Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོན་པའི་མཛད་རྣམ་རི་མོ་དང་པོ།

Posted on 2012-05-25 By ཁ་བརྡ་ 20 Comments on སྟོན་པའི་མཛད་རྣམ་རི་མོ་དང་པོ།

སྐྱོ་བྲག་དགའ་དབང་།

སྟོན་པ་ཐུབ་པའི་དབང་པོ་གྲོང་ཁྱེར་རྩྭ་ཅན་ཤིང་སཱ་ལ་ཟུང་གི་དྲུང་དུ་གཤེགས་ཏེ་ཐ་མའི་གཟིམས་མལ་རིན་པོ་ཆེའི་ཁྲི་ལ་གློ་གཡས་པ་ཕབ་ནས། དབུ་ནི་བྱང་ཕྱོགས་སུ་བསྟན། ཞབས་ནི་ལྷོ་ཕྱོགས་སུ་བསྟན། ཞལ་ནི་ནུབ་ཕྱོགས་སུ་གཟིགས། རྒྱབ་ནི་ཤར་ཕྱོགས་སུ་བསྟན་ནས་གཟིམས་ཏེ། ཕུང་པོ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ། ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲས་ཐོས་ན་ཁྲག་དྲོན་པོ་སྐྱུགས་ནས་འཆི་བའི་དུས་བྱེད་པ་ཟློག་པའི་ཐབས་སུ། ཉན་ཐོས་འོད་སྲུང་ཆེན་པོས་ཡུལ་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ། ཁྱོད་ཀྱིས་ཇི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་ཤིང་གཟིགས་པ་ལྔས་གཟིགས་ཏེ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་དུ་སྦྱང་བ་མཛད་ནས་གླང་པོ་ཆེར་བསྟན་ཏེ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང་། གཤེགས་ནས་ཇི་ལྟར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཇི་ལྟར་བཅོམ་ལྡན་འདས་ཡུལ་བཱ་རཱ་ཎ་སཱིར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང་། ཇི་ལྟར་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། ཇི་ལྟར་སུམ་བཅུ་རྩ་གསུམ་ལྷའི་གནས་སུ་སྐྲུན་པའི་ཡུམ་གྱི་ཐད་དུ་གཤེགས་ནས་ཆོས་བཤད་དེ་གྲོང་ཁྱེར་སྒྲ་ཅན་དུ་བབ་པ་དང་། ཇི་ལྟར་ཕྱོགས་གང་དང་གང་ན་གདུལ་བ་དེ་དང་དེ་དག་བཏུལ་ནས། སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་ཏེ། གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་གཟིམས་མལ་དུ་གཤེགས་པ་དེ་ལྟ་བུའི་རི་མོ་དག་བྲི་བར་བྱ་ཞིང་། ཞེས་འབྲིར་བཅུག་པ་ནི་བསྟན་པ་འདི་ལ་སྟོན་པ་ཐུབ་པའི་དབང་པོའི་མཛད་རྣམ་རི་མོར་བཀོད་པ་དང་པོ་ཡིན་ནོ། །
སྣ་ཚོགས།

Post navigation

Previous Post: ང་ཤི་དུས་་ངའི་ཞི་བའི་འཐབ་རྩོད་ཀྱང་ཚར་བ་ཡིན།
Next Post: གླུ་བ་བདུད་བྷེའི་སྐད་བསྐུར་ཞིག

Comments (20) on “སྟོན་པའི་མཛད་རྣམ་རི་མོ་དང་པོ།”

  1. དགའ་སྐུ་ says:
    2012-05-25 at 12:47 am

    ཐུགས་རྗེ་ཆེ་ཧ་ཅང་ཡག་གི་

  2. གཉིས་མེད་སེངྒེ says:
    2012-05-25 at 2:04 am

    ཀོའུ་ཏམ་དེ་ལ་ཕྱག་འཚལད་ཏོ།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-05-25 at 2:47 am

    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

  4. དགེ་ལེགས། says:
    2012-05-25 at 3:32 am

    ༄༅། །རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་པ། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་ཀྱི་པདྨོར་ལན་བརྒྱར་ཕྱག་བགྱིའོ། །དགོས་པ་ཀུན་གྱི་ནང་ནས་མཆོག་གྱུར་པ། །མགོན་ཁྱོད་ཞབས་ཟུང་བརྟན་པ་ཁོ་ན་སྟེ། །དེ༌ཕྱིར་འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །བདག་ཅག་འདི་ནས་ཉིན་མཚན་ཐམས་ཅད་དུ། །མགོན་ཁྱོད་དྲན་པས་བཟོད་གླགས་མི་གདའ་ན། །རང་ཞིང་རང་གི་ཕྱག་ཏུ་བཞེས་ནས་སླར། །ཐུགས་རྗེའི་ཤུགས་ཀྱིས་མྱུར་དུ་འབྱོན་པར་གསོལ། །ཆགས་སོགས་ཉོན་མོངས་ཤུགས་ཀྱིས་བརླམས་པའི་མཐུས། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདའ་མོད་ཀྱི། །དེང་འདིར་སྙིང་ནས་འགྱོད་པས་བཤགས་ལགས་ན། །ཐུགས་རྗེས་ཡོངས་སུ་བྱང་བར་བྱིན་གྱིས་རློབས། །མ་གྷ་ངྷ་ནས་བུ་རམ་ཤིང་པ་ལྟར། །སྟོན་པ་འཁོར་བཅས་ཇི་ལྟར་གཤེགས་པ་བཞིན། །རྡོ་རྗེའི་གདན་ནས་རང་ཡུལ་གངས་ཅན་འདིར། །ཡོན་བདག་འཁོར་དང་བཅས་པ་གཤེགས་སུ་གསོལ། །གང་འཚམ་ལས་བཞིའི་ཕྲིན་ལས་ཉི་མའི་གཟིས། །མི་སྲུན་ཀླ་ཀློའི་མུན་པ་དྲུངས་ཕྱུང་ནས། །ཆོས་འབྱོར་བདེ་སྐྱིད་གསར་བའི་སྣང་བ་ཡིས། །གངས་ཅན་འགྲོ་བ་གཅིག་ཅར་དབུགས་དབྱུང་མཛོད། །ཚེ་འདི་བདེ་ལ་སྦྱོར་བའི་ཕ་མ་དང་། །ཕྱི་མའི་ལམ་སྣ་འདྲེན་པའི་བླ་མ་སོགས། །འདི་ཕྱི་གནས་སྐབས་ཀུན་ཏུ་རེ་བའི་སྐྱབས། །མགོན་པོ་ཁྱེད་ལས་མེད་དོ་ཐུགས་རྗེས་ཟུངས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་རིའི་ལྗོངས། །ཁྱེད་ཀྱིས་འདུལ་བའི་ཞིང་དུ་ཡོངས་བཟུང་ནས། །ཐུགས་བསྐྱེད་ཇི་ལྟར་མཛད་པ་མི་བསྙེལ་བར། །སླར་ཡང་རང་གི་ཕྱག་ཏུ་བཞེས་སུ་
    གསོལ། །མདོར་ན་སྐྱབས་གནས་ཀུན་འདུས་ཁྱེད་ལགས་ན། །ཁྱོད་ཞབས་སྤངས་ཏེ་སུ་ལ་སྐྱབས་སུ་གསོལ། །དེ་སླད་བདག་ཅག་དེང་ནས་བྱང་ཆུབ་བར། །ཁྱེད་ཉིད་ཁོ་ནར་སྐྱབས་སུ་མཆིས་ལགས་སོ། །རྒྱལ་མཆོག་རྟ་བདུན་དབང་པོ་མངོན་སུམ་འཆར། །ཆོས་སྲིད་དགའ་ཚལ་ཀུན་ནས་ལྷུག་པོར་བཞད། །བདེ་སྐྱིད་སྦྲང་རྩི་རོ་ཡིས་རྐང་དྲུག་ཚིམས། །བཀྲ་ཤིས་ཀུན་གྱིས་དེང་འདིར་བཀྲ་ཤིས་ཤོག །གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག ། ། ། གསོལ་འདེབས་གདུང་དབྱངས་འདི་ཉིད་ལྷོ་རྒྱུད་བསྟན་པའི་སྒྲོན་མེ་དྭགས་གྲྭ་མཁན་ཟུར་ལྡིང་གུར་རིན་པོ་ཆེས་སྣེ་གདོང་བཙོན་ཁང་དུ་བཞུགས་སྐབས་དད་ལྡན་སློབ་མ་ཁ་ཤས་ཀྱིས་བསྐུལ་ངོར་མཛད་པའོ།། །།དགེ་ལེགས་ཆེར་འཕེལ།།

  5. མེ་ཏོག་དཀར་པོ། says:
    2012-05-25 at 8:37 am

    སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་། །
    བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །
    པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །
    སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །

  6. སྐྱུ་རྩི་ནས། says:
    2012-05-25 at 5:11 pm

    ལུམ་བྷིའི་ཚལ་དུ་རླག་ཤའི་སྡོང་པོ་ལ།
    སྤྲིན་དཀར་ཁྱིལ་ནས་རློག་འཕྲིན་ཁྱུག་འདྲ་བ།
    ལག་པས་གཡས་པས་ཡལ་ག་བཟུང་བའི་ཚེ།
    རྩིབ་ལོག་གཡས་ནས་གཞོན་ནུ་བདེ་བར་འཁྲུངས།

  7. ཡར་ཁམས་ཁྲི་རྒྱལ། says:
    2012-05-25 at 7:01 pm

    སྐབས་དེར་སྟོན་པ་དགུང་ལོ་ ༨༤ ཡིན་པའི་དབང་དུ་བཏང་ན། རི་མོ་འདིའི་ནང་དགུང་གྲངས་ཧ་ཅང་ཆུང་སྣང་སྟེར།

  8. གཞོན་ནུ་ཟླ་མེད། says:
    2012-05-25 at 7:38 pm

    གཅིག
    དགའ་ལྡན་ཡུལ་ནས་དམ་པ་ཏོག་དཀར་པོས།།
    དམ་པ་ཆོས་ཀྱི་མངའ་དབང་གསེར་གྱི་ཁྲི།།
    འདི་ཡི་བདག་པོ་ཁྱོད་ཀྱི་བྱེད་དགོས་ཞེས།།
    བྱམས་པ་མགོན་ལ་གཏད་ནས་མི་ཡུལ་གཤེགས།།
    གཉིས།
    སྒྱུ་མ་ལྷ་མཛེས་གཟིམ་ཁྲིའི་གུར་ཁང་དུ།།
    གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་པ།།
    རྨི་ལམ་རྣམ་པས་ལྷུམས་སུ་ཞུགས་པའི་ཚེ།།
    སྲས་གཙང་རྒྱལ་བོ་དགའ་བའི་ཅ་ཅོ་འཆོར།།
    གསུམ།
    བཀྲ་ཤིས་ལིམ་པའི་ཚལ་ནགས་ནང་ན།།
    འོད་ཟེར་དྲ་བ་དྲ་ཕྱེད་མཇའ་ཚོན་བཞིན།།
    བལྟམས་པའི་ཚེ་ན་གོམས་པ་བདུན་བོར་ནས།།
    ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-25 at 10:15 pm

    རི་མོ་འདི་བོད་དུ་བྲིས་པ་ཡིན་ནམ། རྒྱ་གར་དུ་བྲིས། སྔོན་བཱ་རཱ་ཎ་སཱིའི་ཆོས་འཁོར་གནས་ཀྱི་ལྷ་གཙུག་ལག་ཁང་གསར་པ་བཞེངས་པའི་ལྡེབས་རིས་རྣམས་འབྲི་མཁན་རི་པིན་པ་ཡིན་ཅིང་། ཡུལ་གང་གི་ལྷ་བཟོ་པ་དག་གིས་རི་མོ་འབྲི་བ་ན། རང་རང་ལུང་པའི་མིའི་རྣམ་པ་རང་ཤུགས་ཀྱིས་བྱུང་ནའང་། གཙུག་ལག་ཁང་དེའི་ལྡེབས་རིས་འབྲི་བ་པོ་ལ་རྒྱ་གར་གྱི་མིའི་རྣམ་པ་འབྲི་ཐུབ་པ་དེ་ཐུན་མོང་མ་ཡིན་པ་ཡིན་ཟེར་བ་ཐོས།
    མ་ག་དྷཱ་ དང་། མ་གྷ་ངྷ་ ཞེས་པ་གཉིས་ཀ་དག་མི་འདུག མ་ག་ངྷ་ ཞེས་འབྲི་དགོས། དེ་ཡང་ མ་ ཞེས་པ་དབུས་དང་། ག་ ཞེས་པ་གྱུར་དང་། ངྷ་ཞེས་པ་འཆང་སྟེ། ཡུལ་དབུས་གྱུར་འཆང་། ཞེས་སོ། ཞེས་ཐོས་མྱོང་བ་ཡིན་ལགས།

    མ་ག་ངྷ་ ནས་སློབ་མ་གུས་པ་ཡིས།
    གསིལ་སྙན་དཀྲོལ་ཞིང་གསོལ་བ་བཏབ་པའི་སྐད།
    བོད་དུ་གསན་ནས་འབྲོམ་ལ་སྦྲན་པ་ཡིས།
    རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས།།

  10. ཀརྨ་ཡེ་ཤེས། says:
    2012-05-26 at 3:19 am

    གསིལ་སྙན་མ་རེད་སིལ་སྙན་རེད་ལགས།

  11. dhoshul says:
    2012-05-26 at 4:29 am

    རི་མོ་འདི་གསར་པ་མ་རེད། རྙིང་པ་རེད། རྣམ་ཐར་རི་མོའི་ལམ་ནས་ངོ་སྤྲོད་འདི་གསར་པ་མ་རེད་སྔ་མོ་ནས་ཤེས་རིག་པར་ཁང་ནས་མང་པོ་ངོ་སྤྲོད་ཞུས་པ་རེད།

  12. dhoshul says:
    2012-05-26 at 4:35 am

    ཨོ་དགོངས་དག་ང་ནོར་འདུག རི་མོ་དང་པོ་ཡིན་པ་འདྲ། རི་མོ་དང་པོ་ག་རེ་བྱེད་ནས་ཡིན་ན། དྲྭ་རྒྱ་ནང་གི་དང་པོ་ཡིན་ན།

  13. BONPO says:
    2012-05-26 at 4:53 am

    ༄༅། །སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ ཉིན་བྷེལ་ཇམ་དུ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁན་བླ་སྤྲུལ་སོགས་ལ་ལམ་སྟོན་བཀའ་སློབ་སྩལ་དོན།

    ང་ཚོ་བོད་པར་སོ་སོའི་ཡི་གེ་ཡོད། ཡི་གེ་དེ་ཡང་རྒྱ་ཡིག་དང་རྒྱ་གར་གྱི་ཡི་གེ་ནས་དཔེ་བལྟས་པ་ཞིག་མ་རེད། སྤྱིར་བཏང་སུམ་རྟགས་གྲས་དེ་རྒྱ་གར་ནས་དཔེ་བལྟས་པ་ཞིག་རེད། རྩ་བའི་ང་ཚོའི་ཡི་གེ་ཞང་གཞུང་སྨར་ཡིག་ཡིན་ནའང་འདྲ། གང་ལྟར་སོ་སོའི་ཡི་གེ་རང་བཙན་པ་ཞིག་ཡོད། །

    བོན་རྒྱལ་ལོ། བོད་རྒྱལ་ལོ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །

    དྲྭ་གྲོགས་གང་ཞིག་གི་ཁ་ནང་དུ་གསང་རྡོར་བཅུག། །

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་དྲངས།
    ༧བླ་མ་ཁོང་སྐུ་ཚེ་མི་བཤིགས་གཡུང་དྲུང་གི་ཁམས་སུ་བརྟན་པར་ཤོག། འགྲོ་དོན་མཁའ་ལ་ཉི་མ་ཤར་བ་ལྟར་རྒྱས་པར་ཤོག། །

  14. ལ་སྟོད་བུ། says:
    2012-05-26 at 8:07 am

    BONPO་ལགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཞེས་པ་གང་ན་འདུག་གམ། ངས་མ་རྙེད་ཐལ།
    བོད་གཞུང་དྲ་རྒྱ་ཞེས་པར་བསྣན་པས་ཅང་མི་ཤར་གི།

  15. BONPO says:
    2012-05-26 at 2:14 pm

    ལ་སྟོད་བུ་ལགས། བོད་སྐད་རྒྱ་སྐད་དབྱིན་སྐད་གསུམ་གྱི་བདག་ཉིད་ཅན་གྱི་དྲྭ་རྒྱ་ http://www.tibet.net ནང་ལ་ཕེབས་ནས་་་་བོད་ཡིག་་་་ཐོག་སྣོན་དང་བོད་ཡིག་དྲྭ་ངོས་འཆར་ཐུབ་དེའི་་་གསར་གནས་་་ཀྱི་སྡེ་ཚན་ནང་་་་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་དུ་མཁན་བླ་སྤྲུལ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་བ་་་་་ཞེས་པར་སྣོན་དང་བཀའ་སློབ་རྒྱས་པ་གཟིགས་ཐུབ། ཆ་ཚང་བ་མར་ཀློག་གནང་དང་དེའི་ནང་ཁ་གསལ་ངོ་གསལ་དུ་བཀོད་འདུག་པས་ཐུགས་དགྱེས་པར་མཛོད། །

  16. གླིང་སྨྱོན་ says:
    2012-05-26 at 2:27 pm

    BONPO ལགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གཙོ་འཛིན་པ་དག་གིས་གནས་ཚུལ་གསར་པ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེས་ཆེ་ཡུན་བཞིན་ཡོད།

  17. BONPO says:
    2012-05-26 at 2:46 pm

    ༢༠༡༢ ཟླ་ ༥ ཚེས་ ༢༤ ལྔ་ཉེར་བཞི་འདི་བོད་ཀྱི་དུས་ཆེན་ཆེ་གྲ་ཞིག་ལ་བརྩིས་ནས་ས་ཕྱོགས་གང་སར་བཞུགས་པའི་བོད་ཀྱི་བོན་པོ་རྣམས་ཀྱི་གཙོས་པའི་བོད་རིགས་མི་དམངས་ཡོངས་ནས་་་་་ལྔ་ཉེར་བཞི་བདེན་པའི་དགའ་སྟོན་་་་ཞེས་པ་ཞིག་གཏོང་དགོས།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-26 at 5:08 pm

    ཁ་ནས་འཐོན་པ་ན། སིལ། གསིལ། བསིལ། ཞེས་སྒྲ་གསུམ་པོ་འདྲ་བར་འབོད། འོན་ཀྱང་བདག་དང་བདག་གི་སློབ་མ་དག་གིས་བོད་གནའ་བོའི་ལུགས་བཞིན་འབོད། དེ་ཡང་གནའ་བོའི་ལུགས་ཀྱི་འབོད་ཚུལ་དེ། བོད་ཀྱི་ཡུལ་མཐའ་མཚམས་དག་ན་ད་དུང་ཡོད་པ་དང་། རྗེ་བཙུན་བསོད་ནམས་རྩེ་མའི་གསུང་བཞིན་སྔོན་འཇུག་དང་རྗེས་འཇུག་དག་སྒྲ་འཐོན་པར་བྱས་ཏེ་ཀློག་ཐུབ་ན། དགོས་པ་ཆེན་པོ་མཆིས། ཡི་གེ་ཐོབ་སྟངས་ལྟར་ཨིན་ཡིག་ཏུ་བྲིས་པ་བོད་སྐད་མ་ཤེས་པ་ཞིག་ལ་ཀློག་ཏུ་བཅུག་ན། བོད་ཀྱི་གནའ་བོའི་འབོད་ཚུལ་རང་འཐོན་པ་འདུག
    གོང་གསལ་སྒྲ་གསུམ་པོ་དེ་རེ་རེ་བཞིན་བཤད་ན། དང་པོ་དེ་དངུལ་སིལ་མ་ལྟ་བྱ་དང་། གཉིས་པ་དེ་སྒྲོགས་པའི་དོན་ཏེ། ལ་དྭགས་ལ་ཆོས་སྒྲོགས་ལ་ཆོས་གསིལ་ཟེར། གསུམ་པ་དེ་རླུང་བསིལ་མོ་ཞེས་པ་ལྟ་བུ། སྒྲ་སྙན་ཞེས་གསིལ་སྙན་ཡོད་ཀྱང་། སྔོན་འཇུག་མ་འཐོན་པས། སིལ་སྙན་ཆགས་པར་ངེས་སོ།།

  19. ལ་སྟོད་བུ། says:
    2012-05-26 at 8:52 pm

    BONPO
    ལགས་ཐུགས་རྗེ་ཆེ་གནས་ཚུལ་ཁ་གསལ་དུ་དང་ཁ་བྱང་གནང་བར།
    ཁྱེད་དྲ་རྒྱ་བསྔོགས་རྒྱུར་མཁས་པ་ཞིག་ཡིན་ནི་རེད། ཉེ་འཆར་༸གོང་ས༸་མཆོག་ནས་ཁེ་ན་ཌ་རུའང་དེ་ལྟར་གསུངས་པ་ཞིག་ཐོས་བྱུང་དེ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ན་ཡིན་པ་ཡོད། འོན་ཀྱང་ད་ཆ་གང་དུ་ཡོད་མེད་ཤེས་ཀྱི་མི་འདུག་པས་གལ་ཏེ་ཁཨཡེད་ལ་དུས་ཁོམས་འདྲ་ཡོད་ན་གཅིག་འཚོལ་གནང་རོགས།
    ཐུགས་རྗེ་ཆེ།
    ༸སྐྱབས་མགོན༸་རིན་པོ་ཆེ་མཆོག་གི་བཀའ་སློབ་དེ་ཚོས་སེམས་ལ་ངོ་མ་གཅིག་ཕན་གི།
    ཉན་འདོད་ཤིན་ཏུ་ཆེ།

  20. ཁྲོ་ཐུང་ says:
    2012-05-27 at 5:03 am

    ཧཧཧཧཧཧཧཧཧ་་་་་་་དེ་འདྲ་ཡིན་ན་བོན་རྒྱལ་ལོ། བོན་གྱི་བསྟན་པ་རྒྱལ་ལོ། བོད་རྒྱལ་ལོ་རྒྱུས་རྒྱལ་ལོ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme