Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་ས་བ་གང་ན་ཡོད།

Posted on 2012-05-282012-06-01 By ཁ་བརྡ་ 18 Comments on ལྷ་ས་བ་གང་ན་ཡོད།

འབའ་སྲས།

བོད་ཀྱི་སྲིད་དབང་ལྷ་སའི་ཡུལ་ནས་བཙུགས།།
རྒྱལ་བོའི་ཕོ་བྲང་ལྷ་སའི་རི་ནས་བཞེངས།།
སྐུ་དྲག་བླ་བྲང་ལྷ་སའི་མཁར་ན་མང་།།
དེ་རིང་ལྷ་ས་བ་ཚོ་གང་དུ་བྲོས།།

སྲོང་བཙན་སྒམ་པོས་བཙན་མཁར་ལྷ་སར་བརྩིགས།།
ཁྲི་སྲོང་བཙན་པོས་ཆོས་སྒོ་ལྷ་སར་ཕྱེས།།
ཆོས་སྲིད་གཉིས་ཀྱི་བདག་པོ་ལྷ་ས་བ།།
དེ་རིང་ཡུལ་ཁམས་གང་དུ་བདེ་བར་བཞུགས།།

མི་ཡི་སྐེ་ལ་ལྕགས་ཀྱི་ཐག་པ་བསྐོན།།
སེན་མོའི་བར་ལ་སྨྱུག་མའི་འཛེར་མ་བརྡབས།།
སུས་ཀྱས་མི་ཐུབ་སྐུ་དྲག་མི་རྒོད་ཚོ།།
དེ་རིང་སྐོར་བྲོ་གང་ན་འཁྲབ་བསྡད་ཡོད།།

ཨམ་ཕྲུག་ཟེར་ནས་གཤེ་གཤེ་གང་མང་བཏང་།།
ཨོང་དོ་མེད་ཅེས་རྨེ་རྨེ་ཅི་ཡང་བྱས།།
མ་བྱས་དགུ་བྱས་བྱས་པའི་མཐའ་མ་དེར།།
ཁྱོད་ཀྱི་སྲོག་རྩ་ཆད་དེ་གང་ནས་ཤི།།

ཤིང་གིས་བཟོས་པའི་སེང་གེ་ངོ་མ་དེ།།
འཁྱག་པས་བཞེངས་པའི་ལྷ་སྐུ་ངོ་མ་དེ།།
ཁ་རྫིག་ནང་ཁམས་རུལ་བ་ངོ་མ་དེ།།
དེ་རིང་ང་ཡིས་ཤེས་སོང་ལྷ་ས་བ།།

མདོ་ཁམས་གཉིས་ནས་མཆེད་པའི་མེ་ལྕེ་དེ།།
དེ་རིང་ལྷ་སའི་ཇོ་བོའི་མདུན་ལ་བསླེབས།།
མདོ་དང་ཁམས་ནས་བསྲེགས་པའི་དུ་བ་དེས།།
ཁྱོད་ཀྱི་སྣ་ལ་དྲི་མ་ཅི་ཞིག་བསྐྱེལ།།

པོ་ཏ་ལ་ཡི་འདབས་ཀྱི་དབང་ཆེན་ཚོ།།
ཇོ་བོ་རྗེ་ཡི་མདུན་གྱི་ཆོས་བ་ཚོ།།
བར་སྐོར་ནང་དུ་འཁོར་བའི་མི་མང་ཚོ།།
ཁྱོད་ཚོ་ཚང་མ་དེ་རིང་གང་ན་ཡོད།།

བསྟན་པ་ཕྱི་དར་ཨ་མདོ་སྨད་ནས་གསོས།།
ཞི་བའི་འཐབ་རྩོད་མདོ་ཁམས་སྨད་ནས་བརྩམས།།
ཁྲག་རྒྱུན་དམར་པོ་རྨ་ཆུའི་ཁུག་ཏུ་འདྲེས།།
ཡར་ཀློང་གཙང་བོ་དེ་རིང་གང་དུ་བཞུར།།

ཁྲི་ཤོར་རྒྱལ་མོ་དེ་རིང་ལྷོག་ལྷོག་འཕྱུར།།
རྨ་འབྲུ་ཆུ་བོ་བཞུར་བའི་ལྷིང་སྒྲ་བསྒྲོགས།།
སྨད་ཀྱི་རྫ་ཆུ་བཞུར་བའི་ངང་རྒྱུད་རིང་།།
ལྷ་མོ་བླ་མཚོ་དེ་རིང་གང་ནས་སྐམ།།

ཙོང་ཁའི་རི་བོ་ནམ་ཡང་བརྟན་ཅིང་བརླིང་།།
ཨ་རྨྱེ་རྨ་ཆེན་རི་རྩེ་སྤྲིན་དུ་ཟུག །
གངས་རི་རིན་པོ་ཆེ་ཡི་རྩེ་མོ་དེ།།
སྤྲིན་པའི་གསེབ་ཏུ་མི་མཐོང་ཇི་ལྟར་ཉམས།།

གྱོང་ཞིག་ཡོད་ན་གཞན་ལ་སྟེར་བར་བྱ།།
ཁེ་ཞིག་ཡོད་ན་རང་གིས་ལེན་པར་བྱེད།།
ནག་ཚོང་དེ་འདྲ་མ་བརྒྱག་ལྷ་ས་བ།།
ང་ཚོ་ཚང་མ་གངས་ཅན་བོད་པ་རེད།།

སྙན་ངག

Post navigation

Previous Post: ཞི་བའི་འཐབ་རྩོད།
Next Post: པོ་ཡིས་ཧུའུ་ལ་གཡོན་ཕྱོགས་འགྲན་ཏེ་ཕམ་ཉེས་ཐེབས།

Comments (18) on “ལྷ་ས་བ་གང་ན་ཡོད།”

  1. གཙངས་རིགས says:
    2012-05-28 at 7:53 pm

    ཨོ་ཧོ་ཧོ་དེ་འདྲ་མ་གསུངས།

  2. སྐྱུ་རྩི་ནས། says:
    2012-05-28 at 7:54 pm

    བརྒྱ་བཅུ་དགུ་བཅུའི་ལོ་ལ་ལྷ་ས་ཡི།
    བར་སྐོར་ནང་དུ་དཔའ་རྒོད་སྟོང་ཕྲག་གིས།
    བསྟན་དགྲ་རྒྱ་ལ་་རྒོལ་བའི་ལོ་རྒྱུས་རྣམས།
    ཁྱོད་ཀྱི་མིག་རྣས་མ་ཚོར་ཡ་་རེ་མཚན།
    རྒྱ་རྒོལ་དང་པོ་ལྷ་སའི་ཡུལ་ཁྲོམ་དུ་དར།
    མདོ་དབུས་ཁམས་གསུམ་དབུས་གཙང་རུ་བཞི་ཡི།
    དཔའ་རྒོད་དཔུང་པ་འགྲན་ནས་རྒོལ་བ་ལས།
    ཆོལ་ཁ་ཆོས་ལུགས་འབྱེད་ནས་བཞུགས་པ་མེད།

  3. མགོན་པོ says:
    2012-05-28 at 8:02 pm

    མདོ་ཁམས་གཉིས་པོ་ཨ་རིག་གླེན་པའི་བུ།

  4. འབའ་སྲས། says:
    2012-05-28 at 8:31 pm

    གནའ་བོའི་ལོ་རྒྱུས་དེ་རིང་བཤད་ཀི་མེད།།
    བརྒྱད་ཅུ་དགུ་བཅུ་དེ་རིང་བརྩི་གི་མེད།།
    ན་ནིང་ད་ལོ་འབར་བའི་མེ་ལྕེའི་ནང་།།
    ལྷ་སའི་རུས་པའི་ཐབ་བ་ཡོད་དམ་མེད།།

    ཆོལ་ཁའི་མིང་གི་མ་འབོད་མཆན་འབྲི་བ།།
    ང་ཡི་འདི་ན་བོས་པ་ཅི་ཡང་མེད།།
    ཁ་སང་དེ་རིང་དངོས་ཡོད་གནས་ཚུལ་ཞིག །
    ཁ་གསལ་གཏིང་གསལ་བྱས་པ་ཙམ་ལས་མེད།།

  5. བཙན་པོའི་བུ། says:
    2012-05-28 at 8:34 pm

    ཁྱེོད་རང་གི་སྨྱུག་ཁ་དེ་དང་པོ་ཁྱོད་རང་ལ་གཏོད་དང་། ཁྱོེད་རང་གིས་གཞན་ལ་སྐྱོན་བརྗོད་ཐུབ་སར་ཁྱོེད་རང་མདུན་མཆོངས་བྱེད་མ་ཐུབ་པ་གང་རེད། ལོ་རབས་་དྲུག་ཅུ་གཡས་གཡོན་དུ་སྙེ་མོ་ནས་མཆེད་པའི་དཔའ་བོའི་ཞི་རྒོལ་དང་ལོ་རབས་བརྒྱད་ཅུ་པའི་ལྷ་ས་གཙོ་གྱུར་གྱི་དབུས་གཙང་ཁུལ་གྱི་མི་རིགས་རྟོགས་སད་ཀྱི་ཞི་རྒོལ་ཆེན་མོ་དེ་རིགས་ཁྱོད་རང་གིས་ཤེས་མ་སོང་ངམ། གྲོགས་པོ། ད་ལྟའི་དུས་ཚོད་འདི་ཆོལ་ཁའི་འཐེན་འཁྱེར་གྱི་འཐན་སྐད་སྒྲོགས་པའི་དུས་མ་རེད།

  6. མགོན་པོ says:
    2012-05-28 at 8:37 pm

    མདོ་ཁམས་གཉིས་ན་གླེན་པ་མང་དྲག་པས།
    རང་ལུས་རིན་ཆེན་ཕངས་མེད་མེ་ལ་བསྲགས།
    དབུས་གཙང་པ་ཡིས་གོ་སྐབས་ཟིན་པ་ལས།
    ཕམས་ཚོང་འདི་འདྲ་བརྒྱབ་ན་དགོས་པ་ཆུང་ངོ་།

  7. བཙན་པོའི་བུ། says:
    2012-05-28 at 9:08 pm

    གནའ་བོའི་ལོ་རྒྱུས་དེ་རིང་འབྲེལ་བ་ཡོད།
    བརྒྱད་ཅུ་དགུ་བཅུ་དེ་རིང་བརྩི་ལོས་དགོས།
    ན་ནིང་ད་ལོ་འབར་བའི་མེ་ལྕེ་ཡང་།
    གནའ་བོའི་ལོ་རྒྱུས་ཤིག་དང་འབྲེལ་ནས་ཡོད།

    དངོས་ཡོད་གནས་ཚུལ་བརྗོད་ལུགས་འདི་ལྟར་མིན།
    ཆོལ་ཁའི་འཐེན་ཁྱེར་སྤོང་ལུགས་འདི་ལྟར་མིན།
    ཁ་གསལ་གཏིང་གསལ་ཡིན་པའི་གནས་ལུགས་ཤིག།
    བརྗོད་པའི་ལུགས་ནི་འདི་ལྟར་དེ་བས་མིན།

  8. གནམ says:
    2012-05-28 at 9:22 pm

    འབའ་སྲས་འབའ་བའི་འབའ་སྒྲ་དེ་ལ།།
    གླེན་པ་ལུག་གི་སྐྱོན་ཞིག་འདུག།
    རྒྱ་ས་འཛིན་པའི་མི་ཞིག་དགོས་ན།།
    ལྷ་སའི་སྐུ་ངོ་བཞུགས་ན་ལེགས།།

    གང་ཅན་དཔའ་བོར་ཕངས་སེམས་ཡོད་ན།།
    ལས་འདིར་ཞུགས་པར་མ་སྐུལ་རོགས།།
    ཆོད་སེམས་ཡོད་པའི་དཔའ་བོ་འདི་ཚོའི།།
    ལས་འདི་ཕམ་ཚོང་མ་དགོངས་རོགས།།

  9. གཙན་ནག་པ། says:
    2012-05-28 at 9:30 pm

    སྔར་གྱིས་བྱས་རྗེས་ནག་སུབ་གཏོང་བ་དང་།
    ད་ལྟའི་བྱས་རྗེས་ནམ་མཁར་ཕྱར་བ་གཉིས།
    རང་བློའི་ཕྱོགས་འཛིན་ལྟ་བ་ནག་པོ་ཞིག
    བོད་ཀྱི་བདེན་པའི་དོན་ལ་ཕན་མི་སྲིད།

  10. ལོ་མ་ལྗང་ཁུ་། says:
    2012-05-28 at 9:36 pm

    ཀོ་བ་རློན་པ་ལྟ་བའི་གུང་ཁྲན་ཁྲིམས་།
    རིང་ནས་ལྷ་སའི་མགོ་བོ་བསྡམས་དྲགས་པས་།
    ལྷ་སའི་དཔའ་བོ་དཔའ་མོ་གྲོངས་ནས་ཚར་།
    ཤུལ་དུ་ལྷག་པའི་དབུས་གཙང་མགོ་བདེ་བས་།
    དངུལ་ལོ་རོགས་ན་རང་གི་ཕ་ཡང་བཙོང་།

  11. སྲིན་པོ་རྫ་རྒན། says:
    2012-05-28 at 10:05 pm

    ལྕགས་མཁར་སྒོ་མེད་ལྟ་བུའི་ལྷ་ས་ནས།།
    རང་ལུས་མེར་བསྲེག་བཏང་བ་བཟང་མོད་ཀྱང་།།
    བསྟོད་སྨད་ཚིག་གི་མདའ་མདུང་གྲི་གསུམ་གྱིས།།
    མཐུན་ལམ་ཐག་པ་གཅོད་སེམས་སྙིང་ལ་གཟན།།

    བརྡ་ནོར་ཡིག་ནོར་འབྲི་བའི་སྤོབས་པ་འདི།།
    ཨ་མདོ་བ་ཡི་ཁྱད་ཆོས་ཡིན་འདྲ་བས།།
    རིག་གཞུང་གསེར་གྱི་རི་ལ་ཡིག་ནོར་གྱི།།
    རྨ་ཁ་བཟོ་བ་མཚམས་འཇོག་ཡོད་ན་བཟང་།།

    ལྷ་སའི་གླིང་འདི་མདོ་དབུས་ཁམས་གསུམ་མི།།
    ཁྱིམ་ཚང་གཅིག་ཏུ་འདུས་འདྲའི་གཞི་ཡིན་ན།།
    དེ་དེར་དབུས་པ་ཁམས་པའི་དབྱེ་སྟངས་ཀྱིས།།
    བསྟོད་སྨད་རི་མོ་འདེབས་པ་མཚང་དུ་མཐོང་།།

    འོ་ན་ཨ་མདོ་རྔ་པ་རེབ་གོང་ནས།།
    མེར་བསྲེགས་དུ་བ་དགུང་དུ་འཕྱུར་ཐེངས་རེར།།
    མང་འབའ་བྱ་གསུམ་ཟེར་བའི་ལུང་པ་ནས།།
    གསུར་དྲི་འཐུལ་ལམ་དྲིས་ན་ལན་ཅི་ཡོད།།

    ཁ་ཙམ་འགུལ་དང་ལག་ཙམ་འགུལ་བ་ཙམ།།
    དེང་གི་ཡི་གེ་བ་དག་ཚང་མས་ཤེས།།
    ཉེ་རྒྱང་ཕན་དགེའི་རི་མོ་གྱ་ཚོམ་དུ།།
    དཀྲུག་པའི་ལས་སུ་ཞུགས་ལ་དགེ་མ་མཐོང་།།

    གཅན་ཚ་བ་སྲིན་པོ་རྫ་རྒན་གྱིས།

  12. འདྲེ་རིག་ལྡན། says:
    2012-05-28 at 10:05 pm

    ལྷ་ས་ལྷ་ཡུལ་འདྲ་བ་ཁྲག་གིས་ཁེངས།
    མི་བུ་ལྷ་ཕྲུག་འདྲ་བ་ཡི་དྭགས་བསྒྱུར།
    གྲ་བཞིའི་བཙོན་ཁང་ནང་གི་བར་སྣང་ན།
    བཙན་པོའི་སྙིང་སྟོབས་དགུང་ལ་འཕྱོ་བཞིན་འདུག

    རང་ལུས་མེ་ལ་བསྲེགས་པ་དཔའ་བོ་དང་།
    མ་བསྲེགས་རིགས་ཞེན་མེད་པར་གོ་བ་མིན།
    ཆབ་སྲིད་གཡུལ་གྱི་འཐབ་རྭར་རྒྱལ་དགོས་ན།
    མ་ཤི་གསོན་པོར་འཚོ་རྒྱུ་དང་པོ་ཡིན།

    ལྷ་ས་ལྷ་ས་མ་ཟེར་རིགས་ཀྱི་བུ།
    མགོ་བདེ་དྲན་འཕྲུལ་ཅན་གྱི་མགོ་གཉིས་མ།
    ཆོལ་ཁ་ལུང་ཚན་གང་ནའང་མཐོང་རྒྱུ་ཡོད།
    བཙན་བྱོལ་ཡུལ་ལ་ལྟོས་དང་གསལ་པོ་རེད།

    དགྲ་དམར་མདུན་ནས་རྒྱལ་ཁ་ཐོབ་དགོས་ན།
    ཐབས་མཁས་སྦྱང་གྲུང་འཛོམས་དགོས་རིགས་ཀྱི་བུ།
    རང་བསྲེགས་བྱེད་པ་བླ་མེད་སྙིང་སྟོབས་རུ།
    འབོད་པ་འདི་ཡང་བཟང་ངན་བཤད་པར་དཀའ།

    རང་དབང་རང་བཙན་རྩོད་པ་གསོན་པའི་ཆེད།
    མཐུན་སྒྲིལ་སྟོབས་ཤུགས་གླེང་བའང་གསོན་པའི་ཆེད།
    མི་རིགས་སྐད་ཡིག་གླེང་བའང་གསོན་པའི་ཆེད།
    གསོན་པའི་ཆེད་དུ་འཆི་བ་རུང་ངམ་ཀྱེ།

  13. རང་འཚོལ། says:
    2012-05-28 at 10:05 pm

    མི་སྒེར་མཁས་པར་རློམ་པ་མགའ་ཞིག་གིས། དོན་མེད་ཆོལ་ཁའི་ཕྱོགས་རིས་འབའ་བྱས་ཏེ། མི་རིགས་འཐབ་རྩོད་གླེང་བའི་ཁུལ་བྱས་ཀྱང་། ཉ་མོ་བསད་ནས་ཁྱི་ལ་སྦྱིན་པ་ལྟར། གཅིག་ལ་ཕན་ཡང་གཞན་ལ་གནོད་བྱས་པས། ཁ་བྱང་མེད་པའི་གཏམ་རྙོག་འདི་འདྲའི་རིགས། མི་སྨྲ་སིམ་པོར་བསྡད་ན་རྩོད་གླེང་ཉུང་།

  14. སྐྱུ་རྩི་ནས། says:
    2012-05-28 at 10:38 pm

    རྨ་ཆུ་རྫ་ཆུ་་དགྲ་བོའི་ཕྱོགས་སུ་རྒྱུགས།
    ཀླ་ཀློ་དམར་པོའི་སྐོམ་ནད་གདུང་བ་སེལ།
    ཡར་ལུང་གཙང་པོ་ལྷོ་ཡི་ཕྱོགས་སུ་འབབ།
    ཤར་ཕྱོགས་ཀླ་ཀློར་དགོས་ཀྱང་སྤྱོད་དབང་་མེད།
    གནའ་བོའི་ལོ་རྒྱུས་མགོ་བོའི་རྒྱབ་ཏུ་སྐྱུར།
    ད་ལྟ་འབྱུང་བ་སྤྱི་བོའི་གཙུག་ཏུ་བཀུར།
    འོ་ན་སོ་སོའི་ཕ་ཡང་ཁྱེད་རང་ལས།
    སྔོན་དུ་བྱུང་བས་དེ་རིང་མི་རྩི་འམ།

  15. རྒྱལ་མཚན་ says:
    2012-05-28 at 10:59 pm

    འབའ་སྲས་ལོང་བས་ནང་དཀྲུགས་ཚིག་ངན་སྤེལ།
    ཀླད་པ་ལྗང་གུས་དགུང་སྔོན་དབྱིངས་སུ་བཏེགས།
    བསམ་བློའི་གཞི་རྩ་དམན་པའི་ཆབ་སྲིད་པ།
    དེང་གི་བཙན་བྱོལ་ཁྲོད་ན་མང་པོར་སྣང་།

  16. ལུང་རྟོགས། says:
    2012-05-28 at 11:08 pm

    རང་ལུས་རང་གོས་བསྲེགས་པའི་དཔའ་བོ་རྣམས།།
    གསོན་པ་རླབས་ཆེ་འཆི་བ་གཟི་བརྗིད་ཆེ།།
    རང་དབང་གཞན་ལ་འབུལ་བའི་སྡར་མ་རྣམས།།
    གསོན་པ་དོན་མེད་འཆི་བ་ཁྱི་དང་མཚུངས།།

  17. ལུང་རྟོགས། says:
    2012-05-28 at 11:09 pm

    རང་གིས་ཞེས་བཅོས

  18. མེ་ཏོག་དཀར་པོ། says:
    2012-05-28 at 11:58 pm

    བོད་མི་བཞི་བཅུར་ཉེ་བས་རང་ལུས་སྲེག །
    གྲངས་ཀས་རྩིས་ཀྱི་མི་ལངས་སྡུག་གིས་མནར། །
    དེས་ན་འབའ་སྲས་ཁྱོད་ལུས་མི་སྲེག་པ། །
    ལྷ་ས་བ་ཡིས་བཀག་འགོག་བྱས་སོང་ངམ། །

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme