Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ཁྲལ་མ་བྱེད་རིགས་ཀྱི་སྤུན་ཟླ་ཚོ། ང་རང་བདེ་ཐང་ཡིན།

Posted on 2012-05-30 By ཁ་བརྡ་ 19 Comments on སེམས་ཁྲལ་མ་བྱེད་རིགས་ཀྱི་སྤུན་ཟླ་ཚོ། ང་རང་བདེ་ཐང་ཡིན།

གླིང་ཚ་ཚེ་བརྟན་རྡོ་རྗེ།

ད་ལྟ་ང་རང་བདེ་ཐང་ཡིན་རིགས་ཀྱི་སྤུན་ཟླ་ཚོ། ཆུ་ཚོད་ཉེར་བཞིའི་རིང་དུ་ཕྱི་ལོག་ལ་གོམ་བཀང་སྤོ་ས་མེད་པའི་ཁང་མིག་ཞིག་གི་ནང་དུ་ཡོད། འདི་ལ་ཡོང་མཁན་གྱི་མི་ཡང་ཉིན་རེ་བཞིན་མི་ཆད་པར་བརྗེ་སྒྱུར་བྱས་ནས་འགྲོ་འོང་གི་མི་ནི་ཧ་ལས་པའི་མང་བོ་རེད། འདི་ནི་ཐོངས་ཆེན་ལག་ཁྱེར་ཞིབ་གཤེར་ཁང་གི་བཀག་བསྐྱེལ་ཁང་རེད། མང་ཤོས་ནི་ལག་ཁྱེར་ལ་དཀའ་ངལ་འཕྲད་པ་དང་ཕྱི་རྒྱལ་ཁག་ནས་ཕྱིར་རང་རྒྱལ་དུ་བཏང་བ་དེ་འདྲ་རྐྱང་བ་རེད། ནང་དུ་འོང་མཁན་མང་ཤོས་ནི་ཐ་མག་འཐེན་མཁན་དང་འཕྲོད་རྟེན་ལ་གཏན་ནས་སྣང་མེད་དུ་འཇོག་མཁན་གྱི་མི་གྲངས་རེད། ནང་གི་ཟ་མའི་འགྲོ་སོང་ཡང་རང་རང་གི་གཏོང་དགོས་ཀྱི་ཡོད་པ་རེད། ད་ལྟའི་འཆར་ང་རང་གི་ཟ་མ་མང་ཆེ་ཤོས་ཕྱི་ལོག་ནས་བོད་མི་དྭང་བླང་ཁ་ཤས་ཤིག་གི་སྒེར་ངོས་ནས་ཉིན་རེ་བཞིན་སྐོར་བྱས་དེ་བསྐྱལ་ནས་འོང་གི་ཡོད།

བཀག་བསྐྱེལ་ཁང་འདིའི་ནང་དུ་གཙང་སྤྱོད་ལས་གཞན་མཐུན་རྐྱེན་གཞན་པ་ཞིག་ཡོད་པ་དེ་ནི་ཉལ་ཁྲི་ཡིན། སྒོ་དང་སྒེའུ་ལས་དུས་ངེས་མེད་དུ་དུག་སྤྲང་འོང་ནས་མཚན་མོ་མང་ཤོས་ཤིག་ལ་གཉིད་ཐུབ་ཀྱི་མི་འདུག ངས་ཉིན་མཚན་བརྗེ་བོ་བརྒྱབས་དེ་བསྡད་ཡོད། ཉིན་དཀར་མང་ཤོས་ཤིག་ལ་གཉིད་ཅི་ཐུབ་ལ་བརྩོན་གྱི་ཡོད། རེད་རེ། ནང་དུ་འཛིན་བཟུང་ཐེབས་ནས་འོང་མཁན་གྱི་མི་རྣམས་ནི་སྐད་ཅོར་ཚ་བ་དང་རང་གི་ཉེ་འབྲེལ་དག་ལ་ཁ་པར་ནས་འབྲེལ་མཐུད་བར་མེད་དུ་བྱས་ནས་རང་ཉིད་ནི་འཛིན་བཟུང་ཐེབས་པའི་སྐོར་སོགས་ལ་ཞིབ་དྲ་བཤད་པའི་སྐོར་དང་ཁ་ཤས་ཀྱིས་ངུས་དེ་རང་ཉིད་ལ་སྐྱོབས་མཁན་གྱི་ཉེ་འབྲེལ་མེད་པ་སོགས་ཀྱི་དཀའ་ངལ་སོགས་བཤད་མཁན་མང་ལ། མི་ཁ་ཤས་ཤིག་ཡུན་རིང་ལ་ཐུག་འཕྲད་དང་བལྟ་རྟོགས་བྱེད་དུ་འོང་མཁན་མེད་པའི་ཕྱི་རྒྱལ་རྒྱལ་ཁབ་ཁག་སྐྱོ་བ་ནས་འོང་བའི་ཨ་ཧྥུ་རི་ནས་ཡིན་པའི་མི་ཡང་ཡོད་ལ། དེ་དག་གི་མྱོང་བཞིན་པའི་དཀའ་ངལ་དངོས་ནས་བལྟས་ནས་སེམས་པ་མི་བཟོད་པ་ཞིག་རེད།

དེ་ལྟར་ང་རང་ནི་ཉིན་མཚན་བརྗེ་བོ་རྒྱགས་དགོས་ཐུག་ནའང་། སེམས་ནང་དུ་དཀའ་ཁག་གང་ཡང་མི་འདུག་ལ་ད་ལྟ་བདེ་ཐང་གིས་བསྡད་ཡོད། བོད་མི་སྒེར་མི་ཉུང་བ་ཞིག་གིས་ཟ་མ་དང་རོགས་སྐྱོར། བལྟ་རྟོགས་འོག་དྲ་རྒྱུའི་མཐུན་རྐྱེན་དང་གློག་ཀླད་བཅས་རེག་ཡོད། རེད་དེ། བལ་ཡུལ་ནས་དྲ་རྒྱུའི་བརྡ་རྟགས་ཀྱི་གོང་ཚད་ཧ་ཅང་མཐོ་དྲགས་པའི་ཆུ་ཚོད་ཉེར་བཞིའི་རིང་དུ་དྲ་ཐོག་དུ་བསྡོད་རྒྱུ་ཕར་ཞོག དྲ་ཐོག་བསྟུད་མར་ཆུ་ཚོད་གཉིས་གསུམ་ལ་བསྡོད་པ་དེ་ཡང་ལས་སླ་བོ་ཞིག་མི་འདུག དྲ་ཐོག་ལ་བསྡོད་མ་ཐུབ་ཀྱང་། དེ་ལ་དཀའ་ངལ་གང་ཡང་མི་འདུག འདི་ནས་ང་རང་ལ་ཁྲིམས་ཐག་གཅོད་རེག་བར་དུ་ཉིན་ག་ཚོད་འགོར་མིན་དེ་ཡང་བཤད་མི་ཤེས་ཀྱང་། དེ་ཡི་བར་དུ་དཀའ་ངལ་མྱོང་མཁན་ནི་ང་རང་མིན་པར་ཕྱི་ལོག་ནས་ང་རང་ལ་བལྟ་རྟོགས་དུ་ཕེབས་མཁན་གྱི་བོད་རིགས་སྤུན་ཟླ་དེ་དག་གི་ཉིན་རེའི་འཚོ་བ་དང་ལས་ཀ་སོགས་ལ་བར་ཆད་བྱུང་གི་ཡོད་པ་དེ་རེད། ང་རང་མི་རིང་བར་བལ་ཡུལ་གྱི་ལོ་ཐག་བཅད་པ་དང་ཡང་ན་དངུལ་ཆད་གཅོད་པའི་ཁྲིམས་གང་ཞིག་ང་རང་གི་འགོ་ཐོག་དུ་ཤར་ནས་འོང་བ་ཡིན་ན། དེ་ནི་མཐའ་མའི་ངས་མུ་མཐུད་དུ་ཞི་བའི་འཐབ་རྩོད་བྱེད་སའི་ལམ་གྱི་བར་བཀག་ཅི་ཙམ་འཕྲད་མིན་དེ་རེད། དེ་མ་གཏོགས་གཞན་ང་རང་ལ་སེམས་ཁུར་གང་ཡང་མི་འདུག

དམིགས་བསལ་གྱིས་ཉིན་གཉིས་གསུམ་སྔོན་ཏག་ཏག་ལ་ལྷ་ས་ནས་བོད་ཀྱི་ཕོ་གསར་གཉིས་ཀྱིས་སླར་ཡང་རང་ལུས་གཞན་ཕན་གྱི་མེ་ལྕེར་སྒྲོན་པ་དེར་གོ་བའི་སེམས་སྣང་སྐྱོ་བོ་བྱུང་། ང་ཚོ་ཕྱི་རོལ་རང་དབང་གི་ལུང་བར་བསྡོད་མཁན་ཚོ་ནི་བོད་ཡུལ་ནས་ཡང་གཅིག་མེ་རུ་སྒྲོན་འདུག་ཟེར་ནས་གྲངས་ཀ་བརྒྱབས་དེ་བསྡོད་མཁན་གྱི་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་ཟེར་མཁན་ཞིག་ཆགས་ཡོད་པ་དེར་དངོས་ནས་སེམས་པ་སྐྱོ་ཡི་འདུག ང་ཚོས་མུ་མཐུད་དུ་རང་ཡུལ་གྱི་བོད་མི་གཅིག་ཡིན་ཡང་གསོན་ཞིང་གནས་པ་དང་གནས་པ་དེ་ཡང་གཟི་བརྗིད་ཡོད་པ་དང་མི་རིགས་ཀྱི་བླ་སྲོག་ཡོད་པ་ཞིག་བཟོ་བར་འབད་འབུངས་ཅི་ལ་བྱེད་མ་ཐུབ་པ་རེད་དམ་སྙམ་ཞོར། དེ་རིང་འདི་ཙམ་གྱིས་མཚམས་བསྡུ་ཞོར་དུ། ཀླུ་སྨྱོན་ལགས་ཀྱི་གཙོ་བའི་ངའི་གློག་འཕྲིན་ཁ་བྱང་དང་གསང་གྲངས་སོགས་སྤྲད་པ་དེ་དག་གི་ཆེད་དུ་སེམས་ཁྲལ་བྱེད་མཁན་གྱི་བོད་རིགས་སྤུན་ཟླ་དག་གིས་སེམས་ཁྲལ་བྱེད་མི་དགོས་པ་ཞིག་ནི། ང་རང་གི་གློག་འཕྲིན་གྱི་གསང་གྲངས་བཀག་བསྐྱེལ་ཁང་འདི་ལ་སླེབས་ཉིན་དེར་ཨ་རི་བ་དེས་སྐུ་དྲིན་གྱིས་བརྗེ་བོ་སྔ་ས་ནས་བརྒྱབས་ཚར་ཡོད་པ་ཐུགས་སུ་འཇགས་པར་འཚལ།

འཕྲིན་ཡིག

Post navigation

Previous Post: ཀྲུང་གོ་གུང་ཁྲན་ཏང་དངོས་ནས་མི་མི་ཟ་བའི་སྟག་ཏུ་གྱུར་སོང་ངམ།
Next Post: བོད་ཀྱི་དཔེ་མཛོད།

Comments (19) on “སེམས་ཁྲལ་མ་བྱེད་རིགས་ཀྱི་སྤུན་ཟླ་ཚོ། ང་རང་བདེ་ཐང་ཡིན།”

  1. མཚོ་བུ་དཀར་པོ། says:
    2012-05-30 at 7:12 am

    འབད་ན་བྱ་བ་ཅི་ཡང་མི་འགྲུབ་པ་མེད་པས
    །སེམས་ཤུགས་མ་ཆགས།
    ནམ་ཡང་ང་ཚོ་ཁྱེད་ཀྱི་རྒྱབ་ན་ཡོད།

  2. མཚོ་བུ་དཀར་པོ། says:
    2012-05-30 at 7:18 am

    བདེ་ཞེས་བ་ཙམ་གྱི་ང་ཡང་སེམས་པ་སྐྱིད་ལྷང་ལྷང

  3. ཁྭ་ཏ་ཁ་ཏ་བ། says:
    2012-05-30 at 7:33 am

    ང་ཙོ་ནམ་ཡང་ཁྱེད་ང་ལྷན་དུ་ཡོད། བསམ་དོན་འགྲུབ་པར་ཤོག བར་ཆད་མི་ཡོང་པ་ཤོག

  4. མེ་ཏོག་དཀར་པོ། says:
    2012-05-30 at 7:33 am

    འོ་འདི་ན། རིག་འབྱུང་མིང་ཅན་ཞིག་གིས་གླིང་ཚ་སེམས་ཤུགས་ཅན་ལས་བསམ་བློ་བ་ཞིག་མ་རེད་ཟེར། འདིར་ལྟོས་དང་། དཔའ་གྲུང་ཅན་འདིས་རྒྱ་མིའམ་བལ་པོའི་མི་དེ་ཚོར་ཁ་བྱང་གཞན་ཞིག་སྤྲད་འདུག་ག

  5. བོད། ཤ་ཁྲག་རུས་གསུམ། says:
    2012-05-30 at 7:57 am

    བང་ཆེན་ལས།
    བོད་མདོ་སྨད་འཛམ་ཐང་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས།
    དེ་རིང་བོད་མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོ་རུ་བུད་མེད་རི་ཀྱོ་ཞེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག
    དེ་ཡང་དྷ་སར་གནས་སྡོད་ཚང་དབྱངས་རྒྱ་མཚོས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༥ཚེས་༣༠ཉིན་གྱི་ཕྱི་དྲོའི་དུས་ཚོད་༣ཡས་མས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་སུ་ཕ་ཕྱུག་ལོ་དང་། མ་རིན་ལྷ་གཉིས་ཀྱི་བུ་མོ་རང་ལོ་༣༣ཡས་མས་ཡིན་པ་རི་ཀྱོ་ལགས་ཀྱིས་བོད་མི་རིགས་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེག་བཏང་སྟེ། ས་གནས་དེ་ག་རང་ལ་སྐུ་གྲོངས་ཡོད་འདུག
    རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ནི་གཉེན་སྒྲིག་ཟིན་ཡོད་ལ། ཁོ་མོའི་ཁྱོ་གའི་མིང་ལ་སྣང་སྟོང་ཟེར་བ་དང་། ཁོ་གཉིས་ལ་བྱིས་པ་ཆུང་ཆུང་གསུམ་ཡོད་འདུག ཁོ་མོ་ནི་འཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་ཞེས་པ་ནས་ཡིན་འདུག །

    གནས་ཚུལ་འདི་ནི་ད་ལྟ་རང་ངས་གདོང་དེབ་ལས་ཚུར་བཤུས་པ་ཡིན། སྤུན་ཟླ་ཚོ་གཟིགས་དང་། འུ་ཅག་གིས་ག་རེ་བྱེད་དགོས་པའི་དུས་སུ་ཐུག་ཡོད་མེད་དེ་ནི་མི་རེ་རེ་ངོས་ནས་བསམ་བློ་ཞིབ་ཚགས་པོ་རེ་གཏོང་རོགས་ཞུ།

  6. སྒོ་དམར་གྲགས་པ། says:
    2012-05-30 at 8:23 am

    ཁྱེད་རང་ག་དུས་ཡིན་ན་བདེ་ཐང་ཡོང་བའི་་་་་་ང་ཚོ་འདི་ནས་ལྷ་དཀོན་མཆོག་ལ་གསོལ་བ་དང་སྐྱབས་འཇུག་ཉིན་རེ་འདེབས་བཞིན་ཡོད་ལགས།

  7. སྐྱུ་རྩི་ནས། says:
    2012-05-30 at 8:42 am

    ད་སྐུ་གཟུགས་ལ་བདག་པོ་རྒྱག་དགོས། ང་ཚོ་ཕྱི་ན་དགྲ་རྒྱལ་བ་རེད།

  8. ནག་ཐར་སྐྱིད། says:
    2012-05-30 at 8:51 am

    མི་གཞན་གྱི་བསམ་ཚུལ་ལ་ཁྱོན་ནས་ལན་འདེབས་དགོས་དོན་ཡོད་བ་མ་རེད། གང་གཟབ་གྱིས།

  9. རྨོག་རུ་བསྟན་པ། says:
    2012-05-30 at 9:32 am

    ཞི་བའི་འཐབ་རྩོད་པ་གླིང་ཚ་ལགས། ཁྱོད་ཀྱི་གནས་ཚུལ་དང་འབྲེལ་བའི་ཡི་གེ་སྔ་ཕྱི་ཚང་མ་ཀློག་བཞིན་ཡོད་ལ། ཀློག་ཐེངས་རེ་རེར་ཁྱོད་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བསམ་བློ་བཅོས་མ་མིན་པ་རེ་སྐྱེས་བཞིན་ཡོད། ཡིན་ཡང་འདི་ནི་ལྐོག་གྱུར་གྱི་ཀུན་སློང་ཙམ་རེད། དེ་ལས་ཁྱོད་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་མི་ཐུབ་མོད་ནམ་ཡང་ཁྱོད་ཀྱི་འཐབ་རྩོད་དང་མཉམ་དུ་ཡོད་པ་ནི་ང་རང་བོད་མི་རིགས་ཤིག་ཡིན་པའི་འདུ་ཤེས་དང་ལ་རྒྱ་ཡིན།
    དངོས་གནས་བུ་རྒོད་ལགས། ང་རང་སྨོན་པ་འཆོར་ས་ནི་ཁྱོད་ཀྱི་བླ་ན་མེད་པའི་ལྷག་བསམ་དང་། ཉམས་པ་མེད་པའི་སེམས་ཤུགས། ཞིམ་པ་མེད་པའི་སྙིང་སྟོབས། སྲ་ཞིང་བརྟན་པའི་རང་ཚུགས་སོགས་ཡིན།
    འདི་རུ་ཨ་མའི་སྐུ་གཟུགས་ཡག་ཏུ་སོང་ཡོད་ལ། ཉེ་ཆར་བལ་ཡུལ་ཉེན་རྟོག་པས་གདུག་རྩུབ་ཀྱིས་སོག་རྒྱབ་ཀྱི་རུས་པར་གནོད་སྐྱོན་ཕྲན་ཙམ་བཏང་ཡོད་འདུག་ཀྱང་། སྨན་རྩིས་ཁང་དུ་བདུན་གཅིག་རིང་བསྡད་པའི་བཀའ་དྲིན་དང་། བོད་མི་མང་པོ་ཞིག་གིས་གཟིགས་སྐྱོང་གནང་བཞིན་ཡོད་པས་ཁོང་མ་བུ་གསུམ་གྱི་ཕྱོགས་སུ་སེམས་ཁྲལ་མ་བྱེད།
    ལྷ་མོ་སྐྱིད་བོད་ཁྱིམ་སློབ་གྲྭར་ཚུད་སོང་བ་དང་། ཕྱི་ཚེས་༥་ཉིན་སློབ་མའི་གུང་སེང་རྫོགས་མཚམས་དང་བསྟུན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འགྲོ་ཆོག་པའི་བཀའ་འཁྲོལ་དངོས་སུ་ཐོབ་སོང་། མོ་རང་གིས་སློབ་སྦྱོང་བྱེད་བཞིན་པ་མ་ཟད་རྐང་རྩེད་སྤོ་ལོའི་རུ་དཔོན་བྱས་ཏེ་རྒྱལ་ཁ་ཐོབ་པ་སོགས་རླུང་རྟ་ཡར་འགྲོའི་དུས་ཚོད་ཡིན། ཉིད་ནས་ལྷ་མོ་སྐྱིད་ལ་བསྐུར་བའི་སློབ་གསོ་དང་རེ་སྐུལ་དག་ཀྱང་ཞུས་ཚར་ཡོད་པས་སྐུ་ཉིད་ཀྱི་སེམས་པ་ལྷོད་ལྷོད་གནང་རོགས།
    ཉེ་ཆར་བཙོན་ཁང་དུ་ཁ་པར་ཐེངས་གཅིག་སོང་བ་ནས་བཟུང་ངེད་ཀྱི་ཁ་པར་གྱི་བརྒྱུད་ལམ་འགག་སོང་བས་འདི་ནས་ཅི་ཙམ་བཏང་ཀྱང་འབྲེལ་མཐུད་མི་ཐུབ་པའི་བརྡ་ལན་ཞིག་ལས་གང་ཡང་མི་འདུག་མོད། བུ་རྒོད་པོ་་་་གཟར་མོ་ལ་ཐུག་རུང་། སྲབ་མོ་ལྕགས་ལ་ཐུག་རུང་་་སྔར་ལས་ལྷག་གིས་སེམས་སྟོབས་རྒྱ་བསྐྱེད་དང་། ལ་རྒྱ་རྒྱུན་བསྲིངས་ཀྱིས་བོད་མི་རིགས་དང་། བདེན་དོན་གྱི་འདུ་ཤེས་རྨི་ལམ་ཚུན་དུ་ཁ་མི་འབྲལ་བ་ཞིག་བྱེད་རྒྱུ་ནི་བློ་དཀར་པོའི་ཁ་ཕྱོགས་ཙམ་ཡིན། བདེན་པ་རྒྱལ་གྱུར་ཅིག

  10. lobsang. says:
    2012-05-30 at 9:47 am

    མི་སྒེར་གྱི་ངོས་ནས་འགན་ཁུར་ཏེ་ཆབ་སྲིད་ལས་འགུལ་སྤེལ་བ་ཡག་པོ་རེད། འོན་ཀྱང་ལས་འགུལ་སྤེལ་ཕྱོགས་མ་ཤེས་ན་བློ་ཆུང་ཕན་འདོགས་ཟེར་བ་དེ་ཆགས་གི་རེད། མདོར་ན། ཆབ་སྲིད་ཟེར་བ་ཚོར་སྣང་ཙམ་གྱིས་བསྒྲུབ་རྒྱུ་ཞིག་མ་རེད། དེ་ལ་ཐབས་དང་ཇུས། ལྷག་པར་དུ་ལ་རྒྱ་ཟེར་བ་དེ་དགོས་པ་རེད། གལ་སྲིད་ལ་རྒྱ་མེད་ན་མི་རིགས་ཀྱི་འཐབ་རྩོད་དེ་བླ་སྲོག་མེད་པའི་འགྱིག་སྒང་བཞིན་རིན་ཐང་ཅང་མེད་པ་ཆགས་ཚར་བ་རེད། དེ་བས་ལས་འགུལ་སྐབས་ཀྱི་སྐད་ཆ་ཤོད་ཕྱོགས་སོགས་ལ་གཟབ་གཟབ་གནང་རོགས། སྐུ་ཁམས་གསལ་ཐང་ངང་རེ་འབྲས་དོན་སྨོན་ཡོང་པར་མཆོག་གསུམ་ལ་སྨོན་ལམ་འདེབས།

  11. lobsang. says:
    2012-05-30 at 9:50 am

    བྱུང་ན་རྒྱ་དར་དམར་པོ་ཕྱར་བ་དེ་བསམ་གཞིགས་ཞིབ་ཚགས་བྱེད་རྒྱུ་མ་བྱུང་པའི་ཐག་གཅོད་ཅིག་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཐུབ་ན་ཁྱེད་ཀྱི་ལས་འགུལ་གྱི་རིན་ཐང་དང་ས་ཆོད་ཆེ་རུ་འགྲོ་ས་རེད། དེ་མིན་རང་བཞིན་གྱིས་རྐང་རྗེས་ལག་བསུབ་ལྟ་བུ་ཞིག་ཆགས་པའི་ལྟ་སྟངས་མི་མང་པོ་ལ་འདུག

  12. ཀརྨ་ཡེ་ཤེས། says:
    2012-05-30 at 10:11 am

    ཀླུ་སྨྱོན་ཁྱོད་རི་བོང་གནམ་རྡིབ་པའི་སེམས་ཁྲལ་མ་བྱེད། ཁྱེད་ཉིད་ཀྱི་མིང་བྱང་དེ་ཚེ་བརྟན་རྡོ་རྗེའི་ཁ་བྱང་ནང་ནས་མར་ཕྱིར་འཐེན་བྱེད་ན་འགྲིགས། དོན་མེད་ཀུ་ཅོ་མ་སྒྲོགས་ན་བཟང་ངོ་།

  13. བློ་བཟང་ says:
    2012-05-30 at 10:14 am

    བུ་རྒོད་ལགས་དཀོན་མཆོག་དཔང་དུ་གཙུགས་ཏེ་ཕྱག་ལེན་ཞིག་ཚེ་དྲ་ཐོག་ཏུ་ཁྱེད་ཀྱིས་གསང་བ་སྟོན་མི་རུང་དེའང་བསམ་ཚུལ་ཡིན

  14. ལོག་སྨྲ་ཚར་གཅོད་ནས། says:
    2012-05-30 at 10:32 am

    ང་ལ་ཁྱེད་ནང་བཞིན་སེམས་ཤུགས་ཤིག་ཡོད་ན་ཅི་མ་རུང་། ད་ལྟ་ང་ཁྱེད་རང་ཡིན་ན་སྐྱིད་པ་ལ། ལུས་པོ་ནག་བཙན་དུ་ཚུད་ནས་དཀའ་ངལ་ཅི་ཆེར་འཕྲོད་ནའང་དམིགས་ཡུལ་དང་བྱ་བ་རླབས་ཆེན་དེ་འདྲ་ཞིག་སྒྲུབ་ཐུབ་ན་སེམས་པ་སྐྱིད་པ་ལ། ང་ལ་ཁྱེད་ལྟ་བུ་བློ་ཁོག་དེ་མེད་པ་ཅི་ཡིན་ན། ངས་བོད་མི་རིགས་དང་བསྟན་འགྲོ་ཆེད་དུ་བྱ་བཞག་དེ་འདྲ་ཞིག་གཏན་ནས་སྒྲུབ་ཐུབ་ཀྱི་མི་འདུག

  15. མགོན་པོ་ཕྱག་གཉིས་པ། says:
    2012-05-30 at 10:58 am

    བལ་ཡུལ་ནང་འཛུལ་བའི་ཆོག་མཆན་ཡོད་པ་དང་གཞན་པའི་ཁྲིམས་འགལ་གྱི་བྱ་བ་མེད་ན་ཁྲིམས་ཐག་གཅོད་རྒྱུ་ཞིག་ཡོད་རྒྱུ་མ་རེད། ཡོད་ནའང་ངོས་ལེན་མ་བྱེད། སྔོནབལ་ཡུལ་དུ་བོད་དོན་ལས་འགུལ་སྤེལ་སྐབས་ཀྱང་མང་པོ་ཞིག་འཛིན་བཟུང་དང་བཀག་འགོག་བྱས་ཡོད་ནའང་རྗེས་སུ་གློད་ཡོད་པ་དེ་ལྟར་རེད། བལ་ཡུལ་དུ་བོད་དོན་ཆེད་ཆབ་སྲིད་ལས་འགུལ་སྤེལ་མི་འཇུག་པ་དེ་ཁོ་ཚོའི་རྒྱ་ངོ་སྲུང་བའི་ལས་ཀ་ལྟ་བུ་ཞིག་རེད་ཀྱང་། ཁོ་རང་ཚོའི་ཁྲིམས་ཐོག་ནས་ལས་འགུལ་དེ་རིགས་སྤེལ་ཆོག་པའི་ཐོབ་ཐང་ཕྱི་ནང་གི་མི་མང་དག་ལ་ཡོད་མེད་ཆ་མ་འཚལ།
    དངུལ་ཆད་ལའང་ཁྲིམས་སྒྲིག་གི་གཞི་འཛིན་ས་ཡོད་མེད་ལྟ་དགོས་པ་ཞིག་རེད། དེ་ལྟར་མེད་པར་དངུལ་སྤྲད་དགོས་ན་ངོ་མ་ཕངས་པོ་རེད་ལ། མི་རིགས་ཤིག་གི་ཁྲིམས་མཐུན་ཐོབ་ཐང་རྩོད་མཁན་ཁྱེད་རང་ལྟ་བུ་ཞིག་ལ་མཚོན་ན་འདི་རིགས་ནི་ངོས་ལེན་རྩ་ནས་བྱེད་མི་ཐུབ་པ་ཞིག་ཡིན་པ་བཤད་མ་དགོས། དེ་བཞིན་ཁྱེད་རང་མི་སྒེར་གྱི་ངོ་དེབ་ཀྱི་གསང་ཨང་སྤྲོད་ཟེར་བའི་དབང་ཚད་ཁོ་ཚོར་ཡོད་པ་མ་རེད།
    ཁྱེད་རང་གི་བློ་ཐག་ཆོད་ཅིང་ཡུན་རིང་བའི་ལས་འགུལ་དེ་ནི་ངོ་མ་རྗེས་སུ་ཡི་རང་དང་བསྔག་བརྗོད་བྱེད་འོས་པ་ཞིག་རེད། ལས་འགུལ་སྤེལ་སྟངས་ཤེས་པ་ཡིན་ན་དེ་ལྟ་བུའི་ཡུན་རིང་གི་ལས་འགུལ་ལ་གྲུབ་འབྲས་ཤིག་མི་ཐོབ་པ་མི་སྲིད་པ་ལྟ་བུ་ཞིག་རེད། ཡིན་ནའང་། བཙོན་ནས་གློད་རྗེས་ཡང་སྐྱར་བཙོན་དུ་སོང་ནས་སྡོད་དགོས་པ་དང་། མི་མེད་ལུང་སྟོང་དང་ས་ཐག་རིང་བོར་གཅིག་པུར་གོམ་པ་རྒྱབ་ཕྱིན་པ་ཡིན་ན་དེས་གྲུབ་འབྲས་དང་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་ཐེབས་མི་སྲིད་པར་འདོད། ལས་འགུལ་གྱི་ངོ་བོ་དང་ལས་འགུལ་སྤེལ་ས་བཅས་ལ་འགྱུར་བ་བཏང་སྟེ་རྒྱལ་སྤྱི་ཅན་དུ་བསྒྱུར་བ། རྒྱ་མིའི་གཞུང་ཚབ་ཚུད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་དང་། གྲོས་ཚོགས་ཁང་ཁག མི་ཚོགས་འདུས་སྡོད་ཀྱི་གྲོང་ཁྱེར་ཆེ་ཁག། མི་ཚོགས་ཀྱི་དོ་སྣང་འདྲེན་པ། མི་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པ། གསར་འགོད་པའི་དོ་སྣང་འདྲེན་ཐུབ་པ་ཞིག་འབྱུང་ཐབས་ལ་བརྩོན་རྒྱུ་དེ་ཨང་དང་པོར་འཇོག་དགོས་པར་མཐོང་། རང་ཉིད་ནི་མི་རིགས་ཀྱི་ཆེད་དུ་ལས་འགུལ་ཆེན་པོ་གང་ཡང་སྒྲུབ་མ་ཐུབ་པར་ད་ལྟ་འཆི་བདག་གི་སྒོ་ཁར་སླེབས་ཏེ་དེ་རིང་ཤི་ན་ཚེ་ཐུང་དང་སང་ཉིན་ཤི་ན་ཚེ་རིང་ཡིན་པའི་གནས་སུ་ཡོད་མོད་ཀྱང་། ཁྱེད་ཀྱི་ལས་འགུལ་དེ་ལ་གྲུབ་འབྲས་ཤིག་ཐོབ་པའི་ཆེད་དུ་སེམས་སུ་དྲན་པ་ཁ་ནས་ཤོར་བ་ཡིན། ཁྱོད་སྐུ་ཚེ་རིང་། འཆི་བ་ལ་བསམ་བློ་མ་གཏོང་། གསོན་པ་ལ་བསམ་བློ་ཐོངས།
    གསོན་ན་གསོན་རིན་ཡོད་པ་ཞིག།
    རང་གཞན་ཀུན་ལ་ཕན་པ་ཞིག།
    ཤི་ན་ཤི་རིན་ཡོད་པ་ཞིག།
    འདི་ཕྱི་གཉིས་ལ་དགེ་བ་ཞིག།
    འཆི་བདག་ཞགས་པ་སྐེ་ལ་ཁོན་བཞིན་དུ།།
    རེ་བའི་ཕྱི་མིག་ཁྱེད་ཚོར་འཕེན་གི་ཡོད།།
    ཡིད་ཆེས་སྤོབས་པས་ཡིད་སེམས་ཁེངས་ནས་ཡོད།།
    ད་ལྟ་འགྲོ་དགོས་བྱུང་ཡང་འགྲོ་ཆོག་ཡིན།།

  16. ཇ་མ་ says:
    2012-05-30 at 11:32 am

    བལ་ཡུལ་གྱི་དཔོན་ངན་ཚོའི་ཁ་ནང་ལ་གཏོར་མ་དམར་དམར་ཞིག་བཞག་པ་ཡིན་ན་རྒྱ་ནག་གི་ཁ་ནང་ལ་མཛེ་རིང་པོ་ཞིག་འཇོག་རྒྱུ་རེད།

  17. མེ། says:
    2012-05-30 at 11:38 am

    ཁ་བཤད་ལག་ལ་འཁེལ་བའི་བུ་རྒོད།།
    ཁ་ཕྱོགས་མུ་འབྲེལ་རྒྱུན་ཁྱོངས་བྱས་ར།།
    ཁ་ནས་བོད་འདི་ཟེར་མཁན་མང་ཡང་།།
    ཁ་སང་དེ་རིང་ཁྱེད་འདྲ་དཀོན་གི།

  18. ཀླུ་སྨྱོན། says:
    2012-05-30 at 12:40 pm

    ཁྱེད་ཀྱིས་གསལ་བཤད་བྱས་པར་ཐུགས་རྗེ་ཆེ་ཞུ། དྲ་འབུ་ཁག་ཅིག་གིས་རང་རེའི་བར་དུ་དཀྲུགས་ཤིང་རྒྱག་མགོ་བཙུགས་སོང་བས། ངས་དྲི་བ་དེ་བསུབས་ཚར། བདེན་པ་ཉིད་རྒྱལ་གྱུར་ཅིག

  19. འཁྱམས་པོ says:
    2012-05-30 at 1:10 pm

    ཨོ་་་་་ད་ཡག་པོ་རེད་ད་ཤུ་རེས་བྱོས་་བདེ་མོ་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme