Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇོ་ཁང་མདུན་དུ་རང་ལུས་མེར་བསྲེགས།

Posted on 2012-05-272012-06-01 By ཁ་བརྡ་ 12 Comments on ཇོ་ཁང་མདུན་དུ་རང་ལུས་མེར་བསྲེགས།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་ནས་བླངས།

ཕྱི་ཟླ་༥ཚེས་༢༧རེས་གཟའ་ཉི་མའི་ཉིན་དགུང་ཆུ་ཚོད་༣་ཡོལ་ཙམ་ལ་ལྷ་སའི་ཇོ་ཁང་མདུན་དུ་བོད་མི་གཞོན་སྐྱེས་གཉིས་ནས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་དང།དེ་མ་ཐག་རྒྱ་གཞུང་གི་དམག་དཔུང་དང་ཉེན་རྟོག་པས་ཁོང་གཉིས་ཀྱི་ལུས་ལ་མེ་ཤུགས་ཆེ་འབར་བཞིན་པ་དེ་བསད་དེ་འཛིན་བཟུང་བྱས་པ་མ་ཟད།གཡས་གཡོན་གྱི་མི་མང་དང་ཡུལ་སྐོར་བ་ཚང་མ་ཟུར་བཀག་ཐོག་གནས་ཚུལ་དངོས་བྱུང་སར་མི་གཅིག་ཀྱང་གཏོང་གི་མི་འདུགདེ་རྗེས་སྐར་མ་༡༥ཙམ་གྱི་རིང་ལ་གནས་ཚུལ་བྱུང་ཡུལ་དུ་གཙང་སེལ་བྱས་ནས་དེ་ཁུལ་དུ་གནས་ཚུལ་གང་ཡང་ལྷག་མེད་པ་ལྟ་བུ་བཟོས་པ་དང་།སྐོར་བ་འགྲོ་མི་སོགས་སྔར་རྒྱུན་བཞིན་འགྲོ་རུ་བཅུག་པ་མ་ཟད་བར་སྐོར་རྒྱུད་ཀྱི་ཁྲོམ་སྟེག་དང་ཚོང་ཁང་ཁག་སྒོ་བརྒྱབ་མི་ཆོག་པའི་བཙན་བཀའ་བཏང་འདུག།ཕྱི་དྲོ་གཙུག་ལག་ཁང་དུ་གནས་གཟིགས་ལ་ཕེབས་ཟིན་པའི་ཡུལ་སྐོར་བ་ཕྱིར་ཐོན་སྐབས་པར་ཆས་དང་ཁ་པར་ཚང་མ་གཤེར་བཞིན་ཡོད་པ་དང་བར་སྐོར་ཁུལ་དུ་ཁ་པར་དང་དྲྭ་རྒྱ་ཚང་མ་བཀག་ཡོད་པའི་གནས་ཚུལ་འདུག།

གསར་འགྱུར།

Post navigation

Previous Post: སང་ཉིན་ནས་ང་རང་དྲ་ལམ་ཉུལ་བའི་གོ་སྐབས་མེད།
Next Post: སྐྱབས་ཆེན་བདེ་གྲོལ་ལགས་སུ་མི་རབས་གསུམ་པ་དང་བོད་ཀྱི་དེང་རབས་རྩོམ་རིག་སྐོར་གྱི་བཅར་འདྲི།

Comments (12) on “ཇོ་ཁང་མདུན་དུ་རང་ལུས་མེར་བསྲེགས།”

  1. བསྟན་འཛིན་ says:
    2012-05-27 at 9:41 pm

    ཨོྃ་མ་ཎི་པདྨེ་ཧཱུྃ། གཉིས་ཀ་ཨ་མདོ་ནས་རེད་ཟེར་གྱིན་འདུག

  2. བསྟན་འཛིན་ says:
    2012-05-27 at 9:45 pm

    མི་གཅིག་ནི་ཨ་མདོ་འབོ་རའི་ཡིན་ལ་གཅིག་ནི་ཨ་མདོ་མགོ་ལོག་གི་རེད་ཟེར།

  3. བསོད་ནམས། says:
    2012-05-27 at 10:48 pm

    གནས་ཚུལ་གསར་སྤེལ་བྱས་པར་ཐུགས་རྗེ་ཆེ་ཞུ།
    གཅིག་ཨ་མདོ་མགོ་ལོག་གི་མ་རེད་ཨ་མདོ་རྔ་བ་ནས་རེད། གསར་ལམ་ཁག་དུ་འདྲ་མིན་བགོད་འདུག ང་ཚོས་འདི་ན་ད་ལྟ་གནས་ཚུལ་དངིའ་འཚོལ་བཞིན་པའི་སྒང་ཡིན། གང་ཙམ་ཤེས་ཀྱིན་འདུག་ལ་ད་དུང་པར་དང་གསལ་བོ་ལེན་བཞིན་ཡོད། འབྲེལ་བ་བྱེད་འདིད་མཁན་ཚོས་༩༩༠༠༩༧༡༩༣༡

  4. kawa says:
    2012-05-27 at 11:25 pm

    ལྷ་ས་རུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག
    two Tibetan self-immolated in Lhasa
    གཅིག་ནས་འབོ་ར་ནས་ཡིན་ཞིང་རང་ལོ་༡༩ཙམ་རེད་འདུག་ལ། བོད་མི་གཞན་དེ་ནི་ཨ་མདོ་རྔ་བ་ནས་རེད་འདུག ཁོ་གཉིས་ནི་ལྷ་སའི་ས་ཁང་ཞིག་ཏུ་ལས་ཀ་མཉམ་དུ་བྱེད་ཀྱིན་ཡོད་པ་དང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་གྲོགས་པོ་ཡག་པོ་ཡིན་པ་མ་ཟད། ཡང་ད་ལྟ་ཁོ་གཉིས་ཀྱི་སུ་འདས་གྲོངས་སུ་ཕྱིན་ཡོད་མེད་དང་སུས་བཙན་ཁྲིད་བྱས་ཡོད་པ་སོགས་ཀྱི་གནས་སྟངས་ཤེས་གསལ་བོ་ཤེས་ཐུབ་ཀྱི་མི་འདུག
    https://www.facebook.com/tsering.kyi.5

  5. kawa says:
    2012-05-27 at 11:26 pm

    ལྷ་ས་རུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུགtwo Tibetan self-immolated in Lhasa
    དེ་རིང་ཞོགས་པ་འདི་ཀ་ཨ་མེ་རི་ཀའི་བོད་སྐད་རླུང་འཕྲིན་ལ་བོད་ནང་ནས་ཐད་ཀར་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་དྲོ་ཆུ་ཚོད་གཉིས་པ་ཙམ་གྱི་གཡས་གཡོན་དུ་ལྷ་སའི་གཙུག་ལག་ཁང་གི་ཐང་ཆེན་དུ། བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་།
    མི་གཅིག་གི་ལུས་ལ་མེ་ལྕེ་ཆེན་པོ་མཆེད་དེ་དེ་མ་ཐག་འདས་གྲོངས་སུ་ཕྱིན་པ་དང་གཅིག་དེ་འདས་གྲོངས་སུ་ཕྱིན་མེད་པར་ཉེན་རྟོག་པས་བཙན་ཁྲིད་བྱེད་ཡོད་འདུག
    གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན། དོན་རྐྱེན་བྱུང་ས་ནས་དངོས་སུ་མཐོང་མཁན་གྱི་བོད་མི་ཞིག་གིས་འདྲ་པར་བླངས་ཡོད་ཀྱང་ད་ལྟ་ལྷ་སའི་ཕྱོགས་ནས་ཁ་པར་དང་ཀློག་ཀླད་དུ་འདྲ་པར་དང་བརྙན་པར་གཅིག་ཀྱང་སྐུར་ཐུབ་ཀྱིན་མེད་པས་གནས་ཚུལ་ཁ་གསལ་ཕྱི་ལ་སླེབ་ཐུབ་ཀྱིན་མེད་པ་དང་ལྷག་པར་དུ་ལྷ་སའི་ཁུལ་དུ་ས་ག་ཟླ་བ་དང་སྟབས་བསྟུན་ནས་དམ་དྲག་སྔར་ལས་ཆེན་པོ་བྱེད་ཡོད་འདུག
    དེ་བཞིན་རྒྱནག་ནང་གི་ཝིས་པོ་དྲ་ཚིགས་སྒང་དུ། བོད་མི་ཞིག་གིས། ལྷ་སའི་གཙུག་ལག་ཁང་གི་སྒོ་མདུན་གྱི་དོན་རྐྱེན་དེ་ཞེས་ཚིག་རྔ་མ་བྲིས་པར་མིག་ཆུ་བཞུར་བཞིན་པའི་འགུལ་རིས་ཤིག་བཞག་ཡོད་པ་དང་། དེ་བཞིན་ཝིས་པོ་སྒང་གི་གླེང་མོལ་སྟེགས་བུ་རུ། བོད་མི་ཚོས་ལྷ་ས་རུ་དེ་རིང་དོན་རྐྱེན་བྱུང་བ་བདེན་པ་ཡིན་ཡང་ལྷ་སར་འབྲེལ་བ་བྱ་ཐུབ་ཀྱིན་མི་འདུག་ཅེས་ཁ་གཅིག་གྲགས་བྱེད་ཀྱིན་འདུག
    ཡང་བོད་མི་ཞིག་གིས་འདི་ཀ་རླུང་འཕྲིན་ཁང་ལ་ཡི་གེ་སྐུར་ཡོད་པའི་ནང་དུ། ༢༠༡༢ ལོ་ཟླ་༥ ཚེས་༢༥ སྟེ་དེ་རིང་གི་ཕྱོ་དྲོ་དུས་ཚོད་གཉིས་པའི་ཐོག ལྷ་སའི་གཙུག་ལག་ཁང་གི་སྒོ་དྲུང་དུ། གྲྭ་བཙུན་གཉིས་ཀྱིས་རང་རིགས་ཆོས་རིག་དང་བཅས་པའི་ཆེད་དུ་སྐུ་ལུས་མེ་སྲེག་བཏང་སྟེ་ཞི་རྒོལ་བྱེད་འདུག་ཟེར། མི་གཅིག་དེ་འདས་གྲོངས་སོང་ཚར་འདུག གཅིག་དེ་འདས་མ་ཐུབ་པར་ཉེས་རྟོག་པས་འཛིན་གཟུང་བྱས་སོང་། ཁོ་གཉིས་ཀྱི་ཕ་ཡུལ་གང་ཡིན་དང ་མཚན་ཅི་བཏགས་སུས་ཀྱང་ཧ་གོ་མེད་པར་མ་ཟད། གནས་ཚུལ་འདི་ད་དུང་མི་མང་པོས་ཤེས་ཚོར་བྱུང་མི་འདུག་པས་ཆེས་ཡིད་སྐྱོ་བའི་གནས་སོ། ཞེས་བྲིས་འདུག་ལ། ཡང་བོད་མི་ཞིག་གིས་ང་ཚོ་ལ་ངག་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱེད་དོན་ལ།

    རང་ལུས་མེར་བསྲེགས་གཏོང་མཁན་གཉིས་ཀྱི་ཁྲོད་ནས་གཅིག་ནི་བོད་མདོ་སྨད་བླ་བྲང་འབོ་ར་ས་ཁུལ་གྱི་སྤུས་ལུང་སྡེ་བ་ནས་ཡིན་ཞིང་།མིང་ལ་ཚེ་བརྟན་ཞུ་གིན་ཡོད་པ་དང་། ཁོང་གིས་ལྷ་ས་རུ་ཇ་ཁང་ཞིག་ཏུ་ཕྱག་ལས་གནང་གིན་ཡོད་འདུག ད་ལྟ་རང་ལོ་༢༡གཡས་གཡོན་ཙམ་ཡིན་འདུག ཡིན་ན་ཡང་བོད་མི་གཞན་དེའི་མཚན་དང་ཕ་ཡུལ་སོགས་ད་ལྟ་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེད།
    ཡང་རྒྱལ་སྤྱིའི་རྒྱུགས་ཆེ་བའི་twitter དྲ་རྒྱ་སོགས་སུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ལྷ་ས་རུ་དོན་རྐྱེན་བྱུང་བ་བདེན་པ་ཡིན་ཡང་། དོན་རྐྱེན་ཅི་བྱུང་དང་གནས་སྟངས་ཅི་ཡིན་ཁ་གསལ་མེད་པས། twitterསྒང་དུ་བོད་དོན་ཐད་དོ་སྣང་བྱེད་མཁན་ཚོས་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཡང་ད་ལྟའི་མི་སུ་ལ་ཡང་ལྷ་སའི་ཡུལ་མི་དང་ཐད་ཀར་འབྲེལ་བ་བྱེད་མ་ཐུབ་པ་དང་ཡང་གནས་ཚུལ་ཁ་གསལ་ཞིག་རག་གི་མེད་པ་རེད།
    དེ་བཞིན་དེ་རིང་ཞོགས་པ་འདི་ཀ་རླུང་འཕྲིན་ཁང་ནས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནང་ཁང་ལ་ལྷ་སའི་དམ་དྲག་གི་གནད་དོན་ཐད་ལ་བཀའ་འདྲི་ཞུས་སྐབས། འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་གྱིས་རྒྱལ་ས་ལྷ་སའི་ཁུལ་དུ་ས་ག་ཟླ་བ་དང་སྟབས་བསྟུན་ནས་སྔར་ལས་ཀྱང་དམ་དྲག་ཆེ་རུ་བཏང་ཏེ་བོད་མི་ཚོས་རྒྱུན་ལྡན་ཆོས་ཀྱི་བྱེད་སྒོ་ཁག་སྤེལ་བར་ཡང་དཀའ་ངལ་མང་པོ་འཕྲད་ཀྱིན་པ་ངོ་སྤྲོད་ཞུས་སོང་།
    ཡང་ཕ་ཡུལ་དྲ་ཚིགས་སུ་གནས་ཚུལ་སྤེལ་བའི་ནང་དུ་ཡང་། གནས་ཚུལ་མཁོ་སྤྲོད་པ་ཞིག་ལ་དེ་རིང་ལྷ་ས་རུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བའི་གནས་ཚུལ་བོད་ནས་ཐད་ཀར་གནས་ཚུལ་འབྱོར་ཡོད་པ་གསལ་བོར་བྲིས་འདུག་ལ། དེ་བཞིན་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པའི་ཚོགས་གཙོ་ཟུར་བ་ངགདབང་འོད་འབར་ལ་ཡང་བོད་ནས་གནས་ཚུལ་འབྱོར་བའི་ནང་དུ་རྒྱལ་ས་ལྷ་ས་ནས་དེ་རིང་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བ་གནས་ཚུལ་ར་སྤྲོད་བྱུང་ཡོད་འདུག
    ད་ལྟའི་ཆར་ལྷ་སའི་ཕྱོགས་ཀྱི་ཕྱི་འབྲེལ་རྒྱུད་ལམ་བཀག་འགོག་བྱེད་དེ་གནས་ཚུལ་གང་ཡང་རག་ཐུབ་ཀྱིན་མེད་ཀྱང་། རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་དང་པེ་ཅིན་སོགས་སུ་ཡོད་པའི་བོད་མི་ཚོས་གནས་ཚུལ་རྒྱུས་ལོན་བྱེད་དེ་ད་ལྟ་མུ་མཐུད་ནས་དྲ་རྒྱའི་གླེང་སྟེགས་སོགས་སུ་གནས་ཚུལ་སྤེལ་གྱིན་འདུག
    སྤྱི་ལོ་༢༠༠༩ལོ་ནས་བོད་མདོ་སྨད་རྔ་བ་ཀི་རྟི་དགོན་པའི་དགེ་མདུན་པ་བཀྲ་བྷེ་ལགས་ཀྱིས། རང་ལུས་མེར་བསྲེགསབཏང་ཏེ་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་བྱུང་བ་ནས་ད་ལྟའི་བར་དུ་བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་༣༥་བྱུང་ཡོད་ལ། དེའི་ནང་དུ་གྲྭ་བཙུན། མི་སྐྱ། བུད་མེད། སློབ་མ་སོགས་ཚུད་ཡོད་པ་རེད།

  6. མཚོ་ནག says:
    2012-05-27 at 11:27 pm

    འདིའི་སྐད་ཆ་འདི་ཚོ་ཕྲུག་གུའི་རྩེད་མོ་ལྟར་མ་རེད་ད། གནས་ཚུལ་ཁུང་སྐྱེལ་བྱེད་རྒྱུ་མེད་ན་གང་བྱུང་མ་གཏོང་རོགས་གྱིས།

  7. kawa says:
    2012-05-27 at 11:28 pm

    གོང་གི་གནས་ཚུལ་འདི། མཛེས་མ་Tsering Kyi ཀྱི་ངོ་དེབ་ནས་བླངས་པ་ཡིན། འབོ་ར་ནས་ཡིན་པ་དེ་རང་ལོ་༡༩ཙམ་རེད་འདུག་ལ་བོད་མི་གཞན་དེ་ནི་ཨ་མདོ་རྔ་བ་ནས་རེད་འདུག ཁོ་གཉིས་ནི་ལྷ་སའི་ས་ཁང་ཞིག་ཏུ་ལས་ཀ་མཉམ་དུ་བྱེད་ཀྱིན་ཡོད་པ་དང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་གྲོགས་པོ་ཡག་པོ་ཡིན་པ་མ་ཟད། ཡང་ད་ལྟ་ཁོ་གཉིས་ཀྱི་སུ་འདས་གྲོངས་སུ་ཕྱིན་ཡོད་པ་སུ་བཙན་ཁྲིད་བྱེད་ཡོད་པ་སོགས་ཀྱི་གནས་སྟངས་ཤེས་ཀྱིན་མི་འདུག་ཅེས་མཛེས་མ་ཚེ་རིང་སྐྱིད་ཀྱིས་བཤད་འདུག
    མོའི་ངོ་དེབ་ཁ་བྱང་འདི་རེད། https://www.facebook.com/tsering.kyi.5

  8. གནམ says:
    2012-05-27 at 11:41 pm

    ཨ་ཤི་རེ་ཁེར་རོ། ཤི་དགོས་ནོ་གཅིག་པ་རེད། འབར་རྫས་་་་་་་
    རྒྱ་སྐྱག་དེ་ཚོ་ལ་སྐྱག་ཞིག་ཕུད་ཡོད་ན། ཚེ་རྡོ་སྲོག་རྡོ་བྱས་ནས་ང་ཚོའི་ཡུལ་ནས་གནས་ཞིག་བཙལ་ནས་འདུག་ཨེ་ཐུབ་ན། རྒྱ་སྐྱག་རེད་ཁྱི་སྐྱག་ལ་རྔ་མ་ཞིག་ཡོད་ནི་མ་རེད་ཟེར་ནས་སྔོན་མ་ཚོའི་ཁ་ནས་མང་པོ་གོ་མྱོང་ཡ།
    དཔའ་བོའི་གྲངས་ཀ་རྩི་རྒྱུར་དགའ་རེད། དཔའ་བོའི་གྲངས་ཀ་ཤོར་དུས་སྐྱོ་གི་ཡ། དམག་དཔོན་མེད་ལ་ཆོས་དཔོན་ཡོད་ན་ད་འདི་མོ་ཞིག་ལོས་ཡིན།

  9. རྒྱ་གྲོལ་གངས་རི་ says:
    2012-05-28 at 12:10 am

    དྲ་གྲོགས་རྣམས་པ་ཚོ་ཅུང་ཞིག་སྒུགས་གནང་དང་གནས་ཚུལ་གསལ་བོ་ལེན་བཞིན་པའི་སྒང་ཡིན། གལ་སྲིད་ཡིན་ལ་མིན་ལ་ཞིག་བཤད་བསྡད་པ་ཡིན་ན་ཡག་པོ་མི་འདུག་པའི་འཁྱུག་ཙམ་སྒུགས་རོགས་གནང་།

  10. འཇའ་བ་རི་ནག says:
    2012-05-28 at 12:38 am

    ཉེ་བའི་ལོ་གཅིག་གཉིས་ནང་བོད་མི་གཞོན་སྐྱེ་བཞི་བཅུ་ལ་ཉེ་བས་རང་ལུས་མེ་རུ་སྦར་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། འདི་ནི་རང་རིགས་མི་རིགས་རྩ་དོན་དང་༸གོང་ས་མཆོག་རང་ཡུལ་དུ་གདན་འདྲེན་ཞུ་ཆེད་ཡིན་པ་ལས་རང་དོན་ཁོ་ནའི་ཆེད་མ་ཡིན། དེར་བརྟེན་ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་རྒྱལ་གཅེས་དཔའ་བོ་དེ་དག་གི་ཞལ་ཆེམས་ལྟར་བསྒྲུབ་དགོས་པ་ནི་འོས་འགན་གཙོ་བོ་དེ་ཡིན། ཁོང་རྣམ་པའི་ཞལ་ཆེམས་གཅིག་མཐུན་ནི་རང་རིགས་མི་རིགས་རྩ་དོན་ཆེད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་མཐུན་ལམ་རྡོ་རྩ་ཆིག་བསྒྲིལ་གནང་རོགས་ཅེས་པ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ང་ཚོས་ཁོ་རྣམ་པའི་ཞལ་ཆེམས་སྙིང་དབུས་སུ་བཅངས་ནས་དགྲ་ཕྱོགས་ཀྱིས་བལྟས་ན་དགའ་དགོས་པ་དང་། རང་ཕྱོགས་དག་ཡིད་མུག་དགོས་པའི་ང་ཚོའི་ཕྱོགས་དང་ཁོ་ཚོའི་ཕྱོགས་ཅེས་པའི་བསམ་ཚུལ་དང་འབོད་སྒྲ་མཚམས་འཇོག་དགོས་པའི་དུས་ལ་བསླེབས་ཡོད་པས་དེ་བཞིན་ཚང་མས་ཡིད་འཇགས་གནང་རོགས་ཅེས་སེམས་སྟེང་ནས་ཞུ།

  11. གསང་གྲོལ། says:
    2012-05-28 at 4:06 am

    BBC: དེ་རིང་རྒྱ་ནག་གཞུང་འབྲེལ་ཞིན་ཧ་གསར་ཁང་གིས་ལྷ་སའི་གཙུག་ལག་ཁང་མདུན་ནས་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་གསལ་བསྒྲགས་བྱས་འདུག་ལ། བོད་མི་དེ་གཉིས་ནི་ཨ་མདོ་རྔ་བ་ནས་ཡིན་པའི་དར་རྒྱས་དང་ཨ་མདོ་བླ་བྲང་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་གཉིས་རེད། ཁ་སང་གཟའ་ཉི་མའི་ཉིན་གྱི་ཆུ་ཚོད་༢དང་སྐར་མ་༡༦་སྟེང་ཁོ་གཉིས་ཀྱིས་བར་བསྐོར་གླིང་ནས་རང་ལུས་མེར་བསྲེགས་བཏང་བ་དང་། སྐབས་དེར་ཉེན་རྟོག་པའི་མེ་བསད་དེ་སྨན་ཁང་དུ་ཁྲིད་ཡོད་འདུག་མོད་རྡོ་རྗེ་ཚེ་བརྟན་སྐུ་གྲོངས་ཡོད་འདུག་ལ་དར་རྒྱས་ལགས་སྐུ་གྲོངས་མེད་པའི་གནས་ཚུལ་བཀོད་འདུག

  12. ཆོས་འཕེལ says:
    2012-05-28 at 5:19 am

    གསར་འགྱུར་བརྒྱུད་ལམ་ཁག་གང་ན་མ་བཀོད་པ་ཞིག་བཟོས་ནས། རང་ལུས་མེ་མཆོད་བཏང་མཁན་དེ་དག་ས་ཁུལ་ག་གེ་མོ་ཞིག་ནས་རེད་ཟེར་མཁན་འདི་རྣམས་ཀྱིས། སྐུ་གཤེགས་དཔའ་བོ་དང་ད་ལྟར་ཤི་གསོན་མི་ཤེས་གནས་སུ་གྱར་བའི་དཔའ་བོ་རྣམ་གཉིས་ཆེད་དུ་ལྷ་སའི་ཇོ་ཁང་མདུན་དུ་ཕེབས་ནས་མེ་མཆོད་བཏང་གནང་མཛད་པའི་ཀུན་སློང་དང་རྦད་དེ་འགལ་བའི་ཁུངས་མེད་ཀྱི་གསར་བསྒྲགས་སུ་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme