Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བ།

Posted on 2012-06-152012-06-15 By ཁ་བརྡ་ 23 Comments on རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བ།

༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽


༢༠༡༢ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན་བོད་མདོ་སྨད་མ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༦།༣༠ ཡས་མས་ཙམ་ལ་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་པ་རང་ལོ་ ༦༠ སོན་ལ་ཉེ་བའི་བོད་མི་རྟ་མགྲིན་ཐར་ཞུ་བ་ཞིག་གིས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་འདུག

མེར་སྲེག་བཏང་སྟེ་ཅུང་མ་འགོར་བར་ས་གནས་རྒྱ་མིའི་ཉེན་རྟོག་མི་སྣས་མེ་བསད་དེ་བཙན་འཁྱེར་བྱས་འདུག   དེ་རིང་སྔ་དྲོ་ས་གནས་མང་ཚོགས་ཀྱིས་རྟ་མགྲིན་ཐར་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་སྟེ་ངོ་རྒོལ་བྱས་སྟབས། ས་གནས་ཉེན་རྟོག་པས་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཁོང་ཕྱིར་ནང་མིར་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། སྐབས་དོན་ཁོང་གྲོངས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་ཀྱང་། ཉིན་གུང་ཙམ་ལ་ཁོང་འདས་གྲོངས་སུ་གྱུར་ཡོད་པ་དང་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཏེ་ནང་མི་དང་སྡེ་བའི་མི་མང་རྣམས་ཀྱིས་སྐུ་ཕུང་ལོ་བ་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་ས་གནས་དགེ་འདུན་པ་དང་མང་ཚོགས་སྟོང་ཕྲག་མང་པོས་སྐུ་ཕུང་སྐུ་ཕུང་ལ་མཇལ་དར་བསྒྲོན་ཏེ་གདུང་སེམས་མཉམ་སྐྱེ་དང་ནང་མིར་སེམས་བསོ་གནང་འདུག སྐུ་ཕུང་ཞུགས་འབུལ་དེ་རིང་ཕྱི་དྲོ་གཅན་ཚ་རྫོང་ཐོག་ཏུ་གནང་རྒྱུ་རེད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་དམག་མི་འགྲེམས་འཇོག་གིས་ས་གནས་མི་མང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག་པ་བཅས།།

གསར་འགྱུར།

Post navigation

Previous Post: ཚོད་ཚོད་ལ་རྒྱ་གར་བ་ཁྲེ་སྒོར་དྲན་པ།
Next Post: ཨ་མདོ་རྔ་པར་བོད་མིར་ཁྲིམས་ཆད་བཙོན་འཇུག་གནས་སྟངས།

Comments (23) on “རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བ།”

  1. གནམ says:
    2012-06-15 at 7:29 am

    གཟུངས་དྲུག་ངག་གི་སྨོན་ལམ་གྱིས།།
    ཐར་བ་ཐོབ་པའི་གསོལ་བ་འདེབས།
    བསྟན་པ་དར་བའི་ཡུལ་དེ་ལ།།
    སྐྱེ་བ་ཡང་ཡང་ཡོད་པར་སྨོན།།

  2. sonam dorjee says:
    2012-06-15 at 7:42 am

    ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།།

  3. མིག་བརྒྱད་པ། says:
    2012-06-15 at 7:54 am

    ཕ་མས་བསྙོར་བའི་ལུས་པོ་དེ།།
    བདེན་པའི་དོན་དུ་མེ་ལ་བསྒྲོན།།
    འབྲས་བུ་ནམ་ཡང་མི་བསླུ་བས།།
    བདེན་པའི་འོད་སྣང་རྒྱས་པར་ཤོག།

  4. མེ་ཏོག་དཀར་པོ། says:
    2012-06-15 at 8:15 am

    རྨད་བྱུང་ཐུགས་བསྐྱེད་ཉི་མའི་ངོ་གདོང་དེ། །
    ཁ་བ་རི་པར་ལྷག་པར་འཛུམ་པའི་ལྷ། །
    ཕྱག་བཞི་པ་དང་ཁ་ཊཾ་འཆང་བ་རྣམས། །
    ད་ནི་གཉིད་དུ་མ་ཡུར་ལ་འུར་བཞེངས། །

  5. དཔལ་སྟུག says:
    2012-06-15 at 8:38 am

    འདི་དག་གི་རེ་བ་སྟོང་ཟད་དུ་མི་འགྲོ་བའི་ཆེད་གསར་འགྱུར་ཁག་ལ་འབྲེལ་བ་གནང་རོགས་སྐུ་མཁྱེན

  6. ཆོས་ཀྱི་འོད་ཟེར། says:
    2012-06-15 at 8:53 am

    ཨ་ཁ་ཁཁཁཁཁཁཁཁཁཁཁ ཀྱེ་མ་གངས་རིའི་མགོན་པོ་མཁྱེན།

  7. ཆོས་ཀྱི་འོད་ཟེར། says:
    2012-06-15 at 8:54 am

    ཀྱེ་མ་གངས་རིའི་མགོན་པོ་མཁྱེན།

  8. ཆོས་འཕེལ་དར་རྒྱས་ says:
    2012-06-15 at 9:02 am

    བླ་མ་མཁྱེན། དལ་འབྱོར་མི་ལུས་འདི་འཕང་བ་ལ།

  9. གཅན་ཡེ་རྒྱམ། says:
    2012-06-15 at 9:26 am

    རང་གི་མི་ལུས་རིན་པོ་ཆེ་བོད་མི་ས་ཡ་དྲུག་གི་ཆེད་བཏང་བས་དོན་གོ་ཆོད་སོང་། དཀོན་མཆོག་མཁྱེན་ལམ་སྣ་འདྲེན་རོགས།

  10. རླངས་སྔགས says:
    2012-06-15 at 9:50 am

    ཨ་ོཾམ་ཎི་པདྨེ་ཧཱུྃ༔ ཨ་ོཾམ་ཎི་པདྨེ་ཧཱུྃ༔ ཨ་ོཾམ་ཎི་པདྨེ་ཧཱུྃ༔ ཨ་ོཾམ་ཎི་པདྨེ་ཧཱུྃ༔
    རྒྱལ་གཅེས་པ་འདི་དག་གིས་བདག་བས་གཞན་གཅེས་ཀྱི་སྙིང་སྟོབས་ཀྱི་འོད་སྣང་གིས་གཡོ་རྫུན་དང་སྡུག་སྤྱོད་ཀྱི་མུན་པ་མཐར་རུ་བསྐྱོད་པར་གྱུར་ཅིག །།

  11. དཀོན་ཚེ says:
    2012-06-15 at 9:56 am

    བླ་མ་མཁྱེན། རྒྱལ་བ་ཡིད་བཞིན་ནོར་བུ་མཁྱེན་ནོ།

  12. མདའ་མོ་བ། says:
    2012-06-15 at 10:44 am

    ༧གོང་ས་མཆོག་གིས་སྐྱོབས། མིག་ཆུ་ཁྱོར་གང་དང་མ་ཎི་ཚར་གཅིག་གིས་དབུ་ཁྱུད་བྱས་ཏེ་དྲ་གྲོགས་རྣམས་ལ་དྲི་ཚིག་འགའ་འབུལ་འདོད་བྱུང་།རྒྱལ་གཅེས་དཔའ་བོ་འདིའི་སྐུ་ཕུང་མང་ཚོགས་ཀྱི་འདོད་བློ་ལྟར་ནང་མིར་རྩིས་སྤྲད་དེ་ས་གནས་སེར་སྐྱ་སྟོང་ཕྲག་དུ་མས་རང་ཁྱིམ་ལ་གདན་དྲངས་པ་འདིས། མཚོ་སྔོན་ཞིང་ཆེན་ནང་གུང་ཏང་གི་སྲིད་ཇུས་ཅུང་གུ་ཡངས་པར་མཚོན་ནམ་ས་གནས་མང་ཚོགས་ཀྱི་ཆིག་སྒྲིལ་གྱི་སྟོབས་ཤུགས་བསྟན།དང་པོ་ལྟར་ན་མཚོ་ནུབ་ཐེམ་ཆེན་ནས་རྒྱལ་གཅེས་དཔའ་བོ་གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་མེ་ལ་བསྒྲོན་ཏེ་ཚེ་སྲོག་ས་ཡ་དྲུག་གི་མ་འོངས་པའི་ཆེད་དུ་ཕུལ་བའི་རྐྱེན་གྱིས། ས་གནས་དེ་ཀའི་གུང་ཇག་གིས་དགོན་དེའི་དགེ་བཤེས་སངས་རྒྱམ་དང་བང་སྟག་མཁས་གྲུབ་གཉིས་ད་དུང་ཕྱིར་གློད་མེད་པར་མ་ཟད་འགྱང་མིན་ཁྲིམས་ཐག་གཅོད་རྩིས་ཡོད་པ་དང་།རང་ལོ་བཅོ་བརྒྱད་ལ་སོན་མེད་པའི་གྲྭ་བཙུན་བཞི་བཅུ་ཡས་མས་ཤིག་སྐྱ་སར་ཕབ་པ་སོགས་རང་དབང་གི་གསར་ལམ་ཁག་ཏུ་ཐོན་མེད་ཚོར་འདུག་པའི་དོན་དངོས་འདི་ཅི་ལྟར་འགྲེལ། གཉིས་པ་ལྟར་ན་མཚོ་ནུབ་ཐེམ་ཆེན་གྱི་མང་ཚོགས་ལ་དེ་ལྟ་བུའི་ཆིག་སྒྲིལ་གྱི་སྟོབས་ཤུགས་མེད་པའི་རྒྱུ་རྐྱེན་གང་ལ་ཐུག་གམ། འདི་ནི་དྲི་བ་ངོ་མ་ཞིག་གམ་རྒྱབ་ལྗོངས་དག་མ་ཞིག

  13. ཨི་བདེ་ན། says:
    2012-06-15 at 10:45 am

    ཨོཾ་མ་ཎི་པདྨེ་ཧཱུྃ། བོད་ནས་འདི་ལྟར་མི་རིགས་ཀྱི་ཆེད་དུ་ཤི། །རྒྱ་གར་ནས་སྒོར་མོ་དང་ཐོབ་ཐང་ལ་མགོ་འཁོར། །ང་ཚོས་ནི་ཆབ་སྲིད་མི་ཤེས། །ཅུང་ཟད་ཤེས་པ་དེ་བྱ་མི་ཕོད། །བྱེད་མི་ཕོད། །ཐ་ན་བསམ་ཡང་མི་ཕོད་པར་ཤི་རྒྱུ་རང་རེད། །

  14. གྲགས་པ་ནས་ says:
    2012-06-15 at 10:53 am

    རྒྱལ་གཅེས་དཔའ་མཆོག་གི་རང་གཤིས་རྣམ་པར་རྒྱལ་གྱུར་ཅིག

  15. རེབ་ཐོག་མདའ says:
    2012-06-15 at 11:41 am

    སྐད་ཆ་ཞིག་བདག་གི་ཁོག་ལ་བཅུག་ནས་རྒྱུན་རིང་འགོར་སོང་དེར་བརྟེན་དེ་རིང་ངའི་འདི་ཕྱི་ལ་བཏོན་གི་ཡིན། སྤྱིར་ཡིན་ན་ངའི་ཕ་ཡུལ་ཀྱིས་རྗེས་ལུས་སྤུན་ཟླ་ཚོ་ལ་མེ་རུ་མ་སྒྲོན་ཞེས་བཤད་ན་འདོད་གི། གང་ཡིན་ཟེར་ན་ད་ང་དངོས་གནས་ཐང་ཆད་གི། རང་དབང་གི་ཡུལ་ན་གནས་བའི་ང་དང་ང་ལྟ་བའི་བོད་པ་ཚང་གི་མི་བུ་འདི་དག་ལ་ཡིད་ཐང་ཆད་གི།
    དེ་རིང་གི་མར་མེ་ཁྲོམ་སྐོར་དང་ཟླ་སྔོན་མའི་ནང་གི་རྐང་སྤོ་གཉིས་བསྡུར་ན་བོད་པ་ཚང་ལ་ཕ་ཡུལ་དེ་དགོ་གི་མེད་པ་འདྲ། ཟླ་སྔོན་མའི་རྐང་སྤོ་ལ་སླེབས་མཁན་སྐྱ་སེར་ཕོ་མོ་རྒན་གཞོན་མེད་པར་སྟོང་ཕྲག་འགའ་འདུག།་ཡིན་ཡང་དེ་རིང་གི་མར་མེ་ཁྲོམ་སྐོར་དུ་མི་སུམ་བརྒྱ་དང་ཉི་ཤུ་ཙམ་ལས་མི་འདུག། མ་ཟད་མར་མེ་ཁྲོམ་སྐོར་གི་རྗེས་ནས་ང་རང་ཇ་ཁང་ཞིག་དུ་སོང་ཡིན་དེ་རུ་ཕོ་གསར་ཁ་ཤས་ཤིག་གིས་འདི་ལྟར་བཤད་གི་་་་་དེ་རིང་མེ་རུ་སྒྲོན་པའི་ཕོ་གསར་དེ་ལས་ངན་རེད་དང་བོད་ནང་གི་བོད་པ་དེ་ཚོ་ཆོ་ཡོད་མེད་གི་སྐད་ཆ་བཤད་གི་འདུག་ད་དུང་གྲྭ་བ་ཞིག་འདི་མི་འདི་ཆོ་ཡོད་ནི་མ་རེད་དེ་ལས་རྐང་རྩལ་སྤོ་ལོ་སུ་དང་སུ་རྩེད་མིན་བཤད་དང་ཟེར།
    ད་བལྟས་དང་ང་ཚོས་ཕྱི་ལོགས་གི་བོད་པ་འདི་འདྲ་རེད། དེར་བརྟེན་ངའི་བོད་ནང་གི་བོད་པ་ཚོ་ལ་ཐུགས་རྗེ་གཟུགས་ད་མ་བསྲེགས་རོགས་ཞེས་བཤད་ན་འདོད་ཀྱང་།ང་ལ་དེ་ལྟར་བཤད་པའི་ཐོབ་ཐང་རྩ་བ་ཉིད་ནས་མེད་རྒྱུ་མཚན་ངའི་ཁོང་ཚོས་ཆེད་དུ་མཆོད་མེ་གཅིག་འཇོག་ཐུབ་མ་སོང་། དེའི་རྐྱེན་ཀྱིས་ང་ཅིག་ངུས་ན་འདུག་གི། རང་དབང ཞི་བདེ རང་བཙན གལ་སྲིད་རང་དབང་གི་ང་ཚོ་ད་དུང་ཡང་འདི་ལྟར་བསྡད་ན་རྨི་ལམ་ཞིག་ང་ཚོ་ལ་ཅི་ཡང་ཐོབ་མི་སྲིད

  16. མིག་བརྒྱད་པ། says:
    2012-06-15 at 12:09 pm

    བོད་ཀྱི་དོན་གྱི་བདག་པོ་ནི་གཞིས་ལུས་མི་དམངས་རེད། བཙན་བྱོལ་བོད་མི་མ་རེད། བཙན་བྱོལ་ནི་གཞིས་ལུས་མི་དམངས་ཀྱི་ཚབ་མཚོན་རེད། འཛམ་གླིང་ལ་ཤེས་སུ་བཅུག་པ་དང་ཁྱབ་བསྒྲགས་ཡག་པོ་ཞིག་བྱེད་ཐུབ་ན་དེ་གས་འགྲིག །

  17. བོད་ཀྱི་བུ། says:
    2012-06-15 at 12:09 pm

    གྲོགས་དག དུས་བབ་ནང་བོད་ཀྱི་བུ་ཞེས་པའི་སྨྱུག་མིང་བཀོད་དེ་མཆན་འདེབས་མཁན་དེ་གུས་པ་བོད་ཀྱི་བུ་དངོས་གནས་མིན་པ་དགོངས་འཇགས་འཚལ། གུས་པས་བོད་ཀྱི་བུ་ཞེས་པའི་སྨྱུག་མིང་འདི་ཉིས་སྟོང་བརྒྱད་ཙམ་ནས་སྤྱོད་འགོ་བཙུགས་པ་ཡིན།

  18. མིག་བརྒྱད་པ། says:
    2012-06-15 at 12:19 pm

    རྒད་པོ་དེ་མེ་ལ་ཚིག་པ་མཐོང་དུས་སེམས་སྐྱོ་ནས་མིག་ཆུ་དབང་མེད་བཞུར། ད་ཅི་བྱེད། ནམ་ཞིག་བདེན་མཐའ་གསལ་རྒྱུ་ཡོད་ན་དཀོན་མཆོག་གསུམ་པོ་མཁྱེན། དེ་མིན་ཤི་བོ་དག་གི་རེ་བ་སྟོང་ཟད་དུ་མི་འགྲོ་བའི་ཆེད་དེབ་ཐེར་ལོ་རྒྱུས་ནང་གསལ་བོར་འགོད་དགོས། ཡིན་ཡང་ཁོང་ཚོའི་རེ་བ་དེབ་ཐེར་ནང་འགོད་རྒྱུ་དེ་མ་རེད། ཅི་ཞིག་གི་ཆེད་དུ་རེད།

  19. ཁྭ་ཏ་ཁ་ཏ་བ། says:
    2012-06-15 at 1:30 pm

    རང་ལུས་མེར་སྒྲོན་གྱི་འཐབ་རྩོད།།

    ཁ་ཞེ་གཉིས་མེད་བོད་ལ་དགའ་ཞེན་ཅན།།
    སྙིང་སྟོབས་ལ་རྒྱ་ལྡན་པའི་དཔའ་བཏུལ་ཚོ།།
    ལུས་སྲོག་ལོངས་སྤྱོད་བཏང་ནས་མེ་རླབས་འཁྲོད།།
    གཅིག་རེར་གཉིས་རེར་སྐར་མདའ་བཞིན་དུ་ཡལ།།

    ཚུལ་དེ་ཐོས་པར་དམར་ཆུང་སེམས་པ་སྐྱོ།།
    ཕངས་སེམས་ཚད་མེད་སྙིང་ཁར་གཟེར་ཟུག་ལང།།
    ཤུལ་དུ་ལུས་པའི་ཕ་མ་སྤུན་ཉེའི་ཚོགས།།
    སྐྱོ་བ་མ་གནང་ང་ཡི་སེམས་གསོ་ཙམ།།

    འདས་གསོན་དཔའ་བཏུལ་དག་ལ་གུས་པས་འདུད།།
    ཁྱེད་ཚོས་མངོན་འདོད་ཤུལ་ལུས་བོད་མིས་སྒྲུབ།།
    མི་རིང་གངས་ལྗོངས་རང་དབང་བདེ་སྐྱིད་ཐོབ།།
    དེ་དུས་སླར་ཡང་བོད་ལ་སྐྱེ་བར་སྨོན།།

    བླ་ན་མེད་པའི་སྐྱབས་མགོན་བླ་ཆེན་ཚོས།།
    དཔའ་བོ་དཔའ་མོའི་རྣམ་ཤེས་འདྲེན་པར་མཛོད།།
    ད་དུང་བོད་ཀྱི་གཞུང་དང་འབངས་མི་ཚོ།།
    ཁ་རོག་མ་བཞུགས་བློ་རྩེ་གཅིག་ཏུ་སྒྲིམས།།

  20. ཀླུ་སྨྱོན། says:
    2012-06-15 at 10:33 pm

    བདེ་བ་ཅན་དུ་སྐྱེ་བར་ཤོག །

  21. མེ་ཏོག་དཀར་པོ། says:
    2012-06-15 at 11:31 pm

    འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །
    འོད་དཔག་མེད་ཀྱི་ཞིང་ཁམས་ཡོད། །
    སུ་ཞིག་དེ་ཡིས་མཚན་བརྗོད་པ། །
    ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། །འོད་དཔག་མེད་མཁྱེན་ནོ།།

  22. གཅན་འོད་འབར། says:
    2012-06-15 at 11:55 pm

    ཕུ་ནུ་མིང་སྲིང་མེ་རུ་འབར་དུས་ན་ཟུག་རྦ་རླབས་དགུང་ལ་འཕྱོ།།
    ཕ་ས་མ་ཡུལ་སྡུག་གིས་གཅུན་དུས་སྐྱོ་བའི་མུན་པས་ས་གཞི་འགེབ།།
    ད་ནི་སྐྱབས་སའི་ལྷ་ཞིག་ཡོད་ན་གཉིད་དུ་ཡུར་བའི་དུས་ཚོད་མིན།།
    ད་ནི་བཀུར་སའི་དཔོན་ཞིག་ཡོད་ན་རང་ལ་སྡོད་པའི་ཚོད་ཅིག་མིན།།
    སྐྱེས་ཆེན་འདི་ཚོར་དལ་འབྱོར་མི་ལུས་ཤིག་ཐོབ་པར་སྨོན་ལམ།

  23. སྣྲོན་ངག་ཁྲི། says:
    2012-06-15 at 11:58 pm

    མཐོང་ན་མིག་གིས་མ་བཟོད་མཆི་མ་བཞུར།།
    ཐོས་ན་རྣ་བས་མི་བཟོད་འུར་སྒྲ་གྲགས།།
    བསམ་ན་ཡིད་ཀྱིས་མི་བཟོད་སྙིང་རྩ་འདར།།
    བསྡད་ན་སེམས་ཀྱིས་མི་བཟོད་སྨོན་ལམ་འདེབས།།
    འགྲོ་ན་རྐང་པས་མི་བཟོད་མར་མེས་སྐོར།།
    བཤད་ན་ངག་གིས་མི་བཟོད་བསྔགས་བརྗོད་ཐལ།།
    མདོར་ན་འགྲོ་འདུག་གང་ལའང་ཡི་རངས་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme