཤྭ་རའི་དྲུང་།།གདུང་ཡུས་གསོལ་འདེབས་{ སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམན་ལ་འཚེ།།སོགས་}ཚིག་དོན་ལས་འཕྲོས་ཏེ།།ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ཁོ་བོས་ཀྱང་།།༧རྒྱལ་བའི་ཞབས་བརྟན་གངས་རི་ར་བ་མ།།ཁ་ཏོན་ཡིན་ལབ་ཞྭ་སྒབ་པ་ཡིས་དྲངས།།ཡང་གཅིག་མཁས་དབང་འཇམ་དབྱངས་ནོར་བུ་ཡིས།།རང་བཙན་དན་རྟགས་རྒྱལ་གླུའི་མཚམས་སྦྱོར་དུ།།རྒྱལ་གླུ་སྲིད་ཞི་མ་ཡི་སྔ་རོལ་ཏུ།།གངས་རི་ར་བ་མ་འདི་རྒྱལ་གླུར་བཞེད།།ཡང་སྙིང་ཞབས་བརྟན་འདི་ཀོ་སུ་ཡིས་གསུངས།།མཁྱེན་མཁན་རྣམས་ཀྱིས་གསལ་བཤད་གནང་བར་ཞུ།།

  15. ཇོ་ཇོ། says:
    2012-06-22 at 6:40 am

    ངས་སྔ་མོ་ནས་༸གོང་ས་མཆོག་དང་ལྕམ་ཨང་སང་སུ་ཆི་གཉིས་མཇལ་འཕྲད་ཅིག་བྱུང་ན་སྙམ་ནས་སྒུག་ཡོད། དེ་རིང་ངའི་མིག་གི་ལོངས་སྤྱོད་དུ་དོན་འདི་མངོན་དུ་འགྱུར་བ་སེམས་ཧ་ཅང་དགའ་བྱུང་། ཨེ་ཤ་ཡའི་ནང་མང་གཙོའི་ཀ་བ་ལྟ་བུའི་སྐྱེས་ཆེན་གཉིས་རྣམ་པར་རྒྱལ་གྱུར་ཅིག སྐུ་ཚེ་བརྟན་པར་ཤོག ཁོང་གཉིས་ཀ་བཀས་བཀོད་རྒྱུད་འཛིན་པ་ཞིག་ནས་འགྱུར་བ་བྱུང་སྟེ། དེང་སྐབས་འཛམ་གླིང་འདིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་དབུ་འཁྲིད་བླ་མེད་གཉིས་སུ་གྱུར་པ་རེད། འབར་མའི་ནང་ལྩམ་ཨང་སང་སུ་ཆི་ལོ་ངོ་ཉི་ཤུ་བཟང་བརྩོན་དུ་བཞུགས་པ་རེད་ལ་སྐུ་སྲོག་ལ་ཡང་ཉེན་ཁ་འཕྲད་པ་རེད། འོན་ཀྱང་། ང་ཚོ་བོད་པའི་སྐྱེས་ཆེན་དམ་པའི་ནང་ནས་ཀྱང་ལྕམ་ཨང་སང་སུ་ཆི་ལས་སྐུ་ལས་མང་བ་བཀྱོན་མཁན་གྱི་སྐྱེས་བུ་མང་པོ་བྱུང་ཡོད། སྔོན་དུ་དྲ་གྲོགས་ཤིག་གིས་བཤད་པ་བཞིན། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། གུང་ཐང་རིན་པོ་ཆེ། འབའ་པ་ཕུན་ཚོགས་དབང་རྒྱལ། བཀྲ་ཤིས་ཚེ་རིང་བཅས་ཀྱིས་བོད་ཀྱི་ཆོས་དང་ཆབ་སྲིད་དང་རིག་གཞུང་བཅས་ཀྱི་ཆེད་བསམ་ཡུལ་ལས་འདས་པའི་སྐུ་ལས་བཀྱོན་ཡོད། བཙན་བྱོལ་ནང་དུ་ཡང་། ༸གོང་ས་མཆོག་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཀྱིས་ལུས་བཙོན་དུ་བཞུགས་དགོས་མ་བྱུང་ཡང་། སྐུ་ལས་ཚད་མེད་བཀྱོན་ཡོད།

  16. སྒྲོན་མེ་རྐང་གཅིག says:
    2012-06-23 at 1:51 am

    སྐྱེ་འགྲོ་སྤྱིའི་བདེ་རྩ་ཁོ་ནའི་ཆེད་ཉིན་མཚན་ལྟོས་མེད་དུ་སྐུ་ངལ་ཁྱད་བསད་ཀྱི་ཕྱག་ལས་གནང་མཁན་འཛམ་གླིང་གི་མགོན་པོ་སྟེ། ༸གོང་ས་མཆོག་དངལྕམ་ཨང་སང་སུ་སྐྱི་རྣམ་གཉིས་ནི་མིའི་རིགས་ཀྱི་དྲང་བདེན་དང་འཚེ་མེད་ཞི་བའི་བདེན་དཔང་རེད།
    ཁོང་གཉིས་ལྟ་བུའི་རླབས་ཆེན་གྱི་སྐྱེ་ཆེན་རྣམས་སྐུ་ཚེ་ཡུན་དུ་བརྟན་པར་སྨོན།

  17. ཡེ་ཤེས། says:
    2012-06-25 at 1:11 am

    ཐུགས་རྗེ་ཆེ།

  18. ཏི་སར་ནས། says:
    2012-06-25 at 4:00 pm

    ཞི་བདེའི་དད་དཔོན་རྣམ་གཉིས་མཇལ་འཕྲད་ཐུབ་པ་དགེ་མཚན་ཆེ། ད་དུང་དེ་བས་སྨོན་འདུན་ཞུ་རྒྱུ་ཞིག་ལ། འབལ་མ་དངོས་སུ་དམངས་ཅོའི་རྒྱལ་ཁ་ཐོབ་རྗེས། གོས་ས་མཆོག་འབལ་མར་ཞབས་འབྱོར་ཐུབ་པ་དང་། མང་ཚོགས་ལ་་ཞི་བདེ་དང་ཆོས་ཀྱི་སྦྲང་ཆར་ཞིག་འབེབ་ཐུབ་པར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme