Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤོ་རྒྱན་མ་འཛུག་གངས་ཅན་པ།།

Posted on 2012-06-11 By ཁ་བརྡ་ 9 Comments on ཤོ་རྒྱན་མ་འཛུག་གངས་ཅན་པ།།

དབང་་ཆེན་སྤྲུལ་སྐུ།

ཀ་གཏུགས་བྱུང་ནས་རང་སྲོག་འདོར་བྱེད་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཁ་ལྟས་ངན་པས་རང་གཞན་ཕངས་བྱེད་ཤོ་རྒྱན་མ་འཛུག་གངས་ཅན་པ།
ག་ལེར་རྒྱུ་ནོར་རྒྱང་དུ་བྲོས་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ང་ཚོའི་ཡ་རབས་རིག་གཞུང་ཉམས་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།།

ཅ་ཅོ་འུར་ཟིང་ནང་འཁྲུགས་སློང་བྱེད་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཆ་རྒྱུས་ཡོད་ཀྱང་ཡིད་ཆེས་བརླག་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཇ་ཆང་ངོམས་མེད་ཟོས་བརྗེད་ཁུར་ཡོང་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཉ་དོལ་རྒྱ་བཞིན་རང་ལུས་བཙོན་འཇུག་ཤོ་རྒྱན་མ་འཛུག་གངས་ཅན་པ།།

ཏ་ཀུ་ཤོར་བའི་རྒན་པོའི་ལུས་བཞིན་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཐ་གུ་རིང་པོས་གཟུགས་བཞི་བསྡམ་མཚུངས་ཤོ་རྒྱན་མ་འཛུག་གངས་ཅན་པ།
ད་ནང་ནོར་རྫས་དོ་དགོང་ཡལ་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ན་གཞོན་རིག་གནས་ཤེས་བྱའི་བཀག་རྡོ་ཤོ་རྒྱན་མ་འཛུག་གངས་ཅན་པ།།

པ་འགོ་མདོ་མེད་མིང་གིས་འབོད་ཡོང་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཕ་མའི་མིག་ཟུང་ཆུ་དང་མི་འབྲལ་ཤོ་རྒྱན་མ་འཛུག་གངས་ཅན་པ།
བ་གླང་ཕྱུགས་བཞིན་ག་སར་གང་ཉལ་ཤོ་རྒྱན་མ་འཛུག་གངས་ཅན་པ།
མ་བཟོད་སྙིང་ལ་གྲི་ཆུང་བཙུགས་འདྲ་ཤོ་རྒྱན་མ་འཛུག་གངས་ཅན་པ།།

ཙ་ཙིག་ཚོང་རྫས་བརྐུས་ནས་ཤོར་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཚ་ཇ་ཉོ་བྱད་བཅད་ནས་བྲོས་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཛ་དྲག་རང་གིས་རང་མཛུབ་གཏུབ་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཝ་སྐྱེས་ཀླད་མེད་སྨྱོན་པའི་དུར་ས་ཤོ་རྒྱན་མ་འཛུག་གངས་ཅན་པ།།

ཞ་དང་ཞོར་ལ་ཁྱིམ་མཚེས་བཅོམ་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཟ་དང་གཉིད་གཅོག་ཉིན་མཚན་འཁྲུགས་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
འ་ཅག་མི་སེམས་མགོ་སྣ་ཤོར་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཡ་རབས་བོད་མིའི་རིན་ཐང་བརླག་འགྲོ་ཤོ་རྒྱན་མ་འཛུག་གངས་ཅན་པ།།

ར་བཞིན་མིག་འཛེར་མཐོང་ན་མི་དགའ་ཤོ་རྒྱན་མ་འཛུག་གངས་ཅན་པ།
ལ་ལུང་རྒྱང་འདེད་མཛེ་ནད་བཞིན་བརྩི་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཤ་ཚ་སྙིང་རྗེའི་རང་ལ་གཟིགས་ནས་ཤོ་རྒྱན་མ་འཛུག་གངས་ཅན་པ།
ས་ཐོགས་མི་གྲལ་མི་བཞིན་འགྲོ་ན་ཤོ་རྒྱན་མ་འཛུག་གངས་ཅན་པ།།

ཧ་ཅང་མི་མཛའ་སྤྱོད་ངན་དོར་ནས་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཧ་ལམ་ཕྱོགས་ཙམ་སེམས་ལ་བསྐོར་རོགས་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཨ་ཙི་བསམ་ནས་ཁོང་ཁྲོ་མ་གནང་ཤོ་རྒྱན་མ་འཛུག་གངས་ཅན་པ།
ཨ་བསམ་བཏང་ནས་བླང་དོར་གནང་ཞུ་ཤོ་རྒྱན་མ་འཛུག་གངས་ཅན་པ།

ཅེས་ཟླ་༦ཚེས་༩སྤྱི་ལོ་༢༠༡༢ ལ་བྲིས་པའོ།།

སྙན་ངག

Post navigation

Previous Post: སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ཞུགས་པ།
Next Post: ས་སྲོད་ཀྱིས་དཀྲོགས་པའི་སེམས་པ།

Comments (9) on “ཤོ་རྒྱན་མ་འཛུག་གངས་ཅན་པ།།”

  1. amdo baglab says:
    2012-06-11 at 12:37 pm

    ཡ་ཡ་་་་་་་་་་་་་་ད་ཡང་སྤྲུལ་སྐུ་དབང་ཆེན་ཟེར་བ་ནས་ཤོ་རྒྱན་སྤངས་དགོས་པའི་རྩོམ་ཞིག་སྤེལ་འདུག་ཀྱང་ཁ་ཁོག་གཉིས་གཅིག་ན་དངོས་གནས་ཡག་པོ་རེད། ཁ་སེང་དྲ་ཐོག་ནས་གཞུང་དང་གཞུང་འཛིན་མི་སྣ་ཟུར་པ་མང་པོ་ཞིག་ལ་ཡིད་ཆད་དང་འཁང་ར། མ་ཚད་ཧ་ཅང་གི་མ་འོས་པའི་རྩོམ་ཚིགས་བཅད་མ་མང་དག་ཅིག་སྤེལ་སོང་བས། ཨའོ་མི་དེ་སུ་ཡིན་ན་རྒྱ་དམར་གྱི་སོ་པ་འདྲ་མིན་ནམ། ཡང་ན་དོལ་རྒྱལ་ཚོགས་པ་ཞིག་མིན་ནམ་སྙམ་པའི་བློ་རྩེ་གཉིས་མ་རུ་གྱུར།

  2. བསྟན་འཛིན་ says:
    2012-06-11 at 1:40 pm

    ཡིག་ནོར་གྱི་ཕུང་པོ་ཡིན་པའི་རྩོམ་འདི་འདྲ་ཡང་ཁ་བརྡ་ཚང་གིས་འགོད་ཀི་ཡོད་པ་རེད་པས།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-06-11 at 9:07 pm

    ང་ནི་ལོ་རྒན་བརྒྱད་ཅུར་སླེབས་པ་ཞིག་དང་། སློབ་སྦྱོང་དང་བོད་སྐད་ནས་ཨིན་སྐད་སོགས་སུ་སྒྱུར་བ་ལ་གྲོགས་བྱེད་པ་དང་། རང་ཉིད་ཀྱིས་སྒྱུར་བ་སོགས་ལ་ཡི་གེ་དག་ཆ་སོགས་གཏན་འབེབས་བྱེད་པར་མཁས་པ་གཞན་དག་ལ་གྲོགས་བཅོལ་བ་བཅས་ལ་དུས་ཀྱིས་མི་ལྡང་ཡང་། ཁྱེད་ལོ་གཞོན་དག་གི་བོད་ཀྱི་ཡི་གེའི་དག་ཆ་ལ་རྨོངས་པ་རེ་སེལ་ཐུབ་ན། བོད་ཀྱི་རིག་གཞུང་ལ་གཅེས་པ་རྣམས་ཀྱི་ཞབས་འདེགས་སུ་འགྱུར་སྙམ་ནས། ཚིག་བརྗོད་འགའ་རེ་འབྲི་དགོས་པར་མཐོང་། ཁྱེད་ཀྱིས།
    བརྩལ་དེ་ནོར་བ་རེད་དོན་ལ་བསྩལ་ཞེས་འབྲི་དགོས་ཡོད་སྩོལ་བའི་འདས་པ་དང་མ་འོང་པ་གཉིས་ཆ་ལ་གོ་དགོས། ཞེས་བྲིས་པ་བཞིན་བོད་ཀྱི་མཁས་པ་ཆེན་པོ་འགའ་ཞིག་གི་བྲིས་དང་། བོད་རྒྱ་ཚིག་མཛོད་སོགས་ན་ཡང་དེ་འདྲ་བྲིས་པར་མཐོང་། འོན་ཀྱང་བོད་རིག་གཞུང་གི་དཔེ་བརྒྱད་སྟོང་པ་ལྟ་བུ་ཞིག་ཀློག་ན་ཡང་། སྩོལ་གྱི་འདས་པ་དང་མ་འོངས་པ་ལ་བསྩལ། ཅེས་བྲིས་པ་ག་ན་ཡང་ཡོད་པ་མཐོང་མི་ཐུབ། དེས་ན། ད་ལྟ་དང་། སྐུལ་ཚིག་ལ། སྩོལ་དང་། འདས་པ་དང་། མ་འོངས་པར་སྩལ། ཞེས་འབྲི་དགོས། དེ་ལྟར་ཡིན་ཀྱང་། ད་ཡང་འཇུག་ཡོད་མེད་ཀྱི་ཁྱད་པར་ཡོད་པ་ནི་ཚིག་རེ་རེ་བཞིན་ཤེས་དགོས་སོ།།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-06-11 at 9:36 pm

    ༢༽ བསྟན་འཛིན་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ གི་ཆུ་ཚོད་ ༡༣ སྐར་མ་ ༤༠
    ཡིག་ནོར་གྱི་ཕུང་པོ་ཡིན་པའི་རྩོམ་འདི་འདྲ་ཡང་ཁ་བརྡ་ཚང་གིས་འགོད་ཀི་ཡོད་པ་རེད་པས། ཚིག་བརྗོད་འདི་ལྟ་བུ་ནི་འབྲི་བ་པོ་ལ་དམའ་འབེབས་གཏོང་བ་མ་གཏོགས། ཀློག་པོ་པོ་ལ་ཕན་པའི་གཏམ་དུ་མ་མཐོང་། ཁྱེད་ཀྱིས་དངོས་གནས་ཡིག་ནོར་མཐོང་བ་ཡིན་ན། ཡིག་ནོར་དེ་རྣམས་་བྲིས་ནས། ཡིག་ནོར་དག་པར་བྱེད་དགོས། གོང་གི་མཆན་ཞིག་ན་ཁ་་སང་ཞེས་པ་ལ། ཁ་སེང་། ཞེས་བྲིས་པ་ནི་དིང་སང་ཡིག་མཁན་འགའ་ཞིག་གིས་ཨ་ཡིག་ཨེ་ཡིག་ཏུ་འབྲི་བ་དང་། ཨེ་ཡིག་ཨ་ཡིག་ཏུ་འབྲི་བ་སྔོན་དུ་བདག་གིས་ལན་མང་དུ་བྲིས་སོ།།

  5. ཧཱུཾ་ཤི་ཕཊ་འགྱེལ། says:
    2012-06-11 at 9:47 pm

    བསྟན་འཛིན་ཟེར་བ་འདིའི་གྲས་ཀྱིས་ཕྱོགས་རིས་དང་ཕྲག་དོག་གི་ཚིག་ངན་ཙམ་ལས་དོན་དང་མཐུན་པའི་མཆན་སྤེལ་ཤེས་ཀྱི་མེད་ལ་སྤེལ་སྲོལ་མེད་པ་རེད། སྤྲུལ་སྐུ་དབང་ཆེན་གྱིས་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ། མུ་མཐུད་དེ་སྤེལ་རོགས་ཞུ།

  6. བསྟན་འཛིན་ says:
    2012-06-11 at 9:55 pm

    ཧཱུྃ་ཤི་ཕཊ་འགྱེལ། མྱི་འདི་ཚོ་མིང་ལ་བལྟས་ན་འདྲེ་ཟེར་བའི་ཁ་གདེང་མིག་གཅེར་དེ་ཨེ་མིན།

  7. གནམ says:
    2012-06-12 at 8:57 am

    ལ་དྭག་བློ་བཟང་ལགས།
    ངའི་མིང་ལ་གནམ་ཟེར། མཆན་བུ་འགའ་འབྲི་ན་འདོད་ནིའི་མི་བུ་ཞིག་ལས། སྦྱང་སྟོབས་ཀྱི་འབྲས་བུ་སྣ་གཅིག་གི་གོ་སྐབས་མ་བྱུང་བས་གླིང་རྗེ་གེ་སེར་གྱི་སྒྲུང་གླུ་བ་ཞིག་ཡིན་པས་དག་ཆ་དང་ཚིག་སྦྱོར་གྱི་ཕྱོགས་ནས་ཁྱེད་ངའི་སྐྱོན་ཐེར་འདོན་བྱེད་ནིའི་སློབ་དཔོན་ཞིག་གི་ཚབ་དུ་འདུག་ཨེ་ཐུབ། དགོངས་ལོ་དེ་འདྲ་ཡིན་ན་ངོ་མ་སྐུ་དྲིན་ཆེ།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-06-14 at 5:33 am

    རྪེད་མོ་སྣ་མང་རྪེ་དགོས། །
    རྒྱན་འཛུག་རྩེད་མོ་མ་རྩེད། །
    རྒྱན་འཛུག་རྩེད་མོ་རྩེས་ན། །
    ཡ་རབས་གྲལ་ནས་བུད་ཡོང་། །

  9. གངས་ཅན་པ། says:
    2012-11-22 at 12:49 pm

    ཆོག་ཤེས་དགེ་སྦྱོང་རྒྱན་ཆ་ཡིན། །ཆོག་ཤེས་སེམས་ཀྱི་རྒྱན་ཆ་ཡིན། ། ཆོག་ཤེས་ལྡན་པ་འཕགས་པའི་རིགས། །ཆོག་ཤེས་བདེ་སྐྱིད་རྩ་བ་ཡིན། །
    ཆོག་ཤེས་བསྟན་པའི་མཛེས་རྒྱན་ཡིན། །ཆོག་ཤེས་ནོར་གྱི་མཆོག་གྱུར་ཡིན། །
    ཆོག་ཤེས་འདི་ཕྱིའི་དོན་ཀུན་གྲུབ། །ཆོག་ཤེས་ལྡན་པ་ཕྱུགས་པོ་ཡིན། །
    ཆོག་ཤེས་ལྡན་པ་དམ་པ་ཡིན། །ཆོག་ཤེས་ལྡན་པ་ཀུན་གྱིས་བསྟོད། །
    ཆོག་ཤེས་ལྡན་པ་ཀུན་གྱིས་བསྔགས། །ཆོག་ཤེས་ལྡན་པ་ཀུན་གྱིས་བཀུར། །
    ཆོག་ཤེས་ལྡན་པ་མཐོང་ན་སྐྱིད། །ཆོག་ཤེས་ལྡན་པ་ཐོས་ན་དགའ། །
    ཆོག་ཤེས་ལྡན་པ་དྲན་ན་བདེ། །ཆོག་ཤེས་ལྡན་པ་ཕྱག་འོས་གནས། །
    ཆོག་ཤེས་དམ་ཆོས་འཇུག་སྒོ་ཡིན། །ཆོག་ཤེས་ཡོན་ཏན་རྩ་བ་ཡིན། །
    ཆོག་ཤེས་ཉོན་མོངས་གཉེན་པོ་ཡིན། །ཆོག་ཤེས་སྡུག་བསྔལ་གཉེན་པོ་ཡིན། །
    ཆོག་ཤེས་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་པའི་ཆོག་ཤེས་ལ། །
    རྣམ་པར་སྨིན་པའང་བསམ་མི་ཁྱབ། །འཕྲལ་མར་བྲིས་ཏེ་ཀུན་ལ་ཕུལ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme