Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼རེབ་གོང་རིག་མཛོད༽་དྲ་བ་ཤར་གཏོང་བྱས་པ།

Posted on 2012-05-26 By ཁ་བརྡ་ 25 Comments on ༼རེབ་གོང་རིག་མཛོད༽་དྲ་བ་ཤར་གཏོང་བྱས་པ།

www.rebkong.net

འཇིགས་མེད་ཚེ་རིང་།

དྲ་བ་འདི་ནི་བོད་རིག་པ་ཆ་ཤས་ཤིག་ནས་འཐུས་ཚང་ཅན་ཏུ་གཏོང་བའི་རམ་འདེགས་སུ་དམིགས་སྟེ་མགོ་བརྩམས་པ་ཡིན། འདི་ནི་ཆེས་སྤྱིར་བཏང་གི་རེབ་གོང་བ་གསུམ་སྟེ་དྲ་རྒྱ་བཟོ་འགོད་པ་ཆོས་འཕེལ་ལགས་དང་། རྩོམ་པ་པོ་བློ་གྲོས་ཟླ་འོད་ལགས། གུས་པ་འཇིགས་མེད་ཚེ་རིང་གསུམ་གྱིས་བཟོ་འགོད་ཀྱི་གྲོས་མོལ་བརྒྱུད་ནས་ཤར་གཏོང་ཐུབ་པ་བྱས་ཡོད། ལས་གཞི་འདི་མགོ་བརྩམས་པ་ནས་ཁོང་རྣམ་པ་གཉིས་ཀྱིས་འབད་བརྩོན་ཧ་ཅང་མང་པོ་གནང་ཡོད། དྲ་རྒྱའི་བཟོ་དབྱིབས་ཀྱི་རྣམ་པ་དང་། སྡེ་ཚན་གྱི་དབྱེ་བ་བཅས་ཀྱི་ཐད་ང་ཚོ་ཐེངས་གཉིས་ཀྱི་འདུ་འཛོམས་བརྒྱུད་མཐའ་མའི་གཏན་འབེབས་ཀྱི་སྐབས་སུ་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་ཁང་བ་ཞིག་དང་འདྲ་བའི་རེབ་གོང་རིག་མཛོད་དྲ་བ་འདི་ཤེལ་ངོས་སུ་འཆར་བའི་སྣང་བརྙན་ཞིག་ལྟར་ལེགས་འགྲུབ་བྱུང་འདུག་པ་དང་། དྲ་རྒྱའི་རྣམ་པ་ལ་ཡིད་འགུགས་ཀྱི་ནུས་པ་ཆེས་ཆེར་ལྡན་པའི་ནང་ཟུངས་སུ་བློ་གྲོས་ཟླ་འོད་ལགས་ཀྱིས་གུས་པའི་འཚོལ་ཉར་བྱས་པའི་རྩོམ་ཡིག་ལས་ལྡབ་ཧ་ཅང་མང་པོས་སྡེ་ཚན་ཁག་ཁ་སྐོང་གནང་བས་ང་ཚོའི་ལས་གཞི་ནི་རླུང་རྟ་ཡར་འགྲོའི་ལམ་ཕྱོགས་སུ་ཤར་གྱིས་སྤོ་མགོ་ཚུགས་ཡོད།
རེབ་གོང་རིག་མཛོད་དྲ་བའི་ནང་དུ་ལོ་རྒྱུས་དང་ཆོས་ལུགས། མི་སྣ་དང་གསུང་རྩོམ། ཁོར་ཡུག་དང་ཡུལ་སྡེ། ཡུལ་སྲོལ་སོགས་དགོས་ངེས་ཀྱི་སྡེ་ཚན་ཆེ་ཁག་གིས་དབྱེ་བ་བྱས་ཡོད། དེ་དག་རེ་རེའི་ནང་དུའང་སྡེ་ཚན་ཆུང་བས་རྒྱས་སྤྲོས་བྱས་ཡོད་པས་རྗེས་མའི་རེ་འདོད་ལ་དཀའ་ངལ་མ་འཕྲད་ཚེ་དྲ་བ་འདིས་བོད་རིག་པར་ཞིབ་འཇུག་གནང་མཁན་དང་ཤེས་འདོད་ཡོད་མཁན་རྣམས་ལ། རེབ་གོང་དང་འདྲ་བའི་བོད་ཀྱི་ཡུལ་རྙིང་ཧ་ཅང་མང་པོ་སྟེ་མདོ་སྨད་ཡུལ་གཅིག་བུར་ཡང་བླ་བྲང་དང་མགོ་ལོག རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དང་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལྟ་བུའི་རིག་གནས་ཀྱི་རྫོང་མཐུག་ཅིང་། ཀྱག་ཀྱོག་གི་ལོ་རྒྱུས་ལྡན་པའི་ཡུལ་ལུང་ལ་ཞིབ་འཇུག་གི་སྒོ་མོ་ཕྱེས་པར་རོགས་རམ་བྱེད་ངེས།

དྲ་རྒྱ་འདིའི་གཙོ་གཉེར་བ་ནི་དུས་ཚོད་སོགས་དགོས་ངེས་ཀྱི་མཐུན་རྐྱེན་ཚང་བའི་མི་གསུམ་མ་ཡིན་པར་ཞོར་ལས་བྱེད་བཞིན་ཡོད། ང་ཚོ་མི་གསུམ་ནི་རེབ་གོང་གི་རིག་གནས་ཁག་ལ་རྒྱུས་མངའ་ཆེ་བ་དང་། ལྷག་པར་ཏུ་བོད་རིག་པར་འདྲིས་ཆ་ཆེ་བ་དེ་འདྲ་གང་ཡང་མ་ཡིན་པར་མ་སྐུལ་དང་བླངས་ཀྱི་ལས་དོན་ཕྲན་བུ་བྱེད་མཁན་རེ་ཡིན་པས་དྲ་རྒྱ་འདི་ནི་ཁྱོན་ཡོངས་ནས་ནོར་འཁྲུལ་དང་མཉམ་དུ་མགོ་རྩོམ་རྒྱུ་ཡིན་པ་ངེས་ཅན་ཞིག་རེད། འོན་ཀྱང་། ང་ཚོས་ཡིད་ཆེས་བྱེད་བཞིན་པ་ནི་གོམ་པ་བརྒྱའི་ལམ་ཚད་བགྲོད་པར་གོམ་པ་དང་པོ་ནས་མགོ་འཛུགས་དགོས་པ་འདི་ཡིན། འདི་ཉིད་ཀྱིས་ད་གཟོད་རིག་མཛོད་དྲ་བའི་དམིགས་ཡུལ་སྟེ་བོད་རིག་པའི་ཆ་ཤས་ཡིན་པའི་རེབ་གོང་རིག་གནས་ཁག་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་འདོན་སྤྲོད་བྱེད་ཐུབ་རྒྱུར་རེ་བ་རྒྱག་གིན་ཡོད།

རེབ་གོང་རིག་མཛོད་དྲ་བས་དམིགས་ཡུལ་གྱི་ཞོར་དུ་བོད་རིག་པར་གཏོགས་པའི་བོད་ཡིག་གི་རྩོམ་ཡིག་གང་ཡིན་ཡང་དང་ལེན་བྱེད་རྒྱུ་ཡིན་པ་དང་། གླེང་སྟེགས་དང་གླེང་མོལ་གྱི་སྡེ་ཚན་ཡང་འདིར་ཆེད་མངགས་བཞག་ཡོད་པས་དྲ་བ་འདི་བརྒྱུད་ནས་བོད་རིག་པའི་སྐོར་བགྲོ་གླེང་བྱེད་གནས་ཀྱང་གཟིགས་མཁན་རྣམ་པར་གང་མོས་ཀྱི་གདམས་ཁ་ཡོད་པའི་རམ་འདེགས་བྱས་ཡོད། འདི་ནི་ཁ་བ་གངས་ཅན་ལྗོངས་ཀྱི་དྲ་ཞུགས་རྣམས་ལ་ཧ་ཅང་ཕན་ཐོགས་ཡོང་རྒྱུར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ཡིན། གུས་པ་དང་བཅས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༥ ཉིན།

གསར་འགྱུར།

Post navigation

Previous Post: སེམས་ཀྱི་ཐིགས་པ།
Next Post: ཧོར་ཟུར་གྱི་ཕྲག་དོག་ཀྱི་གཉན་བུ་ལ་བདེན་གཏམ་གྱིས་སྤུ་གྲི་བཙུགས་པ།

Comments (25) on “༼རེབ་གོང་རིག་མཛོད༽་དྲ་བ་ཤར་གཏོང་བྱས་པ།”

  1. སྦྲ་དཔལ་ལྡན། says:
    2012-05-26 at 11:47 am

    སྲ་གི

  2. ལ་སྟོད་བུ། says:
    2012-05-26 at 12:31 pm

    ཁྱེད་རྣམ་པས་དྲ་རྒྱ་གསར་པ་དབུ་དབྱེ་གནང་བར་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
    ཁྱེད་རྣམ་པའི་བྱ་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུ། སྡེ་ཚན་གྱི་ནང་དུ་ཆོས་ལུགས་དང་རིག་གནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་སོགས་ཡོད་གསུངས་པར་གནས་དེ་དག་ཏུ་ཡོད་པའི་ཆོས་རྒྱུད་ཆོས་ལུགས་རིས་སུ་མ་ཕྱེས་པར་གནས་ཚུལ་འགོད་གཏོང་གནང་བའི་རེ་བ་ཞུ་བཞིན་ཡོད། ལྷག་པར་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དག་གི་སྔོན་བྱུང་གི་ལོ་རྒྱུས་དང་། བར་དུ་རྙོག་ཟིང། ཐ་མ་ད་ལྟའི་གནས་སྟངས་ལས་སོགས་ལ་གསལ་ཁ་རེ་བཏོད་ཐུབ་ན་ལེགས། ངོས་ལ་དེ་ལྟར་ཤེས་འདོད་ཆེ།

  3. མེ་ཏོག་དཀར་པོ། says:
    2012-05-26 at 12:53 pm

    བཀྲ་ཤིས་བདེ་ལེགས། དགའ་བསུ་ཞུ།

  4. ཡར་ཁམས་ཁྲི་རྒྱལ། says:
    2012-05-26 at 1:23 pm

    ཡ་ཡ། བླ་བྲང་དང་མགོ་ལོག རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དང་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལས་གཞན་རྨ་ཆུ་སོགས་ཀྱི་མིང་མི་ཤེས་སམ། ཡང་ན་དགོས་པ་གཞན་ཞིག་ཡོད་དམ།

  5. བསྟན་འཛིན་དཔལ says:
    2012-05-26 at 1:42 pm

    དྲ་རྒྱ་གསར་པ་དབུ་འབྱེད་གནང་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། དྲ་རྒྱ་འདི་བརྒྱུད་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཐོག་གོ་རྟོགས་གང་མང་སྤེལ་ཐུབ་པའི་སྨོན་འདུན་ཞུ།།

  6. མཚོ་ནག says:
    2012-05-26 at 1:58 pm

    དྲྭ་ཚུགས་གསར་པ་སྒོ་དབྱེ་མཛད་པར། བཀྲ་ཤིས་བདེ་ལེགས་དང། ཆོལ་གསུམ་བོད་པའི་ཡུལ་དུ། རྣམ་དཔྱོད་གསར་པའི་སྒྲོན་མེ་སྦར་བར་མཛོད་ཅིག།

  7. གནམ says:
    2012-05-26 at 6:20 pm

    ཡག་པོ་རེད། སྤྱིར་བོད་ཀྱི་རིག་གནས་ལ་དེ་འདྲའི་ས་དབྱེ་དང་ཆུ་དབྱེ་ཀྱི་བཤད་པ་ཡོད་ནི་མ་རེད། རེད་དེ་རེབ་གོང་ལ་དེ་ལྟར་ཡིན་རྒྱུ་མ་རེད།

  8. སྤྱང་ཤོག་བཀྲ་ཤིས says:
    2012-05-26 at 10:56 pm

    བོད་མི་རིགས་ཀྱི་་འོད་སྟོང་ལྡན་པའི་མདུན་ལམ་འཚོལ་བ་ལ་ཕན་ཐོག་ཆེ་བས་སྤུན་ཟླ་ཁྱེད་རྣམས་ལ་གུས་པས་བཀྲ་ཤིས་བདེ་ལེགས་ཞུ།

  9. སྐལ་བཟང་ཉི་མ། says:
    2012-05-26 at 11:06 pm

    ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུ། ཡག་བྱུང་།

  10. ཨ་རིག་དགེ་མཐོང་། says:
    2012-05-27 at 1:27 am

    རྣམ་པ་གསུམ་གྱིས་མདུན་སྐྱོད་ཀྱི་གོམ་པ་ཏོག་ཙམ་ཆེ་བ་ཞིག་སྤོས་པར་སྙིང་ནས་དགའ་བསུ་ཞུ། དྲ་རྒྱ་ནི་དེང་གི་དུས་སུ་སྲིན་འབུ་མེ་འཁྱེར་བཞིན་གྲངས་ཀྱི་མི་ལོན་ཡང་། བོད་ལ་མཁོ་བ་ནི་རེ་ཟུང་ལས་མ་མཆིས། དྲ་རྒྱའི་བཟང་ངན་ནི་ཁ་དོག་ལེགས་མིན་དང་མཛེས་པ་སོགས་མིན་པར་ལྟ་མཁན་དང་ཀློག་མཁན་གྱི་མང་ཉུང་ལ་རག་ལས་ཡོད། ལྟ་མཁན་དང་ཀློག་མཁན་ཡོང་མི་ཡོང་ནི་གཙོ་གཉེར་བའི་ལག་ཏུ་ཡོད།་དྲ་རྒྱ་ནི་ཕྱོགས་གཅིག་ནས་ཞུས་ན་ཟ་ཁང་དང་འགྲོན་ཁང་ལྟ་བུ་ཡིན་པས་མགྲོན་པོ་འགུགས་སྟངས་ཤེས་རྒྱུ་གལ་ཆེ། སྤྱིར་བཏང་དེའི་ཐད་ནས་བསམ་འཆར་གང་མང་ཞིག་སྤུན་ཟླ་ཚོ་ལ་ཞུ་བསམ་ཡང་དུས་ཚོད་ཀྱི་དབང་གིས་དེ་ཙམ་བྱོས། བློ་གྲོས་ཟཱ་འོད་དམ་སྤྲིན་དཀར་ནི་བདག་གི་གྲོགས་པོ་དང་འཇིགས་མེད་ཚེ་རིང་ངམ་རས་པ་ནི་བདག་གི་དྲ་གྲོགས་ལེགས་པོ་ཞིག་ཡིན། ཆོས་འཕེལ་ནི་སུ་ཡིན་མི་ཤེས་མོད། ཁྱེད་ཅག་གིས་བྱ་བ་འདི་མགོ་བརྩམས་ཚར་བས་མཇུག་ལེགས་པོ་ཞིག་སྐྱོང་རྒྱུ་རེ་སྐུལ་དང་སྐྱོང་ཐུབ་པར་སྨོན།

  11. གེ་གསར་ says:
    2012-05-27 at 1:32 am

    རེབ་གོང་རིག་མཛོད་དྲ་བའི་འཁྲུངས་སྐར་ལ་དགའ་བསུའི་བཀྲིས་བདེ་ལེགས་ཞུ་
    བོད་རྒྱལ་ཁབ་དང་ བོད་མི་རིགས་ བོད་ཀྱི་རིག་གཞུང་དར་ཞིང་རྒྱས་ལ་ སྐལ་བ་ཁྲི་ལོ་ནས་ ཁྲི་ལོར་བརྟན་པར་ཤོག་།

  12. དོན་འགྲུབ། says:
    2012-05-27 at 4:20 am

    དྲ་བ་དེ་གར་བོད་ཀྱི་རིག་གནས་ཆ་ལག་གང་འཛོམས་འཛོམས་ཤིག་བསྡུ་རྩིས་ཡོད་ཚེ། དྲ་མིང་དེ་ཧ་ཅང་ཁྱབ་ཆུང་བའི་སྣང་བ་ཞིག་འདུག་པ་བསམ་ཚུལ་ཙམ་ཡིན། ཡིནའང་། དུས་སྐབས་འདི་འདྲ་ཞིག་ཏུ་རིག་གནས་རྒུད་སྐྱོབ་ལ་འབད་པས་བྲེལ་བར་རྗེས་སུ་ཡི་རང་དང་དགའ་བསུ་ཞུ་བཞིན་ཡོད།

  13. ཤུག་པ། says:
    2012-05-27 at 9:33 am

    བཀྲ་ཤིས་བདེ་ལེགས།
    གོམ་མཐའི་ས་ལས་གོམ་གསུམ་མ་སྤོས་བར། འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་རྒྱུ་རེད།
    དགའ་བཞིན་ཡོད། སྨོན་བཞིན་ཡོད།

  14. ལོག་སྨྲ་ཚར་གཅོད་ནས། says:
    2012-05-27 at 10:09 am

    གུས་ནས་དྲྭ་ལམ་གསར་པ་ཕྱེས་པར་ཡི་རངས་ཡོད་ཀྱང་དྲྭ་རྒྱ་གྲངས་མང་བ་ལས་མཁོ་སྤྱོད་ཆེ་བ་དང་བོད་སོགས་ཡུལ་གྲུ་གང་སར་ཁྱབ་ཐུབ་པའི་ལག་རྩལ་འདོན་རྒྱུ་ནི་དེ་ལས་གལ་ཆེ། གུས་པས་བསམ་ན་ང་ཚོའི་དྲྭ་ལམ་གྱི་ལག་ཤེས་ཡོད་པའི་བྱེས་འབྱོར་བོད་མི་ཚོས་མཉམ་རུབ་ཀྱིས་ཕྱི་ཕྱོགས་ཀྱི་གནས་ཚུལ་ཇི་བཞིན་ཉིན་རེའི་ནང་དྲ་ཐོག་ནས་བོད་ནང་མཐོང་ཐོས་ཐུབ་པ་བཟོ་ཐུབ་པའི་འབོད་བརྩོན་བྱེད་དགོས་ཀྱི་འདུག ལག་ཤེས་ཀྱི་ཐོག་ནས་རྒྱ་དམར་ལ་དྲྭ་དམག་ཅིག་རྒྱག་དགོས་ཀྱི་འདུག་བསམ་བཞིན་ཡོད། ངས་དེ་སྔོན་དྲ་རྒྱ་མང་པོ་གསར་བསྐྲུན་བྱས་པའི་རྒྱུད་རིམ་ཁྲོད་རྒྱལ་མཚམས་གཉིས་ཀྱི་དབར་དྲ་ལམ་བཀག་འགོག་དང་ཐད་གཏོང་བྱེད་ཚུལ་ཕྲན་བུ་རྗེས་མངའ་ཡོད་པའི་ཉམས་མྱོང་ནས་ཞུས་པ་ཡིན།

  15. གཡུ་ཐོག་བུ། says:
    2012-05-27 at 11:43 am

    མི་བུ་རང་ཉིད་ཀྱིས་འགོ་བརྩམས་ནང་གསར་གཏོད་ཀྱི་ལམ་དུ་བཞུད་པ་ནི་ངོ་མཚར་ཆེ། བོད་གངས་ཅན་གྱི་གཞོན་ནུ་རྣམས་ལ་སྐུལ་བའི་ཅོང་བརྡ་ཞིག་རེད། ཁྱེད་ཅག་ནང་བཞིན་ཡུལ་ལུང་སོ་སོའི་སྐྱེ་བོས་དྲ་རྒྱ་སོགས་ཀྱི་རིག་གཞུང་ལས་འགུལ་དེ་འདྲ་ཞིག་སྤེལ་ཐུབ་ན། ད་གཟོད། དུས་རབས་གསར་པའི་བོད་ཀྱི་ལང་ཚོའི་གཟི་བྱིན་འཕྲོ་ངེས་རེད།

  16. ཤར་ཕྱོགས་ཁུག་རྟ། says:
    2012-05-27 at 11:43 am

    བོད་ཀྱི་མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔོན་མ་ནས་བཙན་བྱོལ་ནང་གི་བོད་རིག་པའི་ཆུ་བོ་རྒྱས་ཐབས་ནི་གནད་ཀྱི་འགག་རྩ་ཞིག་ཏུ་གཟིགས་ཀྱི་ཡོད་པ་རེད། དེ་རིང་སང་ཉིན་བོད་རིག་པའི་ཚོགས་འདུ་ཟེར་བ་འདིའང་དང་པོ་བཙན་བྱོལ་ནང་འགོ་ཚུགས་ནའང། ཕྱིས་སུ་རྒྱ་ནག་གི་སྟངས་འཛིན་འོག་ཕྱིན་པར་སློབ་དཔོན་ཁོང་གིས་ཐུགས་ཕམ་གནང་མྱོང་བའི་ཚུལ་ལ་ངེད་རང་མཇལ་མྱོང། དེ་རིང་གྲོགས་པོ་ཚོས་བོད་གངས་ཅན་གྱི་སློབ་དཔོན་ཁོང་གི་དགོངས་གཞི་དང་མཐུན་པའི་བཙན་བྱོལ་ནང་བོད་རིག་པ་འབར་ཐབས་ཀྱི་དབུ་ཁྱུད་བྲིས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་ཀ་ཉི་འཚེ་བའི་ནང་ཡུན་གྱིས་རྫོགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་པའི་སྡེར་ཁ་ཕྱོགས་གསར་པ་ཞིག་ཏུ་འབོད་སྐུལ་བྱས་པ་དང་གཅིག་མཚུངས་ཆགས་འདུག་པས། དྲ་རྒྱ་འདི་དང་འདིའི་ལས་བསོད་དབང་ཐང་ལ་རང་ནུས་ཀྱིས་བསམ་ཚུལ་རེ་འདོན་ཐུབ་པར་སྨོན་ལ། བོད་སྐྱོབ་བྱ་བའི་ནང་མཛད་རྗེས་མཚུངས་ཟླ་བཀོད་ཐབས་མེད་པའི༧གོང་ས་བསྟན་འཛིན་རྒྱ་མཚོ་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་དོན་དམ་གྱི་འཐབ་རྩོད་ཀྱི་རྗེས་མཐུན་དུའང་དྲ་བ་འདི་དང་འདིའི་ཕུགས་བསམ་འགྱུར་རྒྱུར་ངེད་ནས་མཆོག་ཏུ་སྨོན་ནོ།།

  17. ཆོས་འཕེལ says:
    2012-05-27 at 2:02 pm

    རེབ་གོང་གི་རིག་གནས་ཟེར་བ་གང་ཞིག་ལ་ཟེར་བ་རེད། སྨད་རྒྱ་ནག་དང་སྟོད་རྒྱ་གར་ནས་མ་གཡར་བའི་རིག་གནས་ཤིག་ཡོད་ཟོལ་འདུག
    ལས་ཀ་ཉི་ཚེ་བ་ཞིག་གི་ནང་དུ་ཡུན་གྱིས་རྫོགས་པའི་གསར་བུ་མགོ་སྟོང་དག་གིས་སོ་སོའི་ཁྱིམ་ཚང་ཁོ་ནར་གྲི་རྩེ་དང་མདུང་རྩེ་གཏད་ས་ཞིག་མི་འགྱུར་བའི་རེ་བ་དང་། བོད་མའི་སྤྱིའི་མཐུན་འབྲེལ་དང་། བོད་ཀྱི་རིགས་གནས་གོང་འཕེལ་གཏོང་བའི་ཚབ་ཏུ། གུ་དོགས་ཀྱི་ཕྱོགས་ཞེན་ཉི་ཚེ་བས་མཐུན་འབྲེལ་རྡོག་རྩ་གཅིག་སྦྲེལ་གཏོར་ཞིང་། ཚིག་ཆག་སོ་སོས་བཙན་གྱིས་བསྒྲིགས་པར་སོ་སོས་ཀྱང་འགྲེལ་བཤད་མེད་པའི་མིང་ཚིག་གི་གད་སྙིགས་སྤུངས་སར་མི་བཟོ་ཞིང་། དོན་སྙིང་ལྡན་པ་ཞིག་བྱེད་པའི་རེ་བ་དང་། དྲྭ་ལམ་གསར་འབྱེད་བྱེད་པོ་གསུམ་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་དྲི་ཞུ་རྒྱུ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

  18. འབྲོག་པ་རྣལ་མ། says:
    2012-05-27 at 2:20 pm

    ཁྱེད་རྣམ་པ་གསུམ་གྱི་བོད་ཡིག་དྲ་རྒྱ་བཟོ་གནང་བ་དེ། བོད་ཀྱི་རིགས་གཞུང་ཀྱི་ཆ་ལག་གཙོ་གྲས་ཞིག་ཡིན་པའི་རྗེས་སུ་ཡི་རང་དང་གུས་པས་འདུད་དོ།།

  19. བོད། བཙན་པོའི་བུ་རྒྱུད། says:
    2012-05-28 at 12:07 am

    དྲ་ཚིགས་གསར་བར་རྟེན་འབྲེལ་ཞུ།

  20. གཅན་འོད་འབར། says:
    2012-05-28 at 2:09 am

    འདི་ལྟ་དྲ་རྒྱ་སྒོ་འབྱེད་བྱས་པར་རྟེན་འབྲེལ་ཞུ། བྱ་གཞག་ཐམས་ཅད་གོང་འཕེལ་ཡོང་བར་སྨོན།

  21. མི་འཁྱམ། says:
    2012-05-28 at 5:20 am

    རྣམ་པ་གསུམ་གྱིས་དཀའ་ལས་རྒྱབ་སྟེ་རེབ་གོང་རིག་མཛོད་དྲ་བ་གསར་བཞེངས་བྱས་པར་དངོས་ནས་བཀྲིན་ཆེ་ཞུ། ཡིན་ཡང་། འདི་གའི་བཤད་སྲོལ་ལ་ཨ ་མདོ་བ་ལ་་་ཟེར་བ་མ་ཡིན་པར། མུ་མཐུད་ལས་མཇུག་སྐྱོང་བར་ཧུར་བརྩོན་བྱོས།

  22. མཚོ་ནག says:
    2012-05-28 at 5:48 am

    ཁ་བརྡའི་དྲྭ་ཚུགས་རྒྱ་གཞུང་གི་ཉོས་ཟིན། ཁ་བརྡའི་བརྩོམ་སྒྲིག་པ་གཡོན་ཕྱོགས་ལོག་ལམ་དབུ་མ་པའི་མི་སྣ་གྱུར། དྲྭ་གྲོགས་ཚོ། གལ་ཆེན་གྱི་གནས་ཚུལ་ཁག་ཁ་བརྡའི་དྲྭ་ཚུགས་སུ་མ་བསྐུར་རོགས། གལ་སྲིད་བསྐུར་ན་རྒྱ་གཞུང་ལ་བཤད་པ་དང་ཁྱད་མེད། ད་ནས་ང་ཁ་བརྡའི་དྲྭ་ཚུགས་ནས་ཕྱིར་འཐེན་བྱེད་གི་ཡིན། དྲྭ་གྲོགས་ཚོ་ཡང་རིམ་པས་ཕྱིར་འཐེན་བྱས་སྟེ་རང་དབང་ཅན་གྱི་དྲྭ་ཚུགས་ཞིག་དུ་མཇལ་བའི་རེ་བ་ཡོད།

  23. Choekyigyabo says:
    2012-05-28 at 10:59 am

    ཆོས་ཀྱི་རྒྱལ་པོའི་བཀའ་དྲ་བཟོ་མི་གསུམ་སྩལ་བ།
    ཆེས་གུ་དོག་པའི་བར་གསེང་གང་ཞིག་ཡིན་ཡང་། དེ་ནས་ཐོན་པའི་དངོས་པོ་ཐམས་ཅད་ཀྱང་གུ་དོག་ཡིན། མ་གཞི་ནས་འཇིག་རྟེན་འདི་ཧ་ཅང་གུ་དོག་ཅིག་རེད། བདག་དཀྱིལ་སྙིང་དུ་བཟུང་བ་ལས་རིམ་གྱིས་གཞན་ཀུན་པོ་མཐར་འདེད་པ་འདི་འགྲོ་བ་རྨོངས་པ་ཡོད་དོ་ཅོག་གི་གཤིས་ཀ་རེད།
    འདི་ནི་གནས་ལུགས་ཤིག་བརྗོད་འདོད་པ་ལས། མ་དགའ་བའི་སྐད་ཆ་མིན།
    ཁྱེད་ཅག་དང་ཁྱེད་ཅག་དང་འདྲ་བ་ཡོངས་ཀྱི་སེམས་ཤུགས་དང་ལག་རྩལ། ཤེས་འཇོན་ཀུན་ལ་བསྔགས་བརྗོད་དང་། བྱ་བའི་མཐའ་བརྟན་པའི་རེ་སྨོན་བྱེད།
    ཆོས་ཀྱི་རྒྱལ་པོས་ཕུལ།

  24. གཉིས་མེད་སེངྒེ says:
    2012-05-28 at 1:48 pm

    དྲྭ་ཚིགས་གསར་ཕྱེ་ལ་སེམས་ཀྱི་ཟབ་ས་ནས་རྟེན་འབྲེལ་ཞུ།

  25. བཙན་བྱོལ་བ། says:
    2012-05-28 at 2:36 pm

    བོད་ཀྱི་རིག་གནས་འཛིན་སྐྱོང་དང་འབྲེལ་བའི་དྲ་རྒྱ་གསར་བསྐྲུན་བྱེད་པ་ལ་དགའ་བསུ་ཡོད། འོན་ཀྱང་ཡ་མཚན་དགོས་པ་ཞིག་ལ་དྲ་རྒྱ་དང་ཟ་ཁང་གང་ཞིག་ཐོག་མར་བཟོ་བསྐྲུན་སྐབས་ངེས་པར་དུ་ལུང་ཚན་གྱི་མིང་ལྷན་ཐབས་སུ་བཀོལ་དགོས་དོན་ཅང་ཨེ་ཡོད། འདིས་གང་བསྟན་ཅེ་ན། རང་གི་ལུང་ཚན་ལ་ཞེན་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་རེད། དཔེར་ན། རེབ་ཀོང་རིག་མཛོད། རེབ་ཀོང་རྒྱུ་རྩལ་ཁང་། རེབ་ཀོང་ལྷ་འབྲི་ཁང་། ཙོང་ཁ་ཟ་ཁང་། ཙོང་ཁའི་ཟིན་བྲིས། མཚོ་སྔོན་ཟིན་བྲིས་ཟེར་བ་སོགས་མཐའ་ཡས་སོ། །ལུང་ཚན་དང་མ་འབྲེལ་བའི་མིང་ཞིག་གདགས་མི་ཤེས་པ་ཨེ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme