Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ཞུགས་པ།

Posted on 2012-06-112012-06-12 By ཁ་བརྡ་ 13 Comments on སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ཞུགས་པ།

༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཡོལ་གྱི་ལྷོ་ངོས་སུ་ཆགས་པའི་ཡོ་སོའི་ (Yeosu) གྲོང་ཁྱེར་ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (World Fellowship of Buddhists conference) ཞེས་པ་དེར་༧གོང་ས་མཆོག་གི་སྐུ་ཚབ་གནང་ནས་ལྷན་ཞུགས་བྱས་འདུག ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༡༡ ནས་ ༡༥ བར་འཚོགས་རྒྱུ་དང་། སྐབས་དེར་རྒྱ་ནག་སྐམ་ས་ནས་ཀྱང་ནང་པའི་འཐུས་མི་ ༡༦ ཙམ་སླེབས་ཡོད། དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་པའི་འཐུས་མི་མང་དག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག ལྷན་ཚོགས་སྐབས་རྒྱལ་ཁབ་ ༣༠ ཙམ་ནས་ནང་པའི་དབུ་ཁྲིད་ ༤༠༠ ཙམ་ལྷན་འཛོམས་གནང་ཡོད་པ་བཅས།།

གསར་འགྱུར།

Post navigation

Previous Post: མ་ཡུམ་ཚང་གི་བགྲོ་གླེང་ཐེངས་དང་པོ།
Next Post: ཤོ་རྒྱན་མ་འཛུག་གངས་ཅན་པ།།

Comments (13) on “སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ཞུགས་པ།”

  1. མེ་ཏོག་དཀར་པོ། says:
    2012-06-11 at 8:46 am

    བཀྲ་ཤིས་བདེ་ལེགས།

  2. ཡིད་འོང་མས། says:
    2012-06-11 at 9:25 am

    གྲི་རིང་གཡུག་ས་ནས་སྨྱུ་གུ་མ་ལྷོད་པ།།
    དབུས་གཙང་ཆོས་རྭ་ནས་རྫིག་ཉམས་མ་ཤོར་བ།།
    སྦག་ས་ཝར་ན་ནས་རིག་པའི་གློག་ཞག་ཅན།།
    གངས་ཅན་རིག་པ་ལ་ངེས་དོན་སློབ་དཔོན་ཡིན།།

    ཁྲིམས་མེད་ལུགས་མེད་ལ་ཁྲིམས་ལུགས་བཙུགས་པ་དང།།
    མང་གཙོའི་བེམ་རོ་ལ་རྣམ་ཤེས་སྤྲད་པ་གཉིས།།
    གངས་ལྗོངས་མགོན་པོ་ཡི་བཀའ་གསུང་སྒྲུབ་པ་ལ།།
    མངོན་ལྐོག་མེད་པ་ཡི་བྱུང་རབས་དམར་རྗེན་རེད།།

    སྔོན་ཆད་མ་བྱུང་བའི་བཀའ་ཡི་བློན་པོ་ཞེས།།
    ས་སྟེང་སྐྱེ་འགྲོ་ལ་གྲགས་པའི་ལོ་བཅུའི་ནང།།
    གངས་ཅན་སྒྲིག་འཛུགས་ཀྱི་དབུ་འཕང་སྒྲེང་བ་ཡིས།།
    ཆེན་པོ་རྫིག་པོ་ཚོ་སྐྱག་འབུའི་ས་ལ་བཀོད།།

    དེང་རབས་ཆབ་སྲིད་ཀྱི་བྱུས་བཀོད་མི་རྩོམ་ལ།།
    གནའ་བོའི་སྐུ་དྲག་གི་ཞལ་ལ་མི་གཟིགས་པའི།།
    བདེན་པ་རྩོད་ལེན་ལ་མཁས་མཛངས་འཕྲུལ་གསུམ་ཅན།།
    སློབ་དཔོན་ཆེན་མོ་ཁྱེད་བོད་ཀྱི་ནོར་བུ་ཡིན།།

    བླ་ཆེན་འཁོར་སློབ་ཀྱི་འདུ་འཛི་མི་ཉར་ལ།།
    རིག་པའི་དབང་འདུད་ཀྱིས་གནམ་ས་འདར་བཅུགས་པའི།།
    སློབ་དཔོན་ཆེན་མོ་ཁྱེད་༧རྒྱལ་བའི་ཐུགས་སྲས་ཡིན།།
    གངས་ཅན་འཁོར་འབངས་ལ་༧རྒྱལ་བ་གཉིས་པ་ཡིན།།

  3. མེ་ཏོག་དཀར་པོ། says:
    2012-06-11 at 9:38 am

    དོན་ལ་གནས་མིན་མི་ཤེས་ཀྱང་། ཚིགས་བཅད་བརྗིད་ཉམས་ཅན་ཞིག་བྲིས་འདུག

  4. ལྷ་མོ་སྒྲོལ་མ་ says:
    2012-06-11 at 10:46 am

    བོད་མིའི་བླ་མ་ཟབ་གདོང་རིན་པོ་ཆེ།
    ལུགས་གཉིས་མང་གཙོའི་སྲོལ་འབྱེད་རིན་པོ་ཆེ།
    ༸གོང་ས་མཆོག་གི་ཐུགས་སྲེས་རིན་པོ་ཆེ།
    རྒྱ་བོད་གཉིས་ཀྱི་ཟམ་པ་རིན་པོ་ཆེ།

  5. ཐབས་ཇུས་ཅན says:
    2012-06-11 at 11:30 am

    ང་ཟམ་གདོང་རིན་པོ་ཆེ་ལ་དགའ། གོང་དུ་ཡིད་འོང་མས་ནས་བྲིས་པ་དེ་དོན་ལ་གནས་འདུག བོད་པའི་སྤྲུལ་སྐུ་ཚོས་ཁོང་ལ་དམིགས་དཔེར་ལྟ་དགོས། སློབ་སྦྱོང་མེད་པའི་བོད་པའི་སྤྲུལ་སྐུ་རྣམ་བོད་པའི་སྲོལ་རྒྱུན་ཙམ་ལས་སྤྲུལ་སྐུ་ངོ་མ་མིན། ད་དུང་དེའི་གྲས་ལ་ཟ་འདྲེ་ཁ་ཤས་ཡང་ཡོད།

  6. ཀླུ་ཚང་། says:
    2012-06-11 at 1:04 pm

    སྤྱིར་ཟམ་གདོང་མཁྱེན་ཡོན་ཅན་ཞིག་སྟེ། ད་ཐེངས་འདུ་འཛོམས་ཆེན་པོ་འདིར་གོང་ས་སྐུ་དངོས་ཕེབས་ཐུབ་ན་ཧ་ཅང་དགེ་མཚན་ལྡན། རྒྱ་ནག་ནས་སླེབས་པ་ཚོ་དབང་སྡུད་ཀྱི་གཟི་བྱིན་དེ་ཁོང་ཁོ་ནར་ཡོད་པ་རེད། ཨ་ཁ་ཁ

  7. རྒད་པོ། says:
    2012-06-11 at 1:06 pm

    བླ་མ་དེ་ལ་ཡི་རངས་སྐྱེས་སོང་། ངོ་མ་མི་ལས་མར་པ་བསྟེན་པ་བཞིན། ཟམ་གདོང་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེ་ལ་སྙེན་བཀུར་ཁ་ཡོད་ལག་ཡོད་ཀྱིས་བསྒྲུབས་སོང་། 

    སྔོན་མ་རྒྱལ་བ་རིན་པོ་ཆེས་རྒྱ་གར་བ་སློབ་མ་འགའ་ལ་གསུངས་འདུག “ཟམ་གདོང་རིན་པོ་ཆེ་ཆབ་སྲིད་ལས་འདོད་མིན་འདུག རི་ཁྲོད་འདྲ་བོ་འགྲིམས་ནས་བསྡད་འདོད་འདུག ངས་ཤེས་དུས། རྒྱ་གར་ལྷོ་ཕྱོགས་ལ་ཕྱིན་འཚར་འདུག ཤག་དང་ནང་ཆས་བསྒྲིལ་འཚར་འདུག ངས་ཚུར་སྐད་བཏང་ནས་རྡ་རམ་ས་ལར་ཉར་བ་ཡིན། ཤིན་དུ་ཕན་ཐོགས་པོ་བྱུང་།”

    ངོ་མ་བཀའ་བཞིན་སྒྲུབ་པའི་མཆོད་པས་གཉེས་པར་བྱས་སོང་།

  8. བསྟན་འཛིན་ says:
    2012-06-11 at 1:45 pm

    ཀཱི་ལུང་ཐུབ་བཟང་། ང་ཚོ་ལ་པཎ་ཆེན་གཅིག་མ་གཏོགས་གཉིས་མེད། གཅིག་པུ་དེ་ནི་མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་ཡིན་ནོ། །ཤེས་པར་གྱིས།

  9. སྣྲོན་ངག་ཁྲི། says:
    2012-06-11 at 9:33 pm

    ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་ཆེན་བཞི།།
    ༡༽༸རྒྱལ་མཆོག་དགོངས་ཚུལ་ཕྲ་ཞིབ་རྟོགས་ནས་བསྒྲུབས།།
    ༢༽བཙན་བྱོལ་གཞུང་མང་མང་གཙོའི་ཁྲིམས་རར་བཙུད།།
    ༣༽དོད་རྒྱལ་རྗེས་འབྲངས་ཟུར་དུ་རང་བཙན་གནང་།།
    ༤༽ལུགས་གཉིས་ཁྱོན་ལ་མཛད་རྗེས་མིག་དཔེ་སྐྲུན།།

  10. སེམས་བཟང་ནས་ says:
    2012-06-11 at 11:18 pm

    རྒྱལ་དབང་ཀརྨ་པ་ག་རེད་བྱེད་ནས་མ་ཕེབས་པ་རེད་་?
    ་ཟམ་གདོང་བླ་མ་ནི་སྲིད་དོན་པ་ཞིང་རེད་ལ་བོད་ཀྱིས་
    བླ་ཆེན་ཡང་གང་མ་རེད་། ཀརྨ་པ་ནི་དགོང་ལོ་ཆུང་ལ་སློབ་སྦྱོང་
    དང་གད་ཐད་ནས་ཡག་པོ་ཡོད་རེད་་་རྒྱལ་བ་རིན་པོ་ཡང་དགུང་
    ལོ་ཆེན་པོ་ལ་ངལ་གསོ་བྱེད་རན་པའི་དུས་རེད་ད་ལྟར་ཀརྨ་པའི་
    དུས་ཚད་རེད་བསམ་གྱི་འདུག
    སྐབས་དང་དུས་་ཟེར་བ་ནམས་ཡང་མ་བརྗེད་པ་ཞུ

  11. རིག་པའི་བུ says:
    2012-06-12 at 5:36 am

    བཙན་བྱོལ་བོད་གཞུང་སྒྲིགས་འཛུགས་་སུབཙོང་མཁན་ཟམ་གདོང་རེད། བདེ་དོན་ལས་ཁུངས་ཀྱི་དབང་ཆ་རྒྱ་གར་གཞུང་ལ་སྤྲད་མཁན་ཟམ་གདོང་རེད། ལོ་བཅུ་ནང་དུ་རྒྱ་ནག་གི་རྒྱུག་ཁྱི་བཞིན་སྔ་མ་གཡུག་མཁན་ཟམ་གདོང་རེད། ༢༠༠༨ལོར་ཞི་རྒོལ་གྱི་ནུས་བ་གྲོས་མོལ་ལ་བརྗེ་མཁན་ཟམ་གདོང་རེད། བོད་མི་་ཕྱི་རྒྱལ་དུ་འགྲོ་བ་རྒྱ་ནག་བཞིན་བཀག་སྡོམ་བྱེད་མཁན་ཟམ་གདོང་རེད། དོལ་རྒྱག་ཚོགས་པ་དགོན་སྡེ་གསར་རྒྱག་གིས་ཆོས་ལུགས་དབྱེ་འབྱེད་བྱེད་མཁན་ཟམ་གདོང་རེད། རྒྱ་གར་ཀླད་རྙིང་ཚོའི་ལྟ་བ་འཁུར་ནས་ནུབ་ཕྱོགས་དང་དེང་རབས་ལ་བཀག་པ་བྱེད་མཁན་ཟམ་སྐུ་ཞབས་རེད། ཉེས་ནས་ལྟས་ཚེ་མང་དུ་འདུག

  12. བསྟན་འཛིན་ says:
    2012-06-12 at 5:54 am

    རིག་པའི་བུ། ཁྱོད་ཀྱི་ཚོང་ལས་ཅི་ཞིག་ཡིན།

  13. མེ་ཏོག་དཀར་པོ། says:
    2012-06-12 at 6:02 am

    བསྟན་འཛིན་ཁྱོད་ཀྱི་ཚོང་ལས་གང་ཡིན། རང་དང་མི་མཐུན་པ་དང་ལམ་སང་དོགས་པ་ཡོད་མདོག་མདོག་མ་བྱེད་དང་ཨོང་ཀོ

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme