Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།

Posted on 2012-05-20 By ཁ་བརྡ་ 9 Comments on ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།

༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་ནས་འདྲེན་བཀོད་ཞུས།༽

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་གྱི་སྔ་དྲོ་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་རྣམས་གཉིས་ཀྱིས་ཕྱི་ནང་གི་གསར་འགོད་པ་གྲངས་ ༢༥ ཙམ་ལ་རྡ་ས་གངས་ཅན་སྐྱིད་གཤོངས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་༸རྒྱལ་བའི་སྐུ་ཕྱྭའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དེ་ཡང་ཐོག་མར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་གསར་འགོད་པ་ཚོར་འཚམས་འདྲི་དང་གོང་གསལ་བཀའ་བློན་རྣམ་གཉིས་ནས་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་ངོ་སྤྲོད་གནང་གྲུབ་རྗེས་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ཐོག་ཡོད་པ་དེ་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱར་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་རྗེས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཧ་ཅང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་ཧ་ཅང་སེམས་ཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ ཉིན་༸གོང་ས་མཆོག་གིས་ཞུགས་སྒར་རྡ་རམ་ས་ལར་དབྱིན་ཇིའི་གསར་ཤོག་སན་ཌེ་ཊེ་ལི་གྷ་རཕ་ (Sunday Telegraph) ཞེས་པའི་གསར་འགོད་པས་༸གོང་ས་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་པར། བཀའ་ལན་སྩོལ་སྐབས་མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་འབྲེལ་ཡོད་སྡེ་སྲུང་ལས་ཁུངས་ནས་སྐུའི་ཕྱཱའི་སྲུང་སྐྱོབ་ཐོག་ཧ་ཅང་གལ་ཆེན་པོར་བརྩིས་ཏེ་འགན་ཁུར་འཁྱེར་ཡོད་སྐོར་བཀའ་ལན་སྩལ་བ་མ་ཟད། ཉེ་ལམ་བོད་ནང་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་བོད་མི་ལས་བྱེད་ཞིག་གིས་རྒྱ་མིས་བོད་རིགས་བུད་མེད་ཁག་གཅིག་ལ་ཆེད་མངགས་དམིགས་བསལ་གྱི་སྦྱོང་བརྡར་འོག་སྐྲ་དང་མཇལ་དར་ལ་དུག་རྫས་བསྲེས་ཏེ་གསར་མཇལ་ཡིན་ཁུལ་གྱིས་༸གོང་ས་མཆོག་གི་སྐུ་ལ་ཟློ་བའི་ངན་བྱུས་ཤོམ་བཞིན་ཡོད་པའི་གནས་ཚུལ་བོད་ནས་བཏང་འབྱོར་བྱུང་ཡོད། བོད་མི་ཚོས་༸གོང་ས་མཆོག་མཇལ་ཁ་ནམ་ཞུ་སྐབས་དད་གུས་ཆེན་པོས་མཇལ་དར་ཕུལ་ཏེ་གང་སྐུའི་ཕྱག་དབང་ཐོབ་ཐབས་བྱེད་སྲོལ་ཡོད།
༸གོང་ས་མཆོག་གིས་གསར་འགོད་པ་དེར་སྐུ་ཕྱཱར་ངན་བྱུས་ཤོམ་བཞིན་པའི་གནས་ཚུལ་དེར་དཔྱད་ཞིབ་བྱ་ཐབས་མེད་སྐོར་བཀའ་ལན་སྩལ་ཡོད། སྤྱིར་༸གོང་ས་མཆོག་གིས་སྐུ་ཕྱཱར་ཉེན་ཁ་ཡོད་པའི་གནས་ཚུལ་དེ་ཙམ་གྱི་ཚབས་ཆེན་པོ་ཞིག་ལ་དགོངས་བཞེས་མ་མཛད་ཀྱང། ༸གོང་ས་མཆོག་གི་སྐུ་ཕྱཱར་ཉེན་ཁ་འདྲ་མིན་ཡོད་པ་དེ་དག་སྡེ་སྲུང་ལས་ཁུངས་ཀྱིས་ཧ་ཅང་འགན་ལྕི་བོར་རྩིས་བཞིན་ཡོད།
ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ནང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན་རྒྱ་མིའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་ཁག་གཅིག་ལ་དམིགས་བསལ་སྦྱོང་བརྡར་སྤྲད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུ་མ་ཟད། སྐུ་སྲུང་བའི་ཕྲུལ་ཆས་ཀྱིས་ཞིབ་གཤེར་བྱེད་སྐབས་ཤེས་ཚོར་དཀའ་བའི་མྱོས་རྫས་དུག་རིགས་ཀྱི་རྫས་སྦྱོར་ཧ་ཅང་ཡར་ཐོན་ཅན་དེ་འདྲ་བརྒྱུད་༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་བྱ་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གསང་བའི་ལས་ཁུངས་ནས་གཡོ་ཐབས་ཀྱིས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཐབས་བྱས་པ་ཙམ་མ་ཟད། མགོན་པོ་གང་ཉིད་མཆོག་གི་སྐུའི་གཟུང་ཁྲག་དང་ཆབ་གཅིན། དེ་བཞིན་དབུ་སྐྲ་སོགས་རག་ཐབས་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཁག་གཅིག་ལ་ཆེད་མངགས་རྒྱུད་སྐུལ་བྱས་ཏེ་རྒྱ་གར་དུ་༸གོང་ས་མཆོག་མཇལ་བཅར་ཡིན་ཁུལ་གྱིས་གཏོང་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༤ ཟླ་འགོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཅིན་ལིས་ (Zhang Qingli) གཞུང་གི་ལས་སྣེ་མཐོ་གྲས་ཀྱི་ཚོགས་འདུ་ཞིག་བསྐོངས་ཏེ་གསོད་དགོས་པ་རྣམས་གསོད་དགོས་ངེས་དང། བཙོན་འཇུག་བྱེད་དགོས་པ་རྣམས་བཙོན་འཇུག་བྱེད་དགོས་ངེས་ཡིན། ཞེས་བསྒྲགས་ཡོད་པ་མ་ཟད། ཉེ་ལམ་ཕྱི་ལོ་ ༢༠༡༢ ཟླ་ ༡ ནང་ད་ལྟའི་བོད་རང་སྐྱོང་ལྗོང་གི་དམར་ཤོག་དྲུང་ཆེ་ཁྲན་ཆན་གོ་ (Chen Quanguo) གྱིས་ཁ་བྲལ་བ་ཚོར་དམག་རྒོལ་བྱེད་དགོས། ཞེས་བསྒྲགས་ཡོད། ཉེ་བའི་ལོར་རྒྱ་ནག་གཞུང་གིས་བོད་ནང་དུ་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་འབྲེལ་ཡོད་རྒྱ་རིགས་ལས་བྱེད་པ་ཚོར་བཀོད་མངགས་བྱས་ཡོད། དེར་བརྟེན་༸གོང་ས་མཆོག་ཨ་རི་དང་ཡུ་རོབ། ཉེ་ཧོང་སོགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་དེ་རིགས་མང་དག་ཅིག་སྤེལ་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་དེ་བཞིན་མང་གཙོའི་ལམ་བཟང་ཐོག་བཅོས་བསྒྱུར་མཛད་ཐབས་དེར་གོ་སྐབས་བཟུང་སྟེ་བོད་མིའི་སྤྱི་ཚོགས་ཁྲོད་མཁྲེགས་བཟུང་ཅན་རེ་ཟུང་ལ་གདེང་སྤོབས་གསར་པ་བསླེབས་ཏེ་ལངས་ཕྱོགས་མི་མཐུན་པ་བཟུང་ཡོད་པ་ནི་དོལ་རྒྱལ་ཚོགས་པ་ཆགས་ཡོད། གནས་ཚུལ་དེ་ནི་༸གོང་ས་མཆོག་གིས་བོད་མི་ཚོར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་མི་རུང་བའི་ལམ་སྟོན་མཛད་པ་ནས་བཟུང་བྱུང་བ་ཞིག་ཡིན། མཁྲེགས་བཟུང་ཅན་དེ་དག་ཁྲོད་ལྷ་མི་སྲུང་སྐྱོབ་ཚོགས་པ་ (Dorje Shugden Devotees Charitable and Religious Society) ཟེར་བ་དེ་གཙོ་བོ་ཆགས་ཡོད། ཚོགས་པ་དེའི་ལས་ཁུངས་ཨ་མ་དེ་ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༥ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙུགས་ཡོད། ཚོགས་པ་དེའི་རྗེས་འབྲང་པ་ཚོ་ཕལ་ཆེར་གདུག་རྩུབ་ཆེ་ཤོས་ཆགས་ཡོད།
རྒྱ་གར་ཉེན་རྟོག་པས་ཚོགས་པ་དེའི་མི་སྣས་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༢ ནང་༸གོང་ས་མཆོག་གི་ཞུགས་སྒར་ཕོ་བྲང་དང་ཧ་ཅང་ཉེ་བའི་སར་དགེ་འདུན་པ་གསུམ་དམར་གསད་བཏང་ཡོད་པ་ངོས་འཛིན་ཐུབ་སྟེ་ནག་ཉེས་བཙུགས་ཡོད། དགེ་འདུན་པ་གསུམ་གྱི་ཁོངས་ནས་གཅིག་སྐུའི་གསུང་བསྒྱུར་ཡིན། དེར་བརྟེན་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༦ ནང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ (Interpol) ཀྱིས་ལག་དམར་བ་གསུམ་འཛིན་བཟུང་ཆེད་བརྡ་ཁྱབ་བཏང་ཡོད། རྒྱ་ནག་གཞུང་ནས་ཀྱང་གསང་བའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ནང་བཙུགས་པའི་བྱང་ཨ་རིའི་དགེ་ལུགས་མཐུན་ཚོགས། ཟེར་བའི་དོལ་རྒྱལ་ཚོགས་པའི་འགོ་གཙོ་ཁག་གཅིག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྒྱ་ནག་སྐམ་སའི་དཔོན་རིགས་ཁག་གཅིག་དང་ཐེངས་འགའ་ཐུག་འཕྲད་བྱས་ཡོད་པ་མ་ཟད། རྒྱ་ནག་ཏུའང་ཡང་སེ་བསྐྱོད་བཞིན་ཡོད།
རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་ཐུགས་འཁུར་ཧ་ཅང་ཆེན་པོས་ལས་གཞི་དང་མཐུན་འགྱུར་ཚགས་ཚུད་ཞུ་དང་ཞུས་མུས་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚང་མའི་འཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་གནད་དོན་ཐོག་འབྲེལ་ཡོད་བོད་མི་ཚང་མས་གཟབ་དྲུང་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་ནན་བརྗོད་ཞུ་རྒྱུ་ཡིན།
ཞེས་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་རྗེས་བཀའ་བློན་རྣམ་གཉིས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
དེ་ཡང་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པ་གཤམ་གསལ་ལྟར་ལགས་ཀྱང་གཙོ་བོ་དབྱིན་ཡིག་ཐོག་རྩ་འཛིན་ཡོང་བ་ཞུ་རྒྱུ་ཡིན།

 

གསམ་གསལ་དྲ་སྦྲེལ་ཁ་བྱང་དུ་གསལ་ཡོད། 

http://bod.asia/2012/05/%E0%BC%B8%E0%BD%82%E0%BD%BC%E0%BD%84%E0%BC%8B%E0%BD%A6%E0%BC%8B%E0%BC%B8%E0%BD%A6%E0%BE%90%E0%BE%B1%E0%BD%96%E0%BD%A6%E0%BC%8B%E0%BD%98%E0%BD%82%E0%BD%BC%E0%BD%93%E0%BC%8B%E0%BD%86%E0%BD%BA9-10-233/

གསར་འགྱུར།

Post navigation

Previous Post: གཟའ་ཉི་མའི་གླེང་མོལ།
Next Post: ཨ་མ་ལྡོམ་པོ་སྐྱིད་ཀྱི་རྨི་ལམ།

Comments (9) on “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འབྲེའ་བའི་བཀའ་ཤག་གི་གསལ་བསྒྲགས།”

  1. སྟག་སྨྱོན། says:
    2012-05-20 at 4:00 pm

    ག་དུས་ཡིན་ན་བོད་གཞུང་གི་མི་སྣ་ཚོས་བོད་ནང་གི་བོད་མི་ཚོ་བཙོང་གི་མེད་པའི་ངེས་པ་མི་འདུག བོད་ནང་གི་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་གྱི་མིང་ཁུར་འདི་ཚོར་ཡིད་ཆེས་བློ་གཏད་བྱེད་མི་རུང་བ་ཡིད་ལ་བཟུང་། དེ་རིང་དུས་བབ་ནང་བཀའ་བློན་གཉིས་ཀྱིས་གསལ་བསྒྲགས་སྐབས་བོད་ནང་གི་བོད་མི་ཞིག་གིས་རྒྱ་ནག་གིས་གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་འཚེ་བྱེད་རྩིས་བྱེད་བཞིན་པ་ཚུར་གནས་ཚུལ་བརྗོད་སོང་ཅེས། བོད་ནང་གི་བོད་དོན་ཆེད་གསང་བའི་ལས་ཀ་བྱེད་མཁན་ཚོའི་ལས་ཀ་ཅི་ཡིན་སོགས་གསལ་བསྒྲགས་བྱེད་དོན་ཅི་ཡིན་ནམ། གནས་ཚུལ་འབྱོར་ཡོད་པ་བཤད་འོས་པ་ལས། ཡོང་ཁོངས་བོད་མི་ཡིན་པ་དང་ལས་ཀ་ག་རེ་ཡིན་མིན་སོགས་གསལ་བསྒྲགས་བྱེད་དོན་ཅི་ཡིན་ནམ། དེ་ནི་རྒྱ་ནག་གི་ཉེན་རྟོག་པར་མི་སྣ་རྩད་གཅོད་ཀྱི་ཁ་ཕྱོགས་བསྟན་པ་མ་ཟད། རྒྱ་ནག་གི་ཉེན་རྟོག་པའི་ལས་འགན་བརྒྱ་གང་འཚམ་ཞིག་དེ་རིང་བདེ་སྲུང་ལས་ཁུངས་ཀྱིས་བཀའ་བློན་གཉིས་བསྒྲུབ་ཟིན་དང་གཅིག་པ་རེད། གང་ཡིན་ཟེར་ན་གསང་བ་དེ་བཤད་མཁན་བོད་མི་ཞིག་ཡིན་པ་མ་ཟད། ལས་ཀ་ག་རེ་ཡིན་མིན་ཡང་གསལ་བོ་བཟོས་ཡོད་ཙང་། རྒྱ་ནག་གི་ཉེན་རྟོག་པས་མི་སྣ་དེ་རྩད་གཅོད་བྱེད་རྒྱུ་ཧ་ཅང་ལས་སླ་བོ་ཆགས་ཡོད་པ་རེད། གནས་ཚུལ་རྒྱ་ནག་གཞུང་གི་གསང་བ་ཞིག་ཡིན་སྟབས། བོད་མི་དཀྱིས་མ་ཞིག་གིས་ཤེས་ཐབས་ཡོད་པ་མ་རེད། རྒྱ་ནག་གི་གསང་བ་དེར་རྒྱུས་ཡོད་པའི་བོད་མི་ག་ཚོད་ཡོད་མེད་རྒྱ་ནག་གིས་ལས་སླ་བོ་ཆོད་ཀི་རེད།

  2. རིག་འབྱུང་རྒྱ་མཚོ says:
    2012-05-20 at 5:31 pm

    སྟག་སྨྱོན་གྱིས་བཤད་པ་མོས་མཐུན་ཡོད། བོད་རིགས་ཤིག་གིས་གནས་ཚུལ་མཁོ་སྤྲོད་གནང་སོང་ཞེས་གསལ་ཁ་མ་གཏོད་ན་ལེགས། དེ་ནི་བོད་གཞུང་གི་ལས་བྱེད་ཚོ་ཆབ་སྲིད་ཀྱི་གོ་རྟོགས་དམན་པའི་སྐྱོན་རེད།

  3. གཞོན་ནུ་ཟླ་མེད། says:
    2012-05-20 at 7:41 pm

    བཙན་བྱོལ་བོད་གཞུང་གི་ལས་བྱེད་འདི་ཚོ་དེ་འདྲས་ལྐུག་པ་ལ། སྟག་སྨྱོན་ཁྱོད་ངོ་ནས་དྲ་བའི་རྒྱུ་ལམ་དུ་དགོས་ངེས་ཞིག་རེད། བཙན་བྱོལ་བོད་གཞུང་གི་ལས་བྱེད་མཐོ་གྲས་མང་པོ་ཞིག་ལ་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་ནི། རང་གི་བྱས་རྗེས་ཚུར་འབུར་ཐོན་བྱས་ནས་བཤད་རྒྱུར་དགའ་དྲག་ནས། གང་ཞིག་སྤྱི་ཚོགས་ཐོག་སྐྱོན་ཏུ་འགྱུར། གང་ཞིག་སྤྱི་ཚོགས་ཐོག་དགེ་མཚན་དུ་འགྱུར་བར་བསམ་བློ་གཏོང་མི་ཤེས་པ་དེ་རེད།

  4. མེ་ཏོག་དཀར་པོ། says:
    2012-05-20 at 8:30 pm

    གོང་དུ་བཤད་པ་ལྟར་དེ་འདྲའི་རིགས་ལ་དོགས་ཟོན་གནང་དགོས་འདུག་སྙམ།

  5. མེ་ཏོག་དཀར་པོ། says:
    2012-05-20 at 9:26 pm

    གོང་དུ་རྣམ་དཔྱོད་ལྡན་པ་གསུམ་གྱིས་བོད་གཞུང་གསུངས་འདུག ད་ལྟ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་དགོས་མིན་ནམ།

  6. ངག་ཆེན་ says:
    2012-05-20 at 9:57 pm

    སྟག་སྨྱོན་ལགས་ཀྱིས་གསུངས་པ་དེ་བཞིན་རེད་ བོད་གཞུང་བཀའ་བློན་གཉིས་གིས་བོད་ནང་བདེ་འཇགས་སྲུང་སྐྱོབ་གནང་མཁན་དེའི་མཚན་ནས་བོད་ན་རྣམ་པ་གཉིས་ཡག་པོ་འདྲ་ཆགས་ས་རེད། བཀའ་བློན་རྣམས་པ་ཚོ་ཕྱོགས་གང་སར་གཟིགས་ཐུབ་པ་གནང་རོགས། ཁྱེད་རྣམས་ང་ཚོ་བོད་མི་ཚོའི་བློ་གཏད་ས་ཡིན་ཁུལ་རེད་པ་ དེ་གནས་ཚུལ་ཆུང་ཆུང་ཞིག་མིན་པ་ཁྱེད་ཚོས་མཁྱེན་བསལ་རེད། ༧རྒྱལ་བའི་སྐུ་ཕྱའི་ཐུགས་ཁུར་མཛད་པ་ནི་བཀའ་དྲིན་ལོས་ཆེ།

  7. གྲགས་པ་ནས་ says:
    2012-05-22 at 7:44 am

    གནས་ཚུལ་འདིའི་ཐོག་ཕྱོགས་གཉིས་ལ་བསམ་བློ་གཏོང་ས་འདུག་སྙམ། ཕྱོགས་གཅིག་ནས་འདི་ཕྱོགས་ནས་ཁྱབ་བསྒྲགས་གནང་བ་འདིས་རྒྱ་ནག་གཞུང་ལ་གསང་བ་བཙལ་གཅོད་ཀྱི་ལམ་ཁ་བསྟན་པ་འདྲ་བོ་འདུག་ཀྱང། ཕྱོགས་གཅིག་ནས་རྒྱ་གཞུང་གིས་༧གོང་ས་མཆོག་གི་གི་སྐུ་ཕྱྭའི་ཐོག་ཇི་ཙམ་གྱིས་གཡོ་ཇུས་གཤམ་བཞིན་དེ་ཙམ་གྱིས་བོད་ཕྱི་ནང་གི་བོད་མི་ཡོད་ཏོ་ཅོག་གིས་དོ་སྣང་དང་ཐུགས་ཁུར་ཆེར་བཞེས་ཀྱིས་རང་ཉིད་བློས་གཏོང་ག་ཚད་བྱེད་བཞིན་ཡོད་པའི་རྣམ་འགྱུར་ཞིག་ཀྱང་མཚོན་པར་མངོན། མདོར་ན་༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་ཡོད་པ་དང་ཉེན་ཁ་བཟོ་བཞིན་པའི་གནས་ཚུལ་ཁུངས་ལྡན་ཞིག་ར་སྤྲོད་ཐུབ་ཚེ། སྐབས་དེ་དུས་རང་གཞན་སུ་ཡིན་རུང་རང་གི་ཉེན་ཁ་དེ་བློས་གཏོང་བྱེད་རྐྱང་གནང་དགོས་པ་རེད་སྙམ།

  8. འཇམ་དབྱངས། says:
    2012-05-22 at 8:56 am

    གསར་འགོད་གསལ་བསྒྲགས་འདིའི་ནང་དུ་ “ལག་དམར་བ་གསུམ་” ཞེས་ཐག་བཅད་ནས་བཤད་འདུག ཡིན་ན་ཡང་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་འགྲེམས་སྤེལ་བྱས་པའི་འོད་སྡེར་དང་ཡིག་ཁག་ཏུ་ལག་དམར་བ་མི་བདུན་ཡོད་པ་དང་། དེ་དག་གི་པར་དང་ལོ་རྒྱུས་བཅས་ཅུང་ཞིབ་ཚགས་གསལ་བསྒྲགས་བྱས་ཡོད། དེས་ན་ཕྱིས་སུ་མི་གཞན་བཞི་ལག་དམར་པ་མིན་པའི་ར་སྤྲོད་བྱུང་བ་རེད་དམ། གསར་འགོད་པས་བདུན་དེ་གསུམ་ལ་བཀོད་ནོར་ཐེབས་པ་རེད། གཞུང་ཞིག་གི་ངོས་ནས་བཤད་ན་སྔ་ཕྱིའི་གྲངས་ཀ་དང་ལོ་ཚིགས་མཐུན་དགོས་པ་ནི་གནད་འགག་ཅིག་མ་རེད་དམ།

  9. ལྡོང་ངུའི་བུ། says:
    2012-05-22 at 11:25 am

    དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸གོང་ས་མཆོག་གི་སྐུའི་བདེ་འཇགས་ལ་ཐུགས་ཁུར་ཆེན་པོ་གནང་གི་འདུག་པ་དེ་ལ་ངས་ཐུགས་རྗེ་ཆེ་ཞུ་དགོས་དོན་མི་འདུག་་་གང་ཡིན་ཞེ་ན།་་་མཐོ་དབང་དང་ཆ་རྐྱེན་གང་མང་ཞིག་བསྐྲུན་ཡོད་པ་རེད།་་་་་་ངས་ལྟོས་ན་འུ་ཚོ་མི་མང་གི་ཁྲོད་ནས་དོ་གལ་ཆེན་པོ་གནང་དགོས་ཀྱི་འདུག་་་དེའི་སྟབས་ཀྱིས་ངས་ལག་གཉིས་ཐལ་མོ་སྦྱར་ནས་སྐྱ་སེར་སུའི་སྤྱི་ཚོགས་ཡིན་ཡང་ཀུན་གྱིས་དོ་སྣང་གནང་རོགས་ཞུ་རྒྱུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme