Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱིད། དབྱར། སྟོན། དགུན་དང་དཔྱིད།

Posted on 2012-05-232012-05-23 By སྤོབས་པ་མཐའ་ཡས། 11 Comments on དཔྱིད། དབྱར། སྟོན། དགུན་དང་དཔྱིད།

༼ནང་པ་སངས་རྒྱས་པ་དང་འབྲེལ་བའི་གློག་བརྙན་ཡིད་དབང་འཕྲོག་པ་ཞིག༽
གློག་བརྙན་འདི་ནི་ལྷོ་ཁོ་རེ་ཡ་ནས་བཟོས་པ་ཞིག་རེད། གློག་བརྙན་འདིའི་ནང་དོན་ནི་མཚོ་དབུས་སུ་གནས་པའི་ཁང་མིག་གཅིག་ཅན་གྱི་ལྷ་ཁང་ཆུང་ངུ་ཞིག་ཏུ་བཙུན་པ་རྒན་པ་ཞིག་དང་ཁོང་གི་དགེ་ཕྲུག་ན་གཞོན་ཞིག་གི་མི་ཚེ་ལས་འཕྲོས་པའི་གཏམ་རྒྱུད་ཅིག་རེད། དེ་ཡང་དགོན་པ་ཆུང་ངུ་དེ་མཚེའུའི་སྟེང་དུ་གཡེངས་པའི་ཚུལ་གྱིས་བཟོས་ཡོད་པ་དང་མཚེའུ་བརྒལ་བར་ཤིང་གྲུ་ཆུང་ངུ་ཞིག་ཡོད་པ་དེ་བཏང་ནས་འགྲོ་དགོས། མཚེའུའི་ཁོར་ཡུག་ནི་ནགས་ཚལ་གྱིས་ཁེབས་པའི་རི་བོ་དང་བྲག་རིས་བསྐོར་བས་ཉམས་དགའ་བ། རིག་པ་དྭངས་བ། སྤྲོ་སྣང་ཁོལ་བ། ཞི་བདེ་བག་ཕེབས་ཀྱི་ཚོར་སྣང་དབང་མེད་དུ་སྟེར་བ་ཞིག་རེད།
དཔྱིད།
དེ་ཡང་བཙུན་པ་རྒན་པ་ཞིག་ལ་དགེ་ཕྲུག་བྱིས་པ་ཞིག་ཡོད་པ་དེས་རི་ངོས་ནགས་གསེབ་ཏུ་འཁྱམས་ཉུལ་བྱེད་སྐབས་ཆུ་མིག་ནང་གི་ཉ་ཆུང་ངུ་ཞིག་བཟུང་ནས་རྐེད་པ་སྐུད་པས་བསྡམས་ནས་དེའི་སྣེར་རྡོ་ཆུང་ངུ་ཞིག་བཏགས་ནས་ཆུ་ནང་དུ་འཕངས། ཉ་ཆུང་དེའི་འཕག་འཚག་ག་ཚོད་མང་པོ་བྱས་ཀྱང་སྐྱལ་མི་ཐུབ་པ་ལ་བལྟས་ནས་མཚར་སྣང་སྐྱེས་ཤིང་གད་མོ་མང་པོ་བགད། དེ་བཞིན་དུ་སྦལ་བ་ཞིག་ལ་རྡོ་བཏགས་ནས་བཏང་། སྦྲུལ་ཞིག་ལ་རྡོ་བཏགས་ནས་བཏང་བ་སོགས་ཉེས་དམིགས་ཅན་གྱི་རྩེད་མོ་མང་པོ་ཞིག་རྩེ་བཞིན་པ་དགེ་རྒན་གྱི་ལྐོག་ནས་མཐོང་ཡང་མ་མཐོང་བའི་ཟོལ་བྱས། ཉིན་དེའི་དགོང་མོར་དགེ་ཕྲུག་གཉིད་དུ་ཡུར་ཡོད་སྐབས་དགེ་རྒན་གྱིས་རྡོ་ཆེན་པོ་ཞིག་ཐག་པར་བསྡམས་ནས་དགེ་ཕྲུག་གི་རྒྱབ་དུ་བཅིངས་ནས་དགྲོལ་མི་ཐུབ་པ་བྱས། དགེ་ཕྲུག་གཉིད་ལས་སད་སྐབས་དགེ་རྒན་ལ་རྡོ་དེ་གློད་རོགས་ཞེས་ཞུ་བ་ཕུལ་སྐབས་དགེ་རྒན་གྱིས་སྔར་ཉིན་མཐོང་བའི་ཉ་དང་སྦལ་བ་སོགས་ལ་རྡོ་བཏགས་པའི་ཚུལ་དང་དཔེར་སྦྱར་ནས་བཀའ་བཀྱོན་དང་འབྲེལ་རྡོ་དེ་རྒྱབ་ཏུ་བཅིངས་བཞིན་དུ་ཉ་དང་སྦྲུལ་སོགས་རང་དབང་དུ་གཏོང་བར་བཏང་། དགེ་ཕྲུག་གི་རྒྱབ་ཏུ་རྡོ་བཅིངས་བཞིན་དུ་རིའི་ལྡེབས་སུ་བསྐྱོད་སྐབས་ཉ་ནི་ཤི་ཟིན། སྦྲུལ་ནི་བྱ་ཡིས་ཟོས་ཚར། རུས་སྦལ་གཅིག་པོ་ཤི་མ་གསོན་དུ་ལུས་ཡོད་པའི་ཚུལ་མཐོང་ནས་ཉེས་དམིགས་དྲན་པ་དང་སྙིང་རྗེ་སྐྱེས་ནས་ངུ་ཤོར།
དབྱར།
དགེ་ཕྲུག་དེ་ན་གཞོན་ལང་ཚོ་དར་ལ་བབ་པའི་སྐབས་ཤིག་ལ་བུད་མེད་ཅིག་གིས་རང་གི་བུ་མོ་ན་གཞོན་དགེ་ཕྲུག་དེ་དང་ན་ཚོད་མཉམ་པ་ཞིག་ཁྲིད་ནས་དགོན་པར་སླེབས། དེ་ཡང་བུ་མོ་དེ་ལ་ནད་གཞི་གསལ་ཁ་མེད་པའི་ན་ཚ་ཤིག་གིས་ཟིན་ནས་ཡོད་པ་དྲག་ཏུ་རེ་ནས་གནས་སྐབས་རིང་དགོན་པར་འཇོག་པའི་རེ་བ་བཏོན། དགེ་རྒན་གྱིས་དེ་ལུགས་ཁས་བླངས་ནས་བུ་མོ་ན་གཞོན་དེ་དགོན་པར་ཉར། ཉིན་དེ་ནས་བཟུང་དགེ་ཕྲུག་གི་སེམས་པ་བུ་མོ་དེར་ཤོར། ཡིན་ན་ཡང་ངོ་ཚའི་དབང་གིས་ཆགས་གཏམ་གླེང་མ་ཕོད། ཉིན་ཞིག་ལ་བུ་མོ་དེ་ལྷ་ཁང་ནང་གི་སྟོན་པའི་སྐུ་བརྙན་མདུན་དུ་གཉིད་དུ་ཡུར་ཡོད་སྐབས་ཤིག་ལ་དགེ་ཕྲུག་གིས་བུ་མོ་དེའི་བྲང་ཁར་ལག་པས་རེག་ཙམ་བྱས། བུ་མོ་གཉིད་ལས་སད་ནས་ཁོར་འགྲམ་ལྕགས་ཤིག་བརྒྱབ། ཁོས་དེ་མ་ཐག་སྟོན་པའི་སྐུ་བརྙན་གྱི་མདུན་དུ་བསྡད་ནས་འགྱོད་བཤགས་གི་ཆོ་ག་བྱེད་བཞིན་པ་དགེ་རྒན་གྱིས་མཐོང་། ཡིན་ན་ཡང་ཉིན་ནས་ཉིན་རེ་བཞིན་དགེ་ཕྲུག་དང་བུ་མོ་ནད་པའི་འབྲེལ་བ་ཇེ་ཉེར་སོང་ནས་ནགས་ཚལ་གསེབ་ཏུ་འཁྱམས་ཉུལ་བྱེད་པའི་ཟོལ་གྱིས་ཆགས་པ་སྤྱོད་དུ་འགྲོ་བ་དང་། མཚན་མོར་དགེ་རྒན་གཟིམ་ཡོད་པའི་གོ་སྐབས་བཟུང་ནས་གྲུ་ཆུང་ནང་དུ་ཆགས་པ་སྤྱོད་ཅིང་ཉལ་བ་སོགས་བྱེད་བཞིན་དགེ་རྒན་གྱིས་གསལ་བར་མཐོང་། ཡིན་ན་ཡང་དགེ་རྒན་གྱིས་ཞེ་སྡང་གི་སྒོ་ནས་གཤེ་བ་སོགས་ལས་ལྡོག་སྟེ་དགོང་མོ་ཞིག་ལ་དགེ་ཕྲུག་དང་བུ་མོ་ནད་པ་གཉིས་གྲུའི་ནང་དུ་ཆགས་པ་སྤྱོད་རྗེས་གཉིད་འཐུག་པོ་ལོག་ཡོད་སྐབས་སུ་དགེ་རྒན་གྱིས་ག་ལེར་གྲུ་གཟིངས་དེ་ཚུར་རང་གི་གམ་དུ་འཐེན་ནས་གྲུའི་རྐུབ་ཀྱི་ཆུ་འགོག་བྱེད་ཀྱི་ཤིང་ཚལ་བ་དེ་ཕུད། གྲུ་ཆུ་ཡི་གཏིང་ཏུ་བྱིངས་ལ་ཉེ་སྐབས་ཁོང་གཉིས་གཉིད་ལས་སད་དེ་དགེ་རྒན་གྱི་མདུན་དུ་ངོ་ཚ་འཇིགས་སྐྲག་འགྱོད་པ་ཚོད་མེད་པ་ཞིག་བྱུང་། དེ་ནས་དགེ་རྒན་གྱིས་དགེ་ཕྲུག་ལ་འདོད་སྲེད་ཀྱི་ཉེས་དམིགས་རྒྱས་པར་གསུངས་ཞིང་བུ་མོ་དེ་ཡང་དགོན་པ་ནས་ཕྱིར་འབུད་དགོས་ཚུལ་གསུངས། སྐབས་དེར་དགེ་ཕྲུག་ཤིན་ཏུ་ཁྲོས་ནས་དགོང་མོ་དེར་དགོན་པའི་ནང་གི་སྟོན་པའི་རྡོ་སྐུ་དང་བྱ་ཕོ་ཚེ་ཐར་ཞིག་ཡོད་པ་ཁུར་ནས་བུ་མོ་དེའི་རྗེས་སུ་བསྙེགས།
སྟོན།
ལོ་མང་པོ་ཞིག་འདས་པའི་རྗེས་སུ་ལོ་ན་རྒས་པའི་དགེ་རྒན་དེ་གྲོང་དུ་སོང་ནས་འཚོ་རྒྱགས་དང་ལྷན་དུ་ཞིམ་བུ་ཞིག་ཁུར་ནས་དགོན་པར་ལོག སྐབས་དེར་ཟས་རིགས་བསྒྲིལ་ཐུམ་ཚགས་ཤོག་ཅིག་གི་སྟེང་ལ་སྐྱེས་པ་ཞིག་གིས་རང་གི་བཟའ་ཟླ་བསད་ཚུལ་འདྲ་པར་དང་སྦྲགས་པ་ཞིག་མཐོང་། དེ་ནི་གཞན་སུ་ཡང་མ་ཡིན་རང་གི་སྔར་གྱི་དགེ་ཕྲུག་དེ་ཡིན་པ་ཤེས། དེ་མ་ཐག་ཏུ་མཚེའུའི་མཐར་མི་ཞིག་གིས་འབོད་བཞིན་པ་མཐོང་། དེ་ནི་རང་གི་དགེ་ཕྲུག་ལག་དམར་དེ་ཡིན་པ་དང་། ད་དུང་ཁྲག་གིས་གོས་པའི་གྲི་ལག་ཏུ་ཐོགས་བཞིན་རང་གི་བཟའ་ཟླ་དེ་སྐྱེས་པ་གཞན་ཞིག་དང་ཆགས་འབྲེལ་ཡོད་པ་ཤེས་ནས་བཟའ་ཟླ་བསད་ཟིན་ན་ཡང་ད་དུང་ཞེ་སྡང་གིས་མྱོས་ནས་སེམས་རྣལ་དུ་མི་གནས་པར་གྱུར་ནས་དགོན་པར་གབ་ཡོལ་བྱ་ཆེད་དུ་འབྱོར། དགེ་རྒན་གྱིས་དེ་མ་ཐག་ཏུ་དགེ་ཕྲུག་ལག་དམར་ལ་གཤེ་ཞིང་རྡུང་བརྡེགས་དྲག་པོ་བྱས། རལ་གྲི་ཁྲག་གིས་གོས་པ་ལག་ཏུ་གཏན་ནས་རང་གིས་རང་ཉིད་གསོད་དུ་བསྐུལ། ཡིན་ན་ཡང་དགེ་ཕྲུག་གིས་རང་ཉིད་གསོད་མ་ནུས། མཐར་དགེ་རྒན་གྱིས་དགེ་ཕྲུག་ཐག་པར་བསྡམས་ཤིང་དགོན་པའི་གནམ་ཡོལ་ངོས་སུ་བཏགས་པའི་ཐག་སྣེ་དང་ཉེ་བར་སྣུམ་སྒྲོན་སྦར་ཞིང་ག་ལེར་ཐག་པ་ཚིག་ནས་ཆད་ཡོང་བ་ཞིག་བྱས། རང་གིས་ཞིམ་བུ་ལག་པའི་གྲུ་ཁུག་ཏུ་བསྣམས་ནས་ཞིམ་བུའི་རྔ་མ་ལ་སྣག་ཚ་འགོས་བཅུག་ཅིང་རྒྱ་ནག་གི་ཡིག་གཟུགས་རྙིང་པའིཤེས་རབ་སྙིང་པོའི་མདོ་དགོན་པའི་ཁྱམས་གྱི་པང་ལེབ་སྟེང་དུ་འབྲི་མགོ་བརྩམས། ཐ་མ་དགེ་ཕྲུག་དཔྱངས་ཡོད་པའི་ཐག་པ་ཆད་ནས་སར་ལྷུང་བ་དང་དགེ་ཕྲུག་ལ་ཁྲག་གིས་གོས་པའི་གྲི་དེ་གཏད་ནས་པང་ལེབ་སྟེང་དུ་རང་ཉིད་ཀྱིས་འབྲི་བཞིན་པའི་ཤེར་སྙིང་གི་མདོ་དེ་འབུར་དོད་ཀྱིས་བརྐོ་རུ་བཅུག སྐབས་དེར་ཉེན་རྟོག་པ་གཉིས་ཀྱང་ཁོའི་རྗེས་དེད་ནས་ཁོ་འཛིན་ཆེད་དུ་སླེབས། ཡིན་ན་ཡང་དགེ་རྒན་གྱི་རེ་བ་བཞིན་ཤེར་སྙིང་གི་མདོ་དེ་བརྐོས་ཚར་དུ་བཅུག་ནས་བཙོན་ཁང་དུ་ཁྲིད། དེའི་རྗེས་སུ་དགེ་རྒན་རང་ཉིད་ཀྱིས་ཤིང་གྲུའི་སྟེང་དུ་བུད་ཤིང་བརྩེགས། དེའི་སྟེང་རང་ཉིད་ཀྱི་ཁ་མིག་སྣ་གསུམ་རས་ཀྱིས་བསྒྲིབས་ཤིང་ཏིང་ངེ་འཛིན་དུ་བཞུགས་ནས་ལུས་ལ་མེ་སྦར་ཏེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་བཙན་ཐབས་སུ་འདའ་རུ་བཅུག
དགུན།
དགེ་ཕྲུག་དེ་ལོ་ན་བཞི་བཅུའི་ནང་དུ་འབྱོར་ཡོད་སྐབས་ཤིག་ལ་སླར་ཡང་དགོན་པར་འབྱོར། རང་གི་དགེ་རྒན་གྱི་གདུང་རུས་ཕྲན་བུ་དང་རིང་བསྲེལ་རྣམས་བསྡུས་ནས་འཁྱགས་རོམ་ལས་སྟོན་པའི་སྐུ་བརྙན་ཞིག་བཟོས་ནས་དེའི་ནང་དུ་བཞུགས་སུ་བཅུག་ཏེ་རྦབ་ཆུ་ཞིག་འོག་ཏུ་སྦས། རང་གི་དགེ་རྒན་གྱི་ཉམས་ལེན་ལུས་སྦྱོང་བ་དང་འབྲེལ་བའི་སྒོམ་ཐབས་ཀྱི་ཁྲིད་ཡིག་ཅིག་རྙེད་པ་དེ་དགུན་ཁའི་གྲང་ངར་གྱི་ཀློང་དུ་བརྩོན་པ་ཆེན་པོས་སྦྱང་བ་བྱས། ཉིན་ཞིག་ལ་བུད་མེད་ཅིག་གིས་ངོ་གདོང་རས་ཀྱིས་གཡོག་ནས་བུ་ཆུང་ཁུར་ནས་ངུ་བཞིན་དུ་དགོན་པར་འབྱོར། མཚན་མོ་དེར་གསང་བའི་སྒོ་ནས་བུ་ཆུང་དགོན་པའི་ནང་དུ་བཞག རང་ཉིད་ཕྱིར་ལོག་སྐབས་སུ་ཆབ་རོམ་ལ་བུ་ག་ཞིག་ཡོད་པའི་ནང་དུ་ལྷུང་ནས་ཆུར་བྱིངས་ཤིང་ཤི། བྱིས་པ་དེ་དགོན་པའི་ནང་གི་བཙུན་པས་བསྐྱངས། ཉིན་ཞིག་བཙུན་པ་དེས་སྡིག་སྒྲིབ་སྦྱོང་ཆེད་དུ་དགོན་པའི་ནང་དུ་སྨན་འདུལ་བྱེད་ཀྱི་རྡོ་འཁོར་ཆེན་པོ་ཡ་གཅིག་དེ་དྲུད། སྟོན་པའི་རྡོ་སྐུ་ཞིག་ཁུར་ནས་རིའི་ངོས་སུ་གོམ་བགྲོད་བྱས་ནས་རི་རྩེར་བསྐྱོད། སྐབས་དེར་ཁོའི་སེམས་ངོས་སུ་སྔར་རང་ཉིད་གཞོན་པའི་སྐབས་སུ་ཉ་དང་། རུས་སྦལ། སྦྲུལ་སོགས་ཀྱི་ལུས་ལ་རྡོ་བཅིངས་བའི་སྣང་ཚུལ་ཡིད་ལ་དྲན་ཞིང་འགྱོད་པ་དང་། སྙིང་རྗེ། གོ་རྟོགས་སོགས་སྐྱེས་པའི་སྣང་ཚུལ་གསལ་བོར་སྟོན། དེ་ལྟར་ངལ་བ་ཆེན་པོས་རིའི་ངོས་སུ་འཛེགས་ཏེ་ཐ་མ་རིའི་རྩེར་འབྱོར་སྐབས་སྟོན་པའི་རྡོ་སྐུ་དེ་རིའི་རྩེར་བཞུགས་སུ་གསོལ།
དཔྱིད།
སྐབས་དེར་བཙུན་པ་ཚོའི་མི་ཚེ་ཡང་ཏག་ཏག་དུས་བཞིའི་འཁོར་བསྐྱོད་དང་མཚུངས་པའི་སྐོར་བ་ཞིག་བརྒྱབ་སྟེ་དགེ་ཕྲུག་དེ་རང་ཉིད་དགེ་རྒན་དུ་གྱུར་ནས་བུ་ཆུང་དེ་དགེ་ཕྲུག་ཏུ་གྱུར་ཞིང་ཁོས་ཀྱང་ཉ་དང་སྦྲུལ་དང་སྦལ་བ་སོགས་ཀྱི་ཁའི་ནང་དུ་རྡོ་བཅུག་པ་སོགས་བྱེད་བཞིན་པའི་་སྣང་ཚུལ་སྟོན་པ་ཞིག་རེད།

གསར་འགྱུར།

Post navigation

Previous Post: རིག་པ་ཀློང་ཡངས་ཆེན་པོ་ལས། ཉལ་ས་བསྟན་པའི་ལེའུ་བཞུགས།
Next Post: འབོ་ར་ས་ཁུལ་དུ་རྒྱ་གཞུང་ལ་སྔ་ཕྱི་ངོ་རྒོལ་བྱེད་པའི་རོམ་པ་ཁག་ཕྱོགས་བསྡུས།

Comments (11) on “དཔྱིད། དབྱར། སྟོན། དགུན་དང་དཔྱིད།”

  1. མེ་ཏོག་དཀར་པོ། says:
    2012-05-23 at 9:27 pm

    གོང་གི་རང་མཆན་ནང་ཡི་གེ་མ་དག་པ་མང་པོ་ཤོར་འདུག་པར་དགོངས་ཡངས་ཞུ།

  2. མེ་ཏོག་དཀར་པོ། says:
    2012-05-23 at 9:30 pm

    ཨ་ཁྱད་མཚར། འདི་གོང་མཆན་བུ་ཁ་ཤས་བཏབ་འདུག་པ་ཅིའི་ཕྱིར་ནག་བསུབ་བཏང་ཡིན་ནམ།

  3. གནམ says:
    2012-05-24 at 5:34 am

    ཁ་བརྡ་ཚང་ལ་ཁ་ཡག་མ་འབྱོར་ན།།
    ཁ་བརྡ་ཙམ་གྱི་མཆན་དེ་བསུབས་ཚར་འདུག།
    ཁ་བརྡ་སྙད་པའི་རང་དབང་མི་སྤྲད་ན།།
    ཁ་བརྡ་ཚང་གི་ཁ་ལས་སྒུར་རྒྱུ་རེད།།

  4. མེ་ཏོག་དཀར་པོ། says:
    2012-05-24 at 5:47 am

    ཏན་ཏན་ཁ་བརྡའི་དྲྭ་བར་དྲྭ་ནད་ཀྱིས་ཟིན་འདུག མེཀ་སི་ཀོའི་ནད་ཡམས་དེ་མིན་ནམ་སྙམ།

  5. བསྟན་འཛིན་དཔལ says:
    2012-05-24 at 1:31 pm

    གློག་བརྙན་དེ་གང་མགྱོག་ལྟ་ཐུབ་པའི་རེ་འདུན་ཡོད།

  6. འབྲོག་མོོ། says:
    2012-05-24 at 8:20 pm

    སྙན་པོ་བྱུང་བཀླགུ་ཟིན

  7. ཀླུ་སྨྱོན། says:
    2012-05-24 at 9:31 pm

    ངས་དེར་ལོ་ལྔའི་སྔོན་ཚར་བཞི་ཙམ་བལྟས། ཁྱེད་ཀྱི་འབྲི་སྟངས་འདིས་ངས་ལོ་གཅིག་སྔོན་གློག་བརྙན་ཞིག་ལ་ལྟ་བཞིན་བྲིས་པའི་ཨོ་ཐར་གྲོངས་པའི་སྔ་གཞུག་ཏུ་ཞེས་པ་དེ་ཟིལ་གྱིས་མནན་འདུག

  8. མིག་བརྒྱད་པ། says:
    2012-05-25 at 12:02 am

    དུས་བཞི་འཁོར་སྐྱོད་དང་བསྟུན་པའི་སྒྲུང་སྙན་པོ་ཞིག་བྲིས་འདུག།མི་ཞིག་ཡིན་ན་སྒྲུང་དང་ལོ་རྒྱུས་མེད་པ་མི་སྲིད་ལ། དེ་ཡོད་ཚད་ཡིག་ཐོག་ཏུ་ཕབ་རྒྱུ་ཡང་ཁག་པོ་རེད། །སྒྲུང་ནང་གི་བྱུང་རིམ་དང་མི་སྣ། ཁོར་ཡུག་ཞིབ་ཏུ་འབྲི་བ་གལ་ཆེ། །སྤྱི་ཚོགས་ཀྱི་དགའ་ཕྱོགས་གང་ཡིན་པ་དེ་དང་བསྟུན་ནས་བྲིས་ན་བྲིན་ཆེ་ན་ཐང་མོད། དེ་ལ་དོན་དངོས་དང་མི་མཐུན་པ་རྟོག་བཟོ་མང་པོ་ཞིག་ཀྱང་ཡོད་ངེས་རེད།

  9. བློ་བཟང་ says:
    2012-05-25 at 2:17 am

    ཐུགས་རྗེ་ཆེ ཆ་ཚང་ཀློག་པ་ཡིན་ཡག་པོ་འདུག མུ་འཐུད་དེ་འདྲའི་རིགས་མང་ཙམ

  10. སྤོབས་པ་མཐའ་ཡས། says:
    2012-05-25 at 5:28 am

    ངས་གློག་བརྙན་འདི་ལ་བལྟས་པས་ནང་ཆོས་དང་མི་ཚེ་ལ་བསམ་ཞིབ་གསར་པ་ཁ་ཤས་ཤིག་བྱ་དགོས་བྱུང་སོང་། དེ་བཞིན་དུ་སྡིག་བཤགས་ཞེས་པའི་ནང་དོན་ལ་ཡང་ངོས་འཛིན་གསར་པ་ཞིག་ཐོབ་བྱུང་། ཁྱེད་རྣམ་པ་གློག་བརྙན་འདི་མ་བལྟས་མཁན་ཚོས་ཐེངས་གཅིག་ལྟོས་དང་ཧ་ཅང་ཡག་པོ་འདུག ང་ལ་རྩོམ་ཡིག་འབྲི་བའི་ནུས་རྩལ་སོགས་གང་ཡང་ཡོད་པ་མ་རེད། ཡིན་ན་ཡང་དེང་སང་ངས་ཅིག་འབྲི་ཁུལ་བྱེད་དུས་གནས་ཚུལ་གསར་པ་སྣ་རེ་ཙམ་ངོ་སྤྲོད་ཐུབ་པའི་རེ་བ་བརྒྱབ་ནས་ཅིག་བཤད་ཁུལ་བྱེད་བཞིན་ཡོད། དོ་སྣང་གནང་བར་ཐུགས་རྗེ་ཆེ།

  11. འཇའ་བ་རི་ནག says:
    2012-05-26 at 2:19 pm

    གློག་བརྙེན་དེ་མི་རིང་བ་མིག་ལམ་དུ་མངོན་ཐུབ་པའི་རེ་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (100)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (41)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme