Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག

Posted on 2008-07-222009-01-01 By tenzin 6 Comments on རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག

རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག
རྟོགས་རྩོམ།

༼ཕྱག་གསུམ་འཚལ་རྗེས་སྐུ་མདུན་གྱི་ཁ་སྤྲོད་རྐུབ་སྟེགས་ཐོག་བསྡད། ཟམ་གདོང་རིན་པོ་ཆེ་རྒྱ་རིའི་འཁྲིས་ལ་ཡོད།༽

རྒྱལ་བ་རིན་པོ་ཆེ།
ཡ། ད་རེས་གང་འདྲས་བྱུང་སོང་།

རྒྱ་རི།

ལ་ཡག་པོ་ཞེའོ་ཅིག་བྱུང་སོང་། དང་པོ་ང་ཚོར་སྣེ་ལེན་དཔེ་རྒྱས་པོ་གནང་བ་དང་། རྣམ་འགྱུར་ཡང་ཡག་པོ་ཞེའོ་ཅིག་འདུག ཁོང་རང་ཚོའི་དཔོན་པོ་མཐོ་ཤོས་དེས་ཡར་ལངས་ནས་ང་ཚོར་ཁྱེད་རང་ཚོ་ཐག་རིང་པོ་འདི་འདྲ་ནས་འདིར་ཡོང་ནས་ང་ཚོར་འབྲེལ་མོལ་བྱས་པ་འདི་རླབས་ཆེན་གྱི་བྱས་རྗེས་རེད། རྒྱ་ནག་མི་འབོར་དུང་ཕྱུར་བཅུ་དང་གྲངས་ཆུང་༣་གྱིས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད་ཅེས་ཟེར་གྱི་འདུག འོ་དེ་ནས་ང་ཚོའི་སྐད་ཆ་ཤོད་ཡུལ་ཁ་གཏད་དེས་ད་རེས་ང་ཚོའི་མགོ་ཁྲིད་ཀྱིས་ཁྱེད་ཚོར་དམིགས་བསལ་གཟིགས་སྐྱོང་གནང་བ་དང་། ཁྱེད་ཚོ་མཉམ་དུ་སྐར་མ་ལྔ་ལྷོད་ཞུགས་བྱས་པ་འདི་ཞེའོ་གཅིག་དམིགས་བསལ་རེད། སྔོན་མ་ཡིན་ན་འདི་འདྲས་རྩ་བ་ནས་བྱུང་མྱོང་མེད་ཅེས་ཁོ་པའི་གདོང་ནས་ཡང་སེམས་འགུལ་ཆེན་པོ་ཐེབས་ནས་བཤད་བྱུང་། དེ་ངོ་མ་ཡིན་ས་རེད། ཁོང་ཚོའི་མགོ་ཁྲིད་དེས་ནམ་རྒྱུན་མི་འདི་ལྟར་ཐུག་འཕྲད་བྱེད་ཀྱི་མེད་ཚོད།

རྒྱལ་བ་རིན་པོ་ཆེ།
ཨ་རེད་པས། དཔེ་ཡག་པོ་རེད། ཨ་ནི་ད་རེ་བ་ཅང་འདུག་གས།

རྒྱ་རི།
ལགས་ཁོང་ཚོས་ཟེར་ཡས་ལ་ལོ་ལྔ་བཅུའི་རྙོག་ཟིང་དེ་ལོ་གཅིག་གཉིས་ནང་མེད་པ་བཟོ་ཐུབ་ཀྱི་མ་རེད་ཟེར་གྱི་འདུག དེ་ངས་བལྟས་ནའི་དངོས་གནས་གཅིག་གི་ལོ་རྒྱུས་ཀྱི་བསྡོམས་ཚིག་གནད་འགག་ཆེན་པོ་ཞིག་རེད་བསམ་གྱི་འདུག ཨ་ནི་ད་རེས་ང་ཚོར་དམིགས་བསལ་བྱས་ནས་ཨོ་ལིམ་ཕི་ཀའི་རྩེད་ཤོང་ཐང་དཔེ་སྙིང་རྗེ་པོ་ཞིག་ལ་ལྟ་སྐོར་ཁྲིད་བྱུང་། རྣམ་འགྱུར་ཡག་པོ་ཞེའུ་ཅིག་འདུག

རྒྱལ་བ་རིན་པོ་ཆེ།
རེད་པས། དཔེ་ཡག་པོ་རེད། ཨ་ནི་སྐད་ཆ་གང་ཤོད་ཀྱི་འདུག

རྒྱ་རི།
ང་ཚོས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་དེ་འགྲེལ་བཤད་ཡག་པོ་བརྒྱབ་པ་ཡིན། ཕར་གསལ་པོ་དང་གཙང་མ་བཤད་ཐུབ་སོང་བསམ་པ་བྱུང་།

རྒྱལ་བ་རིན་པོ་ཆེ།

ཁོང་ཚོས་ག་རེ་ཟེར་གྱི་འདུག

རྒྱ་རི།

འོ་དང་དུང་ང་ཚོས་བོད་ནང་ལ་གནས་ཚུལ་འགྱུར་བ་གཏོང་དགོས་རེད་ཅེས་གསལ་པོ་ལབ་པ་ཡིན།

རྒྱལ་བ་རིན་པོ་ཆེ།

ཡག་པོ་བྱུང་ཞག ཨ་ནི་ཁོང་ཚོས་ག་རེ་ཟེར་གྱི་འདུག

རྒྱ་རི།
ད་དུང་ངས་རྒྱལ་བ་རིན་པོ་ཆེའི་དགོངས་པ་དི་རྒྱ་ཆེན་པོ་རེད། ཁྱེད་ཚོས་འདིར་གོ་སྐབས་མ་ལེན་ན་རྗེས་མ་གནས་ཚུལ་ཚང་མ་ཁྱེད་ཚོས་འགན་འཁུར་དགོས་རེད་ལབ་པ་ཡིན། ད་དུང་ཨ་ནི་རྒྱལ་བ་རིན་པོ་ཆེར་བཀའ་སྐྱོན་གཏོང་ཡས་འདི་ངེས་པར་དུ་མཚམས་འཇོག་བྱ་དགོས་ལབ་པ་ཡིན།

རྒྱལ་བ་རིན་པོ་ཆེ།

ད་ཐེངས་རྗེས་མ་འདི་ག་དུས་ཐུག་ཡས་ཡིན།

རྒྱ་རི།
འོ་འདི་ཟླ་བ་བཅུ་པའི་ནང་ཐུག་ཡས་ཡིན། དེའི་སྐབས་རང་སྐྱོང་སྐོར་ལ་བགྲོས་མོལ་བྱ་རྩིས་ཡིན།

རྒྱལ་བ་རིན་པོ་ཆེ།
ཡག་པོ་རེད། ད་ཁྱེད་ཚོས་གྲུང་པོ་བྱས་ནས་མགོ་སྐོར་མ་ཤོར་བ་བྱེད་དགོས། གཙོ་བོ་དེ་བོད་མི་དམངས་ཀྱི་བདེ་སྡུག་ཡིད་ལ་བཅངས་ནས་ང་ཚོས་བོད་མི་དམངས་ལ་གང་འདྲ་བྱས་ནས་སྡུག་བསྔལ་མེད་པ་བཟོ་དགོས་པ་འདི་གཙོ་བོ་བྱེད་དགོས།

རྒྱ་རི།

ལགས་སོ།

ཟམ་གདོང་རིན་པོ་ཆེ།

འོ། ཐེངས་རྗེས་མའི་བགྲོས་མོལ་དེར་བར་ཆད་མ་ཡོང་ཆེད་ང་ཚོ་བཀའ་ཤག་ནས་བཙན་བྱོལ་ནང་གུ་རུའི་གསོལ་འདེབས་ཚར་འབུམ་བཅུ་དང་། སྒྲོལ་མའི་སྔགས་ཚར་འབུམ་བཅུ་སྒྲུབ་ཀྱི་ཡོད། ད་དུང་གནས་ཆུང་དགྲ་ལྷ་གསོལ་ནས་ལུང་བསྟན་ཞུས་ནས་བསྒྲུབ་བྱ་གཞན་རྣམས་མགྱོགས་མྱུར་དོན་སྨིན་ཡོང་བའི་གྲ་སྒྲིག་བྱེད་ཀྱི་ཡོད།

རྒྱལ་བ་རིན་པོ་ཆེ།

འོ་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད།

ཟམ་གདོང་རིན་པོ་ཆེ།

ད་དུང་མང་ཚོགས་ལ་ཨོ་ལིམ་ཕི་ཀའི་གོང་ལ་རྒྱ་ཕྱོགས་ལ་ངོ་རྒོལ་མི་བྱེད་པའི་སློབ་གསོ་བཏང་བ་དང་། མང་ཚོགས་ཀྱི་ལས་འགུལ་དེ་ཚོར་སྟངས་འཛིན་ལེགས་པར་བྱས་ཡོད། ཁ་ས་རང་ཚོགས་པ་བཅུ་འབོད་ནས་རྒྱ་ཕྱོགས་ལ་ངོ་རྒོལ་མི་བྱ་བའི་དམ་བཅའ་ལེན་པ་ཡིན། ཁོང་ཚོ་རེ་རེ་བཞིན་རྒྱལ་བའི་སྐུ་པར་མདུན་པད་མོ་བཙུགས་ནས་ཨོ་ལིམ་ཕི་ཀར་གནོད་གཞི་འགྲོ་བའི་ངོ་རྒོལ་རིགས་མི་བྱ་རྒྱུའི་དམ་བཅའ་དཀོན་མཆོག་དཔང་བཙུགས་བྱས་ནས་ལེན་པ་ཡིན།

རྒྱལ་བ་རིན་པོ་ཆེ།

རེད་པས་་་་་་་་་་་་་་་་་་་་་་་

རྒྱ་རི།

ད་ང་ཚོ་གསར་འགོད་པར་སྐད་ཆ་ཤོད་དུ་འགྲོ་གི་ཡིན།

རྒྱལ་བ་རིན་པོ་ཆེ།

ཡ་ཡ། ཧུར་ཐག་བྱེད་ཤོག

ཟམ་གདོང་རིན་པོ་ཆེ།

གནང་དག་མེད། བོད་ཀྱི་དུས་བབ་དང་བོད་གཞུང་གི་བཀའ་འོག་ལ་ཡོད་པའི་ཚགས་ཤོག་རེ་གཉིས་ལས་དེ་མིན་བཀའ་ལ་མི་རྩི་མཁན་གྱི་ཚགས་ཤོག་འདི་ཚོ་སྐད་བཏང་མེད་པས་འདྲི་བ་ཁག་པོ་འདྲ་རྩ་བ་ནས་འདྲི་ས་མེད་པ་བཟོས་ཡོད།

བརྩམས་སྒྲུང་།, མཚར་གཏམ།

Post navigation

Previous Post: ལོ་རྒྱུས་ཀྱི་བདེན་པའི་ངོས་ནས་བོད་ལ་བལྟ་བ།
Next Post: མི་རབས་གསུམ་པ།

Comments (6) on “རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ་དང་། ཟམ་གདོང་རིན་པོ་ཆེ་བཅས་འབྲེལ་མོལ་སྐོར་བཀའ་མོལ་གནང་བའི་དུམ་བུ་གཅིག”

  1. འཛམ་གླིང་ says:
    2008-07-23 at 6:23 am

    ཁྱེད་ཀྱི་གསུངས་པ་དེ་དངོས་གནས་མཐོངརྒྱུ་ཡང་འདུག་ག དཔེར་ན་རྒྱ་རིས་༧རྒྱལ་བ་རིན་པོ་ཆེར་ཁྱེད་ཀྱི་གསུངས་པ་དེ་དངོས་གནས་མཐོངརྒྱུ་ཡང་འདུག་ག དཔེར་ན་རྒྱ་རིས་༧རྒྱལ་བ་རིན་པོ་ཆེར་སྙན་མགྲོན་ཞུ་སྟངས་ལ་གཟིགས་ན་གཤམ་གྱི་སྙན་འཕྲིན་འདིར་མཐོང་ནུས་
    http://www.youtube.com/watch?v=Ne8fZ2JXOzk

    རྒྱ་རི་ནས་ཕྱི་རྒྱལ་གསར་འགོད་པར་བགྲོས་མོལ་ལེགས་ལེགས་གནང་ཚུལ་འདིར་འདུག
    http://www.youtube.com/watch?v=DTFbXtspA-g&feature=related

  2. བོད་པ་ཚང༌། says:
    2008-12-31 at 4:50 am

    ཚོགས་པ་བཅུ་དེ་གང་དང་གང་ཡིན་ནམ་

  3. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-31 at 10:04 am

    ང་ཚོས་བོད་པ་ཚང་གི་ད་དུང་མིག་བཙུམ་ནས་རྒྱ་ནག་ལ་རེ་བ་རྒྱག་པ་ལས་རང་གི་མིག་ཕྱེ་ནས་རྒྱ་ནག་སྲིད་གཞུང་གི་ཚུར་བོད་ལ་རེ་བ་རྒྱག་པ་ཞིག་བཟོ་རྒྱུ་ལ་རེ་བ་མེད་པ་ནས་ཧ་ཅང་ཐག་རིང་བོ་ཞིག་ཆགས་འདུག་པ་ཤེས་ཀྱི་ཡོད། རྒྱ་རི་ཚང་བོད་དུ་གྲོས་མོལ་བྱེད་དུ་སོང་དེ་ཕྱིར་འཁོར་མཚམས་སུ་ཨ་རིའི་རླུང་འཕྲིན་ནས་གསལ་བསྒྲགས་ཤིག་སྤེལ་སྐབས་སུ་བདག་གིས་རྒྱ་རི་ལ་བོད་ནང་གི་བོད་མི་དེ་དག་ལ་ངེད་ཅག་གི་གནས་ཚུལ་འདི་དག་ཇི་ལྟར་ཤེས་སུ་འཇུག་དགོས་མིན་དང་བོད་ནང་གི་བོད་མི་དག་གི་ཚེ་སྲོག་ལ་འགན་ལེན་ཡོད་པའི་ལས་འགུལ་རེ་སྤེལ་འཆར་ཡོད་པ་རེད་དམ་ཞེས་དྲིས་དུས། ཁོང་གིས་ཁྱེད་རང་གི་དྲི་བ་དེ་ནི་དངོས་ནས་གནད་འགག་ཆེན་པོ་ཞིག་རེད་འདུག་མོད། ཡིན་ཡང་ད་སྔ་བོད་ནང་དུ་ལས་འགུལ་སྤེལ་ཕྱོགས་དེ་འདྲའི་འཆར་གཞི་གང་ཡང་ཡོད་པ་མ་རེད་དེ། ངེད་ཅག་གི་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་དེ་བོད་ནང་གི་མི་དག་ལ་གནས་ཚུལ་ངོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་རེད་ཟེར་ནས་དེ་འདྲ་ཞིག་གི་ལན་གནང་བ་ལས་བོད་ནང་གི་མི་དེ་དག་གི་ཚེ་སྲོག་ལ་འགན་ཡོད་པ་ནས་བོད་ནང་གི་བོད་མི་དག་ལ་དགོས་འཁོ་སྐོང་ཐུབ་བྱེད་ཀྱི་ཐབས་ཤེས་གང་ཡང་གསུང་མ་སོང་། འདི་ལྟར་བོད་པ་ཚང་གི་མགོ་ཁྲིད་ཞིག་གི་བོད་ནང་གི་བོད་མི་དག་གི་བདེ་འཇག་ལ་འགན་ཡོད་པའི་བསམ་བློ་གཏོང་བ་ནས་ལག་ལེན་ཇི་ལྟར་བྱེད་མིན་ཐད་གཙོ་བོ་མ་བཟུང་བར་རྒྱ་ནག་དང་གྲོས་མོལ་བྱས་ཡོད་ན་དངོས་ནས་ཡིད་འཕངས་པ་ཞིག་རེད་འདུག་སྙམ་ནས། དེ་ནས་བཟུང་ང་རང་ལ་རྒྱ་རི་ཚང་ལ་བོད་ནང་ལས་བོད་ཕྱི་གལ་ཆེན་ཆགས་ཡོད་པ་ལྟ་བའི་བསམ་ཚུལ་ཞིག་ཤར་སོང་།

  4. གངས་ཐིགས་ says:
    2008-12-31 at 11:49 am

    ལྷ་ཀླུ་གཉན་གསུམ་ཟེར་བ་འདི། དངོས་གནས་རིགས་མི་མཐུན་པའི་སྲོག་ཆགས་གསུམ་འདུས་པའི་ལྷ་མིན་ཀླུ་མིན་གྱི་ཕུང་སུམ་པ་ཞིག་ཡིན་ཚོད་འདུག ཁོའི་སྐད་ཆ་ཡོངས་རྫོགས་ལ་མི་ཞིག་གིས་བཤད་པའི་སྐད་ཆའི་རིན་ཐང་མེད་ཅིང་། ཁོའི་རྨོངས་འཆར་ཡོངས་རྫོགས་བདུད་མཆེ་བ་ཅན་ཞིག་གིས་ཀྱང་བསམ་མི་ཕོད་པའི་ཕན་མེད་ཀྱི་རྣམ་རྟོག་ཤ་སྟག་རེད། འདི་བོད་མིའི་གཟུགས་བརྙན་ཅན་ཞིག་ཡིན་ན་དྲ་ཚིགས་ནས་ཕྱིར་འབུད་གཏོང་དགོས་པ་ཞིག་རེད།

  5. གངས་ཐིགས་ says:
    2008-12-31 at 11:52 am

    ཟམ་སྟོང་ཟེར་ནས་བྲིས་པ་འདིས་རང་ཉིད་སྟོང་པ་ཡིན་པ་བསྟན་པ་རེད།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-31 at 7:21 pm

    གངས་ཐིགས་ལགས། ཁྱེད་རང་གི་བོད་ཁ་ནང་དུ་བཟུང་དེ་ཚིགས་ཙམ་ལ་ལ་འཇུས་དེ་དྲ་ཁང་འདི་ནས་ང་རང་རྒྱང་འཕུད་གཏོང་རྒྱུར་སྐུལ་འདེད་བྱེད་ཀྱི་འདུག ཁྱེད་རང་ནི་དངོས་ནས་རྒྱ་ནག་སྲིད་གཞུང་ལ་དགོས་པའི་དམར་ཕྱོགས་པའི་ལྟ་བ་ཡོད་མཁན་ཞིག་ཡིན་པ་འདྲ། ཁྱེད་རང་གིས་ངས་སྐད་ཆ་གང་ཞིག་ལ་ནོར་འཁྲུལ་འདུག་པར་ངོས་བཟུང་དེ་གསུང་དང་། དེ་ནས་རེ་རེ་བཞིན་གསལ་བཤད་བྱེད་ཆོག་གི་རེད། དེ་མིན་བོད་མིས་བོད་མིར་ནང་གཏམ་དང་གྲོས་མོལ། བསམ་ཚུལ་འབྲི་རེ་བྱེད་བཞིན་པ་འདི་ལ་ཁྱེད་རང་རྣམ་དོག་ཟ་བཞིན་ཡོད་ན་ནི། ཁྱེད་རང་གི་བློའི་རྣམ་དོག་ཡོད་ཚད་དོར་ཉིན་ཕྱིར་དྲ་ཁང་འདིར་ཕེབས་ནས་ང་རང་རྒྱང་འཕུད་གཏོང་བར་མཛོད། དེ་མིན་སྐད་ཆ་འགོ་མ་ནས་ང་རང་རྒྱང་འཕུད་གཏོང་དགོས་པར་འདོད་ཀྱི་ཡོད་ན། ངས་རྗེས་སུ་ཁྱེད་རང་གིས་མི་སུ་ཞིག་གི་མིང་ནས་བོས་དེ་རྒྱང་འཕུད་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme