Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཛ་དྲག་གི་རེ་སྐུལ། བོད་ཀྱི་མཁས་དབང་ཚང་མས་སྐྱབས་འཇུག་མཛོད།

Posted on 2008-07-212009-02-19 By tenzin 4 Comments on ཛ་དྲག་གི་རེ་སྐུལ། བོད་ཀྱི་མཁས་དབང་ཚང་མས་སྐྱབས་འཇུག་མཛོད།

མཁྱེན་ཡངས་བོད་ཀྱི་མཁས་དབང་རྣམ་པ་དང་སྙན་ངག་གི་མཁན་པོ་རྣམས་ལ།

ཁ་སང་རྒྱ་གར་བའི་གྲོགས་པོ་ཤིག་གི་བོད་པའི་སྙན་ངག་ཟེར་བ་ཡོད་མ་རེད། བོད་པའི་སྙན་ངག་ནི་རྒྱ་གར་གྱི་སྙན་ངག་ཐེབས་ཆག་ཞིག་གི་ལད་མོ་བྱས་ནས་བྲིས་པ་ཤ་སྟག་རེད། ཁྱོད་ང་ལ་དོན་རྒྱན་སོ་ལྔ་དང་། དཔེ་རྒྱན་སོ་གཉིས། དེ་བཞིན་དབྱུག་པ་ཅན་གྱི་དེབ་ནང་མེད་པའི་བོད་པའི་སྙན་ངག་རེ་གཉིས་མིག་སྟོན་དང་། གཞི་ནས་ང་ཚོ་བོད་པའི་སྙན་ངག་གི་སྐོར་ལ་ཁ་བརྡ་བྱེད་ཆོག་བཤད་བྱུང་།

ང་ནི་སྙན་ངག་གི་མཁན་པོ་མིན་སྟབས་ཁོའི་འདོད་པ་དེ་ག་ལ་སྒྲུབ་ཐུབ། དེ་ན་མཁས་དབང་ཚོས། སྙན་ངག་མེ་ལོང་ནང་གི་ནང་དོན་ཁག་མིན་པའི་སྙན་ངག་གི་དཔེ་མཚོན་ཁ་ཤས་སྤྲོད་རོགས་གནང་། ལེགས་ཤོས་ལ་སྔོན་མའི་མགུར་དང་གླུ་མིན་པར། ཁྱེད་ཅག་གིས་གསར་རྩོམ་ཇི་སྙེད་ཤིག་འདིར་བཀོད་ན་འདིས་ང་ཚོར་ཤིན་དུ་ཕན་པ་ཆེ་བ་འདུག

ཐུགས་རྗེ་ཆེ།

གསར་འགྱུར།

Post navigation

Previous Post: སྲིད་ཐར་དང་རྒྱ་རི་རིན་པོ་ཆེ་ཁ་པར་ཐོག་འབྲེལ་མོལ་སྐོར་གླེང་བ། ༼རྟོགས་རྩོམ་ཡིན་ནོ་དངོས་རྩོམ་མ་ཡིན་ནོ།༽
Next Post: ལོ་རྒྱུས་ཀྱི་བདེན་པའི་ངོས་ནས་བོད་ལ་བལྟ་བ།

Comments (4) on “ཛ་དྲག་གི་རེ་སྐུལ། བོད་ཀྱི་མཁས་དབང་ཚང་མས་སྐྱབས་འཇུག་མཛོད།”

  1. ཚེ་རྣམ། says:
    2008-07-22 at 12:35 am

    རེད། ལྟ་ཚུལ་ཉི་ཚེ་བ་འདི་འདྲ་འདོན་མཁན་བོད་པའི་སྙན་ངག་པ་ཚོའི་ནང་དུའང་ཡོད་པ་རེད། ལྟ་ཚུལ་འདི་འདྲ་ཡོད་མཁན་གྱི་བོད་པའི་སྙན་ངག་པ་དེ་ཚོས་སྙན་ངག་མེ་ལོང་མ་མེར་སྲེག་གཏོང་དགོས་པ་ཚུན་བཤད་ཀྱི་ཡོད་པ་རེད། ཡིན་ནའང༌། ཁོང་ཚོས་སྙན་ངག་མེ་ལོང་མ་ལས་བརྒལ་བའི་སྙན་ངག་བྲིས་བཞག་པ་ཞིག་བཤད་དུ་མེད། ཡང་ཁོང་ཚོས་རང་མོས་སྙན་ངག་ཟེར་བ་ཞིག་བཤད་ཀྱི་ཡོད་པ་རེད། དེ་ཧ་ལས་པ་ཞིག་ཡིན་ཚུལ་ཤོད་ཀྱི་ཡོད་པ་རེད། ད་ལྟ་བར་དུ་རང་མོས་སྙན་ངག་པ་ཚོས་ཧ་ལས་པའི་སྙན་ངག་ཅིག་སྤེལ་མ་མྱོང་བ་འདྲ་པོ་རེད། འདི་དོན་དག་གཅིག་རེད།
    བཤད་སྟངས་གཞན་ཞིག་ནས་བཤད་ན། ད་ལྟའི་བོད་ཀྱི་ན་གཞོན་སྙན་ངག་པ་འདི་ཚོར་མཚོན་ན། སྙན་ངག་ཙམ་ལས་གཞན་ནི་ཅི་གང་འབྲི་ཤེས་པའི་རེ་བ་མེད་པ་འདྲ་པོ་རེད། དེ་ཡིན་དུས། སྙན་ངག་མེ་ལོང་མ་མ་ལས་བརྒལ་བའི་སྙན་ངག་གི་མཚན་གཞི་ཞིག་ཁོང་ཚོའི་སྙན་ངག་ཁྲོད་ནས་རྙེད་ཁག་པོ་རེད། རྒྱུ་མཚན་འདི་འདྲར་བརྟེན། ཁྱེད་རང་གིས་དེང་སང་གི་སྙན་ངག་པ་ཚོ་མཁས་པ་ཚོའི་སར་བཞག་ནས་སྐྱབས་འཇུག་ཞུས་མ་ཞུས་ཡོད་པ་མ་རེད། ཁ་སང་དེ་རིང་གི་སྙན་ངག་པ་ཚོར་སྐྱབས་འཇུག་ཞུ་བ་ལས། ཤེས་ཡོན་པ་ཚོར་སྐྱབས་འཇུག་ཞུས་པ་ཡིན་ན། དེ་ཕྱོགས་ནས་ལེགས་པར་བཤད་པའི་གཏམ་དང༌། དོན་དང་ལྡན་པའི་ཟོང་གཉིས་ཀ་རག་ངེས། དངོས་ཡོད་ཀྱི་ཆ་ནས་བྱས་ན། ཤེས་ཡོན་པར་གཏོང་དགོས་པའི་དྲི་བ་དེ་སྙན་ངག་པར་བཏང་བ་ཡིན་ན། བོང་བུས་གསེར་སྒ་ཐེག་གི་མ་རེད།
    ད་ནི་དོན་གྱི་དཀྱུས་ལ་ཞུགས་ནས་ཞུས་ན། བོད་ཀྱི་སྙན་ངག་ནི་སྙན་ངག་མེ་ལོང་མའི་ནང་འདུ་བ་ཞིག་ཡིན་པའི་ལྟ་ཚུལ་དེ་ནི་གནས་ལུགས་དང་རྒྱུ་མཚན་གྱི་རྒྱབ་ལྗོངས་ཡོད་པའི་བཤད་སྟངས་ཤིག་མ་རེད། གང་ཡིན་ཟེར་ན། སྙན་ངག་མེ་ལོང་གི་རྒྱན་གྱི་རྣམ་གྲངས་ནང་མི་ཚུད་པའི་སྙན་ངག་ཀྱང་མང་པོ་ཡོད་པ་རེད། དེ་སྐོར་འདིར་གཅིག་ནས་གཉིས་སུ་བགྲངས་མ་དགོས་པར། རེབ་གོང་བ་སངས་རྒྱས་ཀྱིས་ཞིབ་འཇུབ་སློབ་ཐོན་གྱི་ཆེད་རྩོམ་དུ་བརྩམས་གནངས་པའི་༼ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག༽ལ་གཟིགས་དང་དེ་ན་ཤིན་ཏུ་ནས་གསལ་བར་བཀོད་དེ་འདུག གཞན་ནི་ད་ཕན་དེ་ཙམ་གྱི་གསལ་ཁ་རྩལ་འདོན་གནངས་བཞག་པ་ཞིག་མ་མཐོང༌། དེ་ཞོར་དུ་གཉའ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པ་༼སྙན་ངག་གི་རང་མདངས་གསར་པ༽ལའང་ཟུར་བལྟ་བགྱིས་དང༌། ཕན་རླབས་མི་ཆུང་བར་འདུག དེ་མིན་སྙན་འགྲེལ་གསར་པ་མང་ཆེ་བས་རྙིང་པར་ལད་མོ་ཙམ་ལས། དོན་གྱི་གནད་ལ་འབབ་པ་ཞིག་ནི་མཐོང་ཉུང་བར་འདུག་གོ།

  2. གཡང་སྐྱབས་རྒྱལ། says:
    2008-07-22 at 8:10 am

    སྙན་ངག་མེ་ལོང་ ༡༢༦༥-༡༢༧༠ བར་ལ་བོད་སྐད་དུ་བསྒྱུར་པ་རེད། དེའི་གོང་ལ་བོད་ལ་སྙན་ངག་མེད་པ་རེད་དམ། གེ་སར་སྒྲུང་དེ་ཚོ་ག་རེ་རེད། མགུར་མ་དེ་ཚོ་ག་རེ་རེད། ལར་སྐད་ཡིག་ཅིག་གི་ནང་སྙན་ངག་ཡིན་མིན་བཤད་སྐབས་སྐད་དེ་གལ་ཆེན་པོ་མ་རེད་དམ། སྙན་ངག་མེ་ལོང་བོད་སྐད་ལ་ཡོད། དོན་རྒྱན་སོ་ལྔ་བོད་སྐད་ལ་ཡོད། དབྱིན་ཇིའི་སྙན་ངག་དེ་ཚོ་ལ་ཡང་དོན་རྒྱན་སོ་ལྔའི་འགྲེལ་བཤད་ཁྱབ་ཀྱི་ཡོད་རེད།

  3. ཟུར་བལྟ། says:
    2008-07-22 at 10:19 am

    ངས་འདིར་གོང་གི་རེ་བ་ལྟར་དཔེ་བརྗོད་ཤིག་འགོད་རྒྱུར།

    ཀྱེ་ཧུད། མཚོ་མོ། དང་ནུབ་རྨི་ལམ་ནང་ཁྱེད་ཀྱི་བཞིན་རས་མཇལ་བ་དང་། དི་རིང་ཁྱེད་ཀྱི་བཞིན་རས་མཇལ་བ་འདི་རྨི་ལམ་ཨེ་རེད།

    ཡང་ཡང་བཏང་བའི་རྨི་ལམ་གྱི་སྒྱུ་མ་འདི་ཁྱེད་ཀྱི་བཞིན་རས་ཁོ་ནའི་སྟེང་འཆར་བཞིན་འདུག་ན། ཁྱེད་ཀྱང་སྒྱུ་མའི་སྤྲུལ་པ་ཞིག་མིན་པ་བདག་ལ་གསུངས་རོགས།

    ཨེ་མ། རྨི་ལམ། སྒྱུ་མ། མཚོ་མོ། བདག ཇི་ལྟར་དུས་གཅིག་ཏུ་གནས་ཐུབ་པ་འདི་མཚོ་མོ་རེད་དམ། རྨི་ལམ་རེད་དམ། སྒྱུ་མ་རེད་དམ། བདག་རེད་དམ།  

  4. མགོན་པོ་ཕྱག་གཉིས་པ། says:
    2008-07-22 at 11:23 am

    དོན་རྒྱན། སྒྲ་རྒྱན། དཔེ་རྒྱན་ཟེར་བ་དེ་ཚོས་མིང་རང་ཉིད་ཀྱིས་ ་་རྒྱན་་ ཟེར་ནས་ཁ་གྲག་གི་མི་འདུག་གམ། དེ་ཚིག་གི་རྒྱན་ལས་སྙན་ངག་ཅི་ལ་ཡིན། ལྷ་སའི་ཇོ་བོ་རིན་པོ་ཆེ་ཟེར་བའི་སྐུ་འདྲ་བྱིན་རླབས་ཅན་དེ་སྙན་ངག་ཡིན་པ་རེད། དེའི་ཐོག་གི་རིནཔོའི་ཆེའི་ཕྲ་རྒྱན་མཐོང་ན་ད་ལྟ་རང་བཀོག་ནས་འཁྱེར་འགྲོ་དགོས་པ་མིན་འགྲོ་བསམ་པ་དེ་ཚོ་རྒྱན་རེད།
    ཁོར་ཡུག། གོམས་སྲོལ། རིག་གཞུང་། འཚོ་བ་རོལ་སྟངས་སོགས་ཐ་དད་ཡིན་ན་སྙན་ངག་ཀྱང་ཐ་དད་ཅིག་འབྲི་གི་ཡོད་རྒྱུ་རེད། ཡིན་ན་ཡང་།་དུས་ཚོད་རིམ་བརྒྱུད་ཀྱིས་འཛམ་གླིང་ནང་རྒྱལ་ཁབ་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་ཏེ་གཅིག་གྱུར་ནས་གཅིག་གྱུར་ལ་ཕྱོགས་འགྲོ་གི་ཡོད་པའོ།
    བོད་ཀྱི་སྙན་ངག།
    བྱ་ཁུ་ལོ་སྙིང་ལ་རྗེ་བོ། ཁྱོད་རི་གསུམ་རྩེ་ནས་གྲག་ན། ངས་ལུང་གསུམ་མདོ་ནས་གོ་གི། གོ་དང་ན་རྨེང་བ་སྐྱེ་གི། ངའི་རྨེང་བ་ཤིང་ལ་བཀུག་ན། ཤིང་སྐམ་པོ་མདུད་པ་རྒྱག་གི།
    རོགས་ཆུང་ལོ་སྙིང་ལ་རྗེ་བོ། ཁྱོད་སྡེ་རུ་ཟིག་ནས་རྨེང་ན། ངས་སྡེ་སྨད་ཟིག་ནས་གོ་གི། གོ་དང་ན་རྨེང་བ་སྐྱེ་གི། ངའི་རྨེང་བ་ཤ་ལ་བཀུག་ན། ཤ་མཆིན་པའི་སྟེང་འོག་བརྗེ་གི།
    འབྲོག་པའི་སྙན་ངག།
    གངས་བབས་ནས་རྫ་མགོ་དཀར་ཐལ། ང་དེ་ན་དེ་ཟེར་མེད་གི འབྲོང་བྲེ་ལོའི་མིག་རྩ་ཕྱིད་ད། ང་དེ་ན་འདང་རྒྱག་ཆེ་གི
    རུ་བཀལ་ནས་སྟོད་ལ་བུད་ད། ང་དེ་ན་དེ་ཟེར་མེད་གི། རོགས་ཆུང་ལོར་ཁ་ཐག་རིང་ཐལ། ང་དེ་ན་འདང་རྒྱག་ཆེ་གི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme