Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་ ༢ ཀྱིས་མེར་བསྲེགས།

Posted on 2012-06-202012-06-21 By ཁ་བརྡ་ 46 Comments on བོད་མི་ ༢ ཀྱིས་མེར་བསྲེགས།

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

དེ་རིང་ཕྱི་དྲོ་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་གྲོང་རྡལ་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁང་ཚན་གྱི་གྲྭ་བློ་བཟང་སངས་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཐོག་རང་ལོ་ ༢༢ ཡིན་པའི་ངག་དབང་ནོར་འཕེལ་དང་། རང་ལོ་ ༢༤ ཡིན་པའི་བསྟན་འཛིན་མཁས་གྲུབ་གཉིས་ཀྱིས་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་རྡལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ངག་དབང་ནོར་འཕེལ་ནི་ཨ་མདོ་རྔ་བ་རྫོང་གི་ཡིན་འདུག་ལ། ཕ་མིང་ལ་ལྷག་པ་དོན་འགྲུབ་དང་ཨ་མའི་མིང་ལ་ཚེ་རིང་དབྱངས་ཅན་འབོད་ཀྱི་ཡོད་འདུག ལོ་ཤས་གོང་རྫ་སྟོད་དུ་ཡོང་སྟེ་བསྡད་ཡོད་འདུག བསྟན་འཛིན་མཁས་གྲུབ་ལགས་ནི། ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་ཞིང་།ཕ་མིང་ལ་ལེགས་གྲུབ་དང་མ་སྐྱིད་འཛོམས་།དེ་སྔོན་ཟིལ་དཀར་དགོན་གྱི་གྲྭ་བ་ཡིན་ལ་ཉིས་སྟོང་དྲུག་ལོར་སྐྱ་སར་བབས་འདུག

ཉེ་ཆར་ཁོང་གཉིས་ཀྱིས་མེར་བསྲེགས་མ་བཏང་བའི་སྔོན་དུ་ཞལ་ཆེམས་ཡི་གེ་ཅིག་བཞག་ཡོད་པའི་ནང་། ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་པར་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་ཏུ་བརྟན་པ་དང་། གཞན་ཡང་ཁོང་མྱུར་དུ་བོད་ལ་ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་བསྲེགས་ཀྱི་ལས་གཞི་འདི་འདེམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོའི་བོད་ནང་ཁུལ་ནས་རྒྱག་རེས་རྒྱག་རྒྱུ་དང་། ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མ་བྱེད་པའི་དམ་བཅའ་དང་། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་འཁོད་འདུག

གསར་འགྱུར།

Post navigation

Previous Post: ཡེ་རྡོའི་རྩོམ་བཏུས༼ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་གཏམ་གླེང་དང་བྱ་སྤྱོད་ལ་དཔྱད་པ༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
Next Post: བོད་མི་ ༢ ཀྱིས་མེར་བསྲེགས།

Comments (46) on “བོད་མི་ ༢ ཀྱིས་མེར་བསྲེགས།”

  1. ཆོས་འཛིན says:
    2012-06-20 at 8:11 am

    ཨོཾ་མ་ཎི་པདྨེ་ཧཱུཾ།

  2. ཀཱི་ལུང་ཐུབ་བཟང་ says:
    2012-06-20 at 8:20 am

    གསར་འགོད་པ་ལགས། དྲ་ཚིགས་མ་རེད། དྲྭ་ཚུགས་རེད།

  3. བསྟན་འཛིན། says:
    2012-06-20 at 8:25 am

    ཨོཾ་མ་ཎི་པདྨེ་ཧཱུཾ། ཁོང་ཚོ་བདེ་བ་ཅན་སྐྱེས་པ་དང་ཁོང་ཚོའི་འདོད་དོན་ཐམས་ཅད་མྱུར་དུ་འགྲུབ་པར་སྨོན་སྨོན་སྨོན།

  4. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-20 at 8:33 am

    དག་བཅོས་ཏོག་ཙམ་མཁས་དྲགས་མི་འདུག་གམ། དྲྭ་ཚུགས་ཡིན་གྱི་མ་རེད། དྲྭ་ཚིགས་མིན་ནམ།

  5. གཟུར་གནས་བློ་ལྡན་། says:
    2012-06-20 at 8:39 am

    གོང་ས་མཆོག་ནས་བཀའ་སློབ་ཞལ་གསལ་ཞིག་གནང་ནས་མེ་བསྲེག་ཀྱི་ལས་འགུལ་འདི་མཚམས་འཇོགས་ཐབས་ཞིག་གནང་ཐུབ་ན་ དེ་མིན་སྙིང་རྗེ་།

  6. གཟུར་གནས་བློ་ལྡན་། says:
    2012-06-20 at 8:47 am

    ད་དུང་རང་འདོད་ཆེ་བ་འགས་སྨྱུག་མིང་གི་འོག་ནས་བསམ་ཚུལ་འདོནམི་ཆོག་བར་འདོད་བ་སོགས་ནི་དམར་ཤོག་གི་བྱེད་ཐབས་དང་མཚུངས་ཤིང་། སྨྱུག་མིང་བཀོས་བའི་དགོས་པ་ཅམ་ཡང་མ་མཐོང་བ་ཡིན་།

  7. རྡོ་དོན་ says:
    2012-06-20 at 8:55 am

    བོད་ཀྱི་གཏམ་དཔེ་ལ། བཟུང་ན་ལག་པ་བསྲེགས་ཀི བཏང་ན་རྫ་མ་ཆག་གི་ཞེས་པ་ལྟར་ང་ཚོས་རང་གི་ལག་པ་ཙམ་ཞིག་བསྲེགས་པ་ནི་དངོས་གནས་བཟོད་གནས་བྲལ་བ་ཞིག་ཏུ་་ངོས་འཛིན་མོད། འདི་ལྟར་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་རང་ལུས་ཡོངས་རྫོགས་འདི་ལྟར་རང་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་ཕུལ་བ་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་། བདེན་དོན་གླེང་གིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ལ། ཚ་ཞིང་བསྲེགས་པའི་མེ་དམར་པོས་ངེད་མི་རིགས་ཀྱི་དཔའ་བོ་དཔའ་མོ་དག་འདི་ལྟར་བསྲེགས་ནས་གཞོབ་སོང་ཡང་། ད་དུང་བདེན་པའི་མིག་ཅིག་འབྱེད་མི་ཐུབ་པ་གང་ཡིན་ནམ། བླ་མ་དཀོན་མཆོག་ཟེར་བ་ཞིག་ཡོད་དམ། ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ། ཡོད་ན་་་་་་་་་

  8. རྡ་སའི་གླུ་བ says:
    2012-06-20 at 9:08 am

    བོད་པའི་བདེན་དོན་གྱི་འཐབ་རྩོད་འདི་ཆེ་ནས་ཆེ་རུ་འགྲོ་རྒྱུ་ལས་ཆུང་དུ་འགྲོ་རྒྱུ་ཞིག་ག་ལ་ཡིན། ཐོག་མར་བོད་མིའི་མངོན་འདོད་ཤོག་ངོས་སུ་བྲིས་ནས་གྱང་ངོས་སྦྱར་བ་ལ་རྡུང་གཅོག་གིས་བཙོན་དུ་བཅུག་ལོ་མང་འཇུག་པ་དང་། དེ་ནས་བོད་མིའི་བཙན་རྒོལ་གྱི་ངོ་བོ་ཤུགས་ཆེ་རུ་བཏང་ནས་མི་ཁ་ཤས་མཉམ་འཛོམས་ཀྱིས་ཁྲོམ་དུ་ངོས་སུ་ཐོན་ནས་སྐད་འབོད་གནང་བ། དེ་ལ་ཡང་དྲག་གནོན་ཆེ་རུ་བྱས་པར་བརྟེན་སྟོང་ལོ་བརྒྱད་པའི་ལོར་བོད་མདོ་དབུས་ཁམས་གསུམ་ནས་སྡེབས་ལངས་བྱས་པར་རྒྱ་གཞུང་གིས་ངོས་འཛིན་ལོག་པའི་ལམ་བྱས་པར་བརྟེན། རང་ལུས་མེར་མཆོད་ཀྱི་ལས་འགུལ་འདི་བྱུང་བ་དང་། དེ་ལ་ཡང་རྙེད་འདོགས་དང་ངོས་འཛིན་འདྲ་མིན་བྱས་པ་ལས་རྒྱ་གཞུང་གིས་བསམ་ཤེས་གུ་ཡངས་་མ་བྱས་་པར་བརྟེན། བར་ལམ་འདི་ནས་མི་གཉིས་རེས་མཉམ་དུ་མེར་བསྲེགས་ཀྱི་ལས་འགུལ་སྤེལ་གྱི་ཡོད། ད་ནི་མངོན་འདོད་འདི་ལ་རྒྱ་གཞུང་གིས་ཡ་ལན་མེད་ཚེ། རྗེས་སོར་རྒྱ་གཞུང་ལ་འགྱོད་པ་རྟས་མི་ཐེག་པ་ཞེས་པ་དེ་མི་ཡོང་བའི་ངེས་པ་མེད་དོ།

  9. ཆོས་འཕེལ་དར་རྒྱས་ says:
    2012-06-20 at 9:18 am

    རོང་བ་རྣམས་མར་ཁུ་བླུད་པ་དང་།
    འབྲོག་པ་རྣམས་ལ་ཕག་ཤ་ཟ་འཇུག་པ།
    འདོད་ན་བཙན་གྱིས་འགོག་པ་མི་རུང་ལ།
    མ་འདོད་ནན་གྱིས་བསྐུར་བ་ག་ལ་རུང་།
    — དགེ་འདུན་ཆོས་འཕེལ་གྱི་གསུང་ལ་འདི་འདྲ་བ་ཞིག་ཡོད་པ་དེ་དྲན་སོང་།

  10. སྤྲིན་དཀར་གྲོང་གཙོ says:
    2012-06-20 at 9:22 am

    ཨོཾ་མ་ཎི་པདྨེ་ཧཱུཾ། དཔའ་བོ་དཔའ་མོ་དག་གི་རང་ལུས་རིན་ཆེན་འདི་བེད་མེད་དུ་གྱུར་སོང་ན་ཡིད་འཕངས་པ་ལ་།

  11. ཐབས་ཇུས་ཅན says:
    2012-06-20 at 9:33 am

    བོད་མི་རིགས་ཀྱི་སྙིང་སྟོབས་ནི་མི་རིགས་གཞན་དང་སྡུར་ན་འཛམ་གླིང་འདིའི་སྒང་ནས་ཆེས་མངོན་པར་འཕགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་བྱུང་ཡོད་ལ། དེ་ནི་དོན་དངོས་རེད་བསམ་ཡོད། དེ་མ་ཟད་བོད་པའི་ཡ་རབས་བཟང་སྤྱོད་སོགས་ཕྱོགས་མང་པོ་ཞིག་ནས་མི་རིགས་གཞན་ལ་གཉའ་ཞུམ་མི་དགོས་པར་སའི་གོ་ལ་འདིའི་སྒང་ནས་དཔུང་བ་གཟེངས་སུ་བཏེགས་ནས་འགྲོ་ཆོག་པ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་ང་ཚོའི་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་བཟང་པོ་དང་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་རྒྱལ་བ་རིན་པོ་ཆེས་བཀའ་དྲིན་རེད། འོན་ཀྱང་བློ་ཕངས་པ་ཞིག་ལ་ང་ཚོའི་མི་རིགས་དང་རྒྱལ་ཁབ་འདི་རྒྱ་དམར་པའི་གཉའ་གནོན་འོག་ཏུ་ཚུད་ཡོད་བ་དང་། ང་ཚོར་ཤེས་ཡོན་གྱིས་མ་འདང་བ་དང་ཆབ་སྲིད་ཀྱི་གོ་རྟོགས་དམའ་བ་སོགས་ཀྱི་དབང་གིས་ད་ལྟ་བར་ཏུ་བོད་རིགས་དཔའ་བོ་བཞི་བཅུ་ལྷག་གིས་སྐུ་ལུས་མེར་སྲེག་བཏང་ཡོད་ཀྱང་དེ་ཙམ་གྱིས་གྲུབ་འབྲས་ཅིག་ཐོན་ཐུབ་མེད། བདག་གིས་བཤད་འདོད་པ་ནི་ཆབ་སྲིད་ཟེར་བ་འདི་འཁྲབ་སྟོན་བྱེད་དགོས་པ་ལས་དྲང་བདེན་དང་ལྷག་བསམ་གཅིག་པོས་ཡོང་གི་མེད་པ་དེ་ཡིན། དཔེར་ན་གོང་གི་སྐུ་ལུས་མེར་མཆོད་འབུལ་མཁན་མང་ཆེ་བས་གྲོང་

  12. མེ་ཏོག་དཀར་པོ། says:
    2012-06-20 at 10:11 am

    རྒྱལ་གཅེས་དཔའ་བོ་རྣམ་གཉིས་ལ་ཆེས་མཐོའི་གུས་འདུད་ཡོད།

  13. ནུབ་ཕྱོགས་གངས་ཕྲུག་ says:
    2012-06-20 at 10:17 am

    བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག

  14. Gonpo says:
    2012-06-20 at 10:33 am

    སེམས་དཔའ་ཆེན་པོ་འདི་རྣམས་ལ་བསམ་ཆར་བཤོད་པའི་ནུས་པ་ང་ལ་མེད།
    ནང་ཆོས་ནང་བདག་མེད་འམ་དེ་དང་བྱང་ཆུབ་སེམས་དཔའ་འམ་དེ་ངོ་མ་ཡིན་པ་སྣང།

  15. སྤྱང་ཤོག་བཀྲ་ཤིས says:
    2012-06-20 at 10:53 am

    ངའི་སེམས་པ་སྡུག་གི་གང། འདིའི་ག་རེ་བྱས་པའི་ལས་རེད། མི་རིགས་འདིས་སྡུག་འདི་འདྲ་མྱོང་དགོས་རྒྱུ་ལ།
    བདག་མཁྱེན། འཛམ་གླིང་འདི་ལ་དྲངས་བདེན་ཟེར་བ་མེད་ཐག་ཆོད་རེད། ལས་རྒྱུ་འབྲས་་་་་་་་ལས་རྒྱུ་འབྲས་།

  16. ལོག་སྨྲ་ཚར་གཅོད་ནས། says:
    2012-06-20 at 10:55 am

    final death speech of Ngawang Norbu and Tenzin Khedup.
    དེ་རིང་གི་བོད་ཀྱི་དཔའ་བོ་རྣམ་གཉིས་ཀྱི་ཞལ་ཆེམས།
    ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་པར་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་ཏུ་བརྟན་པ་དང་། གཞན་ཡང་ཁོང་མྱུར་དུ་བོད་ལ་ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་བསྲེགས་ཀྱི་ལས་གཞི་འདི་འདེམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོའི་བོད་ནང་ཁུལ་ནས་རྒྱག་རེས་རྒྱག་རྒྱུ་དང་། ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མ་བྱེད་པའི་དམ་བཅའ་དང་། ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།

  17. རུ་ཤུལ་བུ་ says:
    2012-06-20 at 11:20 am

    འདི་ནས་ཤི་འཕོས་གྱུར་མ་ཐག།
    དགའ་ལྡན་སྐྱེ་གནས་ཡིད་དགའ་བར།།
    མྱུར་དུ་བྱམས་མགོན་མཉེས་བྱས་ནས།།
    བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག།

  18. ཀཱི་ལུང་ཐུབ་བཟང་ says:
    2012-06-20 at 11:32 am

    ༤༽ རྒྱང་རིང་གི་ཕུག་རོན་དཀར་པོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ གི་ཆུ་ཚོད་ ༨ སྐར་མ་ ༣༣
    དག་བཅོས་ཏོག་ཙམ་མཁས་དྲགས་མི་འདུག་གམ། དྲྭ་ཚུགས་ཡིན་གྱི་མ་རེད། དྲྭ་ཚིགས་མིན་ནམ
    གྲོགས་པོ་ལགས་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ལས་འདི་ལྟར་གཏན་འབེབ་བྱས་འདུག
    དྲྭ་ཚུགས།
    website
    网站
    ཁེ་ལས་སམ་རྩ་འཛུགས་དང་མི་སྒེར་གྱིས་དྲ་བའི་སྟེང་ནས་བཙུགས་པའི་གནས་སོ། །

  19. འབའ་སྲས། says:
    2012-06-20 at 12:23 pm

    དྲང་བདེན་ཞི་བདེ་རང་དབང་མེད་པའི་ཐོག །
    བཙན་གནོན་སྡིག་རྩུབ་ཆེ་ལ་མ་བཟོད་པས།།
    ཨུ་ཐུག་ཐབས་ཟད་ཡིན་པའི་བདེན་དཔང་དུ།།
    ཤ་ཁྲག་རུས་གསུམ་གཅིག་མིན་མང་དུ་སྦར།།

    བཙན་གནོན་སྡིག་རྩུབ་ཆེ་བའི་དམར་བོའི་གཞུང་།།
    ཉེས་པ་ངོས་ལེན་མི་བྱེད་ད་དུང་ཡང་།།
    ཧམ་བཤད་འཁྱོག་བཤད་ངང་དུ་བསྡད་གྱུར་ན།།
    ཉིན་མ་ཞིག་ལ་ཁྱོད་ཀྱི་ཡོད་ཚད་ཤོར།།

    རྒྱ་ཕམ་བོད་རྒྱལ།

  20. རུ་ཤུལ་བུ་ says:
    2012-06-20 at 12:48 pm

    ཁོང་གཉིས་ཀྱི་ཕྱུག་ཏུ་བཟུང་བའི་རྒྱལ་དར་དངོས་ཡིན་མིན་མི་ཤེས་ཀི བཅོས་མ་ཞིག་གི་བཟོ་འདུག ཚང་མས་བརྟགས་དཔྱད་བྱེད་རོགས། རྫུན་བཟོ་བྱས་ན་དགེ་མཚན་ཅི་ཡང་ཡོད་པར་མ་མཐོང་ངོ་། ང་ཚོ་ལ་གནས་ལུགས་དང་བདེན་པ་མཁོ།

  21. གསང་གྲོལ། says:
    2012-06-20 at 1:13 pm

    མི་གཉིས་རེ་མཉམ་དུ་སྤར་བའི་མགོ་བཙུགས་སོང་། ད་དུང་མི་གསུམ་རེ་དང་བཞི་རེ། དེ་ལས་མང་བ་མཉམ་གཅིག་ཏུ་སྤར་བའི་དོན་རྐྱེན་འབྱུང་མི་སྲིད་པ་མ་རེད་འདོད། ངོ་མ་སེམས་ཁྲལ་ཇེ་ཆེ་རེད།

  22. གསང་གྲོལ། says:
    2012-06-20 at 1:31 pm

    རུ་ཤུལ་བུ་ལགས་དཔའ་རྒོད་གཉིས་ཀྱི་ཕྱག་གི་རྒྱལ་དར་དེ་ངོ་མ་རེད། ངོ་དེབ་སྟེང་བཀོད་པའི་བརྙན་འཕྲིན་ཐུང་ངུ་ལས་ཤེས་ཐུབ་ཀི http://www.facebook.com/#!/sakar.tash

  23. མྱུར་མགྱོགས་ཅན། says:
    2012-06-20 at 2:07 pm

    ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག

  24. ཁྱུང་དཀར says:
    2012-06-20 at 2:12 pm

    ཁ་བ་རི་བའི་རང་དབང་རང་བདག་སླད་དུ། །
    གཅེས་པའི་ཚེ་སྲོག་དམར་པོ་མེ་རུ་བསྲེགས་ནས། །
    དམར་གཞུང་དུ་ཁས་མནར་བའི་རྩུབ་སྤྱོད་རེག་མོ། །
    མི་འགྱངས་སང་གནང་ཐལ་བའི་རྡུལ་དུ་བསློག་ཤོག །

  25. ཚོགས་ཆེན། says:
    2012-06-20 at 2:16 pm

    ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ

  26. ལོ་མ་ལྗང་ཁུ་། says:
    2012-06-20 at 2:54 pm

    ཨོཾ་མ་ཎི་པདྨེ་ཧཱུཾ། བོད་ཀྱི་དཔའ་བོ་རྣམས་ལ་ཕྱག་འཚལ་ལོ་།

  27. གཅན་ཡེ་རྒྱམ། says:
    2012-06-20 at 3:09 pm

    བོད་གངས་ཅན་ལྗོངས་ལ་རང་དབང་དང་བདེ་སྐྱིད་བསྐྲུན་པའི་ཕྱིར་དུས་སྐབས་འདི་ལ་འཚམས་པ་ཞིག་རང་ལུས་མེ་རུ་སྒྲོན་པ་འདི་ལས་ལྷག་ཅིག་བཙལ་ན་རྙེད་པར་མི་འགྱུར་ན། དཔའ་བོ་ཁྱེད་རྣམ་པས་འདི་ལྟར་གནང་བར་ང་ཚོ་ཤུལ་ལུས་མི་མང་ཡོངས་ནས་གུས་འདུད་དང་། མི་འགྱངས་པར་ཞིང་ཕྱོགས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ

  28. སྐྱུ་རྩི་ནས། says:
    2012-06-20 at 6:55 pm

    རང་རིགས་དེ་ཉིད་ལུས་པོ་མེས་འབར་བཞིན་དུ་ངུ་འབོད་བྱེད་བཞིན་པ་ཐོས་སྐབས་ཅི་བྱ་བརྟོལ་མེད་དུ་གྱུར་སོང་། མི་དེ་ཚོས་༧གོང་ས་མཆོག་བོད་དུ་ཕེབས་ཐབས་མེད་པ་ཤེས་གསལ་ཡང་དེ་ལྟར་ཨུ་ཚུགས་གང་བྱས་ནས་བྱ་གི་ཡོད། མ་གཞི་ནས་བོད་ལ་ཕེབས་ཐབས་མེད་ན་འཆི་ལ་ཉེ་བའི་བོད་མི་རྣམས་ལ་དེ་ལྟར་མི་གསུངས་བའི་རྒྱུ་མཚན་ཅི་འཕགས་པ་སྤྱན་་རས་གཟིགས་སྲོག་སྐྱོབས་རོགས་བོད་མི་རྣམས།

  29. གནམ says:
    2012-06-20 at 6:58 pm

    རྒྱ་སྤྲང་ཚོ། ཁྱེད་ཚོས་ལྟོས་ལ་སྡོད་ཨ། ང་ཚོའི་མི་འདི་ཚོའི་རིན་ཐང་ཁྱེད་ཚོའི་མགོ་ཐོག་ལ་ཤར་གྱི་འཇུག་མ་ཐུབ་ན་ང་ཚོ་སྒང་བ་བོད་པ་ཚང་བཙན་པོའི་གདོང་རྒྱུད་མིན་པས་རྟགས།
    འདི་ཞི་བ་རེད། ད་དུང་དྲག་པོ་ཡོང་རྒྱུ་ཡོད། ལྟོས་ཨ།

  30. འདོད་ལྷ་ཁམས་པ། says:
    2012-06-20 at 7:52 pm

    ཨ་་་་་གནམ་རྒན་མ་་་་་་། ངའི་མི་རིགས།

  31. མདའ་བ་ཚང་། ལྷ་མོ། says:
    2012-06-20 at 10:13 pm

    གནམ་སྔོན་པོ་་་་་་་་་་་་་་་་་་ང་ཚོའི་མི་རིགས་འདི་ཡི་བདེ་སྡིག་ལ་སྤྱན་གྱིས་ཐེངས་གཅིག་གཟིགས་དང་།

  32. མེ་ཏོག་དཀར་པོ། says:
    2012-06-20 at 11:49 pm

    ༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན་བོད་མདོ་སྨད་མ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༦།༣༠ ཡས་མས་ཙམ་ལ་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་པ་རང་ལོ་ ༦༠ སོན་ལ་ཉེ་བའི་བོད་མི་རྟ་མགྲིན་ཐར་ཞུ་བ་ཞིག་གིས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་འདུག
    དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦།༣༠ ཡས་མས་སུ། མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བའི་རང་ལོ་ ༤༠ ཡིན་པའི་བོད་མི་རྟ་མགྲིན་ཐར་ཞུ་བ་ཞིག་གིས། གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག མེར་བསྲེགས་བཏང་སྟེ་ཅང་མ་འགོར་བར་ས་གནས་དམག་མིས་མེ་བསད་དེ་བཙན་འཁྱེར་བྱས། ལོ་༤༠ དང་ ༦༠ སུ་བདེན། ང་ནི་མགོ་འཐོམ་སོང་།

  33. བོད། བཙན་པོའི་བུ་རྒྱུད། says:
    2012-06-21 at 12:02 am

    འདྲ་པར་དང་གློག་བརྙན་སོགས་ཇི་ལྟར་འཇོག་རྒྱུ་ལས། བཟོ་བཅོས་བྱས་ཏེ་མི་འགོད་རྒྱུ་ཧ་ཅང་གལ་ཆེ།

  34. རུ་ཤུལ་བུ་ says:
    2012-06-21 at 12:06 am

    ལོ་དྲག་ཅུ་ཅན་གསུང་མཁན་དེ་བདེན་གྱི་རེད། པར་ལ་བལྟས་ན་ལོ་ལྔ་བཅུ་བརྒལ་ལོས་ཡོད་འདོད་ཀི

  35. ལྷ་སྲས། says:
    2012-06-21 at 1:09 am

    ད་ཉམ་ཆུང་བོད་མི་ཚོ་ཅི་དྲག་གང་དྲག

  36. ལུང་རྟོགས། says:
    2012-06-21 at 1:50 am

    ང་ཚོས་འདིར་མ་ཎི་རེ་འདོན་པ་དང་སྡུག་སྐད་རེ་རྒྱབ་སྡད་པས་མི་ཕན། དེ་ལས་རང་རང་གི་ངོས་ནས་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུའི་སེམས་ཤུགས་རེ་སྐྱེད་རྒྱུ་དང་། བོད་དོན་བདེན་མཐའ་མ་གསལ་བར་དངོས་ཤུགས་རྒྱུད་གསུམ་ནས་གང་ཐུབ་ཅི་ནུས་ཀྱིས་ལས་འགུལ་སྤེལ་རྒྱུ་ལས། ནམ་ཡང་ངོ་རྒོལ་མཚམས་འཇོག་མི་བྱེད་པའི་དམ་བཅའ་རེ་འཇོག་རྒྱུ་ནི་དཔའ་བོ་ཁོང་ཚོར་གདུང་སེམས་མཉམ་སྐྱེད་དངོས་གནས་བྱས་པ་རེད།

  37. ལོག་སྨྲ་ཚར་གཅོད་ནས། says:
    2012-06-21 at 1:56 am

    ༸གོང་ས་མཆོག་གིས་རང་ལུས་མེར་སྲེག་སྐོར་གང་ཡང་གསུང་བདེ་པོ་ཡོད་མ་རེད། གལ་སྲིད་དེ་འདྲ་མ་བྱེད་གསུང་ན་བོད་མི་རྣམས་ཀྱིས་བཀའ་ལ་གུས་བཀུར་གྱིས་རེ་ཞིག་མེར་སྲེག་གི་ལས་འགུལ་མཚམས་ཆད་ངེས་ཀྱང་དེ་ལ་རྒྱ་མི་ངོས་ནས་ཏྭ་ལའི་ཡིས་སྔོན་དུ་མེར་སྲེག་གི་ངན་སྐུལ་བྱས་པ་དང་གང་མཚམས་ནས་ད་འགྲིག་སོང་མཚམས་བཞག་དགོས་ཅེས་ཚང་མ་བྱེད་གཏེ་ནི་ཏྭ་ལ་རེད་ཅེས་ལག་པ་འཇུ་བདེ་པོ་ཞིག་ཆགས་པ་མ་རེད་དམ། གཉིས་ནས་ཚེ་འདས་དཔའ་བོ་དཔའ་མོ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་འབྲེལ་རྣམས་ཀྱིས་སེམས་ནང་དུ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཁོང་ཚོར་བུ་སྐྱེས་པ་གོ་ཆོད་སོང་བསམ་པ་དང་༸གོང་ས་མཆོག་བོད་དུ་གདན་ཐུབ་པའི་ཆེད་དུ་ཡིན་བསམ་ནས་འགྱོད་མེད་ཀྱི་ངང་དུ་གནས་ཡོད་པ་དེར་༸གོང་ས་མཆོག་ནས་མ་བྱེད་ཅེས་གསུང་བཞག་ན་ཁོང་ཚོས་རྒྱལ་བའི་ཐུགས་ལ་བབས་མི་འདུག་བསམ་ནས་བློ་ཕམ་ཇི་ཙམ་ཡོང་རྒྱུ་རེད་དམ། ཕྱོགས་གང་ས་ནས་བསམ་བློ་གཏོང་ནན་པོར་དགོས།

  38. རིན་ ཆེན བཀྲ་ཤིས་ says:
    2012-06-21 at 3:09 am

    བོད་ནང་དུ་རང་འདི་འདྲའི་བློས་གཏོང་ཐུབ་ན་ཕྱིི་ལོག་གི་ཁོང་ཅག་གི་བཞག་པའི་ཞལ་ཆེམས་ལ་བདག་པོ་དང་
    ཁོང་ཚོའི་བྱས་རྗེས་གྲངས་ཀ་རུ་མི་འགྲོ་བར་བོད་མི་ངོ་རེ་ནས་རྡོག་རྩ་ཆིག་སྒྲིལ་གྱིས་སྒོ་ནས་་རང་གི་སྐད་ཡིག་རིག་གཞུང་དག་ཡ་མ་ཟུང་མ་གྱུར་རང་སྲུང་རང་གིས་འཁུར་ནས་ཤུགས་སྣོན་བརྒྱག་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། ཡིན་་ཡང་ག་དུས་ཡིན་ཡང་མར་མེ་ཁྲོམ་སྐོར་འདྲ་བྱས་ཏེ་སེམས་ནང་ལ་ངོ་ནས་ཉོབ་སྣང་སྐྱེས་ཀི

  39. khawa says:
    2012-06-21 at 4:37 am

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ

  40. སེང་བུ་འབྲུག་ཞོན།། says:
    2012-06-21 at 4:55 am

    དཔའ་བོ་གཉིས་ལ་གུས་འདུད་ཞུ།
    མིག་མཆི་མས་གང་སྟེ་ཅེ་རེ་ལྟ་སྡོད་རྒྱུ་རེད།
    སང་ཉིན་ཚོགས་པ་གང་རུང་ཞིག་གིས་གོ་སྒྲིགས་འོག་སྨོན་ལམ་ཞིག་ཚོགས་ཏེ་མགོ་ཁྲིད་ཚོས་གཏམ་སྙན་མོ་རེ་བཤད་འཇུག་འགྲིལ་ཚར་རེད། དེ་ཙམ་རེད། དཔའ་བོ་རང་ལུས་སྲེག་པའི་དགོས་དོན་སྒྲུབ་རྒྱུ་དེ་ཙམ་རེད།

  41. སེང་བུ་འབྲུག་ཞོན།། says:
    2012-06-21 at 4:57 am

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

  42. བཙན་བྱོལ་བ། says:
    2012-06-21 at 6:52 am

    ཡུལ་ཤུལ་དཔའ་བོ་རྣམས་ཀྱིས་དཔའ་སྐད་འདོན་གྱི། དཔའ་བོ་ཁྱེད་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ཞུ། ཡང་དེ་སྔོན་ཡུལ་ཤུལ་གྲྭ་པ་ཞིག་གིས་ཀྱང་མེར་བསྲེགས་བཏང་ཡོད། དེང་སང་ཁོང་གི་སྐོར་ལ་གནས་ཚུལ་གསར་པ་ཞིག་ཐོས་པ་ནི། ཁོང་གི་རྐང་པ་གཉིས་ཀ་རྒྱའི་སྨན་ཁང་གིས་བཏུབ་ཚར་ཡོད་སྐད། ད་དུང་དེར་མ་ཚད། སྐེད་ལ་བཤག་བཅོས་བཏང་ཡོད་སྐད། གང་ལྟར་རྒྱའི་སྨན་པས་སྨན་ཁང་ན་ཐང་ཐང་ཞིག་གློད་གྲོལ་བཏང་མི་སྲིད་ཨ།

  43. ཆོས་འཕེལ་དར་རྒྱས་ says:
    2012-06-21 at 8:32 am

    བཙན་བྱོལ་བ་ལཊ།
    མི་གཅིག་གིས་རང་རང་གི་དམིགས་ཡུལ་ཆེད་མེ་བ་བསྲེག་རྗེས་གཞུང་ངོས་ནས་སྨན་བྱས་ན་དེ་མ་རེད་ལ་སྨན་མ་བྱས་ན་ཡང་དེ་མུན་འདུག་པས་ཁྱེད་ཀྱིས་བལྟས་ན་ག་རེ་བཉཡས་ན་ལེགས།

  44. ཀརྨ་ཡེ་ཤེས། says:
    2012-06-21 at 9:43 am

    KHAWA ཟེར་བ་ཁོང་ཡིན་པ་འདྲ།

  45. རྣམ་རྟོག་གི་ཚེར་མ་ says:
    2012-06-21 at 2:15 pm

    ཆོས་ལྡན་ཡུལ་ནས་འཁྲུང་པའི།
    ཆོལ་གསུམ་སྐྱ་སེར་རྣམ་པ།
    དར་འབྱོར་མི་ལུས་ཐོབ་དུས།
    ནང་ཆོས་ཟབ་མོའི་དགོང་དོན།
    ཐུགས་སུ་འཇག་ཐབས་གནང་ནས།
    ལ་རྒྱས་སྙིང་སྟོད་ཟབ་མོས།
    ཆོས་དང་རིགས་གཞུང་མཐུན་སྒྲིལ།
    རྒྱུན་དུ་སྐྱོང་ཐབས་འབེབས་རོགས།་

  46. གངས་རི་དཀར་པོ། says:
    2012-06-29 at 10:47 am

    ཀྱེ་ཧོ་གཟིགས་ཤིག་སྐྱབས་གནས་དཀོན་མཆོག་གསུམ།།
    བསྐལ་མང་གོང་དུ་ཐུགས་བསྐྱེད་གནང་བའི་དུས།།
    མ་བརྒལ་བསྒྲལ་སོགས་དམ་བཅའ་བཞེས་པ་འདི།།
    དུས་འདིར་དགོངས་པའི་དུས་ལ་མ་བབས་སམ།།
    ཅི་ཟེར་མི་ཤེས་ཐམས་ཅད་ལོག་པའི་དུས།།
    དགྲ་ལ་གནོད་པ་ཅི་ཡང་མ་ནུས་ཀྱང༌།།
    ཐབས་རྡུགས་རྙེད་དཀའི་རང་ལུས་མེར་བསྲེགས་པར།།
    དཔའ་བོའི་ཐ་སྙད་བཏགས་པས་དུས་ཤིག་ཀྱང༌།།
    འདས་ལ་ཐ་སྙད་འདི་ཡིས་མི་སྟོངས་ཁར།།
    མ་འོང་མནོ་མེད་བོད་ཀྱི་མཚར་སྐྱེས་པར།།
    མཐའ་མེད་དལ་འབྱོར་ཐལ་བར་བྱེད་རྒྱུ་འདི།།
    ཆོས་ལྡན་གངས་ཅན་པ་རྣངས་ཅི་ཡིས་ནོངས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme