Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་བློན་ཁྲི་པའི་སྐོར་ལ་བསམ་འཆར་ཆུང་ངུ།

Posted on 2009-06-182009-06-18 By tenzin 10 Comments on བཀའ་བློན་ཁྲི་པའི་སྐོར་ལ་བསམ་འཆར་ཆུང་ངུ།

ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་མིའི་སྐོར་ལ་ང་རང་གི་བསམ་འཆར་འདི་ཡིན། ལྷན་རྒྱས་ཚོས་དོ་སྣང་གནང་བ་ལ་ཐུགས་རྗེ་ཆེ་ཞུ།

 

༡༽ ད་ལྟའི་བཀའ་བློན་ཁྲི་པའི་ལྟ་བ་དང་དགོངས་གཞིའི་རྗེས་བྲངས་པ་མིན་པ་ཞིག་བདམས་ན་ཕན་པ་ཆེ།

ངའི་མྱོང་སྣང་ཞིག་ལ། བཀའ་བློན་ཁྲི་་པ་འདི་པའི་སྲིད་འཇུས་དང་ལྟ་བ་རྣམས་ལ་འབྲས་བུ་སྨིན་ཐུབ་མ་སོང་། མི་མང་པོ་ཞིག་གིས་འདི་ལ་མོས་པ་ཡང་མིན་འདུག དེར་བརྟེན་ད་བཀའ་བློན་ཁྲི་པ་གསར་པ་ཞིག་གདམ་དགོས་ན། ལྟ་བ་གསར་པ་ཞིག་དང་། འཆར་གཞི་གསར་པ་ཞིག་སླེབས་ཐུབ་ན་དགེ་མཚན་ཆེ། དེར་བརྟེན་བཀའ་བློན་རྙིང་པ་བློ་བཟང་ལུང་རིགས་ལྟ་བུ་བདམས་ནས། སྔར་གྱི་བཀའ་བློན་ཁྲི་པའི་རྗེས་བྲངས་བྱས་ནས་བཞུགས་ན།  བཀའ་ཁྲི་གསར་པ་ཞིག་སླེབས་པར་ཕན་པ་ཨེ་འདུག

 

༢༽ བོད་མི་དམངས་ལ་ཞབས་འདེགས་ཞུ་འདོད་དང་། དེ་ལྟར་ཞུ་བར་སྙིང་སྟོབས་དང་ལྷག་བསམ་ཡོད་མཁན་ཞིག་འདེམས་རོགས་གནང་། ངས་ད་ལྟའི་བཀའ་བློན་ཁྲི་པ་འདིའི་གསུངས་ལས། ཁོང་ལ་སྤྱི་ཚོགས་ཀྱི་འགན་་འཁུར་དང་ལྷག་བསམ་ཨེ་ཡོད་སྙམ་པའི་འདྲི་བ་ཡོང་གི་འདུག དཔེར་ན། སྤྱི་འཐུས་ཀྱི་ཚོགས་འདུའི་ཐོག། ད་ལྟའི་བཀའ་བློན་ཁྲི་པ་འདིས། “ང་བཀའ་བློན་ཁྲི་པ་བྱེད་པའི་འདོད་པ་ཡང་མེད། འཇོན་ཐང་ཡང་མེད། འབྱུང་འགྱུར་ལ་ཡང་བྱ་བ་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་རེ་བ་ཡང་མེད། ” ཅེས་གསུངས་སོང་། ཁྱེད་རྣམས་ཀྱིས་དགོངས་པར། བཀའ་སློབ་འདི་ཇི་འདྲ་རེད། འདི་འགན་འཁུར་ཡོད་པ་ཞིག་དང་། ལྷག་བསམ་ཡོད་པའི་གསུངས་བཤད་ཤིག་ཨེ་རེད།

 

༣༽ ལྟ་བ་དང་ཐབས་ཤེས་ལ་གཙོ་བོར་བལྟ་བ་ལས། རྒྱབ་ལྗོངས་དང་། གྲལ་རིམ་གཙོ་བོར་མི་འཛིན་པ།

 

གལ་ཏེ་བོད་མིའི་ད་ལྟའི་གཡང་གཟར་གྱི་ལམ་བུ་དེ་ལས་ཁ་བསྒྱུར་ཏེ། མདུན་ལམ་ཡོད་པ་དང་། འབྲས་བུ་ཡོད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གཅིག་ལ་ཁྲིད་ཐུབ་ན། ངེད་ཚོས་ཐེངས་རྗེས་མའི་བཀའ་བློན་ཁྲི་པ་འདིའི་གྲལ་རིམ་དང་། གནས་བབ། དེ་བཞིན་ཆོས་ལུགས་ཀྱི་ལྟ་བ་སོགས་ལ་གཙོ་འཛིན་མ་བྱེད་ན་ཕན་པ་ཆེ། དེ་ལྟར་ཡོང་བར། བཀའ་བློན་ཁྲི་པའི་འོས་མི་ཚོའི་དབར་ལ།  བགྲོ་གླེང་དང་། ཁ་བརྩོད་བྱེད་པ། འདྲི་བ་དང་། བཅར་འདྲི་མང་པོ་བྱེད་དགོས་འདུག ལྷག་པར་དུ། ཆོས་དད་མེད་མཁན་ཞིག་སླེབས་ཐུབ་ན། དེས་ཕན་པ་ཆེ་བ་ཡོད། རྒྱུ་མཚན་ནི། ཁོང་ནི། ཆོས་ལུགས་ཀྱི་བསམ་བློས་བཅིངས་མེད་སྟབས། ལམ་གསར་པར་འཚོལ་བའི་སྙིང་སྟོབས་དང་ཐབས་ཤེས་གསར་པ་འགའ་ཡོང་སྲིད།

 

༤༽ ལྷ་རབ་བྱུང་ན། བཀའ་བློན་ཁྲི་པ་དེ་གྲྭ་པ་དང་སྤྲུལ་སྐུ། དེ་བཞིན་བླ་མ་སོགས་མིན་ན་ལེགས། གྲྭ་པ་དང་སྤྲུལ་སྐུ་མང་པོ་ཞིག་ལ། འཇིག་བརྟེན་གྱི་ཉམས་མྱོང་མེད་ལ། ཁོང་ཚོར་དེ་ཤེས་འདོད་ཀྱང་མེད། ཁོང་ཚོའི་སེམས་ཀྱི་རྩ་བ་དེར་འཇིག་བརྟེན་འཁོར་བ་ཟེར་བ་འདི་ལ་སྙིང་པོ་མེད་པར་མཐོང་། དེར་བརྟེན། ཁོང་ཚོས། ང་ཚོ་མི་ཕལ་པའི་བདེ་སྡུག་ལ་བསམ་གཞིགས་བྱེད་མི་ཐུབ། 

 

ཐུགས་རྗེ་ཆེ།

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: བཀའ་བློན་ཁྲི་པའི་སྐོར་གྱི་བསམ་ཚུལ་གཉིས།
Next Post: རུས་མིང་ངམ་རྗེས་མིང་། ཡང་ན། ཕོའམ་མོ།

Comments (10) on “བཀའ་བློན་ཁྲི་པའི་སྐོར་ལ་བསམ་འཆར་ཆུང་ངུ།”

  1. ཨ་རིག་གླེན་རྒན says:
    2009-06-18 at 8:51 pm

    གྲོགས་ཚངས་མིང་བ་ལགས། ཁྱེད་ཀྱིས་བཤད་པ་ཇི་བཞིན་འབྱུང་འགྱུར་གྱི་བཀའ་ཁྲི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་སྨྲོས་མེད་རེད། ལྟ་བ་གསར་བ། བསམ་བློ་གསར་བ། ཐབས་ལམ་གསར་བ་ཟེར་བ་ལྟ་བུའི་སྤོམ་བཤད་ཀྱིས་མི་ཕན་པས་མདོ་དོན་ད་ལྟའི་ལྟ་བ་དང་བསམ་བློ་ཐབས་ལམ་བཅས་རྙིང་པ་རྣམས་ངོས་བཟུང་དེ་འདི་དོར་དགོས་ཕྱིས་སུ་ལྟ་བ་སོགས་གསར་བ་འདི་འཛིན་དགོས་ཟེར་རྒྱུ་ཞིག་མེད་ན་ཁྱེད་ཀྱིས་སྐད་ཆ་དེ་བཙན་བྱོལ་སྤྱི་ཚོགས་ནང་ཆེས་སྤྱིར་བཏང་གི་གླེང་མོལ་ཞིག་རེད།

  2. འཇའ་མཚོན་ཆུ་མིག says:
    2009-06-18 at 10:58 pm

    ཁྱེད་ཀྱི་བསམ་ཚུལ་དེར་འཕྱོ་དེ་ཙམ་མི་འདུག མི་་དགོས་པར་སྡེ་ཚན་མང་བ་ཞིག་དབྱེ་འདུག ཚང་མ་ཀློག་གི་མིན། ལན་ཡང་རྒྱག་གི་མིན།

  3. ÇtôzÅ-q- says:
    2009-06-18 at 11:18 pm

    བཀའ་ཁྲི་སྐྱ་སེར་སུ་ཡིན་ལ་ཁྱད་པར་ཆེན་པོ་དེ་ཙམ་ཨེ་འདུག ཟམ་གདོང་རིན་པོ་ཆེའི་སྔོན་གྱི་མི་སྐྱ་བཀའ་བློན་ཁྲི་པ་མང་པོ་བྱུང་འདུག་ཀྱང་འཇིག་རྟེན་སྲིད་ཀྱི་ཕྱོགས་ནས་ཡར་རྒྱས་དམིགས་བསལ་བ་ཞིག་བཏང་ནུས་མི་འདུག་སྙམ། དེ་ཚོ་ལ་བལྟས་ན་དཔལ་འབྱོར་དང་ཤེས་ཡོན་བཅས་ཀྱི་ཕྱོགས་ནས་ཀྱང་ཤུགས་རྒྱག་མཁན་དེ་བླ་རྒན་ཟམ་གདོང་ཡག་ཤོས་བྱུང་མི་འདུག་གམ།

  4. ཤ་ཁོན་རྩོད་མཁན། says:
    2009-06-19 at 1:26 am

    “ང་བཀའ་བློན་ཁྲི་པ་བྱེད་པའི་འདོད་པ་ཡང་མེད། འཇོན་ཐང་ཡང་མེད། འབྱུང་འགྱུར་ལ་ཡང་བྱ་བ་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་རེ་བ་ཡང་མེད། ” འོ་ན་ད་ལྟ་བར་དུ་བཀའ་བློན་ཁྲི་པའི་ཞུགས་ཁྲི་བཟུང་བསྡད་དེ་ག་རེ་བྱེད་ཀྱི་ཡིན་ནམ། ངོ་མ་ཡ་མཚན་རེད།

  5. ཨ་རིག་གླེན་རྒན says:
    2009-06-19 at 1:21 pm

    ད་བར་ཏུ་བོད་མི་རིགས་འདི་བླ་མ་དང་གྲྭ་བས་བསྐྱངས་བ་རེད་ད་རུང་མ་མཐར་ལོ་བརྒྱ་ལྷག་ལ་སྐྱོང་དགོས་པ་འདྲ། འདི་ནི་སེར་མོ་བ་ཚོ་འཇོན་དྲག་པས་མིན་ལ་ང་ཚོའི་མི་སྐྱ་ཕོ་མོའི་སུའི་ཀྱང་མ་འཇོན་ནས་བླ་གྲྭའི་མི་སྐྱོང་ཐབས་མེད་བྱུང་བ་རེད། དེང་སྐབས་སྐྱ་བོ་རེ་ཟུང་གིས་སེར་མོ་བར་འགྲན་རྩོད་བྱེད་བཞིན་པ་འདི་སྔ་ན་མེད་པའི་ཡར་རྒྱས་ཤིག་རེད།

  6. ཚངས་དབྱངས། says:
    2009-06-19 at 2:07 pm

    སྤོབས་པ་ལགས།

    ཁྱེད་ཀྱིས་གསུངས་ན། གཟམ་སྟོང་རིན་པོ་ཆེའི་སྔོན་ལ་མི་སྐྱའི་བཀའ་བློན་ཁྲི་བ་ཁ་ཤས་བྱུང་བ་རྣམས་ཀྱིས་གང་ཡང་འཇོན་མ་སོང་གསུངས་བཞིན་འདུག ངས་དེ་ལ་ལན་ཞིག་འབུལ་གྱི་ཡིན།

    གཟམ་སྟོང་རིན་པོ་ཆེའི་སྔོན་ལ་བྱུང་བའི་བཀའ་བློན་ཁྲི་པ་གཉིས་བྱུང་སོང་། གཅིག་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། གཅིག་ཤོས་དེ་རྒྱ་ལོ་དོན་སྒྲུབ་ལགས་རེད། བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲིར་ཕེབས་ནས། བོད་གཞུང་གི་ལས་བྱེད་པའི་ཐོབ་ཐང་དང་། ལས་བྱེད་བསྡུ་སྐོང་ཐད་ལ་སྒྱུར་བ་གཏོང་ཐུབ་སོང་། དེ་ལ་བརྟེན་ནས། ད་ལྟ་བོད་གཞུང་གི་ལས་བྱེད་པའི་ཤེས་ཡོན་གྱི་ཆུ་ཚད་ལེགས་སུ་སོང་ཡོད། 

    དེ་ནས་རྒྱ་ལོ་དོན་སྒྲུབ་ལགས་བཀའ་ཁྲིར་ཕེབས་ནས། ཡིག་ཚད་བརྒྱུད་ནས་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ལ་བོད་གཞུང་ནང་ནུས་ཤུགས་ལྡན་པའི་ཞབས་ཞུ་བསྒྲུབས་ཐུབ་པ་བྱུང་སོང་། དཔེར་ན། ཚེ་རྒྱམ་དང་། བཀྲིས་དོན་སྒྲུབ། དེ་བཞིན་ད་ལྟ་ཐེ་ཝན་ལ་ཡོད་པའི་བསོད་ནམས་རྡོར་རྗེ་སོགས་རྒྱ་ལོ་དོན་སྒྲུབ་ལགས་བཀའ་ཁྲིའི་སྐབས་ལ་བསྡུས་པ་རེད། 

    གཟམ་སྟོང་རིན་པོ་ཆེ་བཀའ་ཁྲིར་ཕེབས་ནས། རྫས་ལུད་མེད་པའི་ཞིང་ཁ་འདེབས་དགོས་པའི་བཀའ་བཏང་སོང་། ད་དེ་ཞིང་པས་ངོ་རྒོལ་བྱས་སྟབས། ད་ལྟ་རྫས་ལུད་ཡོད་པའི་ཞིང་ཁ་འདེབས་མུད་རེད། རྒྱ་མི་ལ་ཁོར་ཡུག་བཟང་པོ་བསྐྲུན་ནས་འགྲིག་མོལ་བྱེད་ཀྱི་ཡིན་གསུངས་སོང་། ད་རྒྱ་མིས་བོད་ནང་གི་བོད་མིར་སྡུག་རྩུབ་བཟོད་ཐབས་མེད་པ་བཏང་བར་བརྟེན། ཆོལ་གསུམ་བོད་མི་ཡོངས་ཀྱིས་ལངས་སོང་། དེ་ལ་རྒྱ་མིས་གོ་ཚོན་དང་རྩུབ་སྤྱོད་ཚད་མེད་པ་བཏང་སྟབས། ཕྱི་རྒྱལ་གྱི་མི་རིགས་དེ་ཚོས་ཀྱང་བཟོད་པ་བྱེད་ཐབས་བྲལ་སོང་། དེར་བརྟེན། ཁོར་ཡུག་བཟང་པོ་ལོ་བདུན་ལྷག་སྐྲུན་པ་དེས་ཕན་མ་སོང་། 

    དོར་ན། གཟམ་སྟོང་རིན་པོ་ཆེས། བོད་མི་རིགས་ཀྱི་དཀའ་ངལ་དང་། རྒྱའི་གཤིས་ཀ། རྒྱལ་སྤྱིའི་བསམ་ཚུལ་སོགས་མཁྱེན་གྱི་མིན་འདུག 

    གཞན་པ་ཤོད་ཡས་མེད།

  7. གངས་བུ says:
    2009-06-20 at 4:17 am

    དྲ་གྲོགས་ཚོས་ཡག་པོ་བྲིས་འདུག
    རྗེས་མ་བཀའ་ཁྲིར་དེ་ལ་ངེས་པར་དུ་འཆར་གཞིར་གསར་པ་ཡོད་མཁན་ཞིག་དགོས། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞི་ངེས་པར་དུ་འདེམས་དགོས་སོ།

  8. བདེ་ཆེན་སྒྲོལ་མ། says:
    2009-06-20 at 5:36 am

    རིན་པོ་ཆེ་ལ་ཁ་མ་བཏང་གོང་རང་ཉིད་གང་འདྲ་ཞིག་ཡིན་ནམ། རྡོ་རྗེས་རྗེས་དྲང་པ་མིན་ནམ། དང་ཐོག་ནས་གཟམ་ཞེས་པའི་ཚིག་འདི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ནང་རྩ་བ་ནས་མེད་པ་ཞིག་རེད། ཟམ་གདོང་རིན་པོ་ཆེ་ཞེས་པ་ཞིག་མཇལ་མྱོང༌། མའོངས་པ་རིན་པོ་ཆེ་ནང་བཞིན་ཞིག་ཡོང་བ་ཤོག དེང་རབས་ཀྱི་གཞོན་ནུ་རྒྱས་སྤྲོད་ལ་དགའ་བ། བེུད་ལ་དགའ་བ། གཞུང་གི་རྒྱུ་དངོས་ལ་བརྩེ་སེམས་གཏིལ་འབྲུ་ཙམ་ཡང་མེད་པ། བདག་མེད་དང་བེད་མེད། འབད་མེད་ལོངས་སུ་སྤྱོད་མཁན་རིགས་ཁ་ཤས་རང་སླེབས་ཟིན་པས་དགའ་གུས་ཀྱི་ཚོར་སྣང་མེད་ལ། བོད་དོན་བདེན་མཐའ་གསལ་བའི་རེ་བ་ཡང་མེད།
    བླ་མ་ཞིག་སླེབས་པ་ཤོག ཐུགས་རྗེ་གཟིགས།

  9. ཚངས་དབྱངས། says:
    2009-06-20 at 3:35 pm

    བདེ་ཆེན་སྒྲོལ་མ་ལགས། གནས་ལུགས་ལྡན་པའི་སྐྱོན་ཆ་འདོན་ན། ལམ་གསེང་རྡོ་རྗེའི་༼ཤུགས་ལྡན།༽རྗེས་བྲངས་རེད་ཟེར་བ་འདི་ཡ་མཚན། ཁྱེད་རང་ལ་རྒྱུ་མཚན་ཞུ་ས་མིན་འདུག ངེད་གཉིས་ཁ་བརྡ་བྱེད་ཐབས་མིན་འདུག 

  10. གངས་བུ། says:
    2009-06-23 at 4:16 am

    དྲ་གྲོགས་ཚངས་དབྱངས་ནས།
    ཟམ་གདོང་རིན་པོ་ཆེ་ཡི་གང་ཡང་ཤེས་ཀྱི་མི་འདུག་འཇོན་མ་སོང་ཞེས་ཁ་བཏང་གི་འདུག་བདེན་པ་ཡིན་སྲིད། ང་ཚོའི་ངེས་པར་དུ་ཕྱོགས་མང་པོར་ལྟ་དགོས་ཀྱི་འདུག་རིན་པོ་ཆེ་གཅིག་པོར་གྱི་མ་འཇོན་པ་ཞིག་ངོས་འཛིན་གནང་རྒྱུ་ཡོད་དམ། ཟམ་གདོང་ནི་གོང་ས་མཆོག་གི་དགོངས་གཞི་ཇི་ཡིན་ཐོག་ལ་གཤར་བསྐྱོད་བྱེད་མཁན་གྱི་གང་ཟག་ཞིག་རེད། ཁོང་གི་བཙན་བྱོལ་བོད་མི་བསྒྲིགས་གཞི་དང་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཕྱག་ལས་གནང་པ་རེད་མ་གཏོགས་དེ་ལས་རྒལ་ནས་ཕྱག་ལས་ཤིག་གནང་མེད་པ་ང་ཚོའི་གཐོང་གསལ་རེད།་ ངས་མཐོང་གསལ་དུ་བཀའ་ཁྲིར་ལ་དབང་ཚད་ངེས་ཅན་ཞིག་ཡོད་ན་མེད་ན་གཙོ་བོ་སྐུ་སྒར་ཡིག་ཚང་གི་དྲུང་ཆེ་ཆུང་དང་དེ་ཡི་རྒྱབ་ཏུ་ཡོད་པའི་མི་སྣ་ཆེ་གྲས་ཁག་གི་དབང་ཆ་དང་གཟི་བརྗིད་ལས་བཙན་བྱོལ་ནང་དུ་མེད། མ་འཇོན་ན་ཁོང་ཚོས་མ་འཇོན་པ་ལ་ངོས་འཛིན་གནང་རྒྱུ་ཡོད་དམ། རྗེས་སུ་མཇལ་ཡོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme