Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མིག་སྒྲིབ་རྒྱལ་དཀྲོགས་ལས་འགུལ་ས་གནས་ ༥༥ ནང་སྐྱོད་འདུག༼པར༽

Posted on 2012-05-292012-05-29 By ཁ་བརྡ་ 16 Comments on མིག་སྒྲིབ་རྒྱལ་དཀྲོགས་ལས་འགུལ་ས་གནས་ ༥༥ ནང་སྐྱོད་འདུག༼པར༽

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽

ཤེས་རབ་ཚེ་རྡོར་ལགས་ཀྱིས་ཟླ་གཉིས་ལྷག་རིང་རྒྱ་གར་གྱི་ས་གནས་དང་གྲོང་ཁྱེར་ ༥༠ ཙམ་ནང་མིག་སྒྲིབ་རྒྱལ་དཀྲོག་གི་ལས་འགུལ་སྤེལ་ཏེ། ད་ཆར་མི་ཉིས་ཁྲི་ལྷག་གི་མཚན་རྟགས་བསྡུས་ཡོད་པ་མ་ཟད། ཉིན་འདི་གར་ཨོ་རེ་སཱ་བོད་མིའི་གཞས་ཆགས་ནང་མུ་མཐུད་ལས་འགུལ་སྤེལ་བཞིན་ཡོད་འདུག
འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ན་གཞོན་ཤེས་རབ་ཚེ་རྡོར་ལགས་ཀྱིས་ངྷ་ས་བཞུགས་སྒར་ནས་མགོ་བཙུགས་ཏེ། “གངས་ལྗོང་གི་ཕོ་ཉ་” ཞེས་པའི་མིང་ཐོག་ནས་རྒྱ་གར་རྒྱལ་ཡོངས་ནང་༼ མིག་སྒྲིབ་རྒྱལ་དཀྲོཊ ༽ཟེར་བའི་བོད་དོན་ཁྱབ་བསྒྲགས་དང་མཚན་རྟགས་བསྡུ་རིབ་ཀྱི་ལས་འགུལ་ཞིག་བརྩམས་ཡོད་ལ། འདས་པའི་ཟླ་ ༢ ལྷག་རིང་རྒྱ་གར་བྱང་ཤར་དང་། ལྷོ་ཕྱོགས་སོགས་མངའ་སྡེ་ ༨ ཙམ་གྱི་ས་གནས་དང་གྲོང་ཁྱེར་ ༥༥ ཙམ་ནང་སྐོར་སྐྱོད་ཀྱིས་བོད་དོན་ཁྱབ་བསྒྲགས་དང་། མཚན་རྟགས་ ༢༠༠༠༠ ཙམ་བསྡུ་རིབ་བྱས་ཏེ། ཉིན་འདི་འགར་ཨོ་རེ་སཱ་ (Orissa)བོད་མིའི་གཞིས་ཆགས་ནང་མུ་མཐུད་ལས་འགུལ་སྤེལ་གྱིན་ཡོད་འདུག

ལས་འགུལ་སྐབས་ཁོང་གི་མིག་གཉིས་རས་ནག་པོས་གཡོགས་ཏེ། ཉིན་ལྟར་ཞོགས་པ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་ཁོང་གིས་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་མིའི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་སྐོར་ངོ་སྤྲོད་དང་། རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཅོམ་གཏོང་བཞིན་ཡོད་པ་དེས་བོད་ཙམ་མ་ཟད། རྒྱ་གར་གཙོས་པའི་ཨ་ཤ་ཡའི་རྒྱལ་ཁབ་མང་པོར་གནོད་འཚེ་ཕོག་གི་ཡོད་ཚུལ་སོགས་མང་ཚོགས་ལ་གོ་རྟོགས་སྤེལ་བཞིན་ཡོད་འདུག

ཤེས་རབ་ཚེ་རྡོར་ལགས་ཀྱིས་འདི་ག་གསར་ཁང་ལ་བརྗོད་པ་ལྟར་ན། ཁོང་གང་དུ་བསླེབས་ཀྱང་ས་གནས་རྒྱ་གར་ཡུལ་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད། གསར་འགོད་ལྷན་ཚོགས་སོགས་གྲ་སྒྲིག་བྱ་རྒྱུར་རོགས་རིམ་གནང་ཡོད་པ་དང་། ལས་འགུལ་སྐབས་ཨ་རུ་ན་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གཙོས་པའི་འབྲེལ་ཡོད་རྒྱ་གར་མགོ་ཁྲིད་ཁག་ཅིག་གིས་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག

ཁོང་གིས་ “ཀཱོལ་ཀཱ་ཊའི་(Kolkata) ནང་དམིགས་བསལ་མ་འདྲ་བ་ཞིག་ཆགས་སོང་། ང་ཕྱི་ཟླ་ ༤ ཚེས་ ༢ ཉིན་གྲོང་ཁྱེར་དེར་འབྱོར་བ་དང་བསྟུན་ཏེ་རྒྱལ་གཅེས་དཔལ་བོ་དོན་འགྲུབ་ཕུན་ཚོགས་ལགས་བོད་རྩ་དོན་ཆེད་ཧོཝ་རཱ་(Howrah bridge) ཟམ་ཁ་ནས་གངྒ་ཆུ་བོའི་ནང་མཆོངས་ཏེ་ཞགས་ ༤༩ འཁོར་བར་འཁེལ་ཡོད་སྟབས། ཟམ་འོག་གྲུ་ཐོག་ནས་རྒྱ་གར་ཡུལ་མི་ཚོར་བོད་ཀྱི་ཛ་དྲག་གནས་བབ་དང་། དཔའ་བོ་ཁོང་གིས་རང་སྲོག་བློས་གཏོང་བྱས་པའི་རྒྱུ་མཚན། གངྒ་གཙོས་པའི་རྒྱ་གར་ནང་གི་ཆུ་ཆེན་མང་པོ་ཞིག་བོད་ནས་བཞུར་ཡོང་གི་ཡོད་སྟབས། རྒྱ་གཞུང་གིས་བོད་པའི་ཁོར་ཡུག་ལ་གཏོར་བཅོམ་བཏང་ན་རྒྱ་གར་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་མིན་སྐོར་ལ་གཏམ་བཤད་བྱེད་ཐུབ་སོང་”ཟེར།

ཁོས་ཚོར་བ་ཆེན་པོས་བརྗོད་དོན“ བོད་ནང་གི་ཛ་དྲག་གནས་སྟངས་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ཚེས་ ༢༧ ཉིན་ལྷ་སར་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་བཅས་ལ་བལྟས་ཡོང་ན། ད་ནི་ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོ་སྒུག་སྡོད་པའི་དུས་ཚོད་མ་རེད། མི་རེ་ངོ་རེ་ནས་འགུལ་སྐྱོད་ཅིག་རྒྱག་དགོས་ཀྱི་འདུག”ཅེས་འབོད་སྐུལ་གནང་སོང་།

ཤེས་རབ་ཚེ་རྡོར་ལགས་ཀྱིས་སྔ་ལོ་ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་ནས་རང་ལུས་མེར་བསྲེགས་བཏང་སྟབས། ད་ཆར་རྐང་པའི་རྨ་ཁ་གང་འཚམ་སོས་ཡོད་ཀྱང་དབྱུག་པར་བརྟེན་ཏེ་འགྲོ་དགོས་པ་ཆགས་ཡོད་ཅིང་། ཐེངས་འདིར་ལྡི་ལིར་གནས་བཞུགས་ཀརྨ་དོན་འགྲུབ་དང་ཀརྨ་རབ་བརྟན་གཉིས་ཀྱིས་རླངས་འཁོར་ཞིག་བསྐོར་ཏེ་ཁོང་ལ་རོགས་རམ་བྱེད་ཀྱི་ཡོད་འདུག

ཤེས་རབ་ཚེ་རྡོར་ལགས་ཀྱིས་མིག་གཉིས་རས་ནག་གིས་བཏུམ་དོན་ནི། འཛམ་གླིང་གི་དབུ་ཁྲིད་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་མིག་ལྡན་ལོང་བའི་རྟུལ་ཞུགས་འཛིན་གྱི་ཡོད་པ་མཚོན་པར་བྱས་པ་ཞིག་ཡིན་འདུག་ལ། ལས་འགུལ་འདི་མཐའ་མ་ལྡི་ལི་ནས་མཇུག་བསྒྲིལ་ཏེ། ཁོང་གི་དགོས་འདུན་མང་ཚོགས་ཀྱི་མཚན་རྟགས་ལྡི་ལིའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་གཞུང་ཚབ་ཁང་ཁག རྒྱ་གར་གཞུང་བཅས་ལ་ཕུལ་རྗེས། རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་ཐོག་དྲང་བདེན་ལ་རྒྱབ་སྐྱོར་གྱི་མིག་ཕྱེ་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་འདུག

གསར་འགྱུར།

Post navigation

Previous Post: འཛིན་བཟུང་བཀག་གཉར་ཐེབས་པའི་ད་ལྟའི་བར་གྱི་ངའི་གནས་ཚུལ།
Next Post: མེ་ལྕེ་ལྷ་སར་མཆེད། རྒྱལ་ཚོགས་གང་དུ་ཡོད།

Comments (16) on “མིག་སྒྲིབ་རྒྱལ་དཀྲོགས་ལས་འགུལ་ས་གནས་ ༥༥ ནང་སྐྱོད་འདུག༼པར༽”

  1. ཨ་འདུས་མིག་ཆུ། says:
    2012-05-29 at 10:39 am

    དཔའ་བོ་འདི་གསལ་འགྱུར་བའི་མིག་ལམ་ན་ད་བར་མངོན་རྒྱུ་མ་བྱུང་ལ། ད་བར་གང་ན་ཡོད་པའི་གནས་ཚུལ་ཀྱང་མ་གོ་ཐལ། ཕྱིས་སུ་གསལ་འགྱུར་བརྒྱུད་བསྒྲགས་བྱེད་མཁན་གང་འདྲ་ཞིག་ཡིན་རུང་བོད་ཀྱི་དོན་དུ་དཀའ་ལས་བྱེད་བཞིན་པའི་དཔའ་བོ་དག་གི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་དབྱེ་འབྱེད་མེད་པའི་ཐོག་ནས་མང་ཚོགས་ལ་གསོལ་འདོན་བྱེད་པའི་རེ་བ་ཡོད། ཁོང་གིས་མིག་སྒྲིབ་པ་བཞིན་གསལ་འགོད་པ་དག་གིས་ཁོང་གི་ཕྱོགས་ལ་མིག་བསྒྲིབས་པ་ནི་ཆེས་ཐབས་སྐྱོ་བ་ཞིག་རེད། ངས་འདི་ལྟར་བརྗོད་པ་ནི་རང་ཉིད་ཀྱི་སྣང་ཚུལ་ཙམ་བཤད་པ་ལས་གལ་ཏེ་གསལ་འགོད་པ་དག་གིས་འདིའི་སྐོར་སྔོན་མ་ནས་མང་ཚོགས་ལ་ཐེངས་མང་བཤད་ཡོད་ན་དགོངས་དག་ཞུ།

  2. མེ་ཏོག་དཀར་པོ། says:
    2012-05-29 at 11:27 am

    དཔའ་བཟང་བུ་ཁྱོད་རྒྱལ་ལོ།།

  3. ཚ་ཕྲུག་རྒྱལ། says:
    2012-05-29 at 11:42 am

    ཤེས་རབ་ཚེ་རྡོ་ལགས་ཀྱིས་མིག་སྒྲིབ་ལས་འགུལ་གྱི་མཚོན་དོན་དེ་བཞིན་བོད་མི་དང་བོད་ཀྱི་གསར་འགོད་པ་དག་གིས་བྱེད་བབ་ཡང་མཚོན་ཐུབ། ཚེ་རྟེན་རྡོ་རྗེའི་མ་འུ་གསུམ་གྱིས་བོད་དོན་ལས་འགུལ་ལ། ཚོགས་སྐྱིད་ཁག་གིས་རོག་ཕན་དང་ལྷག་པར་དུ་དུས་བབ་དང་ཁ་བརྡ་སོགས་གསར་འགོད་པ་དག་གིས་ཉིན་རེའི་གནས་ཚུལ་གསར་སྤེལ་གནང་བར་གཞིགས་ན་ཤེས་ཚེ་ལགས་ཀྱིས་ལས་འགུལ་དེ་བོད་མིའི་སྤྱི་ཚོགས་སུ་མིག་སྒྲིབ་རང་གྱུར་ཡོད། ཤེས་རབ་ཚེ་རྡོ་ལགས། ཁྱེད་ནི་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚོད་བློས་བཏང་གནང་མཁན་དོན་དངོས་ཀྱི་བོད་ཀྱི་དཔལ་བོ་ངོ་མ་དེ་ཡིན་ལ། ཁྱེད་ནི་དུས་ནམ་ཡང་བོད་མིའི་སེམས་ཁམས་སུ་ཡོད་པའི་དཔལ་བོ་དེ་ཡང་ཡིན། མིང་གྲགས་དང་ཕྱོགས་ཞེན་ཅན་གྱིས་ཁྱེད་ལ་རྒྱབ་སྐྱོར་ཡོད་མེད་གང་ལྟར་ཡང་། ངེེད་བོད་མི་ཞིང་རྣམས་ཀྱིས་ཁྱེད་བརྗེད་མི་སྲིད་དོ། ཁྱེད་སྐུ་ཚེ་རིང་།

  4. མེ་ཏོག་དཀར་པོ། says:
    2012-05-29 at 12:06 pm

    Orissa དེང་དུས་ Odissa ལ་མིང་རྗེས་ཟིན།

  5. ཞོལ་ཕྲུག says:
    2012-05-29 at 12:36 pm

    ཤེས་རབ་ཚེ་རྡོར་ལགས་བོད་རིགས་ན་གཞོན་ཞིག་གིས་ད་བར་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་པར་རྗེས་སུ་ཡི་རངས་ཆེན་པོ་ཞུ་བཞིན་ཡོད། ང་ཚོས་ཁོང་གི་ལས་འགུལ་ལ་ས་གནས་ས་ཐོག་ནས་རྒྱབ་སྐྱོར་གནང་རོགས།
    ལྷག་པར་ཁོ་རང་གི་ལས་འགུལ་གྱི་གནས་ཚུལ་རྣམས་དུས་ནས་དུས་སུ་དྲ་རྒྱའི་གསར་ལམ་ཁག་ཏུ་བཀོད་ཐུབ་ན་དགེ་མཚན་ཆེ་བར་མངོན།།

  6. རང་འཚོལ། says:
    2012-05-29 at 12:38 pm

    མིག་སྒྲིབ་ཀྱི་ལས་འགུལ་དེའི་སྐོར་མཆན་འགོད་པ་ཁྱོད་ཀྱི་རྣ་བ་སྒྲིབ་མེད་ན་ནི་གནས་ཚུལ་དེ་ཟླ་བ་མང་པོའི་གོང་ནས་ཚང་མས་ཐོས་ཡོད།

  7. ནག་ཐར་སྐྱིད། says:
    2012-05-29 at 12:40 pm

    རྒྱབ་སྐྱོར་མེད་གི་སྐད་ཆ་ཁོ་རང་ཡོང་ས་འགྲོ་ནི་མ་རེད། འདི་བོད་སྤྱི་བའི་དོན་རེད། ལྷག་པར་དུ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་ས་དེ་བས་འགྲོ་ནི་མ་རེད། ཡིན་ནའང་མང་པོའི་འཆར་སྣང་དང་བསམ་གཞིགས་བྱེད་ཕྱོགས་སྣ་གཅིག་རང་ལ་གཏད་ཐབས་མེད་ཙང་། མིག་སྒྲིབ་གོམ་བགྲོད་འདི་ལ་མཚོན་དོན་གལ་ཆེན་ཡོད་ཀྱང་རྡ་སའི་རི་གཟར་ནས་ཟགས་འགྲོ་འང་བསམ་པའི་ཞེ་སྣང་དེ་སྐྱེས་སོང་། འདིའི་མཚོན་དོན་ཅི་ཡིན་ནམ།
    གང་ལྟར་མིག་བསྒྲིབས་གོམ་བགྲོད་རྒྱལ་ཁའི་ངང་མཇུག་སྒྲིལ་ལ་ཉེ་བའི་གསར་འགྱུར་གཞན་ཐོན་གི་རེད། དེ་ག་ནང་བཞིན་རྒྱལ་སྤྱིའི་ཁྲོད་ནས་ཤེད་ཤུགས་རེ་བསྐྱེད་ཐུབ་རྒྱུ་རེད། ཐུགས་རྗེ་ཆེ།

  8. མེ་ཏོག་དཀར་པོ། says:
    2012-05-29 at 12:46 pm

    ༼རྒྱབ་སྐྱོར་མེད་གི་སྐད་ཆ་ཁོ་རང་ཡོང་ས་འགྲོ་ནི་མ་རེད།༽ འདི་ལ་དཀའ་འགྲེལ་འདྲ་ཡོད་ན་མ་གཏོགས་གོ་ཐུབ་པ་མིན་འདུག

  9. རང་འཚོལ། says:
    2012-05-29 at 12:47 pm

    མིག་སྒྲིབ་བྱེད་བཞིན་བོད་མིའི་རྩ་དོན་ཆེད།
    རྒྱལ་ཁམས་སྐོར་ནས་གོམ་བགྲོད་འགྲོ་མཁན་དེ།
    མིག་ཟུང་རས་ཀྱིས་སྒྲིག་གིན་གར་སོང་ཡང་།
    ང་ཚོའི་མིག་དང་རྣ་བ་སྒྲིབ་མེད་པས།
    གནས་ཚུལ་མཐོང་ཐོས་བྱ་བའི་ཐབས་ལ་འབད།

  10. ལྷ་མོ་སྒྲོལ་མ་ says:
    2012-05-29 at 1:09 pm

    ཤེས་རབ་ཚེ་རྡིར་ལགས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ལྷག་བསམ་དང་སྙིང་སྟོབས་ཆེ་བསྐྱེད་ཀྱིས་གནང་བ་འདི་ནི་ཕན་ཐོག་ཆེ་ཞིང་དོན་འབྲས་ལྡན་ལ།་ དམིགས་དཔེ་འོས་པ་ཞིག་རེད་འདུག་པས་བསྔགས་བརྗོདསྙིང་དབུས་ནས་ཞུ་བ་དང་། ཆབ་གཅིག་སྤྱི་དོན་ཁ་ལ་ཁྱེར་ཏེ་རང་དོན་སྒྲུབས་ཁེན་ཕྱོགས་ཞེན་ཅན་རྣམས་དང་། ཆེད་དུ་བདེན་དོན་ནུས་མེད་བཟོ་ཁེན་གྱི་རྒྱ་ཡི་བཀའ་སྒྲུབས་པ་རྣམས་དང་། ཆབ་སྲིད་ཀྱི་ལྟ་བ་གླེན་ཞེན་ཅན་གྱི་ཚོགས་པ་དང་སྐྱིད་སྡུག་གང་ཟག་སྒེར་བཅས་ཀྱི་བར་བཅད་མ་གནང་རོགས་ཅེས་འབོད་སྐུར་སེམས་སྟེང་ནས་ཞུ་བཞིན་ཡོད།

  11. བཙན་བྱོལ་བ། says:
    2012-05-29 at 2:13 pm

    དུས་བབ་དང་ཁ་བརྡ་དྲ་རྒྱ་ནི་གླིང་ཚ་ཚེ་བརྟན་རྡོ་རྗེའི་གསར་འགྱུར་འགོད་རྒྱུར་བྲེལ་བས་ཤེས་རབ་ཚེ་རྡོར་ནི་དྲན་པའི་ཡུལ་ནས་བརྗེད་ཚར་འདུག །མ་གཞི། ཁོང་གཉིས་དྷ་ས་ནས་དུས་གཅིག་ཏུ་གོམ་བགྲོད་ཕྱིན་པ་རེད་དེ། ཤེས་ཚེ་ཁོང་། སྙིང་རྗེ། གསར་འགོད་པས་བདག་མེད་དུ་སྐྱུར་འདུག སྟབས་ཡག་ནས་ཉེ་ཆར་ཕ་ཡུལ་དྲ་རྒྱས་ཁོང་མོན་རྟ་དབང་ནས་རྙེད་ནས་གསར་འགྱུར་བཀོད་འདུག དེ་རིང་དུས་བབ་ཚང་གིས་ཨོ་རི་ས་ནས་རྙེད་འདུག ཁོ་བོའི་རྣམ་རྟོག་ལ་དྲི་བ་ཞིག་འཆར་བ་ནི། གསར་འགོད་པའི་མིག་ལམ་དུ་ཁོང་གཉིས་དབར་ལ་ཁྱད་པར་འབྱེད་དོན་ཅི།

  12. བསྟན་འཛིན། says:
    2012-05-29 at 7:53 pm

    ཚ་ཕྲུག་རྒྱལ་ལགས། ཁྱེད་ཀྱིས་དཔྱད་བརྗོད་ལ་ཡི་རང་ཡོད། བོད་མིའི་སྤྱི་ཚོགས་ཀྱི་བྱ་བ་དངོས་དང་འབྲེལ་བའི་དཔྱད་གཏམ་མང་པོ་དྲ་ཐོག་འདིར་སྤེལ་བར་ཐུགས་རྗེ་ཆེ་ཞུ། བོད་མིའི་གསར་འགོད་པ་དང་དཔྱད་གླེང་པ་དག་གིས་མིག་ཡ་གཅིག་དང་ཨ་ཆོག་ཡ་གཅིག། བསམ་བློ་ཕྱོགས་གཅིག་གིས་གསར་སྒྲགས་དང་གླེང་མོ་སོགས་ལ་ང་ཡིད་ཐང་ཆོད་སོང་།

  13. ལུང་རྟོགས། says:
    2012-05-29 at 11:52 pm

    ཁོང་གི་སྐོར་བཀོད་འདུག་ག ཆོ་མེད་པའི་བརྩོད་རྙོག་སློང་ནས་ཅི་བྱེད། བདག་མེད་ཀྱི་ཁ་དེ་ཚོ་ལ་བདག་པོ་ཅུང་རྒྱབ་ན་མི་ལེགས་སམ།

  14. བཙན་བྱོལ་བ། says:
    2012-05-30 at 6:57 am

    ཆོ་མིན་འདུག་མ་ལབ། གལ་སྲིད་མིག་དམར་ཁོང་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིན་ན། ཁྱོད་ཚོས་སྐྱོན་བརྗོད་རི་འདྲ་ཞིག་སྤུངས་ངེས་རེད། ཧཧཧཧ། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བར་མེ་ལོང་དགོས། ཟེར་བ་མ་རེད་དམ།

  15. གནམ says:
    2012-05-30 at 9:24 am

    ཤེས་རབ་གླིང་ཚ་གཉིས་ཀྱི་མི་འདྲ་ས།།
    ཤེས་རབ་ཁ་ཁུ་སིམ་པོས་བོད་དོན་ལས།།
    གླིང་ཚོས་རང་ཉིད་སྒྲོག་བཞིན་བོད་དོན་ལས།།
    གཉིས་ཆས་བོད་དོན་བསམ་ནས་སོ་སོར་ཞུགས།།

    རྒྱ་དར་ཅན་ལ་དབུ་མས་བདག་པོ་མཛད།།
    རྒྱ་དར་མེད་ལ་གཞོན་ནུས་བདག་པོ་མཛད།།
    རྒྱབ་རྩ་མཐུག་པོ་ཅན་གྱི་མི་བུ་གཉིས།།
    གང་གང་ས་ན་སྐུ་ངལ་མེད་པར་ཤོག།

  16. མེ་ཏོག་དཀར་པོ། says:
    2012-05-30 at 10:34 am

    གནམ་གྱིས། ཚིགས་བཅད་ཕྱི་མ་འདི་སྙན་པོ་འདྲ་ཞིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme