Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནག་ཕོའི་ནག་ཉེས་ནག་མོས་དོ་ཟླ་མིན།

Posted on 2012-06-092012-06-10 By ཡེ་ཤེས་ 39 Comments on ནག་ཕོའི་ནག་ཉེས་ནག་མོས་དོ་ཟླ་མིན།

ཀླུ་སྨྱོན།
—ནག་མོར་བསྡིགས་པའི་རྩོམ་ཐུང་ཞིག་ལ་བྲིས།

ནག་མོ་བྲན་དུ་བཀོལ་མཁན་ནག་ཕོ་ཡིན། །
ནག་མོའི་རང་དབང་འཕྲོགས་མཁན་ནག་ཕོ་ཡིན། །
ནག་མོར་ཉེས་རྡུང་གཏོང་མཁན་ནག་ཕོ་ཡིན། །
འཛམ་གླིང་འཁྲུག་ཆེན་སློང་མཁན་ནག་ཕོ་ཡིན། །
འཁྲུག་ཆེན་གཉིས་པོ་རྒྱག་མཁན་ནག་ཕོ་ཡིན། །
རྡུལ་ཕྲན་མཚོན་ཆ་བཟོ་མཁན་ནག་ཕོ་ཡིན། །
ལག་དམར་རྒྱལ་པོ་ཚང་མ་ནག་ཕོ་ཡིན། །
རྒྱ་ནག་ཆིན་ཧྲི་ཧོང་ཁོ་ནག་ཕོ་རེད། །
འཇར་མན་ཧིས་ཁྲི་ལིར་ཁོ་ནག་ཕོ་རེད། །
སོ་རྡིའི་སྦིན་ལ་སྒྲིན་ཁོ་ནག་ཕོ་རེད། །
སུའུ་ལན་སི་ཏ་ལིན་ཁོ་ནག་ཕོ་རེད། །
རྒྱ་དམར་མའོ་ཙེ་ཏུང་ནག་ཕོ་རེད། །
ཨེ་རག་ས་སྡུམ་ཧུའུ་སེན་ནག་ཕོ་རེད།
ལིས་སྦེའི་སྒ་སྡ་ཧྥིས་ཁོ་ནག་ཕོ་རེད། །
ཨ་རིའི་རྗོར་རྗེ་སྦུ་ཞི་ནག་ཕོ་རེད། །
དམག་འཁྲུག་འགོ་གཙོ་ཚང་མ་ནག་ཕོ་རེད། །
མེ་མདའ་ཐོགས་མཁན་ཕལ་ཆེ་ནག་ཕོ་རེད། །
བཙོན་ཁང་བཙོན་མ་ཕལ་ཆེ་ནག་ཕོ་རེད། །
ཇག་རྐུན་མི་གསོད་ཕལ་ཆེར་ནག་ཕོ་རེད། །
མདོར་ན་ས་སྟེང་ཉེས་ཅན་ཕལ་མོ་ཆེ། །
ནག་མོ་མིན་པར་ནག་ཕོ་ཡིན་པ་ཡི། །
གནས་ལུགས་གཅེར་བུ་མཐོང་ན་འཇིགས་པ་འདི། །
བོད་ཀྱི་དགེ་སྦྱོང་ཟོག་རྫུ་ཅན་དག་གིས། །
མི་མཐོང་མཐོང་ཡང་མ་མཐོང་མདོག་མདོག་བྱེད། །
ཚུལ་འདིར་ཁོ་བོ་ཡི་ག་གཏིང་ནས་ལོག །
ནག་མོའི་སྟུ་ལས་སྐྱེས་ཀྱང་ནག་མོ་ལ། །
སྣ་སྙེར་བྱེད་པའི་རྒྱུ་འབྲས་གོ་ལྡོག་མཁན། །
ཆོས་གོས་གསུམ་དང་”སྡོམ་པ་གསུམ་ལྡན་”ཡང་། །
ང་ཡི་ཕྱག་གཅིག་འཚལ་ན་དཀོན་མཆོག་གསུམ། །

གསར་འགྱུར།

Post navigation

Previous Post: རེ་སྒུག
Next Post: ཞི་བའི་འཐབ་རྩོད་ལ་ཚང་དགོས་པའི་ཆ་རྐྱེན།

Comments (39) on “ནག་ཕོའི་ནག་ཉེས་ནག་མོས་དོ་ཟླ་མིན།”

  1. ཡར་ཁམས་ཁྲི་རྒྱལ། says:
    2012-06-09 at 2:43 pm

    ཀླུ་སྨྱོན་ལགས། ནག་མོ་མ་རེད། ན་མོ་རེད།

  2. འབའ་སྲས། says:
    2012-06-09 at 4:09 pm

    ནག་མོ་ཆུང་མ་ན་མོ་བུ་མེད་དོ།།

  3. ཐོ་ཚའི་ཐུབ་པད། says:
    2012-06-09 at 6:16 pm

    དཔེ་ཡག་པོ་བྲིས་འདུག།

  4. སྤྱང་ཤོག་བཀྲ་ཤིས says:
    2012-06-09 at 8:15 pm

    གནམ་མིས་བོད་ཀྱི་གཏམ་དཔེ་ལ། ནག་མོས་ཕུང་ཕུང་ཕུང་ལེ་མིན་། ར་ཤའི་དུག་དུག་དུག་ལེ་མིན། སེང་སྐྱང་འབྲོང་མོས་ཞལ་དཀར་ཕུང། རྨེ་བཟའི་ཀླུ་བཙན་རྒྱ་པོ་ཕུང།

  5. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-09 at 8:16 pm

    ཤ་ཚ་ནག་མོ་ལ་དགའ་ནི་རེད་གོ།

  6. སྐྱུ་རྩི་ནས། says:
    2012-06-09 at 8:23 pm

    ཀླུ་སྨྱོན་སྨྱོན་པ་ཚེ་སྐྱིད་དྲན་དྲག་ནས། །
    སེམས་ལ་གང་བསམ་དྲ་རྒྱའི་ནང་དུ་བྲིས། །
    མཛེས་མས་ཟུར་མིག་ཙམ་ཡང་མ་གཡོས་ནས། །
    ཚིག་པ་གཡག་ཟ་བུང་བུར་རྡོག་རྒྱག་བཞུ།

  7. ལ་སྟོད་བུ། says:
    2012-06-09 at 9:49 pm

    གཙང་དགོན་སྔགས་དགོན་བསྒྱུར་མཁན་ནག་མོ་རེད།
    དགེ་འདུན་འདུལ་ཁྲིམས་བཅོམ་མཁན་ནག་མོ་རེད།
    ཁྱིམ་གཞིས་ཕུང་དཀྲུག་བྱེད་མི་ནག་མོ་རེད།
    ཁྱིམ་མཚེས་དབྱེན་དཀྲུག་བྱེད་མི་ནག་མོ་རེད།

    མི་ཟད་སྡུག་ལ་སྦྱོར་བ་ནག་མོ་རེད།
    འཁོར་བ་མཐའ་མེད་འཕེན་མཁན་ནག་མོ་རེད།
    ཉེས་ཅན་ནག་ཕོ་སྐྱེད་མཁན་ནག་མོ་རེད།
    ནག་ཕོའི་མདངས་བཅུད་འཕྲོག་མཁན་ནག་མོ་རེད།

    ནག་ཕོ་ཁྲག་ཤེད་རྒྱས་བྱེད་ནག་མོ་རེད།
    འདམ་རྫབ་འཁོར་བ་བསྐྱེད་མཁན་ནག་མོ་རེད།
    མདོར་ན་བ་ག་ནག་པོའི་ཀློང་དཀྱིལ་ནས།
    ཉེས་ཅན་ཐམས་ཅད་མོ་སྐྱེད་མཁན་ནག་མོ་རེད།

    ནག་མོའི་རྫུ་འཕྲུལ་བསམ་མཐའ་ཡས།
    དང་པོ་ལྷ་མོ་མཛུམས་དཀར་སྟོན།
    བར་དུ་སྲིན་མོ་གདོང་དམར་དངོས།
    ཐ་མ་སྲོག་གཅོད་དབུགས་ལེན་བྱེད།

    ཨོལ་མདུད་མེད་པས་གསང་བ་ཐམས་ཅད་ཤོར།
    བ་གར་ཁེབ་སྤྱོད་མེད་པས་ཉེས་ཅན་འབྱུང།
    བུ་མོ་སྲིང་མོ་ཡིན་ཀྱང་ཕྲག་དོག་བྱེད།
    མི་འདོད་སྡུག་བསྔལ་ཕུང་པོ་ཁྱོད་ཀྱིས་སྐྱེད།

  8. ཨ་ར་དཀར་པོ says:
    2012-06-09 at 10:15 pm

    ངོ་ནས་བྱས་ན་ནག་མོ་མ་རེད། ནག་མོ་ཕོ་རོགས་གཉིས་ཀྱི་མིང་ནོར་སོང་ལེ་རེད།

  9. ནག་ཆུ་ཀུན་དགའ། says:
    2012-06-09 at 11:09 pm

    རྒན་ཀླུ་སྨྱོན་ལགས་སུ། བཀྲ་ཤིས་བདེ་ལེགས་ཞུ།

  10. སྣྲོན་ངག་ཁྲི། says:
    2012-06-09 at 11:58 pm

    ནང་བསྟན་ཚེ་ལོ་ལྔ་བརྒྱ་ནག་མོས་འཕྲི།།
    གསུམ་བརྒྱ་དྲུག་ཅུའི་ཁྲིམས་གཞི་ནག་མོས་གཏོད།།
    དགེ་སློང་མ་ཡི་སྡོམ་རྒྱུན་ནག་མོས་བརླག །།།
    ཐམས་ཅད་ཡོད་སྨྲའི་མཁན་རབས་ནག་མོས་བཅོམ།།
    མ་སྐྱེས་དགྲ་ལ་ངན་བསླབས་ནག་མོས་རྒྱབ།།
    དགྲ་བཅོམ་གསོད་པའི་བཤེས་གཉེན་ནག་མོས་མཛད།།
    དགྲ་བཅོམ་བསད་པའི་ལས་ངན་ནག་མོས་བསླབས།།
    འུའུ་ཛའི་ཐན་གྱི་སྡུག་རྩུབ་ནག་མོས་སྤེལ།།
    སྡེ་སྲིད་སངས་རྒྱམ་མགུལ་བ་ནག་མོས་བཅད།།
    ཐའེ་དབེན་སྲིད་འཛིན་བཙོན་དུ་ནག་མོས་འཁྲིད།།
    དམངས་གཙོ་ཡར་ཐོན་མདུན་ལམ་ནག་མོས་བཀག །
    མདོར་ན་འཁོར་བའི་ཞིང་ས་ནག་མོས་མཛད།།
    དགེ་སྦྱོང་གནས་ལས་འབོད་མཁན་ནག་མོས་བགྱིས།།
    ཝ་དང་བུད་མེད་མཚུངས་པ་ནག་མོའི་དྲིན།།
    ལྷ་སའི་གླིང་སྐོར་ཞང་ཁང་ནག་མོས་བསྐོར།།
    དྲྭ་རྒྱའི་འཆལ་མོ་ཕལ་ཆེར་ནམ་མོའི་མཚན།།
    ལུས་ཀྱི་མཚོན་སྲུང་ཉམས་བྱེད་ནག་མོའི་ཁྲག །།
    ཨ་མ་མ་གཡར་མཚན་ཤས་ནག་མོས་སྐྲུན།།
    བུ་ཕྲུག་དབྱེ་འབྱེད་མཁས་པ་ནག་མོས་བསྐྱངས།།
    བྱམས་བརྩེས་ཕོངས་བྱེད་ཐོག་མ་ནག་མོས་བསླབས།།
    ཕ་བུ་དགྲ་རུ་གྱུར་པ་ནག་མོས་བཟོས་།།
    མ་མད་མག་པར་རྩོད་པ་ནག་མོའི་གཤིས།།
    མིག་གཟེར་ཕྲག་དོག་ཆེ་བ་ནག་མོ་སྟེ།།
    མདོར་ན་ནག་ཕོའི་ཇུས་འདོན་ནག་མོས་མཛད།།
    ནག་མོའི་འདོད་སྲེད་དབང་གིས་ནག་ཕོ་སྐུལ།།
    ཆེ་བ་ཁམས་གསུམ་ཆུང་བ་ཁྱིམ་ཚང་སོགས།།
    ནག་ཕོ་རེ་རེའི་ལྐོག་ཏུ་མི་དགེའི་བཤེས་།།
    ནག་མོ་གཏུམ་གྲགས་ཅན་རེ་སྐྱིད་ཉལ་འཐེན་།།

  11. དཔྱིད་འགོའི་མེ་ཏོག says:
    2012-06-10 at 12:19 am

    རྒྱབ་ཏུ་གྲྭ་ཆས་གྱོན་ཏེ་རྩོག་གཏམ་སྨྲ།།
    བུད་མེད་དག་དང་ལྷན་དུ་རྩེ་དགའ་རོལ།།
    ཟུར་མིག་མདའ་མོས་ཀླུ་སྨྱོན་སེམས་པ་ལ།།
    སོས་ཐབས་མེད་པའི་རྨ་ཁ་ལྕི་མོ་ཞིག།
    ལུས་ཕྲ་དག་གིས་སྤྱིན་ལ་འདི་ཅི་ཞིག།
    ནུབ་ཕྱོགས་ཡུལ་གྱི་གྲོང་གི་གྲུ་ཟུར་ན།།
    དགེ་མིང་ཀླུ་སྨྱོན་ཞེས་བྱ་འབོད་པ་དེ།།
    ར་མ་ལུགས་ཀྱི་ཆ་ལུགས་ངེས་བཟུང་ནས།།
    མགོ་སེར་མ་ཡི་ལུས་ལ་རྒྱང་རིང་།།
    རྔམ་གྱི་འདོད་པའི་འདྲེན་བྱེད་རབ་བགྲད་དེ།།
    ཅི་ཞིག་མེད་པའི་ཚོར་བ་སྣོན་པོ་ཡིས།།
    དེ་ཡི་ལུས་ལ་རྣམ་ཤེས་ཡུན་དུ་འཁོར།།
    ཁ་ནས་སྟོན་པའི་རྗེས་འཇུག་དགེ་མིང་འཛིན།།
    དོན་དུ་སྟོན་པའི་བླ་ཚོང་དྲེད་ཤ་ཅན།།
    ཡོད་དང་མེད་པའི་སྨྱོན་མིང་ཅན་དེའོ།།
    འོ་ན་ཁྱོད་ཀྱི་མིང་ལ་ཅི་ཞིག་ཟེར།།
    ནག་ཕོའི་ཡང་སྙིང་ཁྱེད་ཉིད་ཚད་དང་རམ།།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-06-10 at 12:21 am

    ཨ་ཁུ་ཀླུ་སྨྱོན་རྟེན་འབྲེལ་སྨྲ་བ་པོས།
    ནག་ཅན་མོ་དང་ནག་ཅན་ཕོ་གཉིས་ཀྱི།
    ཕྱོགས་ལྷུང་མེད་པར་སྨྲ་ན་སྔགས་འཆང་གི
    གྲལ་དུ་ཚུད་ཀྱི་དེ་མིན་དེ་ལམ་རིང་།།

  13. ཤུག་པ། says:
    2012-06-10 at 12:44 am

    ༼ནག་མོའི་སྟུ་ལས་སྐྱེས་ཀྱང་ནག་མོ་ལ། །
    སྣ་སྙེར་བྱེད་པའི་རྒྱུ་འབྲས་གོ་ལྡོག་མཁན། །
    ཆོས་གོས་གསུམ་དང་སྡོམ་པ་གསུམ་ལྡན་ཡང་། །
    ང་ཡི་ཕྱག་གཅིག་འཚལ་ན་དཀོན་མཆོག་གསུམ། །༽

    བུད་མེད་སྨོད་པ་སྔགས་ཀྱི་རྩ་ལྟུང་ཕྱིར། །
    དེ་ལ་སྨོད་མཁན་གསུམ་ལྡན་འཇོག་ཚུལ་མེད། །
    མེད་སར་ཡོད་མདོག་དགག་པ་བྱེད་ལུགས་འདིས། །
    ཀླུ་སྨྱོན་གསུམ་ལྡན་འཇོག་ཚུལ་བློ་མ་བདེ། །

    བུད་མེད་མི་གཙང་ལུས་ལ་ཆགས་ཆེ་བས། །
    ཕུང་ཁྲོལ་གང་གིས་དོན་ཆེན་རླག་ལུགས་ལ། །
    ཀླུ་སྒྲུབ་ཞི་བ་ལྷ་ཡི་མན་ངག་ཡང་། །
    གོ་ལྡོག་གྲས་སུ་འཇོག་གམ་བློ་མ་བདེ། །

    གཞན་ལ་བརྩི་འཇོག་བློ་རྒྱ་ཆེ་མདོག་གིས། །
    ཐུན་མིན་ཁྱད་ཆོས་ཡོད་མདོག་སྟོན་ན་ཡང་། །
    དབུ་མའི་སློབ་དཔོན་ཕྱག་ཡུལ་མིན་མདོག་འདིས། །
    དད་ཡུལ་ངོ་མདོག་གང་ཡིན་བློ་མ་བདེ། །

    བུད་མེད་སྨོད་པའི་ལྡོམ་པ་གསུམ་ལྡན་དེ། །
    གསུམ་ལྡན་དགེ་སློང་གྲས་ན་ཡོད་རབ་མེད། །
    མེད་སར་ཡོད་མདོག་དབུ་ན་ཆེ་ཚུལ་འདིས། །
    ཀླུ་སྨྱོན་བསྐུར་འདེབས་ཚད་ལ་བློ་མ་བདེ། །

    དབུ་མའི་སློབ་དཔོན་བུད་མེད་སྨད་གྱུར་ན། །
    ཁྱེད་ཀྱི་མཆོག་གསུམ་གྲས་ན་ཚོད་མེད། །
    འཕགས་པའི་གང་ཟག་ཕུལ་པའི་ཕར་ནང་ན། །
    ཁྱོད་ཀྱི་ཕྱག་ཡུལ་མཆོག་གསུམ་བློ་མ་བདེ། །

  14. ཤུག་པ། says:
    2012-06-10 at 12:49 am

    བསྐུར་འདེབས་ཅེས་པ་སྒྲོ་འདོགས་ལ་བཅོས་རོགས།

  15. ཀླུ་སྨྱོན། says:
    2012-06-10 at 12:52 am

    རྩོམ་འདིར་ཁྱབ་པ་ཡོད་ཀྱང་མེད་ཀྱང་རུང་། །
    རྩོམ་འདིར་བདེན་པ་ཡོད་ཀྱང་མེད་ཀྱང་རུང་། །
    རྩོམ་འདི་བཀླགས་པའི་སྐལ་ལྡན་ཕོ་མོ་རྣམས། །
    རྩོམ་ལ་རྒྱོ་བཞིན་འཇུག་པའི་བཀྲ་ཤིས་ཤོག །

  16. དོལ་སྨྱོན། says:
    2012-06-10 at 2:02 am

    ནག་མོའི་སྟུ་ནི་ཀུན་གྱི་འབྱུང་གནས་ཏེ།།
    ནག་མོའི་སྟུ་ནི་ཀུན་གྱི་དགའ་ས་ཉིད།།
    ནག་མོའི་སྟུ་ཡི་འགྲམས་ན་བཅར་བའི་ཚེ།།
    ཞི་བ་མྱང་འདས་ཟེར་ནའང་དེ་ཀ་ཉིད།།

  17. གླིང་དཀར་ལྷ་རྗེས། says:
    2012-06-10 at 3:33 am

    ནག་མོ་ནག་ཕོ་མི་ལུས་ནག་པོ་ཡིན།
    སྐྱེས་ཡུལ་ཁུངས་ནི་ནག་པོའི་ཚང་ལམ་འགྲིམས།
    ནག་ཕོ་ཞེས་ཡུལ་རང་ཉིད་མིན་ན་སུ།
    ནག་མོ་ཞེས་སུ་གཞན་ལ་བརྗོད་དོན་ཅི།

  18. ཙོང་ཁའི་མི་རྐྱང་། says:
    2012-06-10 at 3:35 am

    ནག་མོ་བསམ་ན་ནག་ཕོའི་ཁ་ཆུ་བཞུར། །
    ནག་མོ་མེད་ན་ནག་ཕོའི་ཡིད་མ་བདེ། །
    ནག་ཕོ་མེད་མ་ནག་མོ་ཡུགས་ཟ་ཡིན། །
    ནག་ཕོ་ནག་མོ་གཉིས་ཀ་སྟུ་ལས་སྐྱེས། །

  19. ཙོང་ཁའི་མི་རྐྱང་། says:
    2012-06-10 at 3:57 am

    ནག་ཕོ་ཐམས་ཅད་དགའ་ས་ནག་མོ་ཡིན། །
    ནག་མོ་ཚང་མས་གླེང་ས་ནག་ཕོ་ཡིན། །
    ནག་ཕོ་མེད་ན་ནག་མོ་ཡུགས་ཟ་ཡིན། །
    ནག་པོ་ནག་མོ་ཡོད་ཚད་སྟུ་ལས་སྐྱེས། །

  20. ཁ་བའི་འོད། says:
    2012-06-10 at 4:05 am

    ཕོ་ཡིན་ཚད་འོག་ན་མཇེ་རེ།
    མོར་ཐོག་ཚད་མན་ན་སྟུ་རེ།
    མཇེ་སྟུ་ལ་དྲིན་ཆེ་ཅང་མེད།
    སྟུས་མཇེ་ལ་གནོད་རབས་ཡེ་མེད།
    འདི་ཤེས་ན་ཆོས་ཉིད་རྩ་བ།
    འདི་མ་ཤེས་རྩོད་པ་མཐའ་མེད།
    ཀླུ་སྨྱོན་པའི་སེམས་ལ་དེ་ཞོགས།

  21. གནམ says:
    2012-06-10 at 4:20 am

    ཁ་ནས་འདྲ་མིན་གླེང་མཁན།།
    ལག་ནས་འདྲ་མིན་འབྲི་མཁན།།
    ཁ་ལག་གཉིས་ཀའི་བར་ན།།
    ཁུ་ལོ་ཁོམ་གྱི་མེད་ཀི

  22. ཀརྡོ་གཉེར་ཕྱག་པ་ says:
    2012-06-10 at 5:30 am

    ཕ་མོ་གཉིས་ནི་ཐབས་ཤེས་གཉིས། །
    ཡ་གཅིག་ཉམས་ན་ཟུང་འབྲེལ་མེད། །

  23. ཐབས་ཇུས་ཅན says:
    2012-06-10 at 8:05 am

    རྒྱུན་དུ་ཁ་ནས་ནག་མོ་གླེང་མཁན།
    རྒྱུན་དུ་སེམས་ལ་ནག་མོ་ཉར་མཁན།
    རྒྱུན་དུ་ནག་མོའི་རྐུབ་ལ་ལྟ་མཁན།
    རྒྱུན་དུ་ལག་ནས་ནག་མོ་འབྲི་མཁན།
    རྒྱུན་དུ་ནག་མོ་རྨི་ལམ་གཏོང་མཁན།
    རྒྱུན་དུ་དགེ་རྒན་ནག་མོ་སྟེན་མཁན།
    རྒྱུན་དུ་དགེ་ཕྲུག་ནག་མོ་ཉར་མཁན།
    དགེ་སློང་ཀླུ་སྨྱོན་ཁྱོད་ལ་ཕྱག་འཚལ་ལོ།

  24. ཤར་མཁན་སྤྲུལ། says:
    2012-06-10 at 8:21 am

    ཀླུ་སྨྱོན་ལགས
    ཉིད་ཀྱི་བརྩོམ་བརྗོད་བྱ་དང་བརྗོད་བྱེད་གང་ཐད་ནས་ཤིནཏུ་ལེགས། བཀའ་དྲིན་ཆེ།

  25. སྣྲོན་ངག་ཁྲི། says:
    2012-06-10 at 10:22 am

    ནག་ཕོ་མོ་སོ་སོར་མཚན་མ་རེ།།
    ནག་ཕོ་མོ་ཕུང་གསུམ་མཚན་གཉིས་ཅན།།
    ནག་ཕོ་མོ་གཉིས་མིན་མཚན་མེད་མ།།
    ནག་ཕོ་མོའི་ཚབ་ཏུ་བཀུར་དགོས་སམ།།
    ༡ཨི་ཁུང་ཆེ་ཆུང་གཉིས་ལྡན་ནག་ཕོ་མོ།།
    ༢ཨུ་དུམ་ཝ་རའི་མེ་ཏོག་བཞིན་དཀོན་ཡང་།།
    ༣ཨེ་ཤེ་ཡ་དང་ཡོ་རོབ་ཨ་རི་སོགས།།
    ༤ཨོ་ལོའི་ལོངས་སྤྱོད་ཡུལ་དུ་མཚན་མཐུན་མང་།།
    ༥ཀ་ཅི་དར་དཀར་བསྣབས་པའི་མཁའ་འགྲོ་ཡི་དོ་རར།།
    ༦ཁ་འཇམ་ཁོག་རྩུབ་ཅན་གྱི་ནག་མོ་ཡིས་དབེན་པ།།
    ༧ག་ལེར་ལོངས་སྤྱོད་ཡུལ་གྱི་རིང་མ་རུ་བསྟེན་པས།།
    ༨ང་ཡི་དུག་གསུམ་རྟོགས་པ་འབད་མེད་དུ་བརྙེད་བྱུང་།།
    ༩ཅ་ཅོ་འུར་ཟིང་ཆེ་བའི་དུས་རབས་ཀྱི་ཁྲོད་དུ།།
    ༡༠ཆ་ལུགས་ཡ་མ་གཟུགས་ཀྱིས་རྫིག་ཉམས་ཞིག་བསྟན་པས།།
    ༡༡ཇ་ཆང་འདོད་དགུར་སྤྱོད་པའི་དངོས་གྲུབ་ཞིག་ཐོབ་སྟེ།།
    ༡༢ཉ་མོར་གངས་སྦལ་ཕྲད་འདྲའི་བདེ་ཆེན་གྱིས་ཁྱབ་སོང་།།

  26. གནམ says:
    2012-06-10 at 10:31 am

    ཨ་ཁུ་ཀླུ་སྨྱོན་སྨྱོས་སྨྱོས་འདི།།
    ཆོས་སྨྱོན་མ་རེད་ཆགས་སྨྱོ་རེད།།
    ནམ་ལང་དུས་ཐུགས་ཀ་དཀྲུག་གི་བསྡད།།
    ས་རུབ་དུས་རྨྱི་ལམ་འཁྲུག་གི་བསྡད།།
    བན་ཆགས་པས་སྨྱོས་ན་གན་མོ་རེད།།
    མ་བཟང་མོ་ཡོད་ན་འགྲོག་ཚད་རེད།།
    བུ་ང་འདྲ་ཡོད་ན་འཕྱ་ཚད་རེད།།
    ཁ་རྩེད་མོ་ཡིན་པས་སྤོ་མ་ལང་།།

  27. རི་རྒྱལ་ཏི་སེ། says:
    2012-06-10 at 11:12 am

    སྡིག་ཟས་དམར་ཆུང་ཤ་དང་གཅིག།
    སྨྱོས་བྱེད་དུག་ཆུ་ཆང་དང་གཉིས།།
    བསླུ་བྱེད་ན་ཆུང་མཛེས་དང་གསུམ།།
    དེ་གསུམ་འཁོར་བའི་རྨང་རྡོ་ཡིན།།
    མཐར་འདོད་རྣམས་ཀྱི་ཟབ་པར་མཛོད།།

  28. རི་རྒྱལ་ཏི་སེ། says:
    2012-06-10 at 11:15 am

    ཁ་རྒྱུན་དུ།
    རྒྱུ་ཕུག་རྟ་ཡིས་མ་བྱེད།། ཟས་ཕུག་ཤ་ཡིས་མ་བྱེད།།
    གྲོས་ཕུག་ནག་མོས་མ་བྱེད།། དགྲ་བོ་ཉེ་སར་མ་འཇོག།

  29. རི་རྒྱལ་ཏི་སེ། says:
    2012-06-10 at 11:20 am

    བུད་མེད་དག་གྱོད་ཀྱི་གཞི་མར་གྱུར་བའི་དཔེ་ ཡང་སྔོན་བྱུང་གི་ལོ་རྒྱུས་དང་གཏམ་རྒྱུད། དེ་བཞིན་དངོས་ཡོད་འཚོ་བའི་ཁྲོད་མང་བོ་བྱུང་བ་སྟེ།《ཧོར་གླིང་གཡུལ་འགྱེད》དུ་ སྐྱ་ལོའི་སེང་ལྕམ་འབྲུག་མོ་ཧོར་གླིང་མི་ལོ་དགུ་ལ་འཁྲུག་པའི་གྱོད་ཀྱི་གཞི་མ་ དང་།《རྒྱལ་བོ་རཱ་མ་ནའི་རྟོགས་བརྗོད》དུ་མཛེས་མ་སི་ཏཱ་སྲིན་པོའི་རྒྱལ་བོ་ ལིངྒྰ་མགྲིན་བཅུ་དང་རྒྱལ་བོ་རཱ་མ་ནཱ་གཉིས་ཀྱིས་འཕྲོག་རྩོད་བྱས་པའི་གཏམ་ རྒྱུད་ཀྱང་མང དུ་ཡོད་དོ།།

  30. ལ་སྟོད་བུ། says:
    2012-06-10 at 11:52 am

    རྒྱ་བཟའ་བལ་བཟའ་ཡིས་ཀྱང་རྒྱ་བལ་བོད་གསུམ་དབར་ལ་གྱོད་གཞི་ཅིག་བཏིང་མེད་དམ་སྙམ།
    དབོན་ཞང་གིས་འབྲེལ་བས།

  31. རི་རྒྱལ་ཏི་སེ། says:
    2012-06-10 at 12:05 pm

    ཝུན་ཤིང་ཀོང་ཇོ་དང༌། གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་ནས་ཁྱེར་ཡོངས་པའི་གྱོད་གཞི་ད་ལྟའི་བོད་གཞིས་བྱེས་གཉིས་གནས་བབ་འདིའི་མཚོན་པར་ནུས་སོ།།

  32. སྣྲོན་ངག་ཁྲི། says:
    2012-06-10 at 12:18 pm

    གོང་གི་ཨ་ཕྲེང་དང་ཀ་ཕྲེང་གི་འཕྲོ་མུ་འགོད།
    ཏཱ་རེའི་མཚན་ཅན་རྒྱལ་ཡུམ་སྒྲོལ་མ་ཡི་ཐུགས་རྗེས།།
    ཐ་མལ་བདག་ལ་བྱམས་བརྩེའི་ས་བོན་གྱི་དོད་དུ།།
    ད་ནས་འདོད་ཆུང་ཆོག་ཤེས་ཉམས་ལེན་རང་གྱིས་ཅེས།།
    ན་འཆིའི་སྡུག་བསྔལ་འགོག་བྱེད་རྩ་བ་རུ་བཏབ་སོང་།།
    པ་སངས་མཛེས་སྡུག་འཕྲོག་བྱེད་ནག་མོ་ཡི་སྒེག་ཉམས།།
    ཕ་རོལ་འདོད་ཆགས་སློང་བའི་གཞི་མ་རུ་གྱུར་ཡང་།།
    བ་ལང་བདག་ནི་འདོད་ཆུང་ཆོག་ཤེས་ཀྱིས་མྱོས་ཏེ།།
    མ་དང་ནག་མོ་ནོར་བའི་མཚམས་དེ་རུ་སླེབ་འདུག །།

  33. རྫ་ཕྲུག says:
    2012-06-10 at 12:19 pm

    ནག་མོ་ལ་དམའ་འབེབས་མ་བྱེད། ཨ་མ་ཚོས་ཐུགས་ལ་ཕོག་འགྲོ། ནག་པོ་ལ་ཚིག་ངན་མ་སྨྲ། ཨ་ཕ་ཚོ་སེམས་པ་སྐྱོ་འགྲོ།

  34. jampas says:
    2012-06-10 at 12:20 pm

    མིག་ནས་གང་འདོད་བལྟ་ཡིས།།
    ཁ་ནས་གང་འདོད་བཤད་ཀྱིས།།
    ལུས་ནས་གང་འདོད་ཁྲབ་ཀྱིས།།
    སེམས་ནས་གང་འདོད་བྲིས་འདུག།
    ཁྱོད་ཀྱི་ལུས་སེམས་མི་ཁོམ།།

  35. རི་རྒྱལ་ཏི་སེ། says:
    2012-06-10 at 12:21 pm

    ཝུན་ཤིང་ཀོང་ཇོ་དང༌། གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་ཁྱེར་ཡོངས་པའི་གྱོད་གཞི་ད་ལྟའི་བོད་གཞིས་བྱེས་གཉིས་ཀྱི་གནས་བབ་འདིའི་མཚོན་པར་བརྟེན། ཨ་ཞང་ལགས། ཨ་ཞང་ལགས། ཚོ་བོ་དང་ཚ་མོ་ཐམས་ཅད་ཀྱི་བདེ་སྡུག་ལ་ཟུར་ཙམ་ཡང་བལྟ་མི་དགོས་པའི་ཨ་ཞང་ལགས།

  36. གྲགས་པ་ says:
    2012-06-10 at 10:10 pm

    ཀླུ་སྨྱོན་ཟེར་བ་འདི་ལ་གྲྭ་བ་ཞིག་གི་གཤིས་ག་བ་ག་བ་བོད་མི་ཞིག་གི་གཤིས་ཀ་མི་འདུག ཁྲེལ་དང་ངོ་ཚ་འཛེམས་དོགས་ཡ་རབ་སྤྱོད་བཟང་གི་ཆ་ཁབ་རྩེ་ཙམ་ཡང་མི་འདུག མི་ཚོའི་འདུན་དུ་གང་བསམ་འབྲི་བཞིན་པའི་ཁུལ་ཡིན་ས་རེད། ག་རེ་ཆེད་དུ་ཡིན་ནམ་་་་་་

  37. དབྱི་ཆུའི་རླབས་སྒྲ། says:
    2012-06-10 at 10:24 pm

    ཀླུ་སྨྱོན་ངོ་མ་སྨྱོས་འདུག་ཧ་་་ཧ་་་ཧ་་

  38. མགོན་པོ་ཕྱག་གཉིས་པ། says:
    2012-06-10 at 10:54 pm

    ནག་ཕོའི་ནག་ས་བཤད་ན་ནག་ཕོ་ནག།
    ནག་མོའི་ནག་ས་བཤད་ན་ནག་མོ་ནག།
    སུ་ནག་དཔྱད་པ་ཡིན་ན་གཉིས་ཀ་ནག།
    མི་ནག་ཕོ་མོ་གཉིས་ཀའི་ནག་ཉེས་ནག།

    དྲང་མོ་བཤད་ན་ཕོ་མོ་རེ་རེ་བཞིན།།
    དཀར་ནག་བསྒྲིལ་བའི་སྐུད་པ་ཁྲ་ཁྲ་ཞིག།
    དཀར་ན་དཀར་མཉམ་ནག་ན་ནག་མཉམ་རེད།།
    དཀར་ནག་དབྱེ་བ་འབྱེད་པ་ཕྱོགས་ལྷུང་རེད།།

  39. སྣྲོན་ངག་ཁྲི། says:
    2012-06-12 at 1:02 am

    མུ་འགོད་ཀ་ཕྲེང།

    ཙ་རི་གནས་སྐོར་སྐོར་སའི་ལ་ཆེན་འགའི་ཁྲོད་དུ།།
    ཚ་གྲང་ཅུང་ཟད་སྙོམས་པའི་རི་ཚོགས་ཀྱི་དབུས་སུ།།
    ཛ་ཡའི་གསུང་སྙན་སྒྲོག་སའི་སྒྲོལ་མ་ལའི་མཚམས་སུ།།
    ཝ་དང་བུད་མེད་འགོག་བྱེད་གསལ་བསྒྲགས་ཤིག་གོ་བྱུང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme