Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངུ་འབོད།

Posted on 2008-05-082008-05-11 By admin 1 Comment on ངུ་འབོད།

དགེ་འདུན་རབ་གསལ་གྱིས།
ད་ནངས་ཞོགས་ཀར་ངེད་ཀྱིས་གསར་འགྱུར་ཀློག་སྐབས་ལྷ་ས་གཅིག་པུ་ནས་མི་སྟོང་ཕྲག་ཙམ་འཛིན་བཟུང་བྱས་པ་རེད་ཟེར། བཙན་བྱོལ་བོད་མི་རྣམས་ཀྱི་སེམས་པ་ཟིང་སླེབས་ཏེ་སྡོད་སྐབས་འདིར་གཞིས་ལུས་སྤུན་ཟླ་རྣམས་སླར་ཡང་མནར་གཅོད་དང་དམར་གསོད་ཀྱི་འོག་ཏུ་ཚུད། འཛམ་གླིང་གི་དམར་གསོད་ཆེན་མོ་གཞན་དག་བསྡུར་ན། བོད་མི་རིགས་ཀྱི་བདེ་སྡུག་འདི་ནི་མི་དྲུག་ཅུ་ལྷག་གི་རིང་ལ་རྒྱུན་མཐུད་པ་ཞིག་ཡིན། ང་ཚོའི་མི་རབས་གསུམ་ནས་བཞི་ཡི་བར་དུ་རྒྱ་ལག་ནས་ཤི་བཞིན་ཡོད། བོད་མི་རིགས་ཀྱི་རེ་བ་ནི་ད་དུང་གསོན་པོ་དང་ཇེ་གསལ་དུ་འགྲོ་བཞིན་ཡོད།།

བླ་བྲང་དགོན་པའི་ཁྲོམ་སྐོར་གྱི་སྐབས་སུ་བོད་རང་བཙན་དང་༧རྒྱལ་བ་དོན་གྱི་བདག་པོ་སྐུ་ཚེ་སྲིང་བའི་འབོད་སྒྲ་གསལ་པོར་ཐོས། གཞོན་ནུ་ཞིག་གི་བྲང་ཁོག་སྟེང་མདེའུ་ཕོག་སྟེ་དམར་གསོད་བཏང་བའི་རི་མོ་འདི་ངའི་ཀླད་པའི་ནང་ཟུག་ནས་བསྡད་སོང་། ལྷ་ས་ནས་རེབ་གོང་དང་གཅན་ཚ། བླ་བྲང་། གཙོས། རྨ་ཆུ། རྔ་བ། ལི་ཐང་སོགས་ཏེ། བོད་མི་རིགས་ཀྱིས་རྒྱ་རྒོལ་གྱི་ལས་འགུལ་འདི་བོད་ཀྱི་ས་ཁྲ་ལེབ་མོའི་སྟེང་ཁེབས་ནས་སླེབས་ཡོད། བཙན་གནོན་རྒྱ་དམར་གྱི་སྙིང་ལ་ཟུག་གཟེར་ཡང་བསྐྱར་བསླངས་ཤིང་འཛམ་གླིང་མདུན་དུ་རང་གི་གདོང་བག་ངོ་མ་དེ་ཇེ་གསལ་དུ་ཐོན་ཡོད་ལ། སྲིད་འཛིན་ཧུ་ཅིན་ཐའོ་ཡི་གདོང་དེ་མི་གསོད་ཀྱི་ལག་དམར་གྱི་བཤན་པ་ཞིག་ཏུ་གྱུར་ཡོད།

ཨ་ཁ། ངའི་སེམས་ཀྱི་མཆི་མ་དེ་ནི་ཡང་བསྐྱར་བོད་རིགས་སྤུན་ཟླ་ཚོའི་ཕྱོགས་སུ་ཤོར། བོད་མི་ཁྲི་ཕྲག་མང་པོས་ད་ནི་གཅར་རྡུང་གི་སྡུག་བསྔལ་འདི་སླར་ཡང་མྱངས་དགོས་བྱུང་སོང་། བོད་རིགས་འདི་ནི་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་བརྟེན། གཅེས་པའི་ཚེ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་རྣམས་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་སུ་རྗེས་སུ་འཛིན་པ་ནི་༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་མཁྱེན་ནོ༎ བོད་མི་རིགས་ནི་སེམས་ཁམས་ཀྱི་དམྱལ་བ་གསོན་པོ་འདི་ལས་བསྐྱབ་ཏུ་གསོལ། ངེད་ཀྱིས་པེ་ཅིན་དང་མདོ་སྨད་ཕྱོགས་སུ་ཡོད་པའི་གྲོགས་པོ་ཚོ་ལ་ཁ་པར་བཏང་དུས། “དྲིན་ཆེན། སེམས་བདེ་མོ་བྱོས། ང་ཚོ་བདེ་མོ་སྐྱིད་པོ་ཡིན།”ཟེར། ཚིག་འདི་ཚོའི་རྒྱབ་ཀྱི་སྦས་པའི་ཞལ་ཆེམས་དེ་ཚོ་ངའི་སེམས་ལ་ཤར་ཤར་ཡིན།

སྟབས་ཉེས་པའི་གནས་ཚུལ་འདིའི་ཕྱོགས་ནས་ང་ཚོའི་རླབས་ཆེ་བའི་ལས་འགུལ་ལ་ཡང་སེམས་འཁོར་བྱུང་། བོད་མི་རིགས་ཀྱིས་སླར་ཡང་ལན་གཅིག་བཙན་པོ་སྲོང་བཙན་གྱི་བུ་རབས་ཚ་བརྒྱུད་ཡིན་པའི་རང་མདངས་ཐོན་པར་བྱས་ཡོད་དེ། འདི་ནི་བོད་ཤོར་བ་ནས་བརྩིས་ན། ང་ཚོའི་མི་རབས་གསུམ་པའམ་བཞི་བའི་མི་རྒྱུད་ཀྱིས་བོད་རང་བཙན་སླར་གསོ་བྱེད་པའི་ལས་འགུལ་གྱི་རྣམ་པ་ཡིན། ང་ཚོའི་ཞི་བའི་སྐད་འབོད་ལ་རྒྱ་དམར་གྱི་དྲག་པོའི་མེ་མདའ་ཕོག་པ་ཡིན། བོད་མི་རིགས་ཀྱི་ཟུག་གཟེར་ཇེ་ཆེ་ཡིན། སྙིང་ནད་འདི་ཚོ་རྡོ་ལ་རི་མོ་བྲིས་པ་ལས་ཀྱང་བརྟན་པར་གྱུར། བོད་མི་རིགས་ཀྱི་མངོན་མདོད་དེ་ཡང་ཇེ་གསལ་དུ་སོང་སྟེ། བོད་མི་མང་རྒྱ་དམར་གྱི་འོག་ནས་མི་ལོ་ཇི་ཙམ་མང་བ་བསྡད་པ་དེ་ཙམ་གྱིས་མཉམ་གནས་དཀའ་བའི་རྣམ་པ་དེ་ཇེ་ཆེར་གྱུར་པ་ཡིན། གལ་སྲིད་རྒྱ་འདིས་བོད་མི་རིགས་ལ་མཐོང་ཆུང་དང་ཁྱད་གསོད། དམའ་འབེབས་དང་དབང་ཤེད་ཀྱི་རྣམ་པ་མེད་པ་ཡིན་ན་བསམ་རྒྱུ་ཞིག་ཡོད་ལས་ཆེ་མོད། གོང་གསལ་དེ་ཚོ་ནི་རྒྱ་དམར་པོའི་ཁྲག་ལ་ཐིམ་ཡོད།

ང་བཙན་བྱོལ་དུ་གྱར་ནས་མི་ལོ་ཉེར་གཅིག་པ་འགྲོ་བའི་དུས་འདིར་སླར་ཡང་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ངུ་འབོད་འདི་ཚོ་བྲིས་པ་ཡིན་ཞིང་། འཛམ་གླིང་ཁྱོན་དུ་གནས་པའི་བོད་རིགས་ཡོངས་རྫོགས་མགྲིན་གཅིག་དབྱངས་གཅིག་གིས་བོད་ལ་རང་དབང་གི་ཉི་མ་འཆར་བའི་རེ་བ་འདི་འཇུ་བར་ཤོག་ཅེས་གསོལ་བ་འདེབས་པ་ཡིན། རེ་བ་འདི་ནི་ང་ཚོའི་སེམས་ལ་གནས་ལ། ཇི་སྲིད་ང་ཚོའི་རེ་བ་གསོན་པོ་དེ་སྲིད་དུ་ང་ཚོའི་འཐབ་རྩོད་གནས་ངེས་ཡིན་ལ། ང་ཚོའི་རེ་བ་ཤུགས་ཆེ་རུ་སོང་བ་དེའི་ཚོད་ཀྱིས་ང་ཚོའི་དམིགས་ཡུལ་འགྲུབ་ཉེ་བ་ཡིན་ནོ༎

རྩོམ་རིག

Post navigation

Next Post: ངའི་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ ༧༢ ལ་ཕེབས།

Comment (1) on “ངུ་འབོད།”

  1. Sonam Tashi says:
    2008-05-08 at 5:19 pm

    I am very excited about the new webpage.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme