Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་བཀག་བསྐྱིལ་ཁང་ནས་ལྷ་ས་ལ་ཉན་པ།

Posted on 2012-06-13 By ཁ་བརྡ་ 10 Comments on བལ་ཡུལ་བཀག་བསྐྱིལ་ཁང་ནས་ལྷ་ས་ལ་ཉན་པ།

གླིང་ཚ་ཚེ་བརྟན་རྡོ་རྗེ།

་་་་་་་་་ང་ཚོ་ལ་འཚེ་མེད་ཞི་བ་ལས་ལྷག་པའི་འཐབ་རྩོད་ཀྱི་ལག་ཆ་ཚད་མཐོ་བོ་གཞན་གང་ཡང་མེད།

ང་རང་གིས་བོད་མི་རིགས་ཀྱི་འཆི་གསོན་གྱི་ཆེད་དུ་ཞི་བའི་འཐབ་རྩོད་ཀྱི་འགོ་བཙུགས་ནས་དེ་རིང་བར་དུ་ཟླ་ངོ་གསུམ་དང་ཉིན་བཞི་འགྲོ་བཞིན་ཡོད། འགོ་བཙུགས་པའི་ཉིན་མོ་དེ་ནས་ང་རང་གི་སྐྱིད་སྡུག་ལེགས་ཉེས་བཤད་ས་ཚང་མ་བོད་མི་རྣམས་ཡིན་ལ། ཡིན་ཡང་ལོས་དགོས། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་བོད་མི་རིགས་ཀྱི་ཞི་བདེ་དང་རང་དབང་གི་ཆེད་དུ་ཞི་བའི་འཐབ་རྩོད་ཁྲོད་དུ་བསྟིམས་ནས་ཡོད། ངས་ཉིན་ལྟར་བོད་རིགས་སྤུན་ཟླ་དག་གི་བཀའ་དྲིན་ལ། དྲ་རྒྱུའི་མཐུན་རྐྱེན་ཕྱོགས་ངོས་གང་ས་ནས་རེག་གི་ཡོད་སྟབས། ངས་དུས་རྒྱུན་དུ་བོད་ནང་གི་གནས་ཚུལ་ལ་ཉན་ནས་འགྲོ་བཞིན་ཡོད།

ནང་དགོས་སུ་བོད་ནང་ནས་ཡང་བོད་མི་གཅིག་གི་རང་ལུས་གཞན་ཕམ་གྱི་མེ་ལྕེ་རུ་སྒྲོན་འདུག་ཟེར་བས་སྐད་ཆ་རེ་གོ་ཐེངས་རེར། ངའི་སེམས་སུ་ཚ་གཤེར་་རྒྱགས་ཀྱི་འདུག ང་ཚོ་བོད་མི་མི་གྲངས་ཉུང་བའི་སྒང་ལ་སྐྱེ་སྒོ་ཡང་བཀག་ཡོད་སྟབས། རིགས་ཀྱི་མདུན་པ་ཟབ་པ། རིགས་ཀྱི་ལ་རྒྱ་ཆེ་བ། རིགས་ཀྱི་འཆི་གསོན་ཆེད་དུ་རང་ཉིད་ལ་དབང་བའི་ཚེ་སྲོག་ཚུན་ཆད་དུ་བོད་མི་རིགས་ལ་འབུལ་སྟངས་འདི་ལ་བསམ་དུས། དངོས་ནས་ཡིད་སྐྱོ་ཡི་འདུག སྐྱོ་སྟངས་དེ་ཡང་འགྲོ་བ་མི་ཞིག་གི་ལུས་ཐོག་ལ་བཟོད་དུ་མེད་པའི་སྡུག་བསྔལ་དེ་འདྲ་བློ་ཡུལ་དུ་ཤར་བ་ཙམ་གྱིས་སྙིང་འདར་བ་དེ་འདྲ་དྭང་དུ་བླངས་དེ། ང་ཚོ་ཤུལ་ལུས་བོད་མི་དག་ལ་ཁ་ཆེམས་རེ་བཞག་ནས་འབུད་འགྲོ་བ་དེ་ཡིན། དེ་ཡི་རྗེས་སུ་ང་ཚོས་གཞུང་སྒེར་ཚང་མས་ཡང་གཅིག་མེ་རུ་སྒྲོན་འདུག་ཟེར་ནས་མ་ཎི་རེ་འདོན་པ་དང་མར་མེ་ཁྲོམ་སྐོར་རེ་བྱེད་པ་དེ་ཡིན། དོན་དངོས་སུ་ང་ཚོས་ཁོང་ཚོའི་བཞག་པའི་ཁ་ཆེམས་ལ་བརྩི་བཀུར་བྱེད་ཐུབ་ཀྱི་མེད་པ་དེར་བསམ་དུས་ང་ལྷག་དུ་སེམས་ཁོང་རུས་པའི་གཏིང་ནས་ན་ཡི་འདུག་ལ། ང་འདས་ཟིན་པའི་རིགས་ཀྱི་དབའ་བོ་དབའ་མོ་དེ་དག་ལ་སེམས་གཏིང་ནས་ངོ་གནོང་གི་འདུག

ལྷག་དོན་དུ་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་ཀྱི་མེ་ལྕེ་ཡིས་བོད་དོན་སེལ་བར་བོད་མིའི་མཉམ་འབྲེལ། རྡོག་རྩ་གཅིག་སྒྲིལ། གཅིག་རྒྱབ་གཅིག་བླང་གིས་བདེན་དོན་ཆེད་དུ་ཞི་བའི་འཐབ་རྩོད་བྱེད་རྒྱུར་ཡིད་ཆེས་ཀྱི་འཁང་ནས་སོང་ཤུལ་ནས། ང་ཚོའི་ཁ་ལ་སྒོ་མེད་པ་དང་རང་གི་སྐད་ཆ་རང་གིས་འགན་མི་ཐེགས་པའི་རྩ་ཡི་གཟུགས་ལ་མི་ཡི་སྲོག་ཡོད་པར་ཁས་ཆེས་པའི་འུ་ཅག་གིས་ད་དུང་ཤུལ་ནས་ལྷ་ས་ན་གང་ཡང་མེད་རབས་དང་། མདོ་སྟོད་སྨད་ནས་མེ་ལྕེ་མཆེད་ནས་འོང་སྟངས་ལ་གསེར་གྱི་མཆོད་རྟེན་ལ་འཇག་མའི་ལྷན་པ་རྒྱགས་སྟངས་དེར་དངོས་ནས་སེམས་པ་སྐྱོ་བ་ལ་སྐྱོ་ཚད་མི་འདུག་ལ། ངས་དེ་རིང་གི་ལྷ་སའི་ཁུལ་དུ་གནས་པའི་བོད་རིགས་སྤུན་ཟླ་དག་གི་ཟ་བཏུང་གི་རང་དབང་། འགྲོ་འདུག་གི་རང་དབང་། རང་ས་ན་རང་ཁྱིམ་ནས་ཁ་རོག་གེར་བསྡོད་པ་དེ་ཡང་ཁྲིམས་འགལ་དུ་བལྟ་བཞིན་པའི་གནས་སྟངས་དེར་བསམ་ན་ལྷག་དུ་སེམས་ནས་བཟོད་ཀྱི་མི་འདུག

དེ་རིང་གི་ལྷ་ས་ལགས། བོད་གངས་ཅན་གྱི་མིག་དང་། བོད་གངས་ཅན་པའི་བླ་མཁར་གྱི་ལྟེ་བ། བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གསེར་གྱི་ཕོ་བྲང་། ངས་དེ་རིང་འདི་ནས་ཁྱེད་ལ་སེམས་གཏིང་ནས་ཁོང་ཚོས་ཚབ་དུ་དགོངས་དག་ཞུ་ན་འདོད། ཁྱོད་ཀྱིས་མ་རྒྱུད་པའི་དཀའ་སྡུག་གི་འགག་འཕྲེང་གང་ཞིག་ལུས་ཡོད། ཁྱོད་ཀྱིས་ཀྱང་མ་མྱོང་བའི་མུ་གེ་དང་ལྟོགས་སྐོམ་གང་ཞིག་ལུས་ཡོད། གཏན་ནས་མེད། ང་རང་བྱེས་པ་བོད་མི་ཡོངས་ཀྱི་མགྲིན་ཚབ་བྱས་ནས་འོང་གི་ཡོད། ང་ནམ་ཞིག་ཁྱེད་ཀྱི་བང་ཁར་ལོག་ཐུབ་པ་བྱེད་ཆོག་ལ། ངས་ཁྱོད་ཀྱི་སྐྱོ་གདུང་ཡོད་ཚད་ལ་སྐྱིད་སྡུག་མཉམ་མྱོང་ཞིག་ཏན་ཏན་བྱེད་ཐུབ་པར་རང་གི་ཚེ་སྲོག་འདི་ཉིད་བདེན་པའི་དབང་བོར་བཞག་ནས་བྱེད་ངེས་ཡིན།

དེ་རིང་གི་ལྷ་ས་ལགས། རྒྱ་ནག་སྲིད་གཞུང་གི་བྲན་གཡོག་ལས་ངན་དམག་མི་དེ་དག་གི་ལག་ནང་དུ་བཟུང་བའི་མེ་མདའ་ལ་སེམས་དང་སྲོག་བྲལ་བའི་ལྕགས་རྡེའུ་ཆར་བ་འབེབས་པར་གྲྭ་སྒྲིག་ཡོད་ན་ཡང་། འུ་ཅག་ལ་བསྐལ་བ་ཁྲི་ཕྲག་གི་བར་དུ་ནམ་ཡང་འཇིགས་མི་སྲིད་པའི་བདེན་པའི་དབང་བོ་དང་བསྐལ་བ་ཇི་སྲིད་བར་དུ་གནས་པའི་རྣམ་ཤེས་ཀྱི་བདེན་པ་ཡོད། དེ་ཡི་ཕྱིར་ང་ཚོ་དེ་རིང་ཁོང་ཚོས་ག་ཚོད་གསོད་ཀྱང་གསོད་དུ་བཅུགས་དང་། ང་ཚོས་སེམས་ཁོང་རུས་པའི་གཏིང་ནས་བདེན་པ་ནི་བསླུ་བ་མེད་པར་ཡིད་ཆེས་ཀྱི་སྒོ་ནས་ཤི་ཁའི་སྐད་ཅིག་མ་དེ་ལ་ཡང་སླར་ཡང་གངས་རིའི་ལྗོངས་སུ་ཇི་སྲིད་བར་དུ་སྐྱེ་བ་ལེན་པར་སྨོན་ལམ་འདེབས་ཆོག དག་གཙང་གི་སེམས་པ་རེ་རེ་ཡིས་སེམས་དང་སྲོག་དབང་བྲལ་བའི་ཉེས་མེད་ཀྱི་ལས་ངན་ཁྱུ། རྒྱ་ནག་སྲིད་གཞུང་གི་བྲན་གཡོག་དུ་གྱུར་བའི་དམག་མི་དེ་དག་ལ་སྙིང་རྗེ་རེ་བྱེད་ཞོར་དུ་ལམ་དུ་ཆས་པར་གྲྭ་སྒྲིག་བྱོས་དང་། ང་ཚོས་ཚེ་སྲོག་ལ་མེ་མདའི་ཆར་བ་འབབ་ཀྱང་ང་ཚོའི་རྣམ་ཤེས་ལ་སུས་ཀྱང་གནོད་འཚེ་གཏོང་མི་ཐུབ་པ་ཡིན། ལོ་རྒྱུས་ཀྱི་བདེན་དབང་དང་། གངས་ཅན་པའི་ཕ་ས་སྨུག་པོ། ལྷ་ས་ལགས། ངས་གོམ་པ་རེ་རེ་བཞིན་མདུན་དུ་སྙེགས་པར་བརྩོན་བཞིན་ཡོད།

མི་འགྱངས་པར་ངས་བོད་མི་རིགས་ཀྱི་གཞོན་སྐྱེས་མང་བོ་ཞིག་ཀྱང་གྲལ་བསྒྲིགས་ནས་རང་གི་ཕ་སར་ལོག་ཡོང་ཐུབ་པར་ཡིད་ཆེས་ཡོད་ལ། ངས་ད་ལྟ་ད་དུང་འང་བོད་མི་རིགས་ཀྱི་བཙན་པོའི་སྙིང་སྟོབས་གསོན་པར་གནས་ཡོད་པ་དང་བོད་མི་རིགས་ནི་བསྐལ་བ་མ་སྟོང་བར་དུ་འཚེ་མེད་ཞི་བའི་དམག་ས་ཞིག་ཆགས་པར་ཡིད་ཆེས་བརྟན་པོ་ཡོད།

༡༣།༦།༡༢བལ་ཡུལ་བཀག་བསྐྱིལ་ཁང་ནས།

སྣ་ཚོགས།

Post navigation

Previous Post: དབུ་མ་གཞན་སྟོང་གི་བགྲོ་གླེང་ཐེངས་བདུན་པ་དབུ་འཛུགས་བྱས་འདུག
Next Post: ༼བོད་རེ་བ་ཅན༽་ལ་ལྟ་ཀློག་བྱས་པའི་མྱོང་ཚོར་ཐོར་བུ།

Comments (10) on “བལ་ཡུལ་བཀག་བསྐྱིལ་ཁང་ནས་ལྷ་ས་ལ་ཉན་པ།”

  1. ཨ་ནུ་ཐང་བསོད་ནམས says:
    2012-06-13 at 4:12 am

    འཇོན་ཐང་ཡོད་ན་ཐབས་རྩོད་ཀྱི་བགྲོད་ལམ་ནི་བརྒྱ་ཕྲག་མང་པོ་ཡོད། འཇོན་ཐང་མེད་ན་ཐབས་རྕོད་ཀྱི་བགྲོད་ལམ་གཅིག་ལས་མེད་སྲིད་ལ་གཅིག་ཀྱང་མེད་སྲིད། རྣམ་དཔྱོད་ཡོད་ན་ལམ་མེད་པ་ཡོད་པ་བཟོ་ཐུབ་ལ་ཐབས་མེད་པ་ཡོད་པ་སྐྲུན་ཐུབ། རྣམ་དཔྱོད་མེད་ན་ལམ་ཡོད་པ་མེད་པ་ཆགས་སྲིད་ལ་ཐབས་ཡོད་པ་མེད་པ་གྱུར་སྲིད། དེ་ནི་རང་དབང་ལ་མཚོན་ན་གཅིག་མཚུངས་རེད། ཐབས་མེད་ན་རང་ས་ཡིན་ཡང་གཞན་ལག་ཏུ་ཤོར་ལ། ཐབས་ཡོད་ན་གཞན་ས་ཡིན་ཡང་རང་སར་སྒྱུར་ཐུབ། དེ་ནི་ཐག་རིང་ལྟ་མི་དགོས་བ་རྒྱ་བོད་ཀྱི་ཉེར་རབས་ཀྱི་ལོ་རྒྱུས་ལས་ཤེས་ཐུབ། མདོར་ན་འཇིག་རྟེན་ན་ཐག་གཅོད་ཐུབ་པའི་གནད་དོན་ཞིག་མེད། རྒྱུ་མཚན་ནི་མིའི་རྣམ་དཔྱོད་དང་ནུས་བ་ལ་ཚོད་འཛིན་བྲལ་བས་ཡིན། དེ་ནི་རྒྱ་ནག་གི་གཏམ་དཔེ་ལྟར། འཇིག་རྟེན་འཁྲུག་ན་དམ་པ་འབྱུང་ཞེས་བའི་དཔེ་བཞིན་ད་ལྟའི་ཛ་དྲག་གི་གནས་སྟངས་འདིས་བོད་འདི་འགྱེད་ས་ལས་སྐྱོབ་ཐུབ་མཁན་གྱི་དམ་པ་ཞིག་མི་འབྱུང་པའི་ངེས་བ་མེད།

  2. གནམ says:
    2012-06-13 at 5:22 am

    (ངས་དེ་རིང་འདི་ནས་ཁྱེད་ལ་སེམས་གཏིང་ནས་ཁོང་ཚོས་ཚབ་དུ་དགོངས་དག་ཞུ་ན་འདོད།) ངའི་ཚབ་དུ་དགོངས་དག་ཞུ་དགོས་ནིའི་ལས་ཉེས་ཅི་ཡང་མ་བྱས་པས་དེ་ལྟར་ཞུ་དགོས་ནི་མ་རེད་ཞུ་རྒྱུ་ཡིན།
    (ང་རང་བྱེས་པ་བོད་མི་ཡོངས་ཀྱི་མགྲིན་ཚབ་བྱས་ནས་འོང་གི་ཡོད།) བྱེས་པ་ངའི་མགྲིན་ཚབ་བྱེད་ན་བདེན་པ་ལ་རྒྱལ་ཁ་ཡོད་པའི་ལང་ཕྱོགས་བརྟན་པོ་ཅན་གྱི་མི་བུ་ཞིག་ཡིན་པ་ལས་སྔར་ལྟར་ཆིངས་ཡིག་དོན་ཚན་བཅུ་བདུན་ཅན་གྱི་ལས་རྫུན་མ་དེ་འདྲ་དགོས་དོན་མེད།
    ཤུགས་རྒྱོབ། ཁྱོའི་ལམ་ཁ་དེ་ནས་མི་ཐར་ན་ངའི་ལམ་ཁ་ལ་བུད་ན་འགྲིག་གི་རེད། ལམ་ཁ་གཉིས་ཡོད་ན་ཐབས་ཇུས་གཉིས་ཡོད་པ་འདྲ་པོ་མི་འདུག་གམ།

  3. གངས་སྦལ། says:
    2012-06-13 at 6:53 am

    འཇོན་ཐང་ཡོད་ན་ཐབས་རྩོད་ཀྱི་བགྲོད་ལམ་ནི་བརྒྱ་ཕྲག་མང་པོ་ཡོད། འཇོན་ཐང་མེད་ན་ཐབས་རྕོད་ཀྱི་བགྲོད་ལམ་གཅིག་ལས་མེད་སྲིད་ལ་གཅིག་ཀྱང་མེད་སྲིད། རྣམ་དཔྱོད་ཡོད་ན་ལམ་མེད་པ་ཡོད་པ་བཟོ་ཐུབ་ལ་ཐབས་མེད་པ་ཡོད་པ་སྐྲུན་ཐུབ། རྣམ་དཔྱོད་མེད་ན་ལམ་ཡོད་པ་མེད་པ་ཆགས་སྲིད་ལ་ཐབས་ཡོད་པ་མེད་པ་གྱུར་སྲིད། སྐད་ཆ་འདི་ལྟར་བཤད་ཤེས་པ་ཙམ་གྱིས་གཏན་ནས་འགྲིག་ནི་མ་རེད། དོན་དངོས་ཐོག་འཇོན་ཐང་དང་རྣམ་དཔྱོད་ཅན་གྱི་མི་དགོས་ནི་རེད། འཇོན་ཐང་དང་རྣམ་དཔྱོད་ལག་ལེན་དངོས་ཐོག་ནས་བཏོན་ཐུབ་མཁན་གྱི་མི་དགོས་པ་མ་གཏོགས། ཐང་ནས་བལྟས་ན་གླེན་པ་མཁས། ལག་ལ་བཞག་ན་ཐུབ་རྒྱུ་མེད་ཅེས་པའི་གཏམ་དཔེ་ལྟར་གྱུར་སོང་ན་མི་འགྲིག་གི། དེ་ལས་ཅང་མ་བཤད་ན་བཟང་གི་པ། ལྷག་ཏུ་རྒྱབ་བཤད་ལྟ་བུའི་རིགས་་་་

  4. ནག་ཚོགས་འཇོམས། says:
    2012-06-13 at 6:54 am

    ཕྲན་ལ།དོན་ཕྲ་ཞིང་ཞིབ་པ་རྟོགས་པའི་རྣམ་དཔྱོད་བྲལ་བས།ཕྲ་ཞིང་ཞིབ་པ་རྟོགས་ཐུབ་མ་སོང་།ཡིན་ནའང་།བོད་མི་རིགས་ཀྱི་སྡུག་བསྔལ་ཕྲག་ཏུ་ཁུར་བའི་བོད་སྤྱི་དང་འཛམ་གླིང་བདེ་འཇགས་ཀྱི་ཆེད་དུ་དྲང་བདེན་དང་གནས་ལུགས་ཀྱི་ཀི་སྒྲ་སྒྲོགས་མཁན།བོད་ཀྱི་སྐྱེ་བུ་གཟི་བརྗིད་ཅན་ཁྱེད་འདྲ་མང་པོ་ཞིག་ཡོད་ན་ལམ་སང་བོད་བདེ་མཐའ་གསལ་ངེས་རེད་དོ།། །།

  5. ལུང་རྟོགས། says:
    2012-06-13 at 7:35 am

    ཨ་་་ཤི་རེ་ཁོ་་་བཙན་བྱོལ་བོད་མི་འདི་ཚོ་རང་གིས་བྱེད་རྒྱུ་བཞག་ནས་སེམས་ཤུགས་ཅན་གྱི་སྐད་ཆ་ཉན་ཡང་མི་ཕོད་པའི་ཚད་ལ་ཐོན་འདུག

  6. བཀྲ་ཤིས་རྡོ་རྗེ། says:
    2012-06-13 at 11:47 am

    ལུང་རྟོགས་ལགས། ཁྱོད་ཀྱིས་ཉན་ཕོད་ན་ཁྱོད་གོམ་བགྲོད་ལབལ་ཡུལ་བར་སོང་ན་ག་འདྲ་འདུག ཅིག་སོང་དང་ང་ཚོས་ལྟ།

  7. ལུང་རྟོགས། says:
    2012-06-13 at 12:59 pm

    ང་འགྲོ་མཁན་དང་ཁྱེད་ཚོ་བལྟ་མཁན་རེད་དམ། ཞབས་འདྲེན། བོད་པ་ཚངས་ལ་བསམ་བློ་འདི་འདྲ་ཞིག་ལས་མེད་པའི་དབང་གིས་ལས་མཐའ་འདི་ལ་ལྷུང་སོང་བ་རེད།

  8. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-13 at 6:53 pm

    གླིང་ཚའི་བུས་དེ་རིང་ཕྱོགས་རིས་མེད་པའི་སྐད་ཆ་དྲང་པོ་ཞིག་བཤད་འདུག། ངོ་མ་བདེན་གི། ང་སྔོན། འབའ་སྲས་འབའ་ལུག་དུད་འགྲོའི་རིགས། ཕུ་ནུ་ནང་དཀྲུག་རྡ་རུ་མགོ། ཤ་ཚ་ཡིན་མདོག་ཕུང་འདྲེ་ཁྱོད། རྒྱབ་ཏུ་གུང་ཁྲན་ཡོད་པར་ངེས།

  9. ཨ་ནུ་ཐང་བསོད་ནམས says:
    2012-06-14 at 5:33 am

    གངས་སྦལ་ལགས།
    ངས་སྐད་ཆ་གང་ཞིག་བཤད་འདོད་ན་དེ་ནི་ངའི་རང་དབང་རེད། ཁྱེད་ཀྱིས་ངའི་རང་དབང་ལ་ཚོད་འཛིན་བྱེད་མི་ཐུབ་ལ། ཐུབ་ཀྱང་སྲིད་ཀྱི་མ་རེད། རྒྱུ་མཚན་ནི། ང་ནི་ང་ལ་བདག་པས་ཡིན།
    དང་པོ་ཁ་ནས་བཤད་ཅིང་གྲོས་བསྡུར་མ་བྱེད་པ་ལག་ལེན་ཅི་ལྟར་གནང་དགོས། ཁ་ལག་གཉིས་ཀྱི་འཇོན་པོ་ཨེ། ཁ་ལག་གཉིས་པོ་དགོས་བ་བདེན་ཡང་ཁྱེད་ལ་ཁ་ལག་གཉིས་ཀ་མེད་པས་ཅི་ལྟར་བྱེད། ཁས་བཤད་པའམ་གྲོས་འདོན་པ་མི་དགོས་ན་དངུལ་དངོས་ཁྲི་ཁྲག་མང་པོ་སྤྲད་ནས་སྲིད་འཛིན་རྣམས་ཀྱིས་རང་གི་བྱུས་འགོད་པ་གླ་དགོས་དོན་མེད་ལ་ཚོང་པ་རྣམས་ཀྱིས་ཀྱང་རིན་གོང་ཆེ་བའི་འཆར་འགོད་པ་གླ་དགོས་མེད་དེ། ཁོང་ཚོ་ནི་ཁས་བཤད་མཁན་ཁོ་ན་ཡིན་པས་སོ། བདེན་ཏེ། ཁོང་ཚོ་ནི་ལག་ལེན་སྟར་མཁན་མིན། གནས་ལུགས་དེ་ཙམ་མི་རྟོགས་ན་ག་ཡི་འོག་ཏུ་ལ་བཞག་ཅིང་ཞབས་ཀྱུའི་མཛེས་རྒྱན་བཀྲུས་ན་ལེགས།

  10. ཨ་ནུ་ཐང་བསོད་ནམས says:
    2012-06-14 at 5:39 am

    ངས་ལྟས་ན་ཉིད་ཀྱིས་རྒྱབ་བཤད་ཀྱི་གོ་དོན་ཡག་པོ་རྟོགས་ཀྱི་མེད་པ་འདྲ། ཁྱེད་ཀྱིས་མིང་རྫུན་བཀོད་ཅིང་སྐད་ཆ་བཤད་ན་རྒྱབ་བཤད་མ་འགྱུར་བ་ཕྲན་གྱིས་མིང་དངོས་སུ་བཀོད་ཅིང་མཆན་བཀོད་ན་རྒྱབ་བཤད་ཅི་ལྟར་འགྱུར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme