Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མོན་གྷོ་རུ་དུག་ཕོག་སྟེ་མི་མང་པོར་ཛ་དྲག་སྨན་བཅོས།

Posted on 2012-06-112012-06-11 By ཁ་བརྡ་ 26 Comments on མོན་གྷོ་རུ་དུག་ཕོག་སྟེ་མི་མང་པོར་ཛ་དྲག་སྨན་བཅོས།

༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

ཟླ་འདིའི་ཚེས་༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་ནས་མི་མང་པོར་དུག་ཕོག་སྟེ། གཅིག་གྲོངས་པ་དང་མི་མང་པོ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་འདུག སྨན་ཁང་དུ་འབྱོར་ཟིན་པ་རྣམས་སྲོག་ཉེན་ལས་ཐར་ན་ཡང་། ཁག་ཅིག་གི་ལུས་ཡོངས་ནག་པོ་ཆགས་ཏེ་ནད་གཞི་ལྕི་མོ་ཡིན་པ་དང་།

གཞན་རྣམས་ཀྱི་མཆུ་ཐཏོ་ནག་པོ་ཆགས་པ་དང་མགོ་སྐྲངས་པ་སོགས་ཀྱི་ནད་རྟགས་སྣ་ཚོགས་ཐོན་ཡོད་འདུག་ལ། གྲོངས་མཁན་དེ་གཞིས་གྲོང་གསུམ་པའི་ཟ་ཁང་ཞིག་གི་བདག་པོའི་རྨོ་རྨོ་ཡིན་འདུག དུག་ཕོག་རྐྱེན་ཅི་ཡིན་ས་གནས་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་པ་རེད། སྨན་ཁང་གི་སྨན་པས་གསུངས་ན་དུག་དེ་ཤུགས་ཆེན་ཞིག་ཡིན་པ་དང་ནད་པ་དུས་ཐོག་དུ་སྨན་ཁང་དུ་འབྱོར་པ་ཡག་པོ་བྱུང་བ་མ་གཏོགས། སྲོག་ཉེན་ཆེན་པོ་ཡོད་སྐོར་གསུངས་འདུག དུག་ཕོག་ས་མང་ཆེ་བ་གྲྭ་པ་ཡིན་འདུག་ལ། ཟས་དུག་ཕོག་པ་ཡིན་སྐོར་ཡང་འདུག །

གསར་འགྱུར།

Post navigation

Previous Post: ས་སྲོད་ཀྱིས་དཀྲོགས་པའི་སེམས་པ།
Next Post: སེམས་བསམ་པའི་ཁ་བརྡ་བོད་མི་སྤྱི་སྒེར་གཉིས་ལ་ཞུས་པ།

Comments (26) on “མོན་གྷོ་རུ་དུག་ཕོག་སྟེ་མི་མང་པོར་ཛ་དྲག་སྨན་བཅོས།”

  1. ལ་སྟོད་བུ། says:
    2012-06-11 at 11:36 am

    མི་ནད་ཐམས་ཅད་ཟས་ནད་ཡིན།
    རྟ་ནད་ཐམས་རྒྱུགས་ནད་ཡིན།
    ད་བྱེད་རྒྱུ་ཅང་ལྷག་མེད་རེད།

  2. གླིང་གེ་སར་ says:
    2012-06-11 at 11:54 am

    ཤར་གངས་རི་དཀར་པོ་ཙམ་པ་ཡིན་ན་མགྲོན་པོའི་ཟ་ཚོད་སྡེར་གང་རེད་།ཧཧཧ་

  3. amdo baglab says:
    2012-06-11 at 12:29 pm

    གླིང་ཚ་བུ་ནས་གང་དྲག་གི་སྒོ་ནས་ད་བར་ལས་འགུལ་སྤེལ་སོང་ལ་ད་དུང་ཡང་མུ་འཐུད་རྒྱུ་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད། འོན་ཀྱང་ལས་འགུལ་སྤེལ་བ་ལས་སྤེལ་རྒྱུ་མང་བས་རང་ངོས་ནས་གང་འཇོན་འཇོན་དང་གང་དྲག་དྲག་རེ་གནང་སྟེ་ལབ་རྒྱུ་དང་གླེང་རྒྱུ་ཉུང་ཙམ་གནང་ན་ཁྱེད་ཀྱི་ལས་འགུལ་གཟི་བརྗིད་ཤིན་ཏུ་ཆེ་བར་སེམས།

  4. དབང་ཕྱུག་ཚེ་རིང་། says:
    2012-06-11 at 1:56 pm

    འོ་ཡ་་་ཨ་ཁུ་ཚོས་ཟ་ཚོད་མ་ཟིན་པ་ཡིན་རྒྱུ་རེད་ཡ། ཡག་པོ་རེད་ཉམས་མྱོང་གསོག་གི་རེད།

  5. བསྟན་འཛིན་ says:
    2012-06-11 at 2:16 pm

    དྲ་ཞབས་པ་ལ་ལ་སྨྱོས་འདུག མི་ལ་སྡུག་པོ་ཡོང་དུས་དགོད་མཁན། མིའི་བཟང་སྤྱོད་ཟེར་བ་འདི་ཚོར་མི་འདུག གདུང་སེམས་མཉམ་སྐྱེད་ཡོད།

  6. བོད་ལ་ཞེན། says:
    2012-06-11 at 2:57 pm

    ལ་སྟོད་བུ། གླིང་གེ་སར་ཟེར་བ། དབང་ཕྱུག་ཚེ་རིང་ཟེར་བ་ཁྱོད་ཚོ་སྨྱོན་པ་རེད་དང་གདུག་འདྲེ་རེད། མི་ལ་དུག་ཕོག་ན་ཡང་ཡག་པོ་རེ་ཟེར་བ་དང་། དགོད་མོ་ཤོར་བ། ངོ་མ་ཁྱོད་ཚོ་ལ་མིའི་སེམས་པ་མེད་ཐག་ཚོད་རེད།

  7. འདྲེ་རིག་ལྡན། says:
    2012-06-11 at 3:36 pm

    ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བེདྡིརྱ་ཡི་འོད་ལ་ཕྱག་འཚལ་ལོ། ། ་་་་་་་་་་་་་་་་་་་་

    དགེ་འདུན་པ་དང་གཞིས་གྲོང་གི་མི་མང་ཚང་མ་མྱུར་དུ་ནད་ལས་ཐར་ཞིང་། དུག་གི་འབྱུང་ཁུངས་ངོ་མ་ཤེས་ཤིང་། མ་འོངས་པར་དེའི་རིགས་མི་ཡོང་བའི་སྨོན་ལམ་འདེབས།

  8. ལ་སྟོད་བུ། says:
    2012-06-11 at 8:25 pm

    ཨོ་བོད་ལ་ཞེན་ལོས་བདེན།
    འོན་ཀྱང་ངས་བཞད་དགོད་བྱས་པ་སོགས་མེད་པས་དེ་དོན་ཐུགས་འཇགས་དང།
    སྤྱིར་འགྲོ་བ་མི་ཡི་ནད་རིགས་ཐམས་ཅད་ཁམས་ཟས་ལ་བརྟེན་ནས་འབྱུང་གི་ཡོད་པ་དང། སྤྱིར་འགྲོ་བ་མི་རྣམས་ཀྱི་ནད་རིགས་རྣམས་ནི་ཁམས་ཟས་ལ་བརྟེན་ནས་འབྱུང་གི་ཡོད་པ་དང། མདོ་བ་རྟ་ཡི་ནད་རིགས་དག་རྒྱུགས་ཆེ་བ་དག་ལས་འབྱུང་གི་ཡོད།
    གང་ལྟར་སྐབས་འདིར་སེར་སྐྱ་སུ་ལ་དུག་ཕོག་རིགས་ཐམས་ཅད་དུག་འཇོམས་སྨན་ལྷའི་ཐུགས རྗེ་ལ་བརྟེན་ནས་
    མྱུར་ནས་མྱུར་དུ་དྲག་བསྐྱེད་འབྱུང་བའི་སྨོན་ལམ་ཡོད།
    དྲ་གྲོགས་པ་ཁྱེད་ནས་འདི་ཡི་གནས་ཚུལ་རྒྱས་ཙམ་རྒྱུས་མངའ་ཡོད་ན་བཀོད་རོགས་གནང། བང་ཆེན་ནང་དུ་གནས་ཚུལ་རྒྱས་པ་མི་འདུག

  9. མིག་བརྒྱད་པ། says:
    2012-06-11 at 9:03 pm

    ས་ག་ཟླ་བའི་ཚེས་བཅོ་ལྔ་བར་དགོན་སྡེ་ཁག་དང་གཞིས་གྲོང་ཁག་གི་ནང་དམར་ཟས་སྤོང་རྒྱུ་ཁ་ཁྲམ་ཙམ་མིན་པར་དངོས་སུ་ལག་བསྟར་བྱས་པ་རེད། ཡིན་ཡང་མོན་གྷོ་ཊིའི་བཟའ་བཅའ་ཉོ་ས་གཡས་གཡོན་དུ་བྱ་ཤ་ཁང་དང་བྱ་ཤའི་ཟ་ཁང་མང་པོ་སྒོ་ཕྱེ་འདུག བྱ་ཏེལ་མང་པོ་འཚང་ཁ་ཤིག་ཤིག་ཁུར་ཡོང་གི་ཡོད་པ་རེད། ཤ་ཟ་མཁན་མེད་ན་ཕྱུགས་གསོད་མཁན་མི་ཡོང་བས་བྱ་ཤ་ཟ་མཁན་མང་སོང་བ་ཡིན་རྒྱུ་རེད། རང་གི་ངོས་ནས་བྱ་ཤའི་སྡེར་མ་ལ་རོལ་བ་དང་བག་མེད་རྒྱས་སྤྲོས་བྱེད་པ་ཡིན་ན་བྱ་ནད་ཕོག་སྲིད། །གཟབ་གཟབ་བྱེད་ན་མ་གཏོགས་རང་གི་འཕྲོད་བསྟེན་ཕར་ཞོག་བོད་པའི་མཚན་ཤས་སུ་འགྲོ་ཉེན་ཆེ་ཞིང་། ཁ་ནས་ཐེག་པ་ཆེན་པོ་དང་ལག་ལེན་ཐོག་གཞན་གྱི་ཁྲག་འཇིབས་པའི་འགལ་འཛོལ་འདི་འདྲ་བྱེད་བསྡད་ན་ཡིད་སྐྱོ་བ་རེད།

  10. སྣྲོན་ངག་ཁྲི། says:
    2012-06-11 at 10:14 pm

    ༸གོང་ས་མཆོག་གིས་ནམ་རྒྱུན་གསུང་གསལ་ལ། དམར་ཟས་བསྟེན་ན་གཞན་སེམས་ཅན་དེ་དང་དེ་ལ་འཚེ་བ་ཨ་ཅང་སྦྱང་།། རང་གི་ལུས་སེམས་ཀྱི་འཕྲོད་ལའང་གནོད་ཀྱི་ཡོད་པས།རྒྱ་གར་ནང་དཀར་ཟས་ཀྱི་མཐུན་རྐྱེན་འཛོམས་པོ་ཡིན་ཙང་དཀར་ཟས་མང་ཙམ་བསྟེན་ཐུབ་ན་བཟང་བའི་སྐོར་གསུངས་པ་
    རྣམས་དོན་ལ་གནས་ཤིང་། ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་དགེ་མཚན་ཤིན་ཏུ་ཆེ་འོ་སྙམ་མོ།།
    ཟས་དུག་ཕོག་པའི་སེར་སྐྱ་ལྷན་རྒྱས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ལ་མྱུར་དུ་བདེ་ཐང་སླར་གསོ་ཡོང་བའི་སྨོན་ལམ་གྲངས་མེད་བཅས།།
    ཏདྱ་ཐཱ། ཨོཾ་བྷེ་ཥ་ཛེ་ཱ་བྷཱེ་ཥཱ་ཛེ། མཧཱ་བྷཱེ་ཥ་ཛེ། བྷེ་ཥཱ་ཛེ།
    རཱ་ཛཱ་སམུ་གྷ་ཏེ་ཡེ་སྭཱ་ཧཱ།། སངས་རྒྱས་སྨན་གྱི་བླ་བེེཊུརྱའི་འོད་ཀྱི་རྒྱལ་པོའི་གཟུངས་ཐུང་གི་སྒྲ་ཙམ་ལས་སྔགས་ཡིག་གི་དག་ཆ་ཇི་མ་ཇི་བཞིན་དྲན་གྱི་མི་འདུག་པས་འོལ་ཚོད་ཀྱིས་བྲིས་པ་ལགས་ན། དགོངས་འགལ་མེད་པ་མཁྱེན།།

  11. སྒོ་དམར་གྲགས་པ། says:
    2012-06-11 at 10:46 pm

    ཟ་དུག་ཕོག་མཁན་ནད་པ་གསུམ་ཡོད་པ་ཚང་མ་བདེ་ཐང་རེད། སེམས་ཁྲལ་བྱས་མཁན་ཚང་མ་ལ་ཐུཌ་རྗེ་ཆེ།

  12. མེ་ཏོག་དཀར་པོ། says:
    2012-06-11 at 11:01 pm

    སེམས་ཅན་ནད་པ་ཇི་སྙེད་པ། །
    མྱུར་དུ་ནད་ལས་ཐར་གྱུར་ཅིག །
    འགྲོ་བའི་ནད་ནི་མ་ལུས་པ། །
    རྟག་ཏུ་འབྱུང་བར་མ་གྱུར་ཅིག །

    ཟླ་གཅིག་ཙམ་ལའང་དམར་ཟས་རིགས། །
    མ་ཟས་མ་ཚུགས་དམར་གོས་ཅན། །
    ད་ནི་ལྟ་བ་མཐོ་མོད་ཀྱང་། །
    ལག་ལེན་རང་ནས་འགོ་བཙུག་རོགས། །

  13. བོད་ལ་ཞེན། says:
    2012-06-11 at 11:06 pm

    ད་སྒོ་དམར་གྱི་ག་རེ་ཟེར་གྱི་ཡོད་རེད། དུག་ཕོག་མཁན་ནད་པ་གསུམ་བདེ་ཐང་རེད་ཟེར། འོ་ན་དུག་ཕོག་པའི་ནད་པ་ཡིན་རྒྱུ་མ་རེད། བདེ་ཐང་ཞེས་པའི་དོན་ནི་ནད་དང་ཆག་སྒོ་གང་ཡང་མེདཔར་བདེ་མོ་དང་ཐང་མོ་རེད།

  14. ཕུན་དབང says:
    2012-06-11 at 11:28 pm

    མིག་བརྒྱད་པ་ལག
    མཁས་བླང་མངའ་འཕྱི་འགལ་ན་སྨ་བ་པོ་ཚད་མེའི་སྐྱེ་བུར་མི་རུང་བས་
    སྐུ་ཉིད་ཀྱི་གོང་དུ་ས་ག་ཟླ་བའི་ཚེས་བཅོ་ལྔ་བར་དགོན་སྡེ་ཁག་དང་གཞིས་གྲོང་ཁག་གི་ནང་དམར་ཟས་སྤོང་རྒྱུ་ཁ་ཁྲམ་ཙམ་མིན་པར་དངོས་སུ་ལག་བསྟར་བྱས་པ་རེད། ཞེས་ཟེར ཡང་འོག་དུ་ཤ་ཟ་མཁན་མེད་ན་ཕྱུགས་གསོད་མཁན་མི་ཡོང་བས་བྱ་ཤ་ཟ་མཁན་མང་སོང་བ་ཡིན་རྒྱུ་རེད།ཞེས་ཟེར་རྒྱུ་ཚན་འདི་སྐུ་ཉིད་ཀྱི་གནས་བབས་རོབས་ཙམ་གསལ་བཤས་ཐུབ་ཡོད་ འོན་ཀྱང་སྐུ་ཉིད་ནས་རློམས་སེམས་མེད་པར་དམར་ཟས་སྤངས་ན་སྐུ་ཉིད་ལ་འཕན་ཐོག་ཆེན་པོ་ཡོད་སྲིད་དེ་ཙམ་མི་མཆོག་དཔེར་ན་དམར་ཟས་མི་བཟའ་བའི་བ་ལང་ཆོས་ཅན་ སྐལ་ཅིག་གཉེས་པར་སངས་རྒྱས་ངེས་ཡིན་ཏེ་ ཤ་མི་ཟས་བའི་ཕྱིར་ཞེས་ན་རྟགས་དེ་ཡང་དག་མ་ཡིན་པས་

  15. ཚངས་པ། says:
    2012-06-12 at 1:01 am

    ལོ་སྔོན་མ་རྡ་ཤོད་བོད་ཁྱིམ་དུ་ཟས་དུག་ཕོག་པ་དང། ཟླ་གཅིག་ཙམ་སྔོན་རྡ་སྟེང་བོད་ཁྱིམ་དུ་ཟས་དུག་ཕོག་པ། ད་ཆ་ལྟ་མོན་སྒོ་གཞིས་ཆགས་སུ་ཟས་དུག་ཕོག་པར་གཞིགས་ཚེ། རང་རིགས་རྣམས་འཕྲོད་བསྟེན་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེའོ།། །།

  16. སྐྱིད་ཆུ་ཚང་། says:
    2012-06-12 at 1:05 am

    དུག་ཕོག་པ་ཨེ་ཡིན། བཙན་བྱོལ་བོད་མི་རྣམ། གཞི་སྡོད་བོད་མིར་གདུང་སེམས་ཆེ་བར་བརྟེན། རྒྱ་དམར་ལ་ངོ་རྒོལ་ཆེད་དུ། དུག་ཟས་པ་མིན་འགྲོ གང་ཡིན་ཡང་། གང་མགྱོགས་བདེ་ཐང་ཡོང་བ་ཤོག།

  17. བདུད་རྡོ says:
    2012-06-12 at 1:14 am

    ཨ་ལ་འདི་འདྲའི་མཚར་བ།མི་ལ་ན་ཚ་ཕོག་ན།།དགའ་བའི་ཅ་ཅོ་སྒྲོགས་པ།།མི་མིན་འདྲི་ཡི་གཤིས་རེད།།

  18. བསྟན་འཛིན་ says:
    2012-06-12 at 1:27 am

    རེད། བོད་མིའི་བཟང་སྤྱོད་ཇེ་སྡུག་ཏུ་འགྲོ་གྱིན་ཡོད་པ་མངོན་གསལ་རེད།

  19. ཁྲི་རལ་པ། says:
    2012-06-12 at 2:07 am

    བཙན་བྱོལ་ནང་ཕན་ཚུན་དགའ་མིན་དགའ་དོགས་ཅུང་བྱུང་སྐབས་སྔ་མོའི་ལྷ་ས་ཁུལ་གྱི་གོམས་སྲོལ་རྙིང་བ་རྒྱུད་འཛིན་གྱིས།མངོན་སུམ་ཅི་གང་མི་བཤད་པར་ལྐོག་ནས་དུག་དྲངས་རབས་མང་པོ་ཡོད་རེད།མི་བདེན་བསམ་ན་ངག་རྒྱུན་ལོ་རྒྱུས་རྙིང་པ་ཁག་ནང་གཟིགས་དང་དུག་དྲངས་ཏེ་རྐྱེན་ལམ་དུ་བཏང་བ་མང་པོ་ཡོད་རེད།
    བར་ལམ་བྱུང་བཞིན་པའི་ཟས་དུག་རིགས་ཀྱང་མཐའ་གཅིག་ཏུ་ཟས་དུག་ཙམ་ཨེ་ཡིན་ནམ།ངེས་པར་དཔྱད་པ་གཏོང་དགོས་པ་རེད།

  20. བོད་ལ་ཞེན། says:
    2012-06-12 at 2:53 am

    ཁྲི་རལ་པ་ལགས། ཡག་ས་ནས་བཤད་ན་བོད་ཡུལ་ཐམས་ཅད་ལ་ཡག་པོ་བཤད་ཡ་ཡོད་རེད། སྡུག་ས་ནས་བཤད་ན་གཅིག་ལས་གཅིག་སྡུག་བཤད་ཡ་ཡོད་རེད། དེ་འདྲ་སོང་ཙང་ལྷ་ས་ཟེར་ནས་ཡུལ་ལུང་བྱེ་བྲག་པ་དམིགས་སུ་བཀར་དགོས་དོན་ཡོད་མ་རེད། མ་གཞི་ནས་ཁ་བརྡ་མཆན་བུ་བ་དེ་རྣམས་ངོ་མ་མི་རེད་མི་འདུག རང་རིགས་གཅིག་པའི་མི་ལ་དུག་ཕོགས་དུས་གདུང་སེམས་ཙམ་མེད་པ་ངོ་མ་རྒྱདམར་ལས་སྡུག་པ་རང་རེད།

  21. ལོག་སྨྲ་ཚར་གཅོད་ནས། says:
    2012-06-12 at 4:46 am

    འདས་གྲོངས་སུ་སོང་བ་ཁོང་ཕྱི་མར་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པ་དང་ནད་པ་རྣམས་ཀྱི་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་རྣམས་ལྷག་མེད་དུ་ཞི་བའི་སྨོན་ལམ་ཅི་ནུས་འདེབས།

  22. མེ་ཏོག་དཀར་པོ། says:
    2012-06-12 at 6:32 am

    ཁྲི་རལ་པའི་དོགས་པ་དེ་ཤེས་རབ་འཆལ་བའི་དོགས་པ་རེད། མཁས་མདོག སྤྱང་མདོག
    གྲུང་མདོག ཁ་ལ་མོན་གྷོའི་ཟས་ལྷག་དེས་རྒྱོངས།

  23. མིག་བརྒྱད་པ། says:
    2012-06-12 at 6:40 am

    གོ་ཐོས་ལ། ཟ་ཁང་དེ་སྒོ་ཕྱེ་ནས་ཟླ་བ་ཁ་ཤས་ལས་འགོར་ཡོད་པ་མ་རེད། ནམ་རྒྱུན་གཙང་ངེ་བ་དང་འཕྲོད་བསྟེན་གྱི་མ་འདང་བ་ཞིག་མ་རེད། དུག་དེ་ཕོག་མཁན་མང་ཤོས་མོག་མོག་ཟ་མཁན་གྲྭ་བ་དེ་ཚོ་རེད་འདུག །ཤ་བརྔོས་མ་ཟ་མཁན་ཚོ་ལ་ཕོག་མི་འདུག །ཟ་ཁང་གི་རྨོ་རྨོ་ཞིག་གིས་ཤ་མོག་མོག་དེ་ཟོས་རྗེས་དེ་ག་རང་ནས་གྲོངས་སོང་བ་ཡིན་སྟབས་ཟ་ཁང་གི་བདག་པོ་ལ་ལས་འདེད་ས་ཡོད་པ་མ་རེད། འདི་ཡ་མཚན་གནས་ཚུལ་ཞིག་རེད། དུག་དེ་ཕོག་མཁན་ལ་ལམ་སེང་ཁ་ཤ་ནག་པོར་ཆགས་པ་དང་དེ་རྗེས་ལུས་པོ་ཡོངས་ནག་པོ་ཆགས་སྟངས་ལ་བལྟས་ནས་སྨན་པས་དུག་དེ་ཤུགས་ཆེན་པོ་ཡིན་པར་གླེང་བ་དང་ལམ་སེང་སྨན་བཅོས་བྱེད་མ་ཐུབ་ན་སྲོག་ལ་ཉེན་ཁ་ཆེ་རབས་གླེང་གི་འདུག་ཟེར། ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་པ་རེད།

  24. བདུད་རྡོ says:
    2012-06-12 at 11:58 am

    མིག་བརྒྱད་པ་ཟེར་བ་དེ།ཁྱོད་ཀྱི་ཅི་བཤད་ཀྱི་ཡོད།ཉེས་པ་ཚང་མ་མོག་མོག་ཟ་མཁན་གྲཱ་བ་ཚོ་ལ་ཡོད་རེད་པས།

  25. མེ་ཏོག་དཀར་པོ། says:
    2012-06-12 at 1:30 pm

    སྙིང་རྗེ། འདི་མ་གྲྭ་པ་ཞིག་ངར་གི་འདུག

  26. མིག་བརྒྱད་པ། says:
    2012-06-12 at 10:36 pm

    འཕགས་པའི་རིགས་བཞི་ལས་ཟས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ཞེས་སྟོན་པས་གསུངས་པ་དེ་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་རེད་མོད། དེང་སང་གི་དུས་བབས་འདིར་ཤ་འཚོང་ཁྲོམ་ར་རྒྱ་བསྐྱེད་བྱེད་པའི་སྐབས་འདིར་རང་རེའི་དགེ་འདུན་དག་གིས་དམར་ཟས་ལ་ཆོག་ཤེས་བསྟེན་པ་གལ་ཆེན་པོ་མཐོང་གི་འདུག །ལྷག་པར་ཤ་ཟས་ཚོད་མེད་དུ་སྤྱོད་པའི་བོད་ཀྱི་ཟ་ཁང་དུ་ཤ་འདྲ་མི་འདྲ་ཁུར་ཡོང་གི་ཡོད་པ་རེད། རྒྱ་གར་ཡུལ་མི་རྣམས་ཀྱིས་ཀྱང་འཕྱ་སྨོད་བྱེད་པ་དང་ཐ་ན་མིག་སྔའི་གནས་ཚུལ་ལྟར་རང་གི་འཕྲོད་བསྟེན་ལའང་གནོད་པས་གཟབ་གཟབ་གནང་ན་ཡག་ག །གོང་ས་མཆོག་ཉག་གཅིག་གི་གཟི་བྱིན་ལས་དེང་སང་འཛམ་གླིང་དུ་འོད་སྟོང་འཕྲོ་བཞིན་པའི་སྐབས་འདིར་བོད་ཀྱི་ནང་བསྟན་རྒྱུན་འཛིན་པ་གྲྭ་པ་ལ་མཚན་ཤས་སུ་མི་འགྲོ་བའི་དམར་ཟས་ཅི་ཐུབ་སྤོང་ན་མཛེས་ཞེས་ཞུ་གི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme