Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླུ་བ་བདུད་བྷེའི་སྐད་བསྐུར་ཞིག

Posted on 2012-05-252012-05-25 By ཁ་བརྡ་ 22 Comments on གླུ་བ་བདུད་བྷེའི་སྐད་བསྐུར་ཞིག

བདུད་བྷེའི་གྲོགས་པོ་གཡུ་འབྲུག

ཁ་སང་སྔ་དྲོ་གླུ་བ་བདུད་བྷེས་ཁ་པར་ཞིག་གིས་ང་རང་བོས་བྱུང༌།
ཁོང་གིས་ང་ལ་འདི་སྐད་གསུང་གི ད་སྐབས་མཚོ་སྔོན་གསར་འགྱུར་དང་ དྲ་ཐོག་རྣམས་སུ་ང་སྨན་ཁང་ན་ཡོད་པའི་གནས་ཚུལ་མང་པོ་གླེང་ཞིང༌། ཁྱད་པར་ང་ལ་དགའ་ཞིང་དུང་བའི་སྤུན་གྲོགས་མང་པོས་ཐུགས་ཁུར་བྱས་འདུག་པར་གླེང༌། ཁྱོད་ཀྱིས་ངའི་ངག་ཚབ་བྱས་ནས་དེ་ཚོར་ལན་གསལ་བོ་ཞིག་འདེབས་རོགས་གྱིས། སྤྱིར་ད་ལོ་ངའི་ནད་གཞི་འདི་ཅུང་ཚབས་ཆེ་བར་སྨན་པ་ཚོས་བཤད། སྨན་ཁང་འདིར་བསྡད་རྗེས་ལུས་ཁམས་ཇེ་བདེར་འགྲོ་བཞིན་འདུག དེ་རིང་ལུས་པོར་བརྟག་འབྲས་གསར་དུ་ཐོན་པར་ངའི་མཆིན་པ་དང་མཁལ་མ་གཉིས་ལ་ནད་གང་ཡང་མི་འདུག་ཟེར། འོན་ཀྱང་གློ་གཅོང་གི་ནད་དང་སྒལ་ཚིགས་ཀྱི་རྐང་ནད་ཡིན་པས་ད་དུང་ཡུན་ཅུང་རིང་འདུག་དགོས་ཟེར།
འོན་ཀྱང་སྲོག་སྐྱོན་མེད་པ་འདྲ། དེས་ན་ང་ལ་ལྷག་བསམ་དཀར་ཞིང་དུང་ཞེན་ཆེ་བའི་རྒྱ་ཆེའི་སྤུན་གྲོགས་རྣམ་པ་ཚོས་ཐུགས་ཁུར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། ང་རང་སྨན་ཁང་ནས་ནམ་ཐོན་ཞིག་ལ་ངའི་སྤུན་ཟླ་ཚོར་ལེགས་སྐྱེས་ཀྱི་གླུ་གསར་བ་འགའ་འབུལ་ཐུབ་པའི་རེ་སྒུག་ངང་ཡོད་ཅེས་བཤད་རོགས།
ངས་ཁོང་ལ་དྲིས་པ། འོ་ན་ཁྱེད་ལ་རོགས་སྐྱོར་འདྲ་བྱེད་རྒྱུ་ཨེ་ཡོད་ཞུས་པར།
ཁོང་གིས། རོགས་སྐྱོར་གང་ཡང་མི་དགོས། ཕ་ཡུལ་རྨ་ཆུའི་གསར་བུ་ཞིག་གིས་ཟླ་གཉིས་ཙམ་ལ་ང་བསྲུངས་ཤིང་ནད་གཡོག་བྱས་ནས་ད་དུང་བསྡད་ཡོད། འགྲོ་སོང་ནི་རང་གི་ཟླ་ཕོག་གིས་ཕལ་ཆེར་འདང་རྒྱུ་རེད་བསམ་གི་ཡོད། མ་འདང་ཡང་ཐབས་རེ་ཡོད་པས་དེར་ཐུགས་ཁུར་མི་དགོས་ལགས་ཞེས་གསུངས།
གྲོགས་པོ་རྣམ་པ་གོང་གི་སྐད་ཆ་འདི་དག་བདུད་བྷེ་ཁོང་གི་གསུང་བཤད་དངོས་ཡིན། ངས་རྒྱུས་ལོན་བྱས་པ་ལྟར་ན་ཁོང་ལ་ཟླ་ཕོག་སྒོར་སྟོང་བཞི་ཙམ་ཡོད་ཀྱང་དེང་སྐབས་སྨན་བཟང་པོ་ཐེངས་གཅིག་བཀོལ་ན་སྒོར་སྟོང་ཁ་ཤས་འགྲོ་བས། ཟླ་ཕོག་རྐྱང་བ་ལས་གཞན་པའི་རོགས་སྐྱོར་མེད་ན་སྨན་ཡོན་ལ་དཀའ་ངལ་ཅུང་ཡོད་ཨེ་སྲིད་དམ་སྙམ་པ་ནི་བདག་གི་བསམ་ཚུལ་ལོ། །
གང་ལྟར་དྲ་ལམ་ན་ཐུགས་ཁུར་བྱེད་པའི་སྤུན་གྲོགས་ཚོས་བོད་ཀྱི་མི་སྣ་གྲགས་ཆེན་ཁོང་ལ་ང་ཚོ་བོད་མིའི་ཡ་རབས་ལུགས་བཟང་གི་ཀུན་སྤྱོད་དང༌། རང་གི་སེམས་པ་མཚོན་བྱེད་ཀྱི་ཁམས་འདྲི་རེ་བྱེད་འདོད་པ་ཡིན་རྒྱུ་རེད།
ཁོང་གི་སྡོད་གནས་ཁྲིན་ཏུའུ་བོད་མིའི་ཁྲོམ་དང་ཉེ་བའི་དཔའ་ཤིས་སྨན་ཁང་གི་ཡན་ལག་བོད་ལྗོངས་ཡན་ལག་སྨན་ཁང་གི་མལ་ཁྲི་ཨང་སུམ་ཅུ་པ་ན་བཞུགས།

༼དྲ་ངོས་འདིར་འོས་སྦྱོར་གནང་མཁནཿ སྐལ་བཟང་སྒྲོལ་མ།༽

འཕྲིན་ཡིག

Post navigation

Previous Post: སྟོན་པའི་མཛད་རྣམ་རི་མོ་དང་པོ།
Next Post: ༅། བོད་ལ་རིག་གཞུང་རང་བཙན་དང་བསམ་བློ་རང་བཙན་གཉིས་ཐོབ་ཡོད་ཟེར་དོན་ཅི།

Comments (22) on “གླུ་བ་བདུད་བྷེའི་སྐད་བསྐུར་ཞིག”

  1. ཀརྨ་ཡེ་ཤེས says:
    2012-05-25 at 2:35 am

    གདུ་བྷེའི་སྐད་འབྱོར་བས་དགའ་སྤྲོ་ཐལ། སྙུང་གཞི་མྱུར་ལས་དྲག་པར་ཤོག གླུ་སྐད་མྱུར་དུ་ཐོས་པར། །གཞི་བྱེས་མཉམ་དུ་འཛོམས་པར་ཤོག དགའ་སྐྱིད་གླུ་བྲོ་ལེན་པར་ཤོག །

  2. ཨ་རུ་ར། says:
    2012-05-25 at 2:53 am

    ཁོ་རང་གི་ལག་འཁྱེར་ཁ་པར་ཨང་ཤེས་ནི་ཡོད་ན་འགོད་རོགས་གནང་།

  3. གཅན་བཟོད་རྒྱམ། says:
    2012-05-25 at 2:57 am

    ངས་བསམ་ན་གནས་ཚུལ་འདིའི་རིགས་བོད་ཕྱིའི་དྲ་རྒྱ་ཁག་ལ་མ་བཀོད་བཟང་གི་འདོད། རྒྱུ་མཚན་ནི་ཕྱི་ན་འདུག་མཁན་དག་གིས་མིའི་གནས་སྟངས་ལ་མི་བསམ་པར་རང་གི་ཚོར་བའི་རྗེས་འབྲངས་ནས་ཁ་ནས་གང་བྱུང་བཤད། ལག་གིས་གང་དྲན་བྲིས་ནས་ཁོང་ལ་བསྟོད་པ་བྱས་པ་དང་། མཛད་རྗེས་གླེང་ཁུལ་བྱས་པ་དག་གིས་ཁོང་དང་ཁོང་འདྲ་བ་དག་ལ་གནོད་ཀྱི་འདུག དཔེ་མཚོན་ལོ་འགའི་སྔོན་དུ་རྩོམ་པ་པོ་ཞིག་གི་བྱ་དགའི་སྐོར་གླེང་བ་དང་འདྲ་བོ་རེད།
    ཁ སྔོན་བོད་ནང་གི་དྲ་བ་ཞིག་ཏུ་ཁོང་སྨན་ཁང་དུ་ཡོད་པ་དང་རོགས་རམ་བྱེད་དགོས་སྐོར་གྱི་གནས་ཚུལ་ཞིག་འདུག་པ་དེ་ཡང་བོད་ཕྱི་མེད་པར་དྲ་རྒྱ་ཁག་གང་སར་བཀྲམས་སོང་། རོགས་རམ་བྱེད་དགོས། དངུལ་དངོས་བསྡུ་དགོས་སྐོར་སོགས་སེམས་ཤུགས་ཅན་གྱི་སྐད་ཆ་མང་པོ་བཤད་མཁན་འདུག འོན་ཀྱང་བོད་ན་སྡོད་མཁན་བོད་མི་ཙོས་གཞན་ལ་དངུལ་དངོས་ཀྱི་རོགས་རམ་ག་ཙམ་བྱེད་ཐུབ་མིན་ཡུལ་ཤུལ་ས་ཡོམ་གྱི་ཞལ་འདེབས་ཀྱང་ཤེས་ནུས་ན། མེ་སྒེར་བ་གླུ་བ་ཞིག་ལ་ཅི་ཙམ་འཛོམས་ཐུབ་བམ། བསྡུས་ནས་བཤད་ན་གནས་ཚུལ་འདི་འདྲ་དྲ་ངོས་སུ་བཀོད་ནས་ཅི་ཡང་ཕན་གི་མི་འདུག་ཟེར་བ་ཡིན།

  4. དབྱངས་འཛོམས། says:
    2012-05-25 at 3:09 am

    ང་རང་གི་ཆེས་དགའ་སའི་བོད་ཀྱི་གླུ་བ་ཁོང་སྐུ་ཚེ་ཡུན་དུ་བརྟན་པའི་རྟེན་འབྲེལ་འགྲིགས་ཡོད་པ་ངོ་མ་དགའ་བོ་བྱུང་།

  5. ཨ་མའི་བུ། says:
    2012-05-25 at 3:12 am

    ངས་བསམ་ན་ཡང་ཁོང་ཕྱི་སྡོད་བོད་མི་ཁ་ཤས་ནས་ཁོང་བཙོང་འདོད་ཀྱི་ཡོད་ས་རེད། ཁོང་ལ་དང་སྐབས་བོད་ནང་ན་བཞུགས་པའི་ཚོང་བ་མང་པོ་ཞྀག་གི་རོག་པ་བྱེད་གི་ཡོད་པ་ངས་དངོས་སུ་བོད་ལ་འབྲེལ་བ་བྱས་ནས་ཐོས་པ་ཡིན། ཐུགས་རྗེ་ཡང་ཁོང་བཙོང་ནས་སྒོར་ཟ་འདོད་ཀྱི་སེམས་ངན་མ་འཆང་། ངོ་མ་བོད་མི་ཁ་ཤས་བྱ་རྩོག་གི་ཡ། ཁྱེད་ཚོ་ང་ཚ་རྒྱུ་ཞྀག་མི་འདུག།

  6. འབྲོག་མོོ། says:
    2012-05-25 at 3:31 am

    ཐུགས་རྗེ་ཆེ། གནས་ཚུལ་གོ་ཐོས་བྱུང་བས་དགའ་བོ་བྱུང་། ངས་བསམ་ཚུལ་ཡིན་ན་ཕྱི་སྡོད་བོད་རིགས་སྤུན་ཟླ་ཚོས་དངུལ་གང་ནུས་སོགས་བསྡུས་རིམ་རེ་བྱས་ནས་སེམས་པ་མཚོན་ཙམ་བྱས་ན་ག་འདྲ་འདུས། ལས་ཀ་འདིའི་འགན་ཨ་རིག་དགེ་མཐོང་ལགས་ལ་རེ་བ་ཞུས་ན་མིན་གསུང་གི་མ་རེ་བསམ་གི

  7. ཨ་མའི་བུ། says:
    2012-05-25 at 4:17 am

    ཧཧཧ་དེ་ཡག་པོ་འདུག་ངོ་ཁོང་ལ་དཔལ་འབྱོར་ལ་དཀའ་ངལ་ཡོད་ཀྱི་རེད་ཟེར་ན་བདེན་པ་རེད། ཁོང་ད་བར་རིན་མེད་ཀྱི་འཁོར་འཐག་དང་འོད་འཁོར་གཅིག་ཀྱང་ཕུད་མྱོང་མེད། འོད་འཁོར་རེར་ཕུད་ན་རྒྱ་སྒོར་འབུམ་གཅིག་ལྷག་དང་སྒྲ་ཐག་རེ་ཕུད་ན་རྒྱ་སྒོར་བདུན་ཁྲི་ཡར་རེད། ད་དུང་དེང་སྐབས་ཁོང་ལ་རོག་པ་བྱེད་མི་གསོ་བོ་རྒྱ་བླ་དང་བོད་ཀྱི་ཚོང་བ་དྲགས་ཆེན་དག་རེད། མི་བདེན་ན་ཁོང་བཞུགས་པའི་ས་ཕྱོགས་ལ་འབྲེལ་བ་བྱོས་དང་མི་ཚངས་མའི་ཧ་གོ་རྒྱུ་རེད། ངོ་མ་ཕྱི་སྡོད་བོད་མི་ཁ་ཤིས་ཞིག་གི་དངུལ་མ་སྟོག་ཅི་ཡངས་བསམ་་གྱི་མེད་པ་ག་རེ་ཡིན་ན། ཡང་ཁོང་ལ་ཁ་གཡར་ནས་ཕྱི་སྡོད་ངོ་ཚ་མེད་པ་ཁ་ཤས་ཀྱིས་དངུལ་་བསྡུས་ཀྱི་འཆར་གཞྀ་ཡོད་པ་འདྲ་ཧཧཧཧ་ན་ནང་ཡིལ་ཤིལ་ས་ཡོམ་གྱི་ཆེད་དངུལ་བསྡུས་པ་ད་དུང་ཡང་ས་གནས་ཀྱི་མི་མང་གི་ལག་ཏུ་ཐོན་མེད་པའི་གནས་ཚུལ་འདུག་་་་་་་ད་ངོ་མ་ཁྱེད་ཚོ་་་་་་་་་་་་་

  8. རེབ་ཐོག་མདའ says:
    2012-05-25 at 5:13 am

    བོད་ཀྱི་ཁུ་བྱུག་སྔོན་མོ།།
    མ་གྲགས་ཡུན་རིང་འགྲོག་སོང་།།
    དཔྱིད་དཔལ་དལ་ཀྱིས་སླེབས་ཡང་།།
    ཁུ་བྱུག་མ་གྲགས་སྐྱོ་གི།།

    བོད་ཀྱི་ཁུ་བྱུག་སྔོན་མོ།།
    སྐུ་ལུས་ནད་མེད་ཚེ་རིང་།།
    གསུངས་སྐད་ལྷང་ལྷང་སྒྲོག་པའི།།
    ཁུ་བྱུག་བདེ་བའི་སྨོན་ལམ།།

    བོད་ཀྱི་ཁུ་བྱུག་སྔོན་མོ།།
    གསུངས་སྙན་བོད་ལ་སྒྲོག་དང་།།
    བོད་ཀྱི་ཁུ་བྱུག་སྔོན་མོ།།
    ཀ་ཁ་ངག་ལ་གྱེར་དང་།

  9. དྲ་འབུ། says:
    2012-05-25 at 5:14 am

    བདག་གི་ཚེ་སྲོག་མི་ཡུལ་གངས་ལྗོངས་སུ་ཐོག་མར་འཐོར་དུས་རྣ་བ་གསར་པས་ཐོས་པ་ནི། དྲིན་ཆེན་མ་ལོའི་བརྩེ་ངག་ཐུལ་དཀར་འབྲི་མོའི་ངུར་སྒྲར་སྡེབ་པ་དང་། ན་གཞོན་གླུ་བ་བདུད་བྷེའི་དབྱངས་རྟ་ཁུ་ཡུག་སྔོན་མོའི་སྙན་འགྱུར་དང་སྡེབ་པའི་ (ཟླ་འོག་གི་བརྩེ་དུང་།) (ང་དང་ཁུ་བྱུག་གཉིས་ཀ)སོགས་རེད། དེ་ནས་བཟུང་བདག་གི་རྣམ་ཤེས་ཨ་མའི་བརྩེ་ངག་དང་བདུད་བྷེའི་གླུ་གཞས་ཀྱི་འགྱུར་ཁུགས་ལ་ཐིམ་པས། ཁོང་གི་ཟ་ཟི་ཡི་སྐྲ་ལོ་དང་། འདར་འདར་གྱི་སྐད་ངག་བདག་གི་ཡིད་ངོགས་ནས་ནམ་ཡང་ཡལ་མྱོང་མེད། དེའི་ཕྱིར་མི་རིགས་ཀྱི་ལས་དབང་གླུ་རུ་འགུགས་པའི་ལ་རྒྱའི་གླུ་ཁོང་འབྱུང་བཞི་བདེ་ཞིང་ལ་རྒྱའི་གླུ་དབྱངས་གསར་པ་དག་མྱུར་དུ་ཐོས་པའི་སྨོན་ལམ་གཏན་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

  10. ཨ་རིག་དགེ་མཐོང་། says:
    2012-05-25 at 5:40 am

    གངས་ལྗོངས་ཁུ་བྱུག་སྔོན་མོ་ཁོང་གི་སྐུ་ཚེ་བརྟན་ན་གངས་ཅན་པ་ཚང་གི་བདེ་སྡུག་གླུ་རེ་གྱེར་ངེས་ཡིན།
    རྒྱུ་ཆེན་ཚོས་ཕྱག་ཟུང་བསྲིངས་ཏེ་སྒོར་འགའ་རེ་ཕུལ་ཐུབ་ན་ལེགས།

  11. ཨ་རོགས་ཉི་མ། says:
    2012-05-25 at 6:18 am

    འདུ་བྷེ་ལགས་ཐུགས་འཇགས་གནང་རོགས་སྐུ་བརྟན་པའི་སྨོན་འདུན་ཡོད།

  12. ཨ་མའི་བུ། says:
    2012-05-25 at 7:00 am

    རྒྱུ་ཆེན་ཚོས་སྒོར་མོ་རེ་ཨ་རིག་དགེ་མཐོང་ཕྱགས་ཏུ་འཇོག་ཐུབ་ན་བཟང་གི། དེ་ནས་ཨ་རིག་ཁོང་ཡང་ཕྱུག་པོ་ཆགས་ཀྱི་གོ་སྐབས་ཞིག་ཐོབ་རྒྱུའི་རེ་བ་འདུག

  13. རྡོ་རྗེ་རྒྱལ་མཚན། says:
    2012-05-25 at 7:18 am

    གླུ་བ་བདུད་བྷེ་ནི་སྐད་ངག་སྙན་པོ་ཙམ་མིན་པར་དཔའ་རྒོད་འགྲན་ཟླ་བྲལ་བ་ཅིག་ཡིན་པས།ཕལ་ཆེར་བོད་ནང་གི་གླུ་བ་སུས་ཀྱང་བོད་མིའི་རང་དབང་བདེན་དོན་དང་༧རྒྱལ་དབང་ཡིད་བཞིན་ནོར་བུ་བོད་ཕེབས་སོགས་ཀྱི་ཐད་གླུ་ལེན་རྒྱུ་ཅིག་དྲན་གི་མེད་སྐབས་ནས་བཟུང་སྟེ།ཁོང་གིས་དེ་འདྲ་རྐྱང་བླངས་ཏེ་རྒྱ་ནག་གཞུང་ལ་ཁ་གཏད་བྱས་ནས་ཡོང་བ་རེད།
    འོན་ཀྱང་།ཁོང་བོད་མིའི་ཁྲོད་སྐད་གྲགས་ཆེ་དྲག་ནས་རྒྱ་གཞུང་འཇིགས་སྐུལ་འཛིན་བཟུང་སོགས་ཐེངས་མང་བྱས་མྱོང་བ་མ་གཏོགས།གཏན་དུ་བཙོན་འཇུག་ཁྲིམས་གཅོད་གཏོང་རྒྱུར་འཛེམ་དོགས་བྱེད་ཀི་ཡོད་རུང་།བར་ལམ་ཁོའི་ཐག་ཉེའི་མི་རེ་ཟུང་གིས་བཤད་ན་ཁོ་ཐེངས་མ་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་ཤིག་བྱས་པ་ནས་བཟུང་སྐད་འགག་ནས་གླུ་ལེན་མི་ཐུབ་པ་བཤད་འདུག་པས།ཕལ་ཆེར་རྒྱ་མིའི་ཆོ་འཕྲུལ་ཅིག་ཡིན་ས་རེད།
    དེ་འདྲ་ཡིན་དུས་ང་ཚོས་ངེས་པར་ཁོང་ཁྱབ་བསྒྲགས་གནང་གི་དགོས་ཀྱི་འདུག་སྙམ།ལྷག་པར་བོད་ལ་ལྷག་བསམ་ཡོད་ན་རྒྱལ་ཞེན་པ་ཁོང་ལྟ་བུ་གསོན་པའི་སྐབས་སུ་བདག་པོ་བརྒྱབ་དགོས་པ་ལས།ཤི་ཚར་དུས་མཚན་སྙན་རྫིག་པོ་ཅིག་ཐོབ་མ་ཐོབ་ལ་ཁྱད་པར་ཆེན་པོ་མེད་རེད།

  14. ཁྱི་ཕྲུག says:
    2012-05-25 at 7:54 am

    དོན་མེད་དུ་སྙོག་དྲ་མ་གླེང་རོགས ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚོས་སྒོར་མོ་རེ་སྐུར་ཐུབ་ན་བཟང་། ཁོ་ལ་ད་སྐབས་དགོས་མཁོ་ཆེ་ནོ་དེ་རེད། མ་མཐའ་ད་བར་དུ་བདུད་བྷེའི་གླུ་ལ་ཉན་པའི་རིན་འབབ་ཟེར་ན་ཡང་ཆོག

  15. ལྷ་མོ་སྒྲོལ་མ་ says:
    2012-05-25 at 9:01 am

    ཁོང་ལ་མཚམས་བདེ་ཞུ་

  16. ཨ་མའི་བུ། says:
    2012-05-25 at 10:03 am

    ཁོང་ལ་སྒོར་མོའི་དཀའ་མེད་པ་ངས་འགེན་ལེན་ཆོག། བོད་ལ་ཁ་པར་བཏང་ནས་རྒྱས་ལོན་བྱུང་བ་ཞིག་ཡིན། འོན་ཀྱང་ཟ་འདོད་ཅན་ཚོ་མི་དགའ་ན་སྡུག་གྱོང་རེད་ལོ། ཁྱེད་ཚོའི་ཡང་གོ་སྐབས་ཞིག་འཚོལ་གི་ཡོད་པ་ངས་འདི་ནས་གོ་སོང་། རང་ཉིད་ཀྱི་དངུལ་ཐོབ་ཆེད་གཞི་ལས་བོད་མི་བེད་སྤྱོད་བྱས་ན་མཐའ་གཅིག་དུ་ངོ་སྒོར་ཡོད་

  17. ལྷ་ནོར། says:
    2012-05-25 at 11:32 am

    དངོས་རྩོམ་འབྲི་མཁན་ཁ་གསལ་མ་བྱུང་བར་དུ་དོམ་མེད་མཆན་ཡང་མ་འདེབས། དངོས་རྩོམ་འབྲི་མཁན་ཡིད་གཏན་ཁེལ་བ་ཞིག་བྱུང་ན་མཆན་ཡང་འདེབས་ཆོག་ལ་དོན་དངོས་ཀྱང་གླེང་ཆོག དེ་མིན་གཟབ་དགོས།

  18. དཀོན་མཆོག་ནས། says:
    2012-05-25 at 1:19 pm

    གངས་ལྗོངས་ཁུ་བྱུག་སྐུ་ཚེ་བརྟན་པར་སྨོན།

  19. བོད་པ་སྐྱབས says:
    2012-05-25 at 10:54 pm

    ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚོའི་སྒོར་མོ་གནམ་ནས་འབབས་ཀི་ཡོད་ནི་མ་རེད།

  20. བློ་བཟང་ཆོས་གྲགས། says:
    2012-05-26 at 1:34 am

    གློ་གཅོངས་ཀྱི་ན་ཚ་ཟེར་བ་དེ་ཕྱི་ལུགས་ཀྱི་སྨན་གྱི་ཐོག་ནས་བཤད་ན་ཌི་སྦི་ཟེར་བ་དེ་རེད།་་་ན་ཚ་དེ་སྔོན་མ་ཚབས་ཆེན་པོ་བརྩིས་བཞིན་མི་སྲོག་མང་པོ་འཕྲོག་ཀྱང་།་་་དེང་སྐབས་ཟླ་༦ཙམ་སྨན་དང་ཟས་སྤྱོད་ཡག་པོ་བརྟེན་ན་སླར་མི་སྐྱེ་བའི་ཚུལ་གྱི་སྤོངས་ཐུབ་ལ།་་་གོས་ནད་མིན་ན་སྨན་ཁང་དུ་སྡོད་དགོས་མེད་པར་ཕྱིར་རང་ཁྱིམ་དུ་ལོག་ན་ཆོག་་་་ནད་གཞི་ལ་འགྲོ་སོང་དེ་ཙམ་མེད་པས་ཕལ་ཆེར་ཞལ་འདེབས་དགོ་མཁོ་མེད་པར་སེམས།་་གལ་སྲིད་ཞལ་འདེབས་དགོས་ཚེ་བདེ་ལེགས་སྨན་ཁང་གི་ཌི་སྦི་ནད་པ་ཚང་མ་ལ་ཞལ་འདེབས་འདྲ་སྤྲོད་དགོས་ནའང་ཐང་།

  21. འོ་མ། says:
    2012-05-26 at 9:39 am

    གངས་ལྗོངས་ཁུ་བྱུག་སྔོན་མོའི།།
    སྲོག་ལ་གཉེན་ཁ་མེད་ན།།
    གངས་རིའི་སྤུན་གྲོགས་ཡོངས་ཀྱིས།།
    བློ་སེམས་བདེ་ནས་སྒུག་ཡོད།།
    གངས་ལྗོངས་ཁུ་བྱུག་སྔོན་མོ།།
    སླར་ཡང་གླུ་ཅིག་ལེན་རོགས།།

    གངས་ལྗོངས་ཁུ་བྱུག་སྔོན་མོའི།།
    ལུས་ཁམས་ལེགས་པར་དྭངས་ན།།
    སྙན་པའི་གླུ་དང་རོལ་མོས།།
    བོད་མིའི་ཚེ་སྲོག་གསོ་ཡོང་།།
    གངས་ལྗོངས་ཁུ་བྱུག་སྔོན་མོ།།
    སླར་ཡང་གླུ་ཅིག་ལེན་རོགས།།

    གངས་ལྗོངས་ཁུ་བྱུག་སྔོན་མོའི།།
    སྐུ་ཚེ་ཡུན་དུ་བརྟན་ན།།
    གཞིས་བྱེས་མཉམ་དུ་འཛོམས་པའི།།
    དགའ་སྟོན་རྟེན་འབྲེལ་ཞིག་ལ།།
    ཁུ་བྱུག་སྔོན་མོ་ཕེབས་ནས།།
    སླར་ཡང་གླུ་ཅིག་ལེན་དགོས།།

  22. གྲི་ནག་ཡུ་དམར། says:
    2012-05-27 at 4:56 am

    སྤྱིར་བོད་མི་དཀྱུས་མ་ཞིག་ཡིན་རུང་ན་དུས་སྡུག་དུས་དངུལ་དངོས་ཀྱི་རོགས་སྐྱོར་རེ་ཐུབ་ན། ཤིན་ཏུ་བཟང་གི། དྲ་བརྒྱུད་དངུལ་དངོས་དགོས་མཁོ་སྒྲུབ་བྱེད་འདོད་ཀྱི་སྐད་ཆ་དེ་ལ་རྣ་བ་གཏད་དགོས་དོན་མི་འདུག ཡིན་ནའང་ཨ་མའི་བུ་འབོད་པའི་བསམ་ཚུལ་རེ་འགའ་རྒྱུ་མཚན་ཏན་ཏན་ཡོད་བ་རེད། གླུ་བ་ཁོང་གི་མི་ཚེ་ལ་རྡུང་གླུ་བླངས་ནས་སྐད་གྲགས་རྒྱས་བ་རེད། དེ་ལ་བབ་པའི་ཡོང་སྒོ་ཞིག་ཏན་ཏན་ཡོད་རྒྱུ་རེད། གོང་གི་གླ་ཆའི་སྐོར་ལ་ཉན་ཡོང་དུས་རྒྱ་སྒོར་བཞི་སྟོང་གི་སྐད་ཆ་དེ་ཅུང་ཡ་མཚར་རེད། བདུད་བྷེ་ཁོང་གླུ་བ་གླས་མ་དེ་འདྲ་ཡིན་རྒྱུ་མ་རེད། གནས་སྟངས་ཀྱི་ཆ་ནས་ནུབ་ཕྱོགས་གླུ་བ་ཚོ་དང་བསྡུར་རྒྱུ་མེད་རུང་། བོད་ཀྱི་ གླུ་བ་ལ་ཚོ་ཡང་རང་ཉིད་ཀྱི་ནུས་བབས་ལ་བབ་པའི་ཡོང་སྒོ་ཞིག་གང་ལྟར་ཡོད་རྒྱུ་རེད། དེ་ན་གླུ་བ་བདུད་བྷེ་ཁོང་གི་སྐད་ངག་གི་ཆ་ནས་དང་ཡིད་འགུགས་ཀྱི་ཆ་ནས་མདོ་སྟོད་གཉིས་ཀ་དབང་དུ་བསྡུས་ཡོད་པ་རེད། འདི་ནི་གླུ་བ་ཁོང་གི་་འཁོར་ཐག་མང་བོ་ཞིག་འགྲེམ་ཚོང་བྱེད་ཐུབ་ཡོད་པའི་མཚོན་རྟགས་ཞིག་ཀྱང་རེད། དེ་ན་ཡོང་སྒོ་རྣམས་རྒྱ་སྒོར་བཞི་སྟོང་གི་ཚབ་བྱས་བའི་སྐད་ཆ་འདི་ཅུང་ཉན་བདེ་བོ་རང་མི་འདུག གང་ལྟར་གླུ་བ་བདུད་བྷེའི་སྐུ་གཟུགས་བདེ་བོ་ཡོང་བར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme