Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་སོགས་སུ་ལོ་ཚིགས་ནོར་འདུག འདིར་གསལ་བོ་བྱས་ཡོད།

Posted on 2012-06-172012-06-18 By ཁ་བརྡ་ 17 Comments on གསར་འགྱུར་སོགས་སུ་ལོ་ཚིགས་ནོར་འདུག འདིར་གསལ་བོ་བྱས་ཡོད།

ཨ་བཙན་པོ།

ཕྱི་ཚེས་ ༡༥ ཉིན་བལ་ཡུལ་གཞུང་ཕྱི་མི་ཞིབ་གཤེར་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་བལ་ཡུལ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ སྟེ་སུམ་བཅུའི་དུས་དྲན་ཉིན་འགོ་འཛུགས་ཀྱིས་ཨ་མ་དང་སྲིང་མོ་བཅས་བོད་བར་གོམ་སྒྲོད་གནང་སྟེ་ཟླ་གཉིས་དག་དག་འགོར་འཚམས་བལ་ཡུལ་ས་འཚམས་སུ་འབྱོར་ཡོད་པ་དང་། བལ་ཡུལ་ས་མཚམས་ནས་བལ་ཡུལ་ཉེན་རྟོགས་པའི་བཀག་འགོག་བྱས་པར་རྟེན་ཚེ་བརྟན་རྡོ་རྗེ་ཁོ་རང་གཅིག་པུར་གསང་སྟབས་ཀྱིས་བལ་ཡུལ་རྒྱལ་ཁུངས་སུ་འཛུལ་ཏེ་གོམ་བགྲོད་གནང་ནས་ཉིན་བརྒྱད་པའི་ཉིན་བལ་ཡུལ་ཉེན་རྟོགས་པས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་ནས་ཉིན་ཉེར་ལྔའི་རང་ཕྱི་མི་ཞིབ་གཤེར་ཁང་དུ་བཅུག་ནས་ཐོག་མར་བལ་སྒོར་ ༨༠༠༠ གི་ཉེས་ཆད་བཅད་ཀྱང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ངོས་ལེན་བྱས་མི་འདུག་ལ། ཕྱི་ཚེས་ ༡༥ ཉིན་ཡང་བསྐྱར་ཁོ་རང་ལས་ཁུངས་ཨ་མར་སྐད་བཏང་ནས་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་ནས་དེ་སྤྲད་ན་ཁོ་རང་གཏོང་རྒྱུ་ཡིན་ཚུལ་བཤད་ཀྱང་ཁོས་ངོས་ལེན་བྱས་མི་འདུག

སྐབས་དེར་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས་སྒོར་མོ་སྤྲད་ནས་ལེན་ཐབས་བྱས་ཀྱང་ཁོས་ངོས་ལེན་བྱས་མི་འདུག་ལ། དེ་བཞིན་མི་སྒེར་བ་མང་པོ་ཞིག་གིས་ཀྱང་ལེན་འཆར་བྱས་ཀྱང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ངོས་ལེན་གནང་མི་འདུག

ཕྱི་ཚེས་ ༡༥ བལ་ཡུལ་གཞུང་ཕྱི་མི་ཞིབ་གཤེར་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་ཀྱང་ཁོས་དེ་ཁས་ལེན་མ་བྱས་པར་རྟེན། ཉིན་དེ་ག་རང་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ལོ་ངོ་གཉིས་ཀྱི་ཁྲིམས་ཐད་བཅད་ཏེ་ལྡི་ལི་བྷ་རྫར་(Dilli Bazaar)ཞེས་པའི་བཙུན་ཁང་དུ་ཁྲིད་ཡོད་འདུག

དེ་ཡང་བལ་ཡུལ་ཕྱི་མི་ཞིབ་གཤེར་ཁང་གིས་ཁྲིམས་ཐག་བཅད་པའི་ཡིག་ཆའི་ནང་ “བལ་ལོ་ ༢༠༤༩ ལོར་གཏན་འབེབ་བྱས་པའི་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༣ པའི་ནང་གསེས་ ༡ པོའི་ནང་ཕྱི་མི་སུ་ཡིན་ཀྱང་ཕྱི་སྐྱོད་ལག་ཁྱེར་དང་མཐོང་ཆེན་མེད་པར་བལ་ཡུལ་ནང་འཛུལ་ཞུགས་དང་བསྡད་མི་ཆོག་ཞེས་གསལ་ཡོད་ཀྱང་། ཁྱེད་རང་དེ་དང་འགལ་ཡོད་པས་བལ་ལོར་ ༢༠༤༩ ལོར་གཏན་འབེབ་བྱས་པའི་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༡༠ པའི་ནང་གསེས་ ༤ བ་གཞིར་བཞག་ཐོག་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་པ་ཡིན། འོན་ཀྱང་ཁྱེད་རང་གིས་དེ་ངོས་ལེན་མ་བྱས་པར་རྟེན་བལ་ལོ་ ༢༠༦༩ ཟླ་ ༣ ཚེས་ ༡ ཉིན་རྒྱལ་ཁབ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་བལ་སྒོར་ ༥༠༠༠༠ ཉེས་ཆད་ལས་ཉིན་རེར་བལ་སྒོར་ ༢༥ རེ་འཐེན་པས་མང་མཐའ་ལོ་ ༥ ཟླ་ ༥ ཉིན་ ༢༥ ཆག་ཡོད་ལ། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་བལ་ལོ་ ༢༠༧༤ ཟླ་ ༧ ཚེས་ ༢༥ བར་བཙུན་ཁང་དུ་འདུག་དགོས་མོད། འོན་ཀྱང་རྒྱལ་ཁབ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་དོན་ཚན་ ༣ པ་གཞིར་བཟུང་སྒོར་ཆད་མ་སྤྲད་པར་རྟེན་མང་མཐར་ལོ་ ༢ བཙུན་ཁང་དུ་འདུག་དགོས་པའི་ཐད་གཅོད་བྱས་ཡོད། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་ ༢༠༧༡ ཟླ་ ༢ ཚེས་ ༧ བར་སྒྲིག་གཞི་གཞིར་བཟུང་ཐོག་ཟ་འཐུང་ཡོད་པའི་བཙུན་ཁང་དུ་བཅུག་རྒྱུར་ཐག་གཅོད་བྱས་པ་ཡིན།”ཞེས་གསལ་བ་བཞིན་བལ་ཡུལ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་བཙུན་ཁང་དུ་ལོ་ ༥ ཟླ་ ༥ ཉིན་ ༢༥ འདུག་དགོས་མོད། འོན་ཀྱང་ད་སྐབས་དངོས་སུ་ཁྲིམས་ཐད་བཅད་ཡོད་པ་ནི་བལ་ཡུལ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག

གསར་འགྱུར།

Post navigation

Previous Post: ལོ་རྒྱུས་ལས་ཤོར་བའི་མི་རབས་འདིའི་འཇིག་རྟེན།
Next Post: ཁྱེད་ཚོ་བཞུད་ཤུལ་ནས་ཟིན་པ།

Comments (17) on “གསར་འགྱུར་སོགས་སུ་ལོ་ཚིགས་ནོར་འདུག འདིར་གསལ་བོ་བྱས་ཡོད།”

  1. མེ་ཏོག་དཀར་པོ། says:
    2012-06-17 at 11:55 am

    བཙུན་ཁང་ལ་ཨེ། ན་རོ་ནང་བལ་དམག་གིས་བཟུང་བ་འདྲ།

  2. གླིང་དཀར་ལྷ་རྗེས། says:
    2012-06-17 at 11:58 am

    གླིང་ཚང་ཚེ་རྟེན་་ཡིད་བརྟན་མེད་པའི་གནས་ཚུལ་འདྲ་མིན་མང་དག་དྲ་རྒྱའི་ཐོན་འདུག་ན་བོད་ནང་བྱུང་བའི་གནས་ཚུལ་འདྲ་མིན་ཡོང་བཞིན་ཡོད་པ་ཡིད་ཆེས་དཀའ་བའི་གནས་ཞིག་ཆགས་ངེས། རྒྱུ་མཚན་ཁྱིམ་མཚེས་བལ་ཡུལ་ནང་གི་ཚེ་བརྟན་གནས་སྟངས་ལ་དཔག་ན་བརྗོད་ཀྱིས་ཡོད།

  3. དྭངས་བླངས་པ says:
    2012-06-17 at 1:02 pm

    ༼བཙུན་ཁང༽་བཅོས་བཙོན་ཁང། བཙུན་ཁང་ཟེར་ན་བཙུན་མ་བཞུགས་སའི་གནས་ག་གེ་མོ་ཞིག་ཡིན་དགོས་པ་ལས། སྡུག་སྣ་དགུ་གཏོང་སའི་སྐྱག་གཅིན་གྱིས་གོང་བའི་མུན་ཁང་ཞིག་ཡིན་རྒྱུ་མ་རེད། ཡིག་ནོར་ཤོར་ན་དེ་འདྲ་རེད། བཙོན་ཁང་ལ་བཙུན་ཁང་ཟེར། བཙུན་མ་བཞུགས་སའི་གནས་ཞིག་ཏུ་གླིང་ཚ་ཚེ་རྡོ་བསྐྱལ་ཡོད་པ་འདྲ། ནག་ཉེས་ཡོད་ཚེ་བཙུན་ཁང་དུ་བསྐྱལ་ན་ངས་ཀྱང། ཁ་མཚར་ཞུས་པ་ཡིན། ཁ་བརྡ་ཚང་ནས་བཀོད་པའི་ཚེ་རྡོའི་གནས་ཚུལ་དེ་དངོས་ཡོད་ཡིན་པ་ངས་ཡང་ཧ་གོ་བྱུང། བལ་ཡུལ་ཉེན་རྟོགས་མགོ་པ་ཞིག་གིས་བརྗོད་པར་ལྟར་ན་གང་འགྱུག་གཏོང་མི་སྲིད་པ་མ་རེད་ཟེར། ང་ཡང་ཆེད་དུ་གླིང་ཚ་ཐུག་འཕྲད་ཆེད་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ལས་ཁུང་དུ་ཕྱིན་པ་ཡིན། དངོས་གནས་དྲང་གནས་བོད་པའི་དཔའ་བོ་འབོད་ན་མ་འགྲིགས་པ་མི་འདུག། ཆོད་སེམས་ལ་འགྱུར་བ་མེད་པ་བློས་གཏོང་ལ་བློ་འགྱོད་མེད་པ། རྒྱལ་གཅེས་པ་ཟེར་ནས་འབོད་ན་འབོད་རན་ཆོག་པ་ཞིག་འདུག། ང་ལྟར་བུ་ཆ་མཚོན་ན་ཡང་དར་དམར་ཕྱར་བར་དེར་མོས་མཐུན་མེད། རེད་དེ་གླིང་ཚའི་མཉམ་དུ་བསྡད་ནས་བལྟ་དང་ཉོན་དང་སེམས་ཤུགས་ཞིག་རང་ཤུགས་གི་སྤྲད་གི་འདུག། བོད་པ་ཟེར་ན་འདི་འདྲ་ཞིག་ཡོད་རེད་ཟེར་ཆོག་པ་འདུག

  4. དྭངས་བླངས་པ says:
    2012-06-17 at 1:08 pm

    གླིང་དཀར་ལྷ་རྗེ་ལགས། བོད་ནང་གི་འབྱུང་བཞིན་པའི་ཉེན་ཚབ་ཆེ་བའི་ལས་འགུལ་དེ་ཚོ་ཚེ་རྡོའི་མཉམ་དུ་མ་སྲེས་ན་ཡག་པོ་འདུག། ཁྱེད་ཀྱི་གསུངས་ན་བོད་ནས་འབྱུང་བཞིན་པའི་གནས་ཚུལ་ཛ་དྲག་ཅན་དེ་ཚོར་ཡིད་ཆེས་མེད་འདོག་འདོག་ཡིན་ན་གང་ཤེས། ཡང་ན་བོད་ནང་གི་ཛ་དྲག་གྱི་གནས་ཚུལ་དེ་ཚོ་བརྫུན་མ་རེད་འདོག་འདོག་གསུངས་ན་གང་ཤེས།

  5. དབང་ཕྱུག་ཚེ་རིང་། says:
    2012-06-17 at 1:48 pm

    ཨ་བཙན་པོའམ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས། ཨེ་ཤ་ཡའི་རླུང་འཕྲིན་ཁང་གི་ཁམས་སྐད་སོགས་དང་། བལ་ཡུལ་འབྲེལ་ཡོད་དག་གིས་བཏང་བའི་གསར་འགྱུར་ཚང་མའི་ནང་བཙོན་འཇུག་དུས་བཀག་ལོ་ལྔ་དང་ཟླ་བ་ལྔ། ཉིན་ཉེར་ལྔ་འཁོད་ཡོད་པ་བཀོད་འདུག ཁྱོད་ལ་ཁུངས་སྐྱེལ་ག་རེ་ཡོད་དམ། རང་གིས་ནོར་ན་དགོངས་དག་ཞུས། གཞན་གྱིས་ནོར་འདུག་ན་ཁུངས་སྐྱེལ་བྱས་ན་མ་གཏོགས་གསར་འགྱུར་རྫུན་བཟོ་དང་ཤེས་མདོག་བྱེད་པ་དེ་གཏན་ནས་འགྲིག་ཐབས་མེད་པ་ཞིག་རེད་འདུག

  6. རྒན་བྲག says:
    2012-06-17 at 2:42 pm

    བདེན་པ་རེད། གནས་ཚུལ་འདི་རིགས་ལ་ཤིན་ཏུ་གཟབ་དགོས་བར་སྙམ། ཁ་ཤས་ལོ་ལྔ།་ཁ་ཤས་ཀྱི་ལོ་གཉིས་ཟེར། གང་ཡིན་མིན་ཡིད་ཆེས་བྱེད་དཀའ་ཀི། སྤྱིར་བཏང་གནས་ཚུལ་འདི་རིགས་གསར་འགོད་པ་ལས་མི་སྒེར་གྱིས་ཁྱབ་བསྒྲགས་མ་བྱས་ན་བཟང་། ཁོང་གི་འགྲམ་ན་ཡོད་པའི་མི་ཁ་ཤས་ཀྱིས་ང་ཁོང་ཐུག་འཕྲད་དུ་སོང་བ་ཡིན། གནས་ཚུལ་འདི་རེད།་གན་མ་རེད་ཟེར་ནས་འདྲ་མིན་ཁྱབ་བསྒྲགས་བྱས་ན་མི་བཟང་ཀི་སྙམ།

  7. རྒན་བྲག says:
    2012-06-17 at 2:54 pm

    ཨ་བཙན་པོ་ལགས། གནས་ཚུལ་འདི་གསལ་བོ་ཡིན་ན་ཁྱེད་རང་གི་མིང་ངོ་མ་བྲིས་ནས་བདེན་དཔུང་བྱེད་དགོས། དོན་མེད་ལ་གནས་ཚུལ་འདྲ་མིན་མ་སྤེལ་རོགས། གླིང་ཚ་ཚེ་བརྟན་ལགས་དཀའ་ངལ་དེ་འདྲའི་ལྷུང་ནང་ཡོད་པ་རེད། ཁྱོད་རང་གསར་འགོད་པ་མིན་ན་ཁོང་གི་གནས་ཚུལ་ཅུང་ཙམ་གོ་ནས་ཕྱིར་ལོག་ལ་མ་སྤེལ་རོགས། ཁ་ལ་བདག་པོ་རྒྱོབ། དེ་དྲའི་རིགས་ཀྱིས་ཕན་ཐོགས་པ་ལས་གནོན་སྐྱོན་ཆེ།

  8. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-17 at 6:55 pm

    ད་ཅི་མི་ཤེས། གླིང་ཚ་དེ་ལ་ལབ་རྒྱུ་གླེང་རྒྱུ་མང་པོ་ཞིག་འདུག།

  9. རྒན་བྲག says:
    2012-06-17 at 7:42 pm

    གླིང་ཚ་ལབ་རྒྱུ་གླེང་རྒྱུ་མང་སོང་ནི་མ་རེད། ཁོའི་མཐའ་བསྐོར་གྱི་མི་དེ་ཚོའི་ཁ་མགྱོགས་སོང་ནི་རེད། མི་སུ་ཞིག་གསར་འགོད་པ་མིན་ན་ཁ་བདག་པོ་རྒྱག་དགོས་བ་དང་། ཁོའི་གྲོགས་པོའམ་ཕ་ཡུལ་གཅིག་པ་ཡིན་ནའང་གནས་ཚུལ་འདི་རིགས་ཇི་མ་ཇི་བཞིན་ལོ་ཉི་མ་གཅིག་མཚུངས་དགོས་བ་ཤིན་ཏུ་གལ་ཆེ།

  10. ཚངས་དབྱངས་རྒྱ་མཚོ། says:
    2012-06-17 at 9:51 pm

    དྲ་ཚོགས་ཚོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་བདེན་པ་རེད། གོང་དུ་བྲིས་ཡོད་པ་དེ་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་ཡིག་ཆ་ངོ་མ་བོད་བསྒྱུར་བྱས་པ་ཡིན། གསར་འགྱུར་འདི་དང་པོར་མདོ་སྨད་དྲ་ཚིགས་ཐོག་ལ་སྤེལ་བ་ཡིན། རྗེས་སུ་ཁ་བརྡ་ལ་བཏང་དུས་ཁོ་ཚོས་ངའི་གློག་ཕྲིན་ཁ་བྱང་ནང་བཞིན་ངའི་མིང་ཨ་བཙན་པོ་ཞེས་བྲིས་འདུག་མ་གཏོགས་ངའི་མིང་དངོས་སུ་མ་བྲིས་པ་དེ་འདྲ་མ་རེད། ཡིག་ཆ་དེའི་ནང་དུ་བལ་ཡུལ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་བཙུན་ཁང་དུ་ལོ་ ༥ ཟླ་ ༥ ཉིན་ ༢༥ འདུག་དགོས་མོད། འོན་ཀྱང་ད་སྐབས་དངོས་སུ་ཁྲིམས་ཐད་བཅད་ཡོད་པ་ནི་བལ་ཡུལ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་པ་ཡིན་ཞེས་གསལ་འདུག བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་ ༢༠༧༡ ཟླ་ ༢ ཚེས་ ༧ བར་བཙོན་ཁང་དུ་འདུག་པ་རེད་འདུག གསལ་བཤད་ཙམ་ཡིན།

  11. ཨ་བཙན་པོ། says:
    2012-06-17 at 10:01 pm

    དྲ་ཚོགས་ཚོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་བདེན་པ་རེད། གོང་དུ་བྲིས་ཡོད་པ་དེ་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའི་ཡིག་ཆ་ངོ་མ་བོད་བསྒྱུར་བྱས་པ་ཡིན། གསར་འགྱུར་འདི་དང་པོར་མདོ་སྨད་དྲ་ཚིགས་ཐོག་ལ་སྤེལ་བ་ཡིན། རྗེས་སུ་ཁ་བརྡ་ལ་བཏང་དུས་ཁོ་ཚོས་ངའི་གློག་ཕྲིན་ཁ་བྱང་ནང་བཞིན་ངའི་མིང་ཨ་བཙན་པོ་ཞེས་བྲིས་འདུག་མ་གཏོགས་ངའི་མིང་དངོས་སུ་མ་བྲིས་པ་དེ་འདྲ་མ་རེད། ཡིག་ཆ་དེའི་ནང་དུ་བལ་ཡུལ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་བཙོན་ཁང་དུ་ལོ་ ༥ ཟླ་ ༥ ཉིན་ ༢༥ འདུག་དགོས་མོད། འོན་ཀྱང་ད་སྐབས་དངོས་སུ་ཁྲིམས་ཐད་བཅད་ཡོད་པ་ནི་བལ་ཡུལ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་པ་ཡིན་ཞེས་གསལ་འདུག བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་ ༢༠༧༡ ཟླ་ ༢ ཚེས་ ༧ བར་བཙོན་ཁང་དུ་འདུག་དགོས་པ་རེད་འདུག གསལ་བཤད་ཙམ་ཡིན།

  12. ཨ་བཙན་པོ། says:
    2012-06-17 at 10:05 pm

    ཨོ་ཡང་བཤད་རྒྱུ་བརྗེད་འདུག ངའི་མིང་དངོས་ནི་གོང་དུ་དབང་ཕྱུག་ཚེ་རིང་གིས་བཤད་པ་བཞིན་ཚངས་དབྱངས་རྒྱ་མཚོ་ཡིན། དོག་པ་ཡོད་ན་འདྲི་བ་ཕྲིས་དང་ལན་འདེབས་བྱེད་ངེས་ཡིན།

  13. ཆབ་མདོ་ངག་ཕུན། says:
    2012-06-17 at 11:52 pm

    ཨ་བཙན་པོ་ལགས། གསུམ་བཅུའི་དུས་དྲན་ནི་གྲངས་ཀ་སུམ་བཅུའི་དོན་མ་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་མོར་ཆོལ་གསུམ་རྒྱལ་ཆེ་མི་དམངས་རྣམས་ཀྱིས་ངོ་རྒོལ་བྱས་པས། དེ་ནས་བཟུང་སྟེ་གསུམ་བཅུའི་དུས་དྲན་ཞེས་དྲན་གསོ་ཞུ་བཞིན་ཡོད།

  14. སྣྲོན་ངག་ཁྲི། says:
    2012-06-18 at 10:54 am

    དངོས་གནས་བོད་བར་གོམ་བགྲོད་གནང་མཁན་ཡིན་ན་ཉི་སྟོང་བརྒྱད་ལོའི་བོད་བར་གྱི་
    གོམ་བགྲོད་སྐབས་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་ཐབས་ཤེས་གང་ཡོད་ཀྱིས་མངོན་ཆུང་བྱས་ཏེ་ས་མཚམས་གཞན་དག་ཞིག་ནས་ཐད་ཀར་འཕགས་བོད་ས་མཚམས་བརྒྱུད་དེ་འགྲོ་ན་དགེ་མཚན་མི་ཆེ་འམ། ངེས་པར་དུ་བལ་པོའི་བཙོན་དུ་བཞུགས་ན་ལས་འགུལ་གྱི་ནུས་པ་ཆེ་བ་ཡིན་ནམ།

  15. བན་དྷེ་མགོ་སེར་ says:
    2012-06-18 at 8:09 pm

    རྒྱ་མིའི་དར་དམར་ཕྱར་ནའང་ཕན་མ་ཐོག་རེད། དེ་བས་ཀྱང་ནེ་པ་ལའི་དར་རལ་ཕྱར་ན་ཅི་ལ་ཕན། འགྲོ་ས་བཙོན་ལ་མ་གཏུགས་ས་མེད་པ་དེ་རེད། གང་ལྟར་ནེ་པ་ལིའི་བཙོན་ནས་ཉིན་གཅིག་བཏང་ཡང་བོད་ལ་ནི་གཏོང་གཅུག་གི་མ་རེད་རྒྱ་ནག་གིས་བཀག་ངེས་རེད། རྒྱ་དམར་གྱི་དར་དམར་ཅི་ལྟར་ཕྱར་ཡང་སྡུག་གྱོང་རེད།

  16. ཇོ་ཇོ། says:
    2012-06-19 at 12:22 am

    གླིང་ཚ་ཚེ་བརྟན་རྡོ་རྗེ་བཙོན་འཇུག་གི་ལོ་ཚད་སྐོར་ཨ་བཙན་པོའམ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གསལ་པོ་བཟོས་འདུག ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཆོད་སེམས་ཧ་ལས་པ་རེད་རྗེས་སུ་ཡི་རངས་ཡོད། འོན་ཀྱང་ཁོང་དང་འབྲེལ་བ་ཡོད་པ་རྣམས་ཀྱིས་གནས་ཚུལ་ཁུངས་དག་སྤེལ་རྒྱུ་གལ་ཆེ། ཞེན་འཁོགས་དང་ཚོར་བའི་དབང་དུ་བཏང་སྟེ། ལབ་རྒྱུ་གླེང་རྒྱུ་མང་པོ་བཟོས་ན། གླིང་ཚའི་བྱས་རྗེས་ལ་དོགས་སློང་འོང་གི་རེད། ང་ཚོ་སྐྱིད་ཉལ་བྱེད་པོ་རྣམས་དང་མི་འདྲ་བར་གླིང་ཚ་ཚེ་བརྟན་རྡོ་རྗེས་སྤྱི་དོན་ཆེད་ལུས་ཀྱི་ཚ་གྲང་དཀའ་ཐུབ་དང་། སེམས་ཀྱི་སྡུག་བསྔལ་སྣ་ཚོགས་མྱངས་ཡོད། ད་ང་ཚོས་ཁོང་གི་ཆེད་གང་ཞིག་བྱེད་དགོས་སམ་ཞེ་ན། ལས་འགན་གཉིས་ཡོད་པ། དེ་གཉིས་ནི། རྒྱ་དམར་དང་ཆ་འདྲ་བའི་ནེ་པ་ལི་གཞུང་གི་གདུག་རྩུབ་འཛམ་གླིང་ལ་བསྒྲགས་དགོས་པ་དང་། གཉིས་པ། ཚེ་བརྟན་རྡོ་རྗེའི་ལོ་གཉིས་ཀྱི་མི་ཚེ་དེ་བཙོན་ཁང་ནང་རྫོགས་བཅུག་རྒྱུ་མེད། དེ་གཉིས་ང་ཚོས་ཐུབ་པ་ཞིག་རེད།

  17. སྣྲོན་ངག་ཁྲི། says:
    2012-06-19 at 6:28 am

    ནམ་རྒྱུན་བལ་ཡུལ་གནམ་ཐང་དང་ས་མཚམས་སོགས་ནས་ཕྱི་མི་དང་།
    བལ་གཞུང་རང་གི་ཡུལ་མི་ཉམས་ཆུང་ནུས་མེད་འགས་ཨ་སྒོར་སོགས་རྒྱལ་ཁབ་གཞན་གྱི་དངུལ་དང་། རྩ་ཆེའི་དངོས་པོ་སོགས་ཅུང་ཟད་འཁྱེར་ནའང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་།
    བདེ་འཇག་གི་གནས་ཚུལ། ཁྲིམས་འགལ་བྱ་སྤྱོད་སོགས་ལ་ཁ་གཡར་ནས།ཟ་རྔམས་དང་པགས་པ་ཤུ་འདོད་ཀྱིས་ཀུན་ནས་བསླངས་སྟེ་བཙོན་འཇུག་ཡང་ཡང་བྱེད་མུས་ཡིན་པ་དེ་རྩོམ་པ་པོ་རྒྱལ་ཁམས་སྐོར་
    མཁན་ཁོང་གིས་མ་མཁྱེན་པ་ནི་ཡིན་རྒྱུ་མ་རེད། དེ་ནས་སུང་ན་སླེབ་ཀྱི་མེད་པ་ནི་མཁྱེན་ངེས་རེད། འཛིན་བཟུང་བྱེད་ངེས་ཡིན་པ་མཁྱེན་ནས་སྐར་ལྔའི་དར་དམར་གྱི་སྲུང་བ་དང་བལ་དར་ཤོ་
    རལ་ཟུར་གསུམ་ཅན་དེ་ཡང་བཏགས་པ་རེད། དེ་དག་གིས་ལོ་ཚད་མང་ཉུང་ཙམ་ལ་མ་གཏོགས་གཞན་ཕན་ཐོགས་གང་ཡང་བྱུང་མེད་ན་
    ལྡོག་ཕྱོགས་ཀྱི་ནུས་པ་ཇི་ཙམ་ཐོན་ཡོད་དམ། དེ་ནི་བོད་པའི་ཁ་རྒྱུན་ལ་ཚོང་མ་རྒྱག་རྩིས་རྒྱོབས་ཞེས་པ་འདི་ཅིས་མ་བདེན་ཏེ།
    ལྷག་པར་བདེན་ནོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme