Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་འབུ་ཚོས་མ་བཀླགས་ཚད་མེད་ཀྱི་གསར་འགྱུར།

Posted on 2012-05-142012-05-14 By ཁ་བརྡ་ 20 Comments on དྲ་འབུ་ཚོས་མ་བཀླགས་ཚད་མེད་ཀྱི་གསར་འགྱུར།

དབྱིན་ཇིའི་ཞིབ་དཔྱོད་དཔོན་པོས་པོད་ཆུང་བཀོལ་ན་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས་པ་བསྟན།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།
དབྱིན་ཇིའི་སྤྱིའི་ཞིབ་དཔྱོད་དཔོན་པོ་ཀི་ལིས་ཧྥུ་ཡིས་ཆེས་བཅུ་གཅིག་ཉིན་ཐ་ཚིག་བསྒྲགས་ནས་བཤད་རྒྱུར། པོད་ཆུང་སྟེགས་བུ་ཁྲིམས་ལྟར་བཀོད་སྤྱོད་བྱེད་དགོས་པ་དང་། བཀོད་སྤྱོད་མཁན་གྱིས་བསམ་འཆར་འབྲི་སྐབས་གཟབ་ནན་བྱེད་དགོས་ཟེར།

དབྱིན་ཇིའི་སྤྱིའི་ཞིབ་དཔྱོད་དཔོན་པོ་ཀི་ལིས་ཧྥུ་ཡིས་དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། པོད་ཆུང་ནས་སྨྲ་བརྗོད་སྤེལ་བ་དང་ཆང་ཁང་ནས་བསྒྲགས་ཡིག་སྟེར་བ་གཉིས་ལ་གཅིག་མཚུངས་ཡིན། མིང་མ་བྲིས་པའི་སྒོ་ནས་སྨྲ་བརྗོད་བྱས་ཚེ་ཁྲིམས་ཀྱི་ཆད་པ་ལས་ཐར་ཐུབ་པར་འདོད་པ་ནི་ནོར་ཞིང་། པོད་ཆུང་ནས་ཁྲིམས་འགལ་བྱ་བ་སྤེལ་བ་དེར་ཁོས་འཛེམ་དོག་མེད་པའི་སྒོ་ནས་ཁྲིམས་ལུགས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

ཉེ་ཆར། དབྱིན་ཇི་དུ་པོད་ཆུང་ནས་སྐད་ཆ་འབྲི་བའི་ཁྲིམས་འཛིན་གྱོད་གཞི་མང་དུ་བྱུང་འདུག ད་ལོའི་ཟླ་གསུམ་པར། སློབ་མ་ཞིག་གིས་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་མུའུ་ཨན་པ་ཡིས་པོད་ཆུང་བརྒྱུད་ནས་སྐད་བཞག ཁྲིམས་ཁང་གིས་སྐད་བཞག་པ་དེ་མི་རྒྱུད་རིང་ལུགས་ལ་འབྲེལ་བ་ཡོད་པར་ངོས་བཟུང་ནས་སློབ་མ་དེར་ཉིན་ང་དྲུག་རིང་ལ་བཀག་སྐྱིལ་བྱེད་པའི་ཁྲིམས་ཐག་བཅད། དེ་ལས་གཞན། བཙན་གཡེམ་གྱི་གྱོད་དོན་ཞིག་ལས་ཉུང་མཐའ་ཡང་མི་བཅུ་བདུན་གྱིས་ཉེས་སྐྱོན་ཐེབས་མཁན་གྱི་མིང་གླེང་བས་འཛིན་བཟུང་བྱས། ཀི་ལིས་ཧྥུ་ཡིས་བཤད་རྒྱུར། དྲ་ཐོག་གི་བསྒྲགས་ཚད་ཧ་ཅང་མགྱོགས་པས། པོད་ཆུང་ནས་ཁྲིམས་འགལ་བྱས་པའི་གནོད་པ་དེ་བས་ཀྱང་ཆེ་ལ། ད་ཡོད་ཀྱི་བཅའ་ཁྲིམས་ཡང་པོད་ཆུང་སྟེགས་བུའི་ཁྲིམས་འགལ་བྱ་སྤྱོད་ལ་བཀོལ་བར་འཚམ་པ་ཡིན་ཟེར།

གསར་འགྱུར།

Post navigation

Previous Post: ༸ གོང་ས་མཆོག་ལ་གཟེངས་རྟགས།
Next Post: ཀྲུག་ཡོང་ཁང་གི་དབང་ཆ་རྩིས་སྤྲོད།

Comments (20) on “དྲ་འབུ་ཚོས་མ་བཀླགས་ཚད་མེད་ཀྱི་གསར་འགྱུར།”

  1. ཚངས་དབྱངས། says:
    2012-05-14 at 4:06 pm

    རྩ་བ་ནས་གོ་གི་མིན་འདུག ག་རེ་ཟེར་གྱི་ཡོད་དམ། པོད་ཆུང་ཟེར་ན་ག་རེ་རས། 

  2. ཞོལ་ཕྲུག says:
    2012-05-14 at 8:13 pm

    ད་དཀོན་མཆོག་གསུམ་ཚད་བཙུགས། གོ་བ་ལེན་ཐུབ་ཀྱི་མི་འདུག
    པོད་ཆུང་ཟེར་ན་ག་རེ་ཡིན་ནམ། མཁྱེན་མཁན་འདྲ་ཡོད་ན་འགྲེལ་བཤད་སྐྱོན་རོགས།
    དེ་མིན་ལུང་ཚན་བྱེ་བྲག་པའི་ཁ་སྐད་ཡིན་ན། རྒྱུན་གཏན་ཡིག་འབྲིའི་ནང་བེད་སྤྱོད་མ་གནང་ན་ལེགས།
    ཚང་མ་གོ་ཐུབ་པ་ཞིག་བཀོལ་རོགས།

  3. གཟེ་མ་ར་མགོ says:
    2012-05-14 at 8:23 pm

    ད་དངོས་གནས་ཧ་གོ་ས་མི་འདུག་་་་་པོད་ཆུང་ཟེར་ན་གང་རེད་་་་དེ་སུས་སྐད་རེད།

  4. ཨ་རོགས་ཉི་མ། says:
    2012-05-14 at 8:50 pm

    ཡག་པོ་གོ་གི་མི་འདུག་ཏེ། པོད་ཆུང་ཟེར་ན་མིང་ཅིག་ཡིན་ས་རེད།

  5. རྒྱལ་མཚན་ says:
    2012-05-14 at 9:11 pm

    གདོན་འདྲེའི་གསར་འགྱུར་ཡིན་པ་འདྲ།

  6. དྲ་གཉིད་ says:
    2012-05-14 at 9:41 pm

    ལྷ་སྐད་རེད་དེ་གོ་བར་ལྷ་སྐད་ཤེས་དགོས་པ་རེད། ཞོལ་ཕྲུག་ཁྱེད་རང་ལྷ་འདྲེའི་སྐད་མ་ཤེས་བར་འགྲེལ་བཤད་ཁག་པོ་རེད་གང་འགྱོགས་་ཧཧ་་ཧཧ་་།

  7. རུ་ཤུལ་བུ་ says:
    2012-05-14 at 10:18 pm

    དྲ་གྲོགས་ཚོ་ངས་འདྲེ་སྐད་ཅུང་ཙམ་ཤེས་ཀྱི་ཡོད་དེའི་ཕྱིར་འདི་ལ་འབྲི་འགྲེལ་ཙམ་ཞུས་ཆོག རྩོམ་ཡིག་འདིའི་བྱུང་ཁུངས་རྒྱ་ནག་གི་ཀྲུང་དབྱང་བརྙན་འཕྲིན་དྲ་བ་བཀོད་འདུག་མོད་དྲ་བ་དེར་བལྟ་རྒྱུ་མ་བྱུངcctv1ནས་བསྟན་སོང་། བརྗོད་དོན་ང་ཐེ་བའི་དྲ་འབུ་མིང་མེད་དག་ལ་འཇིགས་གཉེན་སྟོན་པ་རེད། པོད་ཆུང་ཟེར་བ་ནི་དྲ་ལམ་ཞིག་ཡིན་ཡིན་ཚོད་རེད། མིང་གི་དག་ཆ་དབྱིན་ཅི་འབྲུ་སྟེང་ངས་ཀྱང་མི་ཤེས། བཤད་རྒྱུ་གཙོ་བོ་ད་ལོ་དབྱིན་ཅིའི་ཁྲིམས་དཔོན་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ནས་མིང་མེད་པར་སྐད་ཆ་ཅི་ཞིག་བཤད་ཀྱང་རང་གི་བདེ་འཇགས་དང་ཁྲིམས་ལ་འགན་ལེན་བྱེད་དགོས་པ་དེ་རེད། པོད་ཆུང་བརྒྱུད་ནས་སྤྱི་ཚོགས་ཐོག་སྐད་ཆ་འདྲ་མིན་བཤད་མཁན་འགའ་ཁྲིམས་སར་ཚུད་པ་དང་། དྲ་བ་དག་ནས་སྐད་ཆ་ཅི་ཞིག་བཤད་ཀྱང་དྲ་འབུ་དག་རྩལ་གཅོད་བྱས་ན་གསལ་བོ་ཤེས་ངེས་ཡིན་པས་གཟབ་གཟབ་བྱོས་ཟེར་བ་རེད།

  8. རིན་ཆེན་དར་རྒྱས། says:
    2012-05-15 at 12:03 am

    པོད་ཆུང་ཟེར་ན་རྒྱ་ནག་གི་པོད་ཕྲན་ཟེར་བ་དེ་ཡིན་པ་འདྲ། ཟིན་བྲིས་སྤེལ་ས་ཆེ་བ་ལ་པོད་ཁུག་(博客)དང་།ཟིན་ཕྲན་སྤེལ་ས་ལ་པོད་ཕྲན་(微博)ཟེར་གྱིན་འདུག

  9. ནུབ་ཕྱོགས་གངས་ཕྲུག་ says:
    2012-05-15 at 12:47 am

    ཚིགས་ཁ་ཤས་རྒྱ་སྐད་ཡིན་ས་རེད། རྩ་བ་ཉིད་ནས་གོ་མ་སོང་།

  10. བཀྲ་ཤིས། says:
    2012-05-15 at 12:51 am

    དོན་དག་རྡོག་རྡོག་དེ་ཁྱོད་ཚོ་ཚོད་ཟིན་ན་ལེགས་ཟེར་བ་མ་ཡིན་ནམ། གོ་རྒུ་འདུག གཟབ་གཟབ་བྱོས།

  11. བྲོ་འཚལ། says:
    2012-05-15 at 5:24 am

    ཁྱོན་ནས་མགོ་འཚོས་ཀྱི་མི་འདུག་་་ཡིན་ན་ཡང་མཆན་འདེབས་མཁན་ཚོའི་གསལ་བཤད་ལ་བལྟས་ན་རང་ཚོད་མ་ཟིན་པར་སྐད་ཆ་མང་པོ་ཤོད་མཁན་དྲ་འབུ་དག་ཁྲིམས་སར་བསྐྱལ་བའི་གསར་འཕྲིན་ཞིག་ཡིན་པ་འདྲ།

  12. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-05-15 at 8:05 am

    པོད་ཆུང་ཟེར་ན་མཆན་བརྒྱད་པ་རྒྱག་མཁན་དེའི་བཤད་པ་དེ་རེད།

  13. ཆུ་ཐིགས་སྔོན་མོ says:
    2012-05-15 at 8:48 am

    མི་རེས་པོད་ཁུག་རེ་ཉལ་འདུག་པས་སྐབས་དོན་གྱི་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་རང་དགར་སྐད་ཆ་བཤད་ཀྱིན་པར་ངོ་རྒོལ་གནང་གི་ཡོད་ས་རེད་་་ཡིན་ནའང་པོད་ཁུག་འབྱུང་རྩ་དྲ་བདག་ཚོའི་ངོས་ནས་རྟིང་འཛིན་བྱེད་དགོས་པ་ལས་མི་རེ་རེ་ལ་འདི་བྱེད་དགོས་ཞེས་བཤད་ན་ཁག་པོ་རེད་་་་

  14. མེ་ཏོག་དཀར་པོ། says:
    2012-05-15 at 9:19 am

    རང་མོས་གསར་འགྱུར་རེད། སོ་སོས་གང་གོ་བ་ལེན་ཐུབ་པ་དེ་གས་འགྲིག་གི་རེད།

  15. བདེན་རྒྱབ། says:
    2012-05-15 at 10:58 am

    སྤྱིར་པོད་ཆུང་ཟེར་བ་དྲྭ་རྒྱ་ཞིག་ཡིན་ཐག་གཅོད་མ་ཤེས། གནས་འཕྲིན་གྱི་ནང་དོན་ནི་མ་ལག་དེའི་ནང་ཁ་བརྡ་བཞིན་སྨྱུག་མིང་འདྲ་མིན་སྤྱད་དེ་གསལ་སྒྲགས་དང་བསམ་འཆར་རང་འདོད་ལྟར་བྲི་རྒྱུ་ཡོད་པ་ཞིག་ཡིན་པ་དང་། འོན་ཀྱང་དྲྭ་འབུ་ཞེས་པ་དྲྭ་རྒྱའི་ནང་ནས་གློག་ཆས་མང་པོར་བགོ་འཁན་༼virus༽དེ་ཆེད་དུ་ཀུང་ཟི་ཁག་གིས་དྲྭ་ལམ་ཁག་ནས་གཏོང་གིན་ཡོད་པ་དེ་རྒྱུད་ནས་གསང་བ་མང་པོ་མངོག་གཤེར་དང་། འབུ་འགོག་གཉེན་ཆས་ཀུང་ཟི་ཁག་ལ་ཚོང་བཅས་ཡོང་གིན་ཡོད་པས་རང་གིས་གསང་མིང་དང་གསང་ཨང་འདྲ་མིན་སྤྱད་འཁན་རྣམས་བརྒྱ་ཆ་བདུན་བཅུ་རྩད་ཆོད་ཀྱིན་ཡོད་པ་དེ་འདྲ་ཞིག་གིས་མི་བཟུང་འདུག འདྲ་མི་འདྲ་མ་བྱེད་ཅེས་པའི་དོན་རེད་འདུག ལྷག་པར་དེང་སང་དུས་རབས་ཉེར་གཅིག་ནང་འཕྲུལ་ཆས་སྣ་ཚོགས་ལ་རྟེན་ནས་ལྐོག་གྱུར་མིའི་བསམ་པའང་ཤེས་ཀྱིན་ཡོད་འདུག་པས་དྲྭ་གྲོགས་རྣམས་ནས་ཡིད་ཟབ་མཛོད། བདེན་རྒྱབ་ཀྱིས་ལྷག་བསམ་བཅས།

  16. Sumps says:
    2012-05-15 at 8:43 pm

    དེ་འདྲས་མ་རེད་བྱས། པོད་ཆུང་ཟེར་ན་པོད་ཁུག་ཆུང་ཆུང་ཟེར། དེ་ཁ་བརྡ་དང་གཅིག་པ་རེད། དྲ་འབུ་ཟེར་ན་མཆན་འགོད་མཁན་དེ་ཚོར་ཟེར། གསར་འགྱུར་དེ་རྒྱ་མིས་དགའ་པོ་བྱེད་དགོས་པའི་རྒྱུ་མཚན་ནི་བརྡ་སྤྲོད་ཀྱི་ཡོད་྄ཚོད།

  17. ཐང་དཀར་རྒོད་པོ says:
    2012-05-16 at 8:45 am

    བརྡ་མན་སྤྲོད་སྟངས་ཙམ་མ་གཏོགས་གཞན་དྲ་གྲོགས་རྣམས་ལ་ཤ་ཚ་བའི་གཏམ་ཞིག་ཏུ་རྩི་ཆོག་གི་འདུག།ཐུགས་རྗེ་ཆེ།

  18. རྡུལ་ཕྲན། says:
    2012-05-16 at 8:57 am

    བསྒྱུར་རྩོམ་འདི་སྒྱུར་སྟངས་མི་ཡག་གི པོད་ཆུང་ཟེར་ན་ཡིན་རྒྱུ་ནི་བེའི་པོའོ(weibo微博)ལ་གོ་དགོས་ཀྱི་ཡོད་པ་འདྲ། དེ་མིན་གཞན་ལ་གོ་སྟངས་ཤིག་མི་འདུག་སྙམ། བེའི་པོའོ་ཟེར་བ་ནི་རྒྱ་ནག་སྤྱི་ཚོགས་ཁྲོད་ངོ་དེབ་ཀྱི་ཚབ་ཏུ་བེད་སྤྱོད་གཏོང་བཞིན་པ་རེད། ཡིན་ཡང་ཉེ་ལམ་ནས་དེར་བཀག་སྡོམ་བྱེད་ཚུལ་ཆེ་རུ་བཏང་བ་CNN སོགས་སུ་བསྟན་ཚར་བ་དེ་འདྲ་རེད། དེ་ཡིན་ནམ།

  19. ཇ་མ་ says:
    2012-05-16 at 9:37 am

    གང་ལྟར་གོ་ཁག་པ་ཞེ་དྲག་འདུག ཡིན་ནའང་པོད་ཆུང་ཟེར་བ་སྟེ་མ་གཅིག་ཡིན་པ་འདྲ། ནང་དོན་ངོ་མ་གང་བཤད་ཀྱི་ཡོད་པ་མི་ཤེས་གི

  20. Gonpo says:
    2012-05-16 at 11:11 am

    དབྱིན་ཇིའི་ཁྲིམས་ལུགས་སྤྱིའི་ཞིབ་དཔྱོད་པ་ཀི་ལིས་ཧྥུ་ཡིས། གློག་ཕྲིན་དྲ་བའི་ནང་གི་གང་བྱུང་བཀོལ་སྤྱོད་བྱེད་བའི་ཐད་ཁྲིམས་ལུགས་དང་འགལ་མིན་ཐད་ ཕྱི་ལོ་༢༠༡༢ ཚེས་བཅུ་གཅིག་ཉིན་གསར་བསྒྲགས་གནང་དོན། (པོད་ཆུང་)ཟིན་བྲིས་གླེང་སྟེགས་ནང་དགག་སྒྲུབ་སོགས་ཁྲིམས་ལུགས་ལྟར་བཀོད་སྤྱོད་བྱེད་དགོས་པ་དང་། བཀོད་སྤྱོད་མཁན་གྱིས་བསམ་འཆར་འབྲི་སྐབས་འགན་ཁུར་ཡོད་ཟབ་ནན་བྱེད་དགོས་གློག་ཕྲིན་དྲ་བའི་ནང་ཟིན་བྲིས་སྨྲ་བརྗོད་སྤེལ་བ་དང་ཚོགས་པའི་ནང་བསྒྲགས་གཏམ་བཤད་པ་གཉིས་ཁྲིམས་ཀྱི་འགན་ཁུལ་དགོས་པ་ལ་གཅིག་མཚུངས་ཡིན། དོ་དག་གི་མིང་མ་བྲིས་པའི་སྒོ་ནས་སྨྲ་བརྗོད་བྱས་ཚེ་ཁྲིམས་ཀྱི་ཆད་པ་ལས་ཐར་ཐུབ་པར་འདོད་པ་ནི་ནོར་ཞིང་། (པོད་ཆུང་)ཟིན་བྲིས་གླེང་སྟེགས་དོ་ར་ཁག་གི་ནང་ནས་ཁྲིམས་འགལ་བྱ་བ་སྤེལ་བ་དེར་ཁོས་འཛེམ་དོག་མེད་པའི་སྒོ་ནས་ཁྲིམས་ལུགས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།
    ཉེ་ཆར་དབྱིན་ཇི་ནང་དུ་བྱུང་བ། (པོད་ཆུང་)འམ་ཟིན་བྲིས་དོ་རའི་ནང་འདྲ་མིན་བཀོད་པའི་ཁྲིམས་འགལ་གྱོད་གཞི་མང་དུ་བྱུང་འདུག ད་ལོའི་ཟླ་གསུམ་པར་སློབ་མ་ཞིག་གིས་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་མུའུ་ཨན་ལ(་པོད་ཆུངའམ་)ཟིན་དོ་ར་བརྒྱུད་ནས་གནས་ཚུལ་ཁ་ལན་བཞགས་པ་དེ། ཁྲིམས་ཁང་གིས་ཁ་ལན་བཞག་པ་དེ་མི་རྒྱུད་རིང་ལུགས་ལ་འབྲེལ་བ་ཡོད་པར་ངོས་བཟུང་ནས་སློབ་མ་དེར་ཉིན་ང་དྲུག་རིང་ལ་བཀག་སྐྱིལ་བྱེད་པའི་ཁྲིམས་ཐག་བཅདཀའདུག། གཞནཡང་བཙན་གཡེམ་གྱི་གྱོད་དོན་ཉེས་པ་ཐེབ་མཁན་མི་བཅུ་བདུན་གྱི་མིང(་པོད་ཆུང་འམ)་ཟིན་བྲིས་དོ་རའི་ནང་གླེང་བས་འཛིན་བཟུང་བྱས་ཡོད། ཀི་ལིས་ཧྥུ་ཡིས་བཤད་རྒྱུར། དྲ་ཐོག་གི་བསྒྲགས་གཏམ་མྱུར་ཚད་ཧ་ཅང་མགྱོགས་པས། པོད་ཆུང་ནས་ཁྲིམས་འགལ་བྱས་པའི་གནོད་པ་དེ་ཤོག་བུའི་ངོས་ལ་བཀོད་ནས་སྒྲགས་གཏམ་སྤེར་བ་ལས་ཀྱང་ཉེས་པ་ཆེ་བའི་ངོས་འཛིན་དང་། (པོད་ཆུང་)དྲ་བའི་གླེང་སྟེགས་ནང་འགན་འཁུར་མེད་བའི་རིག་ད་ནས་ཁྲིམས་འགལ་བྱ་སྤྱོད་ལ་ངོས་འཛིན་ནས་ཁྲིམས་ཐོག་ཐག་བཅད་བ་འདི་འོས་ཞིང་འཚམ་པ་ཡིན་ཟེར།
    དྲ་འབུ་ཚོ་ཟབ་པར་བྱོས། དྲའབུ་ཟེར་བ་ནི་དེང་དུས་བཀོལ་སྤྱོད་བྱེད་བའི་ཚིག་ཞིག་རེད། དེ་དོན་དག་ནི་གློག་ཕྲིན་དྲ་བ་ལ་གཏོར་གཤིག་གཏོང་ནད་འབུ་virusཟེར་བ་དེ་དང་ཆ་མཚུང་བའི། མིང་བརྫུན་བེད་སྤྱད་ནས་སྤྱི་ཚོགས་ནང་ཀྲུག་ཤིང་རྒྱབ་ནས་ཟིན་བྲིས་སྤེལ་མཁན་ལ་ཚོ་ལ་ཟེར་བ་རེད། དེ་ནི་དྲ་འབུ་virusདང་མཚུངས་ལ། གླེང་སྟེགས་གཏོར་བཅོམ་གཏོང་དྲ་འབུ་ཟེར་བ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme