Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམིགས་བསལ་སྐུ་ཚབ་གཉིས་ཀྱིས་དགོངས་པ་ཞུས་པ།

Posted on 2012-06-032012-06-03 By ཁ་བརྡ་ 28 Comments on དམིགས་བསལ་སྐུ་ཚབ་གཉིས་ཀྱིས་དགོངས་པ་ཞུས་པ།

༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

བཀའ་ཤག་གིས་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱི་དགོངས་ཞུ་ངོས་བཞེས་གནང་བ་དང༌། བོད་མིའི་འགོ་འཁྲིད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་བྱ་རྒྱུའི་ཆོད་སེམས་ནན་བརྗོད་གནང་བ།

༄༅། །ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློས་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ནས་དགོངས་ཞུ་གནང་དོན་ལྟར་བཀའ་ཤག་གིས་བློ་ཕམ་དང་བཅས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་དགོངས་ཞུ་ངོས་བཞེས་གནང་ཡོད།
ཕྱི་ལོ་ ༢༠༠༢ ནས་བཟུང་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། ཕྱག་རོགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་ཐེངས་དགུ་གནང་བ་དང༌། འབྲེལ་མོལ་མཐའ་མ་དེ་ལོ་གཉིས་ལྷག་གོང་ཕྱི་ལོ་ ༢༠༡༠ ཟླ་ ༡ ནང་བྱུང་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༤ པའི་ནང་དམིགས་བསལ་སྐུ་ཚབ་མཆོག་ལས་གནས་ནས་དགོངས་ཞུ་གནང་འདུན་ཡོད་སྐོར་གསུངས་ཡོད་ཀྱང༌། སྐབས་དེར་འོས་ཐོན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དགོངས་ཞུ་ངང་འཐེན་གནང་དགོས་པ་དང༌། སྐུ་ཚབ་གཉིས་ནས་མུ་མཐུད་འབྲེལ་མོལ་ཡོང་ཐབས་འབད་བརྩོན་བསྐྱེད་དགོས་པའི་བཀོད་མངགས་གནང་ཞིང༌། ཕྱི་ལོ་ ༢༠༡༡ ཟླ་ ༥ པ་ནས་བཟུང་སྐུ་ཚབ་གཉིས་དང་བཀའ་བློན་ཁྲི་པའི་དབར་བཀའ་བསྡུར་མཇལ་འཕྲད་ཐེངས་བཅུ་གཉིས་བྱུང་ཡོད།
མཐར་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ དང་ ༣༡ ཉིན་དྷ་སར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སར་སྐུ་ཚབ་གཉིས་ནས་རྒྱ་ནག་གཞུང་གིས་འབྲེལ་མོལ་ལ་བཟང་ཕྱོགས་ཀྱི་ལན་གཏན་ནས་མ་བྱུང་བར་བློ་ཕམ་དང་བཅས་བཀའ་བློན་ཁྲི་པར་དགོངས་ཞུ་ཕུལ་ཡོད། དགོངས་ཤོག་ནང་སྐུ་ཚབ་གཉིས་ཀྱིས་ ༼རྒྱ་ནག་གཞུང་གིས་བོད་ཐོག་མཁྲེགས་འཛིན་གྱི་ལངས་ཕྱོགས་མུ་མཐུད་རྒྱུན་འཛིན་བྱེད་པ་དང༌། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་ཛ་དྲག་ཐབས་སྡུག་གི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་བྱུང་བའི་རྐྱེན་གྱིས་རང་ལུས་མེར་བསྲེགས་ཀྱི་ཡིད་སྐྱོའི་དོན་རྐྱེན་གྱིས་མཚོན་པའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང༌། ལྷག་པར་རང་ཕྱོགས་ནས་ཕྱི་ལོ་ ༢༠༠༨ དང་ ༢༠༡༠ སོ་སོར་རྒྱ་ནག་གི་རྩ་ཁྲིམས་གཞི་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་ཡིག་ཆ་སྤྲད་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ནས་བཟང་ཕྱོགས་ཀྱི་ཡ་ལན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་པའི་བསམ་ཚུལ་སྤེལ་བ་ནི་མི་རིགས་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་ཆེད་ཡིན་པར་མཐོང་བ་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་ཆར་དོན་སྙིང་ལྡན་པའི་འབྲེལ་མོལ་ཡོང་རེ་དཀའ་བར་སྣང་བས། ངེད་གཉིས་ཀྱིས་ད་དུང་མུ་མཐུད་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཀྱི་ལས་འགན་འཛིན་རྒྱུ་བློས་འགན་བཟོད་ཐབས་བྲལ་བས། ་་དགོངས་འཁྲོལ་ཅིས་ཀྱང་ཡོང་བ།༽ ཞེས་གསུངས་ཡོད།
བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ ༼དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཡུན་རིང་ནས་ངོ་ཤེས་རྒྱུས་ཡོད་ཡིན་པས། ཁོང་རྣམ་གཉིས་ནས་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་སུ་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ངལ་བ་དུ་མ་ཁྱད་དུ་བསད་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་རིམ་པ་གནང་ཡོད། འདས་པའི་ལོ་བཅུའི་རིང་གི་འབྲེལ་མོལ་གྱི་བརྒྱུད་རིམ་ནང་སྐུ་ཚབ་གཉིས་ནས་རིན་ཐང་བྲལ་བའི་ཞབས་འདེགས་ཞུས་ཡོད། བཀའ་ཤག་གིས་མུ་མཐུད་ཁོང་རྣམ་གཉིས་ནས་སློབ་སྟོན་བཞེས་རྒྱུ་མ་ཟད། ཁོང་གཉིས་ལས་དོན་ཚོགས་ཆུང་ནང་ཚོགས་མི་རྒན་པའི་ངོ་བོར་མུ་མཐུད་བཞུགས་རྒྱུ་རེད།༽ ཅེས་གསུངས་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དང་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་པེ་ཅིང་ནས་མོས་མཐུན་བྱེད་དགོས་པ་བཀའ་ཤག་གིས་ནན་བརྗོད་བྱ་རྒྱུ་ཡིན། དེ་ནི་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་དང༌། རྒྱ་ནག་གི་ཆིག་བསྒྲིལ་དང༌། བརྟན་ལྷིང༌། འཆམ་མཐུན། དེ་བཞིན་རྒྱ་ནག་རང་ཉིད་འཛམ་གླིང་ནང་ཞི་བའི་སྒོ་ནས་ཡར་འཐོན་ཡོང་ཐབས་བཅས་ལའང་ཕན་ཐོགས་ཡོད།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་གྲངས་ཚད་སྤར་རྒྱུ་དང༌། ཕྱི་ལོ་ ༢༠༡༢ ཟླ་ ༡༢ པའི་ནང་ཚོགས་འདུ་ཞིག་བསྐོངས་ཏེ་རྒྱ་ནག་ནང་འགོ་འཁྲིད་འཕོ་འགྱུར་གྱི་གནས་སྟངས་ལ་བསྐྱར་ཞིབ་དང༌། ཞི་བའི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་འགོ་འཁྲིད་གསར་པ་ཚོ་དང་མུ་མཐུད་འབྲེལ་ལམ་ཡོང་ཐབས་བཅས་བྱ་རྒྱུ་ཡིན།
བོད་མིའི་འགོ་འཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། བོད་མིའི་འགོ་འཁྲིད་ཀྱིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང༌། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣ ལ།།
འབྲེལ་བ་བྱ་ཡུལ།
བོད་སྐད་ཆེད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག +༩༡ ༩༨༡༡༡༡༥༥༩༣
དབྱིན་སྐད་ཆེད་ཐུབ་བསྟན་བསམ་འཕེལ་ལགས། +༩༡ ༩༨༠༥༠༢༤༦༦༢
རྒྱ་སྐད་ཆེད་ཟླ་བ་ཚེ་རིང་ལགས། +༩༡ ༩༨༨༢༦༡༡༠༧༡ ཟླ་ ༦ ཚེས་ ༥ བར།
+༨༨༦ ༢༢༧༣༦༠༣༦༦ དང་ ༢༥༥༨༢༢༥༠༦༼ ཟླ་ ༦ ཚེས་ ༥ རྗེས།༽

གསར་འགྱུར།

Post navigation

Previous Post: དགྲ་ཡང་གཅེས་བར་འཛིན་པ་དེ་ལ་ཕྱག་འཚལ་ལོ།
Next Post: དམིགས་བསལ་སྐུ་ཚབ་ལ་འོས་འཕེན་དུ་ཤོག

Comments (28) on “དམིགས་བསལ་སྐུ་ཚབ་གཉིས་ཀྱིས་དགོངས་པ་ཞུས་པ།”

  1. བྱང་སེམས་ཟླ་བ་ says:
    2012-06-03 at 7:51 am

    གནས་ཚུལ་ཛ་དྲགས་འདི་ལྟ་བུའི་སྐབས་སུ་སྐུ་ཚབས་གཉིས་ཀྱིས་གནང་སྟངས་འདིར་བློ་ཕམ་ཡོད་པ་མ་ཚད་ཡག་པོ་ཞིག་ལ་ངོས་འཛིན་ཞུ་ཐབས་བྲལ་སོང་། བོད་ནང་ནས་དཔའ་བོ་ཕོ་མོ་དག་གི་རང་ལུས་མེ་བསྲེགས་བཏང་བ་སོགས་སེམས་ཤུག་འདི་ལྟ་བུ་གནང་བཞིན་པའི་སྐབས་སུ་རང་དབང་ལུང་པ་ནས་གནད་ཡོད་ཡོད་བོད་མི་ཚོས་ལས་དོན་ལ་གཡོལ་གང་ཐུབ་བྱས་ན་གང་འདྲ་འདུག །

  2. གསེར་མདོག says:
    2012-06-03 at 8:20 am

    ༧རྒྱལ་བའི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་སྐུ་ཚབ་ལས་དགོངས་ཞུ་གནང་པ་རེད་དམ་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཀྱི་འགན་འཛིན་ནས་དགོངས་ཞུ་གནང་བ་རེད། གང་ལྟར་བློ་བདེ་མ་བྱུང་། མཁས་དབང་ཚང་གིས་གསར་བསྒྲགས་ཀྱང་གོ་བདེ་ཞིག་གནང་ཐུབ་ཀྱིན་མི་འདུག

    བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ ༼དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཡུན་རིང་ནས་ངོ་ཤེས་རྒྱུས་ཡོད་ཡིན་པས། ཁོང་རྣམ་གཉིས་ནས་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་སུ་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ངལ་བ་དུ་མ་ཁྱད་དུ་བསད་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་རིམ་པ་གནང་ཡོད། འདས་པའི་ལོ་བཅུའི་རིང་གི་འབྲེལ་མོལ་གྱི་བརྒྱུད་རིམ་ནང་སྐུ་ཚབ་གཉིས་ནས་རིན་ཐང་བྲལ་བའི་ཞབས་འདེགས་ཞུས་ཡོད། བཀའ་ཤག་གིས་མུ་མཐུད་ཁོང་རྣམ་གཉིས་ནས་སློབ་སྟོན་བཞེས་རྒྱུ་མ་ཟད། ཁོང་གཉིས་ལས་དོན་ཚོགས་ཆུང་ནང་ཚོགས་མི་རྒན་པའི་ངོ་བོར་མུ་མཐུད་བཞུགས་རྒྱུ་རེད།༽ ཅེས་གསུངས་ཡོད།

  3. ཡུལ་གྱར་བ says:
    2012-06-03 at 8:38 am

    འདི་ནི་ངས་བློ་སེང་གི་གསར་བསྒྲགས་ལ་སྒུག་དགོས་མི་འདུག་སྙམ། སྐུ་ཚབ་རང་གི་དགོངས་ཤོག་ཏུ་གནས་ཚུལ་རྣམས་གསལ་ཡོད་པས་མི་འདོད་པར་ཟས་སྦྱིན་ན། སྐལ་པ་སྟོང་ལ་ཡར་ལྟ་མེད་ཟེར་བ་ལྟར་མི་འདོད་བཞིན་དུ་ཨུ་ཚུགས་ཀྱིས་སྐུ་ཚབ་ཏུ་བཞག་ན་ལས་དོན་ལམ་ལྷོང་ལས་ཆེ་བའི་མཐུས་ཤོར་འགྲོ་རྒྱུ་ཉག་གཅིག་ཡིན་པས་ད་ནི་སྐུ་ཚབ་གསར་པ་སུ་འོས་མིན་གྱི་སྐོར་ལ་བགྲོ་གླེང་གནང་ན་ཡག་ཤོས་རེད། ངས་བསམ་ན་ང་རང་མཚམས་ཤོས་སུ་འདུག་བསམ་བཞིན་ཡོད། རྩེད་མོ་ཡིན།

  4. ཤར་ཕྱོགས་ཁུག་རྟ། says:
    2012-06-03 at 8:39 am

    ༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་སྲིད་དབང་རྩིས་སྤྲོད་ཟིན་མ་ཐག་ཁོང་གིས་དངོས་སུ་བཀའ་ཡིག་སྩལ་ཏེ་བསྐོ་བཞག་གནང་བའི་དམིགས་བསལ་སྐུ་ཚབ་ཀྱི་གནས་བབ་ལའང་འགྱུར་བ་ཞིག་ཡོང་དགོས་ཀྱི་ཡོད་པ་འདི་གཡོལ་ཐབས་མེད་པ་ཞིག་ཡིན་པར་འདོད། ཡིན་ནའང་སྲིད་དབང་རྩིས་སྤྲོད་ཀྱི་ཚོགས་ཆེན་སྐབས་ནས་༧གོང་ས་མཆོག་གི་སྐུ་ཚབ་ལ་་མ་གཏོགས་རྒྱ་ནག་གཞུང་གིས་ཁ་ཡ་བྱེད་ཀྱི་ཡོད་མེད་ཐད་སེམས་ཁྲལ་གཅིག་གྱུར་ཞིག་བྱུང་བ་རེད། སེམས་ཁྲལ་བྱུང་ནའང་༧གོང་ས་མཆོག་གི་སྲིད་དབང་གསོལ་སྩལ་གྱི་བཀའ་ཡིག་དེ་ག་རང་དུ་གལ་སྲིད་འོབ་མ་འདུས་པའི་གནས་ཚུལ་ཞིག་བྱུང་ཚེ་ང་ཡོད་ཡོད་པ་ཡིན་པས་སྐབས་བབ་རོགས་འདེགས་ཐུབ་ངེས་གསུངས་ཡོད། དེས་རྐྱེན་ང་ཚོས་ང་ཚོར་ཉམས་ཚོད་ཐེངས་གཅིག་ལེན་དགོས་པ་དེ་གལ་ཆེན་ཡིན་སྟབས། སྲིད་དབང་ཡོངས་སུ་རྩིས་སྤྲོད་གནང་སའི་འགོ་ཁྲིད་ཀྱིས་འདི་ལྟར་དགོངས་འཁྲོལ་སྩལ་བ་དེའང་རྣམ་འགྱུར་གལ་ཆེན་ཞིག་དང། བབ་འགན་ཆེན་པོ་དེ་ལྟར་ཡོད་པ་བཞིན་འབྱུང་འགྱུར་སྔར་གྱི་བྱས་རྗེས་ད་དུང་ཆེ་རུ་གཏོང་ཐབས་ཐད་རྣམ་དཔྱོད་ཅིག་དཀྲུག་པའི་དུས་ལ་ཐོན་པ་མཁྱེན་སྟེ། ཡོང་རྒྱུའི་ཕྱི་ཟླ་ ༡༢ ནང་དམིགས་བསལ་གནང་རྒྱུ་དམ་བཅའ་བཞག་འདུག་པ་དེ་དེ་བས་ཀྱང་དགའ་སོང་བས། ཉན་བསྡད་ཡོད་ལ། ལྟས་བསྡད་ཡོད།

    ཞོར་དུ་བསམ་ཚུལ་ཞིག་ལ། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱི་དགོངས་ཞུའི་ནང། ༢༠༠༨ དང ༢༠༡༠ ལོ་སོ་སོར་༼ བསམ་འཆར་༽དང་དེའི་༼ འགྲེལ་བརྗོད ༽་སྤྲད་ནའང། དེ་ལ་ཡ་ལན་མེད་པ་མ་ཟད་དེའི་ལྡོག་ཕྱོགས་གནང་གི་འདུག་པས་བློས་འགན་འཁྱོག་མ་སོང་ཞེས་བརྗོད་པ་འདིར་ཅུང་བློ་ལ་འབབ་པ་ཞིག་རེད་མི་འདུག དེ་ནི་བཀུར་འོས་དམིགས་བསལ་སྐུ་ཚབ་མཆོག་གིས་རྟག་ཏུ་ང་ཚོར་བརྗོད་བཞིན་པའི་ངང་རྒྱུད་རིང་པོ་དེ་དང་མཐུན་མིན་ཆ་མ་འཚལ་ཁར། ཡིག་ཆ་སྤྲད་དེ་ལོ་ ༢ ཕྱིན་རྗེས་གྲུབ་འབྲས་ཐོན་སོང་ན་འདི་ཡང་རྨི་ལམ་ཐུན་གཅིག་ལས་ཀྱང་ལས་སླ་བོ་ལྟ་བུར་མཐོང་བས། རྗོད་དོན་འདི་སེམས་ངོར་རི་མོར་བྲིས་པ་ལྟར་འབབ་རྒྱུ་མ་བྱུང། དེ་བཞིན་རྒྱུ་མཚན་གཞན་དུ་ཀྲུའུ་ཝེ་ཆོན་སྒེར་ནས་བཏོན་པའི་གྲངས་ཉུང་མི་རིགས་ལ་ཉམས་སད་ཐེངས་གཅིག་བྱས་པ་དེའང་བགྲང་ན། ད་གཟོད་ང་ཚོས་རྒྱ་ནག་ནང་ཁུལ་གྱི་འགྱུར་བ་རིམ་པའི་གནས་ཚུལ་ལ་ལྟ་སྟངས་ཐད་དྲི་བ་སྣ་ཚོགས་ཤིག་རང་བཞིན་གྱིས་སླེབས་སྲིད་སྟབས། ཞོར་འཕྲོས་བསམ་ཚུལ་འདི་མ་བཤད་རང་བཤད་ཆགས་སོང། གུས་བཀུར་བཅས།། རིམ་པས་གླེང་ངེས།།

  5. ཡུལ་གྱར་བ says:
    2012-06-03 at 8:40 am

    འདི་ནི་ངས་བློ་སེང་གི་གསར་བསྒྲགས་ལ་སྒུག་དགོས་མི་འདུག་སྙམ། སྐུ་ཚབ་རང་གི་དགོངས་ཤོག་ཏུ་གནས་ཚུལ་རྣམས་གསལ་ཡོད་པས་མི་འདོད་པར་ཟས་སྦྱིན་ན། སྐལ་པ་སྟོང་ལ་ཡར་ལྟ་མེད་ཟེར་བ་ལྟར་མི་འདོད་བཞིན་དུ་ཨུ་ཚུགས་ཀྱིས་སྐུ་ཚབ་ཏུ་བཞག་ན་ལས་དོན་ལམ་ལྷོང་ལས་ཆེ་བའི་མཐུས་ཤོར་འགྲོ་རྒྱུ་ཉག་གཅིག་ཡིན་པས་ད་ནི་སྐུ་ཚབ་གསར་པ་སུ་འོས་མིན་གྱི་སྐོར་ལ་བགྲོ་གླེང་གནང་ན་ཡག་ཤོས་རེད། ངས་བསམ་ན་ང་རང་མཚམས་ཤོས་སུ་འདུག་བསམ་བཞིན་ཡོད། ཡུལ་གྱར་བའི་གཞུང་གི་སྐུ་ཚབ་ལ་ཡུལ་གྱར་བ་ལས་ལྷག་ཅིག་ཅི་ཡོད། རྩེད་མོ་ཡིན།

  6. མགོན་པོ says:
    2012-06-03 at 8:40 am

    འདི་ནི་ངས་ཡིན་རིང་སྒུག་པའི་གཏམ་བཟང་ཞིག་རེད།
    འཇོན་པོ་མེད་ན་དགོངས་པ་ཞུ་བ་ལས་ཚེ་གང་ས་བཅད་མཁན་འདིའི་རིགས་ཧ་ཅང་མང་
    མ་ཤི་པར་དུ་དབང་ཆ་ཁོ་ན་བསམ་མཁན་ཚོ་ཕམ་པར་ཤོག

  7. ཀླད་པ། says:
    2012-06-03 at 8:44 am

    དགོངས་ཞུ་བྱ་སྟངས་དེ་འདྲ་རང་མ་རེད། དགོངས་ཞུ་བྱ་སྐབས་གསར་འགོད་གསལ་བསྒྲགས་ཆེ་ཙམ་ཞིག་བརྒྱུད་ལམ་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱིས་ཤེས་ཐབས་བྱེད་དགོས། ད་རེས་ཁ་ཁུ་སིམ་བུ་བྱུང།

  8. མགོན་པོ says:
    2012-06-03 at 8:48 am

    ཁོང་གཉིས་ནས་སློབ་སྟོན་ཞུས་ན་འབྲས་བུ་རི་བོང་ར

  9. བཙན་པོའི་བུ། says:
    2012-06-03 at 9:04 am

    སྐུ་ཚབ་རྣམ་གཉིས་ཀྱིས་དགོངས་ཞུ་གནང་པའི་གནད་དོན་དེར་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྲིད་པ་རེད། ང་ཚོས་མཐོང་བ་དེ་གསར་འགྱུར་གྱི་གསལ་སྒྲགས་ཙམ་ལས་དེ་མིན་སྐད་ཆའི་རྒྱབ་ཀྱི་སྐད་ཆ་དེ་རིགས་ཤེས་ཀྱི་མེད། སྐུ་ཚབ་རྣམ་གཉིས་དགོངས་པ་ཞུས་པ་དེ་བོད་རྒྱ་ཞི་མོལ་ལ་ལམ་བུ་གཏན་ནས་མེད་པའི་དོན་མིན་པར་དེ་བས་ལམ་བུ་དེ་ཅུང་གུ་ཡངས་སུ་གཏོང་བའི་ཐབས་ལམ་གསར་པ་ཞིག་ཀྱང་རང་གཞུང་གི་མཛད་གཙོ་རྣམ་པར་ཡོད་སྲིད་པ་རེད། གནད་དོན་དེའི་ཐད་ང་ཆོས་ཕྱིས་སུ་རིམ་པས་བལྟ་ཆོག་གི་རེད། ད་ལྟའི་དུས་འདིར་ང་ཚའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་དཀའ་ངལ་དེ་ནི་སྤྱིར་བཏང་གི་དཀའ་ངལ་ཞིག་མ་རེད། ཤེས་ཡོན་པར་འཆེས་པ་མང་པོ་ཞིག་གིས་སུས་ཀྱང་རྟོགས་དཀའ་བའི་སྙན་ངག་རྫོབ་ཏོ་ཙམ་འབྲི་ཤེས་པ་ལས་དེ་མིན་ཅང་འཇོན་གྱི་མི་འདུག་ག

  10. ཀླད་པ། says:
    2012-06-03 at 9:53 am

    ཏན་ཏན་འདིའི་ནང་གནད་དོན་གའ་ཆེ་ཞིག་མ་འོངས་གཟིགས་ཕྱོགས་ཤིག་ཡོད་ཀྱི་རེད། འོན་ཀྱང་དགོངས་ཞུ་བྱ་སྟངས་དེ་འདྲ་རང་མ་རེད། དགོངས་ཞུ་བྱ་སྐབས་གསར་འགོད་གསལ་བསྒྲགས་ཆེ་ཙམ་ཞིག་གི་བརྒྱུད་ལམ་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱིས་ཤེས་ཐབས་བྱེད་དགོས་ལས་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ཤེས་ཐབས་ཙམ་ཞིག་མ་རེད། ད་རེས་ཁ་ཁུ་སིམ་བུ་བྱུང། གང་ཡིན་ཟེར་ན་ངས་བོད་ཡིག་དྲྭ་རྒྱ་འདི་ཁ་མ་ཕྱེ་བ་ཡིན་ན་ངས་རྩ་བ་ནས་ཤེས་ཐབས་བྲལ་སོང། རྣམ་ཀུན་ལྡི་ལིའི་གཡས་གཡོན་གསར་ཤོག་ཁག་ནང་བོད་པའི་གནས་ཚུལ་ཐོན་གྱི་ཡོད། ད་ཐེངས་མཇལ་མ་སོང།
    ངོ་མ་ཁ་ཁུ་སིམ་བུ་བྱུང། ཁ་ཁུ་སིམ་དྲག་ན་ཉིན་ཞིག་དྲན་མེད་དུ་རྒྱལ་ན་སུས་ཀྱང་ཤེས་ཐབས་བྲལ་སོང་བ་རེད།

  11. མདའ་བ་ཚང་། ལྷ་མོ། says:
    2012-06-03 at 10:33 am

    དགོངས་ཞུས་བྱས་པར་དགའ་ཡོད་འོན་ཀྱང་ད་སྐབས་ཛ་དྲག་ཀྱི་དུས་འདིར་སུ་ཡིན་ཡང་ཁག་པོ་རེད།
    བོད་པ་རང་གི་ཤེས་འབྱོན་ཅན་ཚང་མའི་ཆིག་སྒྲིལ་དང་ནུས་པ་མཉམ་སྤུང་གནང་གལ་ཆེ།

  12. བཙན་པོའི་བུ། says:
    2012-06-03 at 11:04 am

    ཀླད་པ་ལགས། གནས་ཚུལ་དེའི་སྐོར་རྒྱ་གར་གྱི་དུས་བབ་དྲ་རྒྱའི་སྟེང་བཀོད་ཚར་འདུག ད་རེས་གསར་འགོད་པ་རྗེས་ལུས་ཐེབས་པ་ཡིན་ས་མ་རེད། ཧ་ལམ་ཁྱེད་རང་ཁུ་སིམ་མེར་ཁུག་ཀྱོག་གཅིག་ཏུ་ལུས་པ་འདྲ།

  13. རང་འཚོལ། says:
    2012-06-03 at 11:12 am

    དྲ་འབུ་སུ་གང་གིས་ད་ལྟ་གནས་ཚུལ་འདིའི་སྐོར་ཁ་གསལ་གོ་ཐོས་བྱུང་མི་འདུག་པས། ད་ལྟ་འདི་ཡིན་དེ་མིན་ཞེས་ནས་སྟོང་བཤད་མང་པོ་བརྒྱབ་ཀྱང་དེ་ནི་སྟོང་བཤད་ཁོ་ན་ལས་ཕན་ནུས་མེད། དེ་བས་སང་ཉིན་འདིའི་སྐོར་ཡག་པོ་ཞིབ་འཇུག་བྱས་ནས། ད་གཟོད་གཞི་ནས་བགྲོ་གླེང་དང་དགེ་སྐྱོན་ཤོད་རེས་བྱས་ན་ལེཊ་སྙམ།།

  14. ཀརྨ་ཡེ་ཤེས། says:
    2012-06-03 at 11:29 am

    ཀླད་པ་རུལ་བ་དེ་ཚོ་ག་ཚད་ཉུང་དུ་བཏང་ཐུབ་ན་དེ་ཙམ་གྱིས་བཟང་། ད་དུང་ཁག་གཅིག་ཡོད་མུ་མཐུད་དེ་གཙང་དགོངས་རང་མོས་ཀྱིས་ཞུས་ན་བསྔགས་བརྗོད་དང་དགའ་བསུ་ཡོད། སེམས་གཏིང་གི་སྐད་ཆ་ཡིན།

  15. སྐྱིད་ཆུ་ཚང་། says:
    2012-06-03 at 11:31 am

    བོད་མི་ནང་ཁུལ་ལ་འདི་ཚོའི་ཆབ་སྲིད་ཀྱི་ཐབས་ཇུས་མཁས་པོ་ཡོད། བཟའ་རྒྱུ་དང་། མིང་ཞིག་མཐོང་ན་ཁོ་ཚོ་ཡིན་ཡིན་པ་རེད། བཟའ་རྒྱུ་དང་མིང་ཞིག་མེད་ན། དབང་ཚད་མི་དམངས་ལ་སྤྲད་ཡོད་ཟེར་བ་དེ་རེད།།

  16. སད་ན་ལེགས says:
    2012-06-03 at 11:47 am

    བོད་རྒྱའི་ཞི་མོལ་ཟེར་བར་གྲུབ་འབྲས་མ་སོན་པ་༧གོང་ས་མཆོག་གི་དབུ་ལ་གཡོག་ཐབས་བྱ་རྒྱུའི་བསམ་ངན་དེ་རྒྱ་རི་ལ་སྔ་ས་ནས་འདུག་བསམ། ཁོས་དགོངས་པ་ཞུ་མདོག་བསྟན་པ་ནི་ཐེངས་གཅིག་གི་མི་ཚད། དེ་སྔོན་ཁོས་ནམ་རྒྱུན་༼༧གོང་ས་མཆོག་གི་བཀའ་དགོངས་མ་ཐེག་པར་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་འགན་བཞེས་པ་ཡིན། ༧གོང་ས་མཆོག་གིས་གང་གསུངས་པ་ཕར་བརྡ་ལན་སྤྲོད་པ་ལས་འགན་གང་ཡང་མེད༽་ཟེར་མྱོང་། འདི་ནི་གཡོ་སྒྱུའི་བཤད་སྟངས་ཁོ་ན་ཡིན། དེའི་དམིགས་ཡུལ་ནི་རྒྱ་དཔོན་དང་འབྲེལ་མོལ་ཐད་ནས་རང་ངོས་ནས་འཇོན་མ་འཇོན་ནོར་འཁྲུལ་བྱུང་ན་འགན་མི་འཁུར་བ་དང་། རང་ཉིད་སྐུ་ཚབ་བྱས་ནས་སྙན་གྲགས་དང་ཁེ་ཕན་བསམ་པ་མེད་ཁུལ་སྟོན་འདོད་ཙམ་རེད།

    ཅི་བཤད་ཀྱང་རྒྱ་རི་ནི་སེང་གེ་ལྟ་བུའི་༧གོང་ས་མཆོག་གི་གཡུ་རལ་ནང་གི་འབུ་རུ་སོང་བས། ༧གོང་ས་མཆོག་ལ་ཐབས་ཤེས་མེད་པ་རེད། ཨུ་ཐུག་ནས་ཁོ་མི་མངགས་མཐུ་མེད་ཆགས་པ་རེད། རྒྱ་རི་སྐུ་ཚབ་ལས་གཡུགས་ན་མི་དེའི་ཕྱོགས་གཏོགས་ལ་སྟོབས་ཤུགས་ཆེ་བས་བོད་ཀྱི་སྤྱི་ཚོགས་ལ་དཀྲུགས་ཤིང་གིས་གོད་ཆག་བཟོ་སྲིད་པ་རེད།

    ༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་དུས། རྒྱ་རིར་སྔར་བཞིན་གྱི་ཁེ་ཕན་དང་སྙན་གྲགས་ཅང་འོང་རྒྱུར་མེད་པ་རེད། དེ་རྐྱེན་གྱིས་བཀའ་ཁྲི་བློ་སེང་གིས་ཐེངས་དེ་འདྲ་མང་པོ་ལ་ཁོ་ལ་ཞུ་བ་འཐེན་དགོས་བྱུང་བ་རེད། ཁོ་བོད་ལ་ཤ་ཚ་ན་ཞུ་བ་ཐེངས་དེ་འདྲ་མང་པོ་ག་ལ་དགོས། ཐེངས་གཅིག་གིས་ཆོག་པ་རེད། བོད་སྤྱི་ལ་དཀའ་ངལ་ཡོད་ནས་བཀའ་ཁྲི་མཆོག་གིས་ཐེངས་དེ་འདྲ་མང་པོར་ཞུ་བ་བྱས་པ་རེད།

    ད་མི་འདི་སྐུ་ཚབ་ལས་དགོངས་པ་ཞུས་ན་དགའ་བསུ་བྱ་འོས། ཁོས་བོད་རྒྱ་ཞི་མོལ་ལ་འབྲས་བུ་མེད་པ་སྔར་ནས་ཤེས་ཡོད་པ་རེད། རྒྱ་ནག་དམར་ཕྱོགས་གཅིག་སྡུད་ལམ་ལུགས་དེ་མ་འཇིག་ན་བོད་རྒྱ་ཞི་མོལ་ཟེར་བ་འོང་ཐབས་ཕལ་ཆེར་མེད་པ་རེད། ད་ཞི་མོལ་ཟེར་བ་ཕར་ལ་འགྲོ་རྒྱུ་མཚམས་བཞག་ན་ལེགས། བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་འཚོལ་བར་ཤུགས་ཇེ་ཆེར་གཏོང་བ་དང་། བོད་གཞུང་གི་སྒྲིག་གཞི་ཇེ་བརྟན་དུ་གཏོང་བ་དང་། གཞུང་དམངས་གཉིས་ཆ་ནས་མ་འོངས་པར་གང་ལ་ཅི་འཐུས་ཀྱི་བྱེད་ཕྱོགས་རིགས་ལ་བསམ་བློ་བཏང་སྟེ་ཐབས་ལམ་སྣ་ཚོགས་རིག་པས་རྩལ་དུ་འདོན་དགོས་སྙམ།

  17. ཚངས་པ། says:
    2012-06-03 at 12:44 pm

    ཏག་ཏག་རེད། རྟ་ལམ་བོང་བུས་བཀག་པ་ལས། དགོངས་ཞུས་པ་དེ་བས་བཟང།

  18. ཀླད་པ། says:
    2012-06-03 at 1:18 pm

    བཙན་པོའི་བུ་ལགས།
    རྒྱ་གར་དུས་བབ་སྟེང་བཀོད་ཡོད་ན་ལེགས་སོང་བ་རེད། ད་དུང་གཞན་གང་ན་བཀོད་འདུག གཟུགས་མཐོང་རླུང་འཕྲིན་གང་ན་བསྟན་ཡོད།་ ངས་བསམ་ན་ཁྱོད་རང་གུ་དོག་པའི་བོད་པའི་གསར་འགོད་པ་དང་ནང་ཁུལ་དམག་འཁྲུགས་རྒྱག་མཁན་གྱི་གྲས་སུ་ཡོད་ངེས་རེད། ཁྲོན་པའི་ནང་གི་སྦལ་པ་ཁྱོད།

  19. མཁན་པོ་ཉི་མ། says:
    2012-06-03 at 1:19 pm

    བོད་ཀྱི་སྐུ་དྲག་མི་དྲག་འདི་ཚོས་ང་ཚོ་བཙོངས་བ་ཐེངས་གཅིག་ག་ལ་ཡིན། རྒྱ་ནག་གི་གྲོང་ཁྱེར་གང་ཡག་བསྐོར་རྒྱ་ཟས་གང་ཞིམ་བཟས། རྒྱ་ཁང་གང་རྫིག་གི་ནང་དུ་ཉལ་ནས་སྐྱིད་པོ་བཏང་བཏང་མཐར་ཡོད་ཚོད་ནག་འཐོམ་མེར་སྣབས་ལུད་བཞིན་གཡུགས་བཞག་པ་རེད། སྔོན་ཆད་ཐེངས་མ་རེ་རེ་བཞིན་རྒྱ་ནག་ནས་ཚུར་རྡ་སར་ལོགས་རྗེས་ཀྱི་གསལ་འགོད་གསལ་བསྒྲགས་སྐབས་སུ་ཁོས་ནམ་རྒྱུན་རྒྱ་ནག་གི་རྣམ་འགྱུར་ཡག་ཏུ་འགྲོ་བཞིན་ཡོད་མདོག་མདོག་དང་། རེ་བ་ཡོད་མདོག་མདོག་ག་ཚོད་ཅིག་བཤད་མྱོང་བ་ཚང་མའི་སེམས་ན་ཁྲིག་ཡིན་རྒྱུ་རེད།

    བླ་བཙོང་འདི་ཚོ་དོན་དམ་པས་ལོ་རྒྱུས་ཀྱིས་བརྗེད་མི་རུང་བའི་ཉེས་ཅན་མི་སྣ་རེད། སྔོན་ཆད་ཀྱི་སྐད་ཆ་སྟོང་བ་དེ་ཚོ་ཉན་འདོད་ན་གཤམ་གྱི་དྲ་ཐག་ལ་བསྣུན་རོགས།

    http://www.youtube.com/watch?v=mA6ZAA_6FQE&feature=relmfu

  20. བཙན་པོའི་བུ། says:
    2012-06-03 at 1:19 pm

    གྲོགས་པོ་རྣམས་པ། ང་ཚོས་ཕྱོགས་གཅིག་ཁོ་ན་ལས་ཕྱོགས་གཉིས་ལ་གཟིགས་མི་ཐུབ་པ་འདི་ཅི་རེད། ཁྱོད་ཚོ་ཕལ་མོ་ཆེས་ད་བར་གྱི་བོད་རྒྱའི་དཀའ་སྙོག་སེལ་མ་ཐུབ་པ་དེ་སྐུ་ཚབ་རྣམ་པ་གཉིས་ལ་ཐུགས་ལུགས་ཁོ་ན་ལས་དེ་བས་རྒྱ་དམར་གྱི་མཁྲེགས་འཛིན་སྲིད་བྱུས་ལ་ཐུག་པ་ཞིག་ལ་ངོས་འཛིན་བྱེད་མ་ཐུབ་པསི་རྒྱུ་མཚན་ཅི་རེད། བོད་རྒྱའི་དཀའ་སྙོག་སེལ་ཐུབ་དང་མ་ཐུབ་དེ་དཀའ་སྙོག་གི་ངོ་བོ་ཁོ་ནར་ཐུག་པ་ལས་བར་རྒྱུག་གི་གྲོས་མོལ་གནང་མཁན་ལ་ཇི་ལྟར་ཐུགས་ཡོད། རྒྱ་དམར་གྱིས་རྒྱ་རི་བློ་རྒྱན་ལགས་སྐུ་ཚབ་ཡིན་པའི་རྒྱུ་མཚན་གྱིས་བོད་རྒྱའི་དཀའ་ངལ་སེལ་རྒྱུར་མོས་མཐུན་མེད་པ་རེད་དམ་ཡང་ན་རྒྱལ་རི་ཚང་གིས་འགོག་རྐྱེན་བཟོས་པ་རེད།

  21. མི་བུ་ says:
    2012-06-03 at 2:08 pm

    བོད་ཤོར་སྐབས་རྒྱ་རི་སོ་མེད་བྱིས་པ་རེད། རྒྱ་མིའི་གཡོ་སྒྱུར་རྒྱུས་མངའ་ཡོག་མ་རེད། རྒྱ་རིས་ཀྱང་སྔར་གྱི་དགའ་ལྡན་ཕོ་བྲང་གི་བླ་མ་དང་སྡེ་པ་གཞུང་གི་སྐུ་དྲག་ལྟར་ལོ་བཅུ་རྒྱ་དཔོན་མཇལ། རྒྱ་ཟས་བཟས། རྒྱ་ཡུལ་འགྲིམས་རྗེས་ད་གཞི་ནས་གཉིད་སད་པ་རེད། བོད་པའི་འཇིག་རྟེན་ལས་ཀྱི་འཁོར་བ་རང་རེད་འདུག དེ་ག་དུས་ཡིན་ནའི་བོད་པའི་མཇིང་པར་འཁོར་གྱི་ཡ།།དེ་ལས་ཨོམ་ཨོ་བ་མ་མ་ནི་མང་པོ་གསོག་ཨང།

  22. བཙན་པོའི་བུ། says:
    2012-06-03 at 2:19 pm

    ཀླད་པ་ལགས། ཁྱོད་རང་ལ་ཀླད་པ་ཡོད་བདེན་པ་རེད། ཀླད་པ་ཡོད་པ་དེ་ལྗང་ཁུའི་རུལ་བྲི་ཁ་གི་འདུག་ག རེད། ང་ཁྲོན་པའི་སྦལ་པ་ཡིན། སྤོབས་པ་ཡོད། མ་མཐར་ང་ལ་རང་དབང་གི་རྐྱལ་རྩལ་རྒྱག་སའི་དང་གཙང་གི་ཆུ་མོ་ཞིག་ཡོད་པ་རེད། ཁྲོན་པ་ཆེ་ཆུང་དེ་གནད་འགག་མ་རེད། གཙོ་བོ་དེ་རང་ཉིད་ཀྱི་བོང་ཚད་ལ་དཔག་པའི་རང་བདག་གི་ཁོར་ཡུག་གཅིག་ཡོད་པ་རེད། དེས་ན་ངས་རང་ཉིད་སྦལ་པ་ཞིག་ཡིན་ན་ཅི་མ་རུང་བསམ་གྱི་འདུག ཁྱེད་རང་མཁྱེན་པའི་བདག་པོ་རེད་འདུག་ག མཁྱེན་དཔྱོད་ཡངས་དྲག་ནས་རྒྱ་གར་དུས་བབ་སྟེང་བོད་པའི་གནས་ཚུལ་བཀོད་ཡོད་ཀྱང་བཀོད་མི་འདུག་བཅས་འུད་ཤོབ་བཤད། ངས་ཁྱོད་རང་ལ་གདམས་ངག་གཅིག་སྟེར། ད་ང་རྒྱལ་དེ་ཕར་བཞག་ནས་ཆབ་སྲིད་སློབ་སྦྱོང་ཏོག་ཅམ་གྱིས་དང་གཞི་ནས་ཁྱོད་རང་གིས་ཏོག་ཙམ་ཤེས་ཐོག་ཁ་པོ་རེད་ཏ། སྐུ་རྩེད་ཞུས།

  23. མི་བུ་ says:
    2012-06-03 at 2:36 pm

    ཨ་རོ། ག་རེ་བྱེད་ཀྱི་ཡོད། མི་སྐུ་ལྷ་སྐུ་ཡག་པོ་སྲུང་ནས་མ་སྡོད་བར་འདི་གར་ག་རེ་བྱེད་ཀར་ཡོང་གི་ཡོད།

  24. ཀརྨ་སྐལ་བཟང་ says:
    2012-06-03 at 2:38 pm

    མི་ཡོན་ཏན་ཅན་དང་འཇོན་ཐང་ཅན་རྣམས་དགོང་པ་ཞུ་བ་དེ་
    གོང་ལ་འདུག་མཁན་ཡག་པོ་མེད་པའི་རྐྱེན་རེད་་་་ད་ལྟར་བར་དུ་
    སྤྱིར་འཐུས་རྣམས་དང་སྐུ་ཚབ་རྣམས་ཀྱིས་དགོངས་པ་ཞུ་བ་དེ་ལ་
    དངོས་གནས་གོང་ནས་མ་འགྲིགས་པ་ཞི་ཆགས་སྡོད་ཡོད་པ་རེད་
    ཆོས་ལུགས་ལ་དང་ཆོ་ཁ་ལ་རང་འདོད་ཅིག་པོ་བྱེད་ནས་འདུག་ཡོད་རེད
    དངོས་གནས་བྱེད་ན་ད་ལྟར་བར་དུ་བོད་ནང་ལ་བརྩོད་སྙོག་་ཅིག་པོ་མ་ཏོག་
    དངོས་གནས་འགྲས་བུ་ཐོན་ཡོད་མ་རེད་་སྐུ་ཚབ་གཉིས་ཀྱིས་མ་འཇོན་པ་མ་རེད་
    སུ་གང་གིས་འཇོན་ཡོད་མ་རེད་།

  25. དྭངས་བླངས་པ says:
    2012-06-03 at 3:51 pm

    དམིགས་གསལ་སྐུ་ཚབ་གི་དགོངས་པ་ཞུས་པར་དེའི་རྒྱབ་རྒྱང་དུ། ཕན་བདེའི་དམིགས་ཡུལ་ཞིག་ཡོད་པར་ནི་སྨྲོས་མེད་རེད། རྒྱ་ཕྱོགས་ནས་བལྟས་ཀྱང་དེ་སྔོན་ཞི་བའི་སྐད་ཁུར་བ་དེ་ཚོ་བརྗེས་ནས། ད་གསར་པ་གང་འདྲ་ཞིག་བསྐོས་ཡོང་སྙམ་པའི་དངངས་སྐྲག་ཞིག་སྐྱེ་ཆེད་དང། མི་གསར་པ་བསྐོས་ན་མི་དེས་ལས་འགུལ་གྱི་ཁ་ཕྱོགས་གང་ཡོད་དེ་རྒྱ་ཕྱོགས་ནས་ཤེས་རྟོགས་མེད་ཙང། དངངས་འཚབ་ཞིག་སྐྱེ་ན་གྲོས་མོལ་འགོ་འཛུག་རྒྱ་སྔ་བ་རྒྱ་ཕྱོགས་ནས་བྱེད་དགོས་པ་ཞིག་ཆགས་པའི་ཆེད་དུ་དམིགས་པ་དང། ༧ གོང་ས་མཆོག་གི་ཐད་བསྐོས་གནང་བའི་བོད་མི་དཀྱུས་མ་ཞིག་ལ་རང་ཐག་རང་བཅད་གི་ནུས་པ་ཞིག་ཡོད་ཚོད་མ་རེད། དེ་ཡོད་ན་བོད་མི་ཡིན་དོག་མེད། དེ་ཡོད་ན་ཐད་བསྐོས་གནང་དོག་མེད།

  26. བདག་པོ says:
    2012-06-03 at 4:38 pm

    སྔོན་མའི་མི་རྙིང་པ་དེ་ཚོ་སྲིད་གཞུང་ལ་ལྷག་བསམ་ཆེ་བ་ཡོད། ཕུགས་རྒྱང་རིང་པོའི་བསམ་བློ་མེད་མཁན་ཀླད་ཆུང་དེ་དག་གིས་རང་ཉིད་ཀྱི་གང་ཡང་མི་འཇོན་བཞིན་དུ་གཞན་གྱི་བྱེད་ཀྱི་མི་འདུག་ཟེ་རྙོག་ཟིང་སློང་གིན་བསྡད་ཕན་ལས་གནོད་པ་ཆེ། དེང་སང་སྤྱི་ཚོགས་འདིའི་ཐོག་རང་ཉིད་ཀྱི་ནུས་ཤུགས་གང་ཡང་མ་བཏོན་པར་གཞན་ལ་སྐྱོན་རྐྱང་རྐྱང་བཏོན་ཡས་འདི་ལམ་ངན་ཞིག་ཆགས་འདུག ད་དུང་ཀརྨ་ཡེ་ཤེས་འདྲ་བ་ཞིག་ལ་དབང་ཚད་བྱུང་ན་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་མ་སྤེལ་ཐེ་ཚོམ་མི་འདུག
    རྒྱ་ནག་གི་མའོ་ཙེ་ཏུང་དང་། བལ་ཡུལ་གྱི་འབའ་འུ་རམ། བོད་ཀྱི་ཀརྨ་ཡེ་ཤེས། ཨུ་རུ་སུའུ་སི་ཏ་ལིང་བཅས་པར་དབང་ཚད་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་གཞི་རྩའི་བསམ་བློའི་འཁོར་ཕྱོགས་འདྲ་ཙམ་རེད། ཡིན་ནའི་ཀརྨ་ཡེ་ཤེས་ཀྱི་བསམ་ཚུལ་དེ་དག་གསང་སྤྱོད་ནང་མ་བཤད་པར་ཁ་བརྡའི་ཐོག་འགོད་ཐུབ་པ་དེ་ཞེ་དྲགས་ཡག་པོ་རེད།

  27. ཟུར་གནས། says:
    2012-06-03 at 4:46 pm

    ཁོ་གཉིས་དགོངས་པ་ཞུས་པར་རྣམ་རྟོག་འདྲ་མིན་དང་། བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་དགོས་ཀྱི་མིན་འདུག། དེ་ཕྱི་གསལ་ནང་གསལ་རེད། རྒྱ་རི་དང་སྐལ་རྒྱན་གཉིས་ནས་ལོ་མང་པོ་དཀའ་ལས་བརྒྱབ་ནས་རྒྱ་བོད་འབྲེལ་མོལ་སྟེང་ནས་བོད་དོན་སྒྲུབ་ཐབས་བྱས་པ་འདི་ལམ་ལྷོངས་བྱུང་མེད། མ་ཟད་རྒྱ་གཞུང་ནས་སྔར་ལས་མཁྲེགས་ཏུ་བཏང་ནས་རྒྱལ་དབང་རིན་པོ་ཆེ་མཚན་སྨད་ཞུས། ད་དུང་ཁོང་སྐུ་བཀྲོངས་རྒྱའི་ངན་འཇུས་འདིང་གི་ཡོད་སྟབས། རྒྱ་བོད་དབར་ལ་ད་ལྟ་སྐད་ཆ་ཤོད་ས་མེད། དེར་བརྟེན། ཁོ་གཉིས་ཀྱི་ལས་འགན་གཙོ་བོ་དེ་རྒྱ་བོད་འབྲེལ་བ་འཛུགས་རྒྱུ་དེ་ཡིན་མུས་ལ། ད་བར་འབྲས་བུ་མེད་པ་མ་ཟད། ཉིན་རེ་བཞིན་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། མཇུག་འབྲས་མེད་པ་ཤེས་བཞིན་དུ་དགོངས་པ་ཞུས་པ་རེད། ད་འདིར་ལ་ལས་ཁོང་གཉིས་ཀྱིས་མ་བྱུང་ཤ་སྟག་དང་། ཡང་ན། ལ་ལས་བཀའ་ཤག་ལ་རེ་བ་སྟོང་པ་ཞིག་བརྒྱབ་ནས་རང་ལ་མགོ་སྐོར་གཏོང་བ་འདི་བོད་པ་ཁོ་ཐག་གི་བྱེད་སྟངས་རེད། ག་དུས་ཡིན་ནའང་། རེ་བ་སྟོང་པ་ཞིག་རྒྱབ་པ་འདི་ང་ཚོ་མགོ་རུལ་བ་རྣས་མི་ཚོར་བའི་ནད་ཡམས་སྡུག་ཤོས་དེ་རེད།

    ང་ཚོ་གཉིས་སད་ནས། དངོས་ཡོད་ལ་བལྟས་ནས། མཇུག་འབྲས་རྟོག་པ་བྱེད་ཐུབ་ན་བཟང་། སྔོན་མ་ཨ་རིའི་ཕྱི་འབྲེལ་བཀའ་བློན་ཁེ་སིང་གར་ཟེར་བ་འདིས་བཤད་པ་འདི་ལ་བསམ་བློ་ཞིག་ཐོངས་དང་། ང་ཚོར་ཕན་ནུས་ཡོད་སྲིད།

    ཁོང་གིས་ཇི་སྐད་དུ། རྒྱ་ནག་དམར་ཤོག་དེ། ལྟ་བ་དང་ལམ་ལུགས་གཅིག་པུར་ལག་པ་འཆང་ནས། གོམས་པ་སྤོ་མཁན་ཞིག་མ་རེད། རྒྱ་ནག་དམར་ཤོག་དེ། ཁ་ཡོད་ལག་ཡོད་ཀྱི་འབྲས་བུ་དེ་གཙོ་བོར་གཉེར་ནས། ཐབས་བརྒྱ་འཇུས་སྟོང་གིས་རང་གི་དམིགས་ཡུལ་སྒྲུབ་པ་བྱེད་མཁན་གྱི་དངོས་ཡོད་ལག་བསྟར་བྱེད་མཁན་གྱི་གཞུང་ཞིག་ཡིན་སྟབས། ཨ་རིས་དེ་ཐུགས་ལ་བཞག་ནས་ཁོང་ཚོར་འབྲེལ་བ་དང་ཨ་རིའི་དམིགས་ཡུལ་མ་སྒྲུབ་ན། རྒྱ་གཞུང་གིས་ལོ་བཅུག་ཕྲག་ནང་ཨ་རི་བེད་སྤྱོད་བརྒྱ་ཆ་༡༠༠ཐམ་པ་བྱས།
    ཨ་རི་གཉིས་སད་དུས། རྒྱའི་ལག་པ་ངེད་ཚོའི་དཔུང་གི་སྟེང་ལ་བསླེབས་འཚར་ཡོད་སྲིད། དེ་ལྟར་ན། སླད་ཀྱི་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་ལ་ཨ་རི་ནི་རྒྱ་ནག་ཁ་གཏད་མི་ཆོག་པར་ཟ་རྒྱུ་ཐུང་རྒྱུ་ཚང་མ་འདིའི་སྟེང་ལ་སྤུངས་དགོས་པ་ཡོང་སྲིད་ཅེས་ཟེར།

    དེར་བརྟེན། རྒྱ་མིས་ཁ་ཡོད་ལག་ཡོད་ཀྱི་སྟེང་ནས་ལས་ཀ་བྱེད་དུས། ང་ཚོས་དེ་ཤེས་པའི་ཐོག་ནས་སྲིད་བྱུས་འདིང་དགོས་ཀྱི་འདུག

    དཔེར་ན། གོང་ས་མཆོག་གིས། ཐད་ཀར་ཝོན་ཅ་པོ་དང་སྐད་ཆ་ཤོད་ཀྱི་ཡིན་གསུངས་ནས། ཕྱི་ནང་གཉིས་ནས་ལས་འགུལ་སྤེལ་ན། འདི་སྒྲུབ་སྲིད། ཐབས་ཕྱོགས་གཅིག་འགྱུར་པུའུ་ནི། ཆབ་སྲིད་གྲོས་མོལ་བྱ་ཡུལ་གྱི་ཚོགས་པ་མ་རེད། ཁོང་ཚོ་དྲིལ་བསྒྲགས་ལས་ཁུངས་ལྟ་བུ་རེད། ཁོང་ཚོར་དབང་ཆ་གང་ཡང་མེད།
    བོད་ནང་ནས། ཝོན་ཅ་པོ་ལ་རྒྱལ་བ་རིན་པོ་ཆེ་དང་བཀའ་མོལ་གནང་དགོས་ཡོད་ཅེས་ལས་འགུལ་སྤེལ་ན། འདི་རྒྱ་ནག་གི་ཁྲིམས་དང་འགལ་མེད་ལ། ཁ་བྲལ་གྱི་ཞ་མོ་སྐོན་ཐབས་མེད།

    ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་གཞན་ད་དུང་ག་རེ་ཡོད་ནའང་འདིར་གསུང་ན་ང་ཚོར་ཕན།

  28. ཨ་རུ་ར། says:
    2012-06-03 at 4:55 pm

    མཆན་འགོད་མཁན་རྣམས་ལ་མེ་ལོང་རེ་མེད་དམ།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme