Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ལྷ་མོ་སྐྱིད་སློབ་གྲྭར་འགྲོ་འཆར།

Posted on 2012-05-222012-05-25 By ཁ་བརྡ་ 36 Comments on གླིང་ཚ་ལྷ་མོ་སྐྱིད་སློབ་གྲྭར་འགྲོ་འཆར།

གནས་ཚུལ་མཁོ་འདོན་པ་སྤྱི་འཐུས་རྨོག་རུ་བསྟན་པ།

ཟླ་བ་གཉིས་ལྷག་རིང་རྡ་རམ་ས་ལ་ནས་བལ་ཡུལ་ས་མཚམས་སོ་ན་ལེ་བར་ཞི་བའི་གོམ་བགྲོད་གནང་མཁན་གླིང་ཚ་ལྷ་མོ་སྐྱིད་བསྐྱར་དུ་སློབ་གྲྭར་འགྲོ་རྒྱུར་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་བསམ་ཤེས་མང་པོས་རེ་སྐུལ་ཞུ་བཞིན་པ་དང་། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཀྱང་ཁ་པར་བརྒྱུད་མོ་རང་སློབ་གྲྭར་ངེས་པར་འཇུག་དགོས་པ་དང་། དེའི་ཐད་ང་ཚོ་སྤྱི་འཐུས་ཚོས་རྒྱབ་སྐྱོར་ག་རེ་བྱེད་དགོས་ཡོད་ན་ཐད་ཀར་གསུང་ཆོག་པའི་དགོངས་ཚུལ་གནང་འདུག ད་ཆར་བལ་ཡུལ་ཉེན་རྟོག་པས་བཀག་ཉར་འོག་ཡོད་པའི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཀྱང་ཉེ་ཆར་འབྲེལ་ཡོད་ལ་ཁ་པར་བཏང་སྟེ་ཨ་མའི་སྐུ་གཟུགས་འཕྲོད་བཞེས་ཡོང་ཐབས་དང་། སྲིང་ཆུང་མ་ལྷ་མོ་སྐྱིད་སློབ་གྲྭར་འགྲོ་རྒྱུར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།
དེ་བཞིན་ཨ་མ་ལྡོམ་པོ་སྐྱིད་དང་། ཕ་ཚེ་མགོན་སོགས་ཀྱི་ངོས་ནས་ཀྱང་བུ་མོ་གང་མགྱོགས་སློབ་གྲྭར་འཇུག་རྒྱུར་གྲོས་ཐག་བཅད། ཨ་མ་ལྡོམ་པོ་སྐྱིད་དང་། ལྷ་མོ་སྐྱིད་གཉིས་ཀྱི་རེ་འདུན་ནི་བོད་ཁྱིམ་སློབ་གྲྭའམ། ཕ་མ་གཉིས་དང་ཐག་ཉེ་སའི་སློབ་གྲྭ་ཞིག་ཏུ་འགྲོ་རྒྱུ་དེ་རེད་འདུག
ཕྱི་ཚེས་༢༠་རེས་གཟའ་ཉི་མ་ཉིན་སུ་ཇཱ་སློབ་གྲྭའི་འགན་འཛིན་མཆོག་རྡ་སར་ཕེབས་སྐབས་དང་བསྟུན་འབྲེལ་ཡོད་ནས་ལྷ་མོ་སྐྱིད་རྡ་རམ་ས་ལ་དང་ཐག་ཉེ་སློབ་གྲྭ་ཞིག་ཏུ་འགྲོ་རྒྱུར་མ་བུ་གཉིས་ཀྱི་རེ་འདུན་ཡོད་པ་དང་། འགན་འཛིན་མཆོག་ནས་ནམ་ཡང་ཕྱིར་སློབ་གྲྭར་ཡོང་ཆོག་པའི་གུ་ཡངས་ཀྱི་དགོངས་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས།
ཕྱི་ཚེས་༢༡་ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་ལྷ་མོ་སྐྱིད་རྡ་སའི་ཉེ་འཁྲིས་སློབ་གྲྭ་ཞིག་ཏུ་འཇུག་ཐབས་ཆེད་སློབ་སྟོན་ཞུས་པ་དང་། ཁོང་གིས། ད་ཆར་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་རྒན་ཚེ་དབང་ཡེ་ཤེས་བཞུགས་ཡོད་པ་མ་རེད། དབུ་འཛིན་ལས་ཚབ་རྒན་ལེགས་བཤད་ལགས་སུ་འབྲེལ་བ་གནང་དང་། ང་རང་ངོས་ནས་རྒྱབ་སྐྱོར་ཞུ་དགོས་གང་ཡོད་ཞུ་གི་ཡིན་ཞེས་གསུངས།
ཕྱི་ཚེས་༢༡་ཉིན་གྱི་ཕྱི་དྲོར་སྤྱི་འཐུས་རྨོག་རུ་བསྟན་པ་བོད་ཁྱིམ་སློབ་གྲྭར་སོང་སྐབས་དབུ་འཛིན་བཞུགས་མེད་པ་དང་། ལས་ཁུངས་ནང་ཡོད་ལས་བྱེད་དཀྱུས་མ་ཞིག་དང་གླེང་མོལ་སྐབས། ཐོག་མར་སུ་ཇཱ་སློབ་གྲྭ་ནས་སློབ་ཁོངས་འདིར་སློབ་འཇུག་ཆོག་པའི་ཡི་གེ་འཁྱེར་ཡོང་དགོས་པ་དང་། དེ་ནས་ང་ཚོས་ས་མིག་ཡོད་མེད་ལྟ་ཆོག་གི་རེད་ཟེར།
ཕྱི་ཚེས་༢༢་ཉིན་གྱི་ཞོགས་པར་སྤྱི་འཐུས་རྨོག་རུ་བསྟན་པ་དང་། ལྷ་མོ་སྐྱིད་གཉིས་བོད་ཁྱིམ་སློབ་གྲྭའི་ཡིག་ཚང་དུ་བཅར། གདོང་རིས་འཛུམ་མདངས་ཀྱིས་ཁེངས་ཤིང་བྱམས་བརྩེ་ཡི་རང་བཞིན་གསལ་བའི་འགན་འཛིན་ལས་ཚབ་རྒན་ལེགས་བཤད་ལགས་དང་མཇལ་དེ་ཡོང་དོན་གྱི་གནས་བབ་ཞུས།
ལྷ་མོ་སྐྱིད་ཀྱིས། ང་རང་གོམ་བགྲོད་དུ་འགྲོ་རྒྱུར་སེམས་ཐག་བཅད་དེ་སུ་ཇཱ་སློབ་གྲྭ་ནས་དགོངས་པ་ཚུལ་མཐུན་ཞུས་ཡོད། དེ་བཞིན་འགན་འཛིན་མཆོག་གིས་ང་རང་ནམ་ཡང་ཕྱིར་ཡོང་ན་སློབ་གྲྭར་འཛུལ་ཆོག་པའི་རྒན་གྱིས་གཟིགས་སྐྱོང་ཐོབ་ཡོད། ཡིན་ནའང་། འདིར་ཕ་ལགས་དང་ཨ་མ་ལགས་གཅིག་བུ་རེད། ཨ་མ་ལགས་ཀྱི་གཟུགས་པོ་བདེ་བོ་མེད་པ་དང་། ཇོ་ཇོ་གོམ་བགྲོད་དུ་འགྲོ་བཞིན་པ་དང་། ད་ཆར་འཛིན་བཟུང་བྱས་པ་དེས་སེམས་པ་སྐྱིད་པོ་ཡོང་གིན་ཡོད་པ་མ་རེད། སུ་ཇཱ་སློབ་གྲྭར་འགྲོ་སོང་ན་ཕ་མའི་རྩར་ལོ་གཅིག་ནང་ཐེངས་གཉིས་ལས་ཡོང་ཐུབ་ཀྱིན་མི་འདུག བོད་ཁྱིམ་སློབ་གྲྭ་འདིར་བསྡད་པ་ཡིན་ན་གུང་སེང་ནམ་ཡོད་སྐབས་ནང་ལ་སོང་སྟེ་ཨ་མར་སེམས་གསོ་གཏོང་བ་དང་། ལས་ཀར་རོགས་རམ་ཕྲན་ཙམ་ཐུབ་ཀྱིན་རེད་བསམ་གྱིན་འདུག འདི་ང་རང་གི་རེ་བ་ཡིན་པ་མ་ཟད་ཨ་མ་ལགས་ཀྱིས་དེ་ལྟར་བསམ་བསྡད་ཀྱིན་འདུག་ཟེར།
རྒན་ལེགས་བཤད་ལགས་ཀྱིས་བྱམས་བརྩེ་མིག་གིས་གཟིགས་བཞིན་དཀའ་ལས་ཁག་སོང་ངམ་ཟེར་བའི་ཁམས་འདྲི་ཞིག་ནས་འགོ་འཛུགས་ཏེ་ཁྱེད་རང་ལོ་ཆུང་ཆུང་འདི་འདྲ་ཞིག་གིས་སེམས་ཤུགས་ཆེན་པོས་ཐོག་ནས་དཀའ་ལས་དེ་ཙམ་བསྐྱོན་པ་ངོ་མ་ཡག་པོ་རེད། ཁྱེད་རང་གི་དཀའ་ལས་དེ་ཙམ་གྱིས་ལས་འགུལ་སྤེལ་བ་དེ་སློབ་ཕྲུག་ཚོས་མིག་དཔེ་ཆགས་ཀྱིན་རེད། ངོ་མ་ཡག་པོ་རེད།
ཕྱི་ཚེས་༢༦་ནས་ཚེས་༥་བར་སློབ་གྲྭ་གུང་སེང་ཡིན་པས་དེའི་རིང་ཨ་མར་སྨན་བཅོས་སོགས་ཀྱིས་རོགས་པ་བྱོས། དེ་ནས་ང་ཚོས་ཁྱོད་ལ་སློབ་གྲྭ་གོ་སྒྲིག་བྱེད་ཆོག སྤྱིར་ན་འཛིན་གྲྭ་དགུ་བ་སོགས་ཀྱི་ནང་ས་མིག་སྟོང་པར་དཀའ་ངལ་ཏོག་ཙམ་ཡོད་ཀྱང་དེའི་ཐད་སེམས་ཁྲལ་མ་བྱེད། ང་ཚོས་གོ་སྒྲིག་བྱེད་ཆོག་གིན་རེད་ཅེས་དང་། ད་ནི་ངེས་པར་སློབ་སྦྱོང་ལ་ཤུགས་རྒྱག་དགོས་པ་དང་། མ་འོངས་པར་སློབ་སྦྱོང་གི་ཐོག་ནས་མི་རིགས་ཀྱི་རྩ་དོན་ལ་ཤུགས་རྒྱག་དགོས་པའི་ལམ་སྟོན་གནད་ཆེ་ཡི་བཀའ་སློབ་ཟབ་མོ་དང་ཞལ་བཞེས་བཟང་པོ་ཐོབ།
ལྷ་མོ་སྐྱིད་ལ་སུ་ཇཱ་སློབ་གྲྭའི་འགན་འཛིན་དང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་སོགས་ཀྱིས་བླ་ན་མེད་པའི་བྱམས་སྐྱོང་དང་ཐུགས་འཁུར་གནང་བ་དེས་མོ་རང་གི་མ་འོངས་པར་གསོན་ཤུགས་རྒྱས་པ་མ་ཟད་སློབ་སྦྱོང་ལ་ཧུར་བརྩོན་ལྷོད་མེད་བྱེད་རྒྱུའི་སྤོབས་པ་དང་འདུན་པ་གསར་པ་ཞིག་ཀྱང་བསྩལ་ཡོད།

གསར་འགྱུར།

Post navigation

Previous Post: ༸གོང་ས་མཆོག་གི་སྐུ་ཕྱར་ཉེན་ཁ་སླེབས་འདུག
Next Post: རླབས་ཆེན་གྱི་མི་སྣ་ཞིག་དྲན་གསོ་བསླངས།

Comments (36) on “གླིང་ཚ་ལྷ་མོ་སྐྱིད་སློབ་གྲྭར་འགྲོ་འཆར།”

  1. ཕུག་རོན། says:
    2012-05-22 at 7:24 am

    སྤྱི་འཐུས་རྨོག་ཏུ་བརྟན་པ་ལགས་སུ་ཐུགས་རྗེ་ཆེ། གནང་སྟངས་དེ་ཡག་པོ་འདུག

  2. ཨ་རོགས་ཉི་མ། says:
    2012-05-22 at 7:26 am

    བོད་ཁྱིམ་སློབ་གྲྭ་ཚང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

  3. སོག་མདའ་བཅུ་ says:
    2012-05-22 at 7:28 am

    ཐུགས་རྗེ་རྒྱབ་སྐྱོར་གནང་བ་ཡོངས་ལ།

  4. མེ་ཏོག་དཀར་པོ། says:
    2012-05-22 at 8:01 am

    ཡག་པོ་རེད། སློབ་སྦྱོང་ལ་ཧུར་བརྩོན་བྱོས།

  5. འབའ་བློ། says:
    2012-05-22 at 9:16 am

    ཡག་པོ་རེད། བུ་མོ་ཁྱོད་ལོ་ཉུང་ཡིན་པའི་སློབ་སྦྱོང་བྱེད་དང་བྱེད་མ་ཚད་འགན་འཛིན་མཆོག་ལ་ཡང་ཐུགས་རྗེ་ཆེ་ཞུ་ཞུ།

  6. ལུང་རྟོགས། says:
    2012-05-22 at 9:35 am

    འགན་མཛིན་མཆོག་ལ་ཐུགས་རྗེ་ཆེ་ཞུ།

  7. ཤུག་པ། says:
    2012-05-22 at 10:03 am

    ཤེས་རབ་དགའ་ཚལ་སློབ་གླིང་གི་སྐུ་ངོ་ཡང་འདི་འདྲའི་ལྷག་བསམ་ཅན་ཞིག་ཡིན་ན་ཆོག་པ་ལ།

  8. བདེ་ཆེན་སྐྱབས། says:
    2012-05-22 at 10:08 am

    བསམ་བློ་གུ་ཡངས་བའི་སློབ་གྲྭའི་འགན་འཛིན་དག་ངོ་མ་ཐུགས་རྗེ་ཆེ། ཉེ་ཆར་ཤེས་རབ་དགའ་ཚལ་གྱི་སློབ་ཕྲུག་གཉིས་ཀྱིས་ལྡི་ལི་ནས་རྡ་ས་བར་རྐང་འཁོར་གོམ་བགྲོད་བྱས་པ་དེ་སློབ་གྲྭའི་སྒྲིག་གཞི་དང་འགལ་ཚུལ་གྱིས་སློབ་གྲྭ་ནས་ཕྱིར་འཕུད་བཏང་བས་ཧ་ཅང་གི་སེམས་པ་སྐྱོ་ནའང་། སློབ་སྤྱི་རྣམ་པའི་གུ་ཡངས་ཀྱི་དགོངས་པ་བཞེས་ཕྱོགས་དང་། རིན་ཐང་ཆེ་བའི་སློབ་གསོ་གནང་ཕྱོགས་སོགས་ཀྱི་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྤྲད་སོང་། རོགས་རམ་དང་རྒྱབ་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།

  9. མཚོ་ནག says:
    2012-05-22 at 10:18 am

    མེ་ཏོག་དཀར་པོའི་གསུངས་ལ་མངོན་པར་བསྟོད་དོ།

  10. མེ་ཏོག་དཀར་པོ། says:
    2012-05-22 at 10:42 am

    དེང་སང་ནག་པོ་འདི་དཀར་པོ་ལ་དགའ་པོ་ཞེ་པོ་ཆགས་འདུག་ག ཧ་ཧ་ཧ།

  11. མཚོ་ནག says:
    2012-05-22 at 11:12 am

    ངས་སྔར་གོང་དུ་ལབ་པ་ལྟར་ནོར་འཁྲུལ་ཅན་གྱི་མཆན་མ་སྤེལ་ན། ངས་རྒྱབ་བསྐྱོར་བྱེད་གི་ཡོད། ད་ལྟར་བསྟོད་པ་གཏོང་བ་སྔ་སོང། རྗེས་མ་དགག་བཞག་བྱེད་དུས་ཡང་རྙོག་གྲ་ཡོད་རེད།

  12. མེ་ཏོག་དཀར་པོ། says:
    2012-05-22 at 11:16 am

    ནོར་དང་མ་ནོར་གྱི་ཚད་འདི་དཀའ་ལས་ཨ།

  13. སྐྱོ་བྲག་དགའ་དབང་། says:
    2012-05-22 at 11:17 am

    མེ་ཏོག་དཀར་པོའི་གསུང་ལ་མངོན་པར་བསྟོད་དགོས་ཡ་གང་ཡང་བྲིས་མི་འདུག དོན་མེད་ངོ་དགའ་མ་བཤད་ན་མཛེས། བུ་མོ་ལྷ་མོ་སྐྱིད་ལགས་ཀྱིས་སེམས་ཤུགས་ལྡན་པའི་ཐོག་སློབ་སྦྱོང་ལ་ཧུར་བརྩོན་གནང་རོགས། སློབ་གྲྭའི་འགན་འཛིན་ལས་ཚབ་རྒན་ལེགས་བཤད་ལགས་སུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་དངོས་གནས་ཐུགས་བསམ་བཞེས་ཤེས་མཁན་དང་། ཐུགས་རྒྱ་ཆེན་པོ་ཞིག་རེད་འདུག མངོན་པར་བསྟོད་ན་ཁོང་གི་གསུང་ལ་མངོན་པར་བསྟོད་དོ། །

  14. རིན་ཆེན་ཚེ་རིང་། says:
    2012-05-22 at 11:42 am

    མེ་ཏོག་དཀར་པོ་ཟེར་བ་འདིས་སྨྱོ་ལབ་གང་འདྲ་ཞིག་བསྐྱོན་པ་མི་ཤེས་པ་འདུག གླིང་ཚ་བུ་མོའི་མདུན་ལམ་ཡག་པོ་ཡོང་བར་ཤོག སློབ་སྤྱི་མཆོག་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁ་བཤད་དོན་ལ་གནས་པར་ཤོག

  15. འབྲོག་མོོ། says:
    2012-05-22 at 11:48 am

    དེ་འདྲ་དགོས་པ་རེད། རང་གི་མི་རང་གིས་གསོ་སྐྱོང་གནང་དགོས་པ་ལོས་ཡིན། བུ་མོ་ལྷ་སྐྱིད་སྔར་ལས་སློབ་སྦྱོང་ཐོག་ལ་འབད་བརྩོན་བྱེད་དགོས་།

  16. མཚོ་ནག says:
    2012-05-22 at 11:57 am

    མེ་དཀར་ལགས་ནས་ཁ་ནང་དུ་བསྐོར་སྟེ་མཆན་སྤེལ་བ་ལ་དགའ་བསུ་ཞུ་དགོས་ད་དགོས། གཞན་མེ་དཀར་ལགས་ལ་ངོ་དགའ་བྱེད་དགོས་ཆེར་མི་སྣང། སློབ་སྦྱོང་ལ་འབད་བརྩོན་བྱོས་ཅེས་པ་དེ་བསླབ་བྱ་བརྩི་དགོས་རེད་ད། མཆན་འདི་འདྲ་མེ་དཀར་ལགས་ནས་སྤེལ་བ་དཀའ།

  17. སྡོམ་ནག says:
    2012-05-22 at 12:13 pm

    ཡག་པོ་འདུག་ཧ་ཧ་ཧ་

  18. གངས་སེང་དཀར་མོ། says:
    2012-05-22 at 12:24 pm

    བོད་ཁྱིམ་སློབ་གྲྭས་གཟིགས་སྐྱོང་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

  19. སྦྲ་དཔལ་ལྡན། says:
    2012-05-22 at 1:02 pm

    ངོ་མ་རྒན་ལེགས་བཤད་ལྟ་བུའི་ལྷག་བསམ་ཅན་ཁ་སས་ཡོད་རྒྱུ་ཡིན་ན་ འི་ཚོས་སྤྱི་ཚོགས་ལ་དཀའ་ངལ་ཡོད་རྒྱུ་མ་རེདལ་ བདག་གི་ལྷག་བསམ་ཅན་གྱི་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ རྒན་སྲིད་ཆོས་ཡང་དངོས་ནས་མཁོ་བའི་སྐབས་སུ་ཡོད་ཡོད་པ་རེད། ཨ་རོགས་ཚོ་ རྒན་སྲིད་ཆོས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་རེ་བྱོས་དང་བོད་རང་བཙན་ཆུང་ཆུང་ཞིག་བཟུང་བསྡད་ཡོད་ནི་རེད ངོ་མ་དགེ་རྒན་དེ་ལྷག་བསམ་ཤེས་འཇོན་གཉིས་ལྡན་ཅན་ཞིག་ཡིན། དངོས་ནས་རྒན་རྣམ་པ་གཉིས་ཀྱིས་ཐུགས་ཁུར་ཆེ་བཞེས་གནང་པར་ཐུགས་རྗེ་ཆེ་

  20. ཁ་བ་འཚོ says:
    2012-05-22 at 1:42 pm

    སློབ་གྲྭའི་འགན་འཛིན་ལགས་ཀྱི་གསུངས་བཤད་ལཐུགས་རྗེ་ཆེ་ཞུ་འདོད་བྱུང་།ཡིན་ཡང་བུ་མོ་ལྷ་སྐྱིད་སློབ་གྲྭར་དངོས་སུ་འཇུག་རག་བར་དུ་ཡིད་ཆེས་མེད། མགོ་ཤེས་རིག་བཀའ་བློན་ནས་བར་རྗེ་བཙུན་པད་མ་མཇུག་སློབ་སྤྱི་སོགས་ལ་ཡིད་ཆེས་མེད།གང་གིས་ཟེར་ན་གསོག་སྒར་སློབ་མ་སྐོར་ཞིག་གིས་རྐང་སྐོར་ལས་འགུལ་སྤེལ་ནས་ཚུར་སླེབས་དུས་སློབ་གྲྭ་ནས་གནས་དབྱུངས་བྱས་བ་ང་ཚོས་ཤེས་གསལ་ཡིན།ད་རུང་ཡང་ཉིན་ཤས་སྒུགས་ཟེར་སྟངས་ལ་བལྟས་ན་ཡིད་ཆེས་བྱེད་དཀའ།ཡིན་ཡང་བུ་མོ་ལྷ་མོ་སྐྱིད་སློབ་གྲྭ་ཚུད་པའི་རེ་བ་སྨོན་ལམ་ཡོད།

  21. དབང་ཕྱུག་ཚེ་རིང་། says:
    2012-05-22 at 1:52 pm

    གང་ལྟར་ལྷ་མོ་སྐྱིད་བོད་ཡིག་དང་དབྱིན་ཡིག་གཉིས་ལ་རང་སྐྱ་འཕེར་བ་ཞིག་འདུག ད་དུང་སྤོ་ལོ་རྩེད་འགྲན་མ་ཞིག་ཀྱང་ཡིན་པ་གོ བུ་མོ་འདིས་སློབ་སྦྱོང་མུ་མཐུད་བྱས་པ་ཡིན་ན་ཁ་བཤད་དོན་ལ་གནས་པའི་གླིང་ཚའི་བུ་རྒོད་ཀྱི་རྗེས་འབྲངས་པ་ཞིག་ཡོང་ངེས་ཅན་རེད་འདུག བོད་པ་ཚང་ལ་ཤེས་ཡོན་ཅན་གྱི་མི་དགོས་པ་ཡིན་པས་སློབ་གྲྭའི་དབུ་འཛིན་དང་། སློབ་སྤྱི། དགེ་རྒན་སོགས་ནས་སྔར་ལྷག་གིས་གང་དགའ་ཅི་དྲག་གནང་བའི་རེ་བ་ཡོད་ལགས།

  22. སྟག་སྨྱོན། says:
    2012-05-22 at 1:56 pm

    བུ་མོ་འདིར་རྒྱབ་སྐྱོར་ཡོད། འོན་ཀྱང་སློབ་ཕྲུག་ཚོ་ཆབ་སྲིད་ནང་ཞུགས་སྟངས་ལ་འགྲོ་སྟངས་ཁ་གསལ་ཞིག་དགོས་པར་མཐོང་། སློབ་གྲྭར་སོང་ནས་སློབ་སྦྱོང་བྱེད་པ་ཡང་ཆབ་སྲིད་ཀྱི་ལས་འགུལ་གལ་ཆེན་ཞིག་ཡིན་པ་མ་ཟད། དམིགས་བསལ་མ་འོངས་པའི་ཆབ་སྲིད་ཀྱི་རྐང་འཛིན་པ་བྱེད་ཀྱི་ཡོད་པ་རེད། སློབ་ཕྲུག་ཚོས་སློབ་སྦྱོང་ལ་འབད་བརྩོན་ག་ཚོད་བྱས་ན། བོད་ཀྱི་མ་འོངས་པའི་ཆབ་སྲིད་ལ་རེ་བ་དང་གསོན་ཤུགས་དེ་ཙམ་ཡོད་པ་རེད། དེ་མིན་ན་སོ་དང་ཤེས་ཡོན་གྱི་ཚད་གཞི་མ་སྨིན་པའི་སློབ་ཕྲུག་ཚོ་ད་ལྟའི་ཆབ་སྲིད་ཀྱི་ལས་འགུལ་ཡར་མར་ཚང་མའི་ནང་ཞུགས་ནས། སློབ་སྦྱོང་གི་ཚུ་ཚོད་ཆབ་སྲིད་ལས་འགུལ་ཡར་མར་ནང་བཏང་བ་ཡིན་ན། ང་ཚོའི་མ་འོངས་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་གནོད་ཀི་རེད་བསམ་སོང་། དེའི་ཕྱིར་སློབ་ཕྲུག་ཚོ་ཆབ་སྲིད་སློབ་པའི་དུས་ཡིན་པ་ལས། ཆབ་སྲིད་བསྒྲུབ་པའི་དུས་ཚོད་སྨིན་ཡོད་པ་མ་རེད་བསམ། ལྷག་པར་དུ་གཞི་རིམ་སློབ་ཕྲུག་ཚོ་མ་འོངས་པའི་ཆབ་སྲིད་ཀྱི་ཆེད་དུ་གལ་ཆེ་བ་ལས། ད་ལྟའི་ཆབ་སྲིད་ལས་འགུལ་ནང་མདུན་དུ་ཐོན་པ་ཡིན་ན་ཅུང་སྔ་དྲགས་པ་དང་། ཁེ་ལས་གྱོང་ཆེ་བར་མཐོང་།

  23. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-05-22 at 2:16 pm

    ངོ་མ་ཧྲ་ཀི། ངས་ཀྱང་དེ་འདྲ་ཞིག་འདོད་ནས་ཡུན་རིང་ཡིན། ལོ་ཆུང་འདི་འདྲ་ཞིག་ད་ལྟ་སློབ་གྲྭར་སོང་ན་བཟང་གི། རང་དབང་འཐབ་རྩོད་ནི་ཤེས་ཡོན་གྱི་ཐོག་ནས་རྩོད་དགོས་པའི་དུས་རབས་ཤིག་ཏུ་སླེབས་ཡོད། སློབ་སྦྱོང་ལ་འབྲས་བཟང་སྨིན་པའི་རེ་བ་ཤུགས་ཆེར་ཞུ་ཀི་ཡོད།

  24. པདྨ says:
    2012-05-22 at 5:01 pm

    very great,

  25. མདོ་ཁམས་པ། says:
    2012-05-22 at 9:59 pm

    སྤྱིར་ན་སློབ་ཕྲུག་ཚོ་ཙག་ཙིག་གི་ལས་དོན་དང་། ཙག་ཙིག་གི་ཆབ་སྲིད་ལས་སློབ་སྦྱོང་གལ་ཆེ་བ་དངོས་འབྲེལ་རེད། ཡིན་ནའང་། གླིང་ཚའི་བུ་མོ་ལྟ་བུར་དམིགས་བསལ་ཞིག་མཐོང་།
    ཁོ་མོ་ཟླ་བ་གཉིས་ལྷག་གི་རིང་སྤྱི་ལེ་༡༥༠༠་ཙམ་གྱི་སར་གོམ་བགྲོད་ཆེན་པོ་ཞིག་བྱས་པ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་གོམ་བགྲོད་ཀྱི་ལེའུ་རིང་ཤོས་ཤིག་ཆགས་ཡོད་ལ། བོད་ཀྱི་རྒྱལ་དར་རྒྱ་གར་གྱི་ས་མཚམས་ལས་རྒྱལ་ཁོངས་གཞན་དུ་བསྐྱལ་བའང་ལོ་རྒྱུས་ཀྱི་ཐོག་མ་རེད་འདུག
    མོ་དང་མོ་རང་ལྟ་བུ་ཆབ་སྲིད་ཀྱི་ནུས་ཤུགས་ལྡན་ལ། བློས་གཏོང་གི་ཆོད་སེམས་ཡོད་པའི་བྱིས་པ་ཚོར་རྒྱང་བསྐྱོད་ཀྱི་གོམ་བགྲོད་འདི་ནི་འཐབ་རྩོད་ཀྱི་སྦྱོང་བརྡར་ཅིག་ཆགས་ཀྱི་རེད་ལ། བཟི་སྨན་ལ་མགོ་བོ་འཁོར་བ་དང་། ཕ་མ་ལ་རྒྱབ་བསྙེས་ནས་སྡོད་མཁན་གྱི་བྱིས་པ་ཀླད་ཆུང་ཚོར་མིག་དཔེ་གསར་པ་ཞིག་ཀྱང་ཆགས་ཀྱིན་རེད།
    ངོ་མ་ཡག་པོ་རེད། གོང་དུ་དབུ་འཛིན་ལས་ཚབ་ཀྱིས་གསུངས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

  26. རྒྱ་མཚོ་ཆེན་པོ་ says:
    2012-05-22 at 10:47 pm

    དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་ཐོབ། ལྟར་ངོ་མ་ལེགས། བུ་མོ་ཁྱེད་རང་སློབ་སྦྱོང་ལ་འབད་བརྩོན་བྱོས། ཡིད་ལ་ཟུངས། བསམ་དོན་འགྲུབ་པར་སྨོན།

  27. བདེ་ཆེན་སྐྱབས། says:
    2012-05-23 at 4:22 am

    མདོ་ཁམས་པས་བཤད་པ་དངོས་འབྲེལ་རེད་འདུག་ལ། གུ་ཡངས་དགོངས་བཞེས་གནང་མཁན་གྱི་འགན་འཛིན་ལས་ཚབ་སོགས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ན་འོས་པ་འདུག

  28. མཚོ་ནག says:
    2012-05-23 at 9:34 pm

    སློབ་སྤྱི་དེ་ཚོར་ཐུགས་རྗེས་ལེགས་འབུལ་ཞུ་དགོས་པའི་རྒྱུ་མཚན་ཡོད་མ་རེད། བོད་པ་རྩམ་ཟན་ཞིག་ཡིན་ནས་བཟུང་སྟེ་སོ་སོར་ལས་འགུལ་དུ་མ་ཞུགས་ཀྱང་བོད་པའི་ཆེད་བོད་མིའི་ལས་འགུལ་སྤེལ་བར་རོགས་བསྐྱོར་དང་གདུང་སེམས་མཉམ་བསྐྱེད་དེ། འཇིག་རྟེན་ཁ་དཔེར། བབས་དང་འོས་དང་ཤ་རེ། ཟོ་བ་ཁུར་ཐག་ཤ་རེ་ཅེས་པ་དེ་རེད། ཉེར་ཆ་འབྱུང་ཟིན་པའི་ལྕག་རྟ་འཁོར་བསྐྱོད་པར་སློབ་གྲྭ་ནས་གནས་དབྱུང་གཏོང་བར་དེ་རིགས་དེ་སློབ་སྤྱི་མི་ངན་ཁེལ་བའི་དབང་གི་རེད། འདི་རིགས་མི་ངན་དེ་འདྲ་ང་ཚོའི་སྤྱི་ཚོགས་སུ་ཡོད་པ་མཐོང་ཆོས་སུ་གྲུབ་དུས་གཟབ་དགོས་པ་རེད་དྲ་གྲོགས་ཚོ།

  29. མེ་ཏོག་དཀར་པོ། says:
    2012-05-23 at 9:43 pm

    དཔའ་ལ་དཔའ་དར་མ་གཡོག་ན། ཕྱིན་ཆད་དཔའ་བོ་སུ་ཡིས་བྱེད།
    སྡར་མར་ཝ་ཞྭ་མ་བཀོན་ན། ཕྱིས་ནས་སྡར་མ་རྒྱུན་མི་ཆད། དེ་འདྲ་རེད་མཚོ་ནག་ལགས།

  30. འཇའ་བ་རི་ནག says:
    2012-05-24 at 5:07 am

    བུ་མོ་ཆུང་ཆུང་འདིའི་སེམས་ཤུགས་ལ་ཡི་རང་མི་བསྐྱེད་མཁན་སུ་ཡོད། དེར་བརྟེན་ཁོ་མོ་སླ་ཡང་སློབ་གྲཱར་ཞུགས་དགོས་པ་སྤྱི་འཐུས་སྐུ་ངོ་ཨ་ཀྲུག་ཚེ་བརྟན་དང་རྨོག་བསྟན་སོགས་ཀྱིས་ཟོལ་མེད་ཀྱི་རྒྱབ་སྐྱོར་ཡོད་པའི་རྣམ་པར་བསྟན་གྱི་འདུག་པ་མ་ཟད། ཐ་ན་ཕལ་པ་ང་ཡན་གྱིས་རྒྱབ་སྐྱོར་ཡོད་པའི་རྣམ་པར་བསྟན་གྱི་ཡོད་པ་བཤད་ཅིར་དགོས། འདི་ནི་ང་ཚོའི་སྤྱི་ཚོགས་འདི་ཆེས་སྔོན་ཐོན་གྱི་གྲལ་དུ་བསླེབས་པའི་སྔོན་བརྡ་ཞིག་ཡིན་པར་འདྲ། ད་ནི་བུ་མོ་ལྷ་མོ་སྒྲོལ་མ་ཁྱོད་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་སློབ་སྦྱོང་ལེགས་པོ་ཡོང་བའི་སྨོན་འདུད་ཞུ་བ་དང་སྟབས་ཅིག་ཏུ་གཞལ་དུ་མེད་པའི་སེམས་ཤུགས་དེ་ནམ་ཡང་མ་ཆག་པར་ཤོག

  31. གནམ says:
    2012-05-24 at 5:29 am

    ཁ་བརྡ་ཚང་ལ་ཁ་ཡག་མ་འབྱོར་ན།།
    ཁ་བརྡ་ཙམ་གྱི་མཆན་དེ་བསུབས་ཚར་འདུག།
    ཁ་བརྡ་སྙད་པའི་རང་དབང་མི་སྤྲད་ན།།
    ཁ་བརྡ་ཚང་གི་ཁ་ལས་སྒུར་རྒྱུ་རེད།།

  32. གླིང་གི་མི་ཆུང་། says:
    2012-05-25 at 12:33 am

    ཡག་པོ་རེད་་་་སློབ་གྲྭར་འགྲོ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་་་་་

  33. བློ་བཟང་ says:
    2012-05-25 at 1:59 am

    ལ་རྒྱ་ཅན་གྱི་བུ་མོ་ཁྱེད་ད་རུང་སློབ་སྦྱོང་ཐོག་ནས་བོད་རིགས་གཞན་སྐྱེས་རྣམས་ལ་བོད་ཀྱི་རིག་གནས་ལམ་ནས་ལ་རྒྱ་ཞིག་སྟོན་ཐུབ་ན་་་་་་་་་་་་

  34. ལྷ་མོ་སྒྲོལ་མ་ says:
    2012-05-25 at 9:10 am

    གོང་གི་ཐུགས་ཁུལ་གནང་ཁེན་ཀྱི་སྐུ་ངོ་དང་སློབ་གྲའི་དབང་བདག་རྣམས་ལ་དཀའ་དྲིན་ཞུ་བ་དང་གཙོ་བོ་བུ་མོ་ཁྱེད་ཀྱི་མི་རིགས་ལ་བཅང་བའི་ལྷག་བསམ་ནམ་ཡང་མ་ཡར་བའི་ཐོག་ནས་སློབ་སྦྱོང་ཧུར་བརྩོན་བྱེད་ཏོགས་ཞུ་

  35. མཚོ་ནག says:
    2012-05-25 at 12:50 pm

    ཡིག་ནོར་མང་པོ་ཞིག་ཡོང་གི་འདུག། དེ་ཡག་པོ་མ་རེད། བོད་ཡིག་ལ་དོ་སྣང་མེད་པའི་རྟགས་རེད། སོ་སོར་དག་ཆ་ཡག་པོ་མེད་མཁན་དེ་ཚོའི་དག་ཆ་ཅན་གྱི་མཆན་བུ་དག་ལས་ལེགས་ཆ་ལེན་སྟེ། ཕྱིས་སུ་སོ་སོའི་མཆན་བུ་སྤེལ་སྐབས། ཕན་ཐོག་པར་བྱེད་ཐུབ་དགོས་འདུག་སྙམ། ཁ་བརྡ་དྲྭ་བས་དམིགས་པའི་དམིགས་ཡུལ་ཟུར་པ་འདི་ཡིན་ངེས། མེ་དཀར་ལགས། དཔའ་བོ་དེ་སུ་རེད། སློབ་སྤྱི་དེ་ཚོར་གསུངས་གི་ཡོད་པས། ཉལ་སར་དྲོན་མོའི་ནང་དུ་བསྡད་ནས་ཇ་ཞིམ་པོ་འཐུང། ཐོབ་དང་གོ་སའི་གོ་སྐབས་བཟུང་སྟེ་མིག་གཅེར་ནས་གནས་མཁན་ཚོར་དཔའ་དར་འབུལ་དགོས་ན། ཐོག་མར་ཁྱེད་ནས་འགོ་གཙུགས་སྟེ་མཐའ་མ་ངའི་བར་དུ་དཔའ་དར་སྤྲད་སའི་མི་སྣ་ཧ་ཅང་མང་རྐྱེན་དཔའ་དར་རྫོགས་པའི་ཉེན་ཁ་མི་འདུག་བས། དཔའ་བོ་དེ་གླིང་ཚ་ལ་གསུངས་པ་ཡིན་ན་ནི་འགྲིག་འདུག། ཡང་སྡར་མར་ཝ་ཞྭ་སྤྲད་དགོས་ན་ཁྱེད་ནས་ངའི་བར་དུ་ཝ་ཞྭས་ཁེབ་དཀའ། ཡང་ང་རང་དག་ཆ་ཡག་པོ་ཡོད་ཟེར་གི་མེད། མ་གཏོག་ཚིག་ངན་རྒྱག་ཡོང།

  36. གོང་དཀར་ངག་རྣམ། says:
    2012-05-25 at 12:55 pm

    བུ་མོ་ལོ་ཆུང་འདིར་བསྐྱར་དུ་ཤེས་ཡོན་གྱི་གོ་སྐབས་རག་པར་དགའ་པོ་བྱུང་། སློབ་སྦྱོང་ཐོག་ནས་ཁྱེད་ཀྱིས་ད་རེས་ཀྱི་ལས་འགུལ་འདི་ལས་ལྷག་པར་བྱ་ཐུབ་རྒྱུའི་གོ་སྐབས་དང་དམིགས་ཡུལ་འཆང་ཆོག་པས།
    སློབ་སྦྱོང་ལ་ཤུགས་རྒྱག་དགོས་ལ། རང་ཉིད་ཀྱི་བོད་དོན་ཐོག་བཅངས་པའི་སེམས་ཤུག་གསོན་པོ་ནམ་ཡང་སེམས་ནང་ཉར་ཏེ། ཉེ་འཁོར་གྱི་སློབ་ཕྲུག་ཉོབ་ཏོ་དེ་ཚོར་ཡང་སྐུལ་ལྕག་དང་མིག་དཔེ་སྟོན་དགོས། དེ་སྔ་སུ་ཇ་སློབ་གྲྭའི་དབུ་འཛིན་གྱིས་ལམ་བར་དུ་ཁྱེད་རང་ཐུག་འཕྲད་བྱས་པའི་པར་ཞིག་མཐོང་དུས་ནས་ངས་ད་ག་རང་བསམས་མྱོང་། སློབ་སྦྱོང་ནི་མི་རིགས་དང་ཆབ་སྲིད་འཐབ་རྩོད་ནང་གི་ཆ་རྐྱེན་ཨང་དང་པོ་དེ་ཡིན། ངས་འདིར་བཤད་པའི་སློབ་སྦྱོང་ནི་ཆ་ལ་ཆོ་ལོའི་སློབ་སྦྱོང་དེ་ལ་མི་ཟེར་བར། རང་རྐང་ཐུབ་པའི་སློབ་སྦྱོང་ལ་ཟེར་གྱི་ཡོད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme