Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་ཨ་མ་ལྡོམ་པོ་སྐྱིད།

Posted on 2012-05-14 By ཁ་བརྡ་ 9 Comments on དེ་རིང་གི་ཨ་མ་ལྡོམ་པོ་སྐྱིད།

ཕྱི་ཚེས་༡༠་ཉིན་བལ་ཡུལ་དམག་གིས་ཞི་བའི་འཐབ་རྩོད་པ་མ་བུ་གསུམ་བཀག་འགོག་གིས་དཀའ་ངལ་མང་པོ་ཞིག་སྤྲད་དེ་ཨ་མ་ལྡོམ་པོ་སྐྱིད་ཀྱི་གཟུགས་པོ་ནད་པ་ཆགས། ཕྱི་ཚེས་༡༡་ཉིན་རྒྱ་གར་གྱི་གྲོང་ཁྱེར་གྷོ་ར་པུར་དུ་ཡོང་སྟེ་ཕྱི་ཚེས་༡༢་ཉིན་ཨ་མ་སྨན་ཁང་དུ་བསྟན་དེ་སྨན་བཅོས་བྱས། ཕྱི་ཚེས་༡༣་ཉིན་གྱི་ཕྱི་དྲོ་ཚེ་བརྟན་རྡོ་རྗེ་ཨ་མའི་རྩར་བཅར་ཏེ་ཨ་མ་དང་སྤུན་ཆུང་མ་གཉིས་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་བཏོན། ཨ་མ་ལྡོམ་པོ་སྐྱིད་ཀྱིས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ་རང་ཉིད་ཚེ་རྡོར་དང་ལྷན་དུ་འགྲོ་རྒྱུའི་དམ་བཅའ་བྱས། ལྷ་མོ་སྐྱིད་ཀྱིས་ཀྱང་ཕྱིར་འཐེན་མི་བྱེད་པའི་སེམས་ཐག་བཅད། ཕྱི་ཚེས་༡༤་ཉིན་གྱི་དགོང་མོའི་ཆུ་ཚོད་༢།༣༠་སྟེང་ཚེ་རྡོར་གྱིས་སུ་གཅིག་ལ་མ་བཤད་པ་མ་ཟད། ཅ་དངོས་དང་གྱོན་གོས་རིགས་གཅིག་ཀྱང་མ་འཁྱེར་བར་གསང་འཇབ་ཀྱིས་བལ་ཡུལ་ཕྱོགས་སུ་ཐོན། ཞོགས་པའི་ཆུ་ཚོད་༦་པའི་སྟེང་ཚེ་རྡོར་གྱི་ཅ་དངོས་ཁག་ཅིག་སྐྱེལ་ཆེད་རོགས་བྱེད་གཉིས་བལ་ཡུལ་གྱི་སོ་ན་ལེ་ས་མཚམས་སུ་སོང་། ལམ་བར་ནས་རླངས་འཁོར་ལ་བརྡབས་སྐྱོན་ཤུགས་ཆེན་བྱུང་འདུག་ནའང་མི་ལ་གནོད་སྐྱོན་མ་བྱུང་། ཆུ་ཚོད་༩།༣༠་སྟེང་ལྡི་ལི་ནས་རྟ་མགྲིན་གྱིས་ཁ་པར་འབྱོར་ཏེ་ཚེ་བརྟན་རྡོ་རྗེ་ལིམ་བི་ནེ་ཕྱོགས་སུ་བསྐྱོད་བཞིན་པ་དང་། ཚེ་བརྟན་རྡོ་རྗེས་”རོགས་བྱེད་གཉིས་ལ་ཨ་མ་དང་ནུ་མོར་བདག་གཅེས་གནང་དགོས་”པའི་སྐད་བསྐུར་གནང་འདུག གནས་ཚུལ་དེ་གོ་བས་རོགས་བྱེད་གཉིས་ཀྱིས་ལིམ་བི་ནེ་ཕྱོགས་སུ་རླངས་འཁོར་གྱིས་རྗེས་འདེད་བྱས་མོད།ཁོང་ནི་སྔར་ནས་བལ་ཡུལ་ས་ཁོངས་སུ་འཛུལ་ཟིན་པར་བརྟེན་རྗེས་མ་ཟིན། རྗེས་འདེད་པ་གཉིས་ཀྱིས་ཚེ་རྡོར་ལགས་སུ་སྤྲོད་རྒྱུའི་ཅ་དངོས་དེ་ཙམ་གྱིས་རྩ་ཆེན་པོ་ཞིག་མེད་ནའང་། ཨ་མ་ལྡོམ་པོ་སྐྱིད་ཀྱིས་མིག་ཆུ་དང་ལྷན་དུ་ཁ་བཏགས་ཤིག་བསྐུར་ཏེ། “ངའི་བུ་ཡི་བསམ་དོན་འགྲུབ་པར་ཤོག ་ཅེས་ཨ་མའི་སྨོན་ལམ་རྒྱག་གིན་འདུག་ཟེར་ནས་ཤོད”ཟེར་བའི་བརྡ་འཕྲིན་དེ་སྤྲོད་མ་ཐུབ་ཕ་ཆེས་བློ་ཕམ་གྱི་རང་བཞིན་དུ་གྱུར། ཨ་མ་ལྡོམ་པོ་སྐྱིད་དང་སྲིང་ཆུང་མ་ལྷ་མོ་སྐྱིད་གཉིས་ཀྱིས་དེ་རིང་སྡོད་གནས་སུ་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཕྱི་ཚེས་༡༥་ཉིན་ཚོགས་སྐྱིད་ཁག་བཅུ་གཅིག་དང་མི་མང་གི་རེ་འདུན་བཞིན་མ་བུ་གཉིས་ལྡི་ལི་ཕྱོགས་སུ་བསྐྱོད་འཆར་ཡོད་འདུག་པ་བཅས་ཀྱི་གསར་གནས་སུ།

གསར་གནས་འདྲེན་ཁུངསཿ http://www.facebook.com/mogru.tenpa

གསར་འགྱུར།

Post navigation

Previous Post: དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་རྡ་ས་ས་གནས་བུད་མེད་གཉིས་ཀྱིས་༼ མེར་སྲེག་ལས་འགུལ་གླེང་བ་༽ཞེས་པའི་གཏམ་བཤད་གོ་སྒྲིག་ཞུས་པ།
Next Post: ༸ གོང་ས་མཆོག་ལ་གཟེངས་རྟགས།

Comments (9) on “དེ་རིང་གི་ཨ་མ་ལྡོམ་པོ་སྐྱིད།”

  1. ཁྱི་ཕྲུག says:
    2012-05-14 at 8:26 am

    བུ་རྒོད་པོ་སྟག་མཆོང་མཆོང་བྱས་ཡོད་པ་འདྲ།་ངར་གི  བགེགས་བར་ཆད་མེད་པར་སྨོན

  2. མེ། says:
    2012-05-14 at 8:49 am

    དྲ་གནས་འདི་བརྒྱུད་དེ་ཨ་མ་ལྡོམ་པོ་སྐྱིད་དང་
    སྲས་མོ་ལྷ་མོ་སྐྱིད་གཉིས་ལ་
    གདུང་སེམས་མཉམ་བསྐྱེད་བྱེད།

  3. སྦྲ་དཔལ་ལྡན། says:
    2012-05-14 at 10:34 am

    ཨ་མའི་བུ། སྟག་གི་སྔ་མར་མི་འཇུས་རེད་མ་གཏོགས་གཏོང་གི་མི་འདུག་ཀི་ དམ་བཅའ་བརྟན་པོ་བཞག་འདུག་ གོང་གི་ལི་རྒྱུས་འདི་དག་ཐོས་ཡོང་དུས་ ཨ་མ་སྡོམ་པོ་སྐྱིད་མ་བུ་གསུམ་གྱིས་མྱངས་སོང་། མི་རིགས་སིག་གི་གཟི་བརྗིད་ཀྱི་ཆེད་དུ་ དཔའ་བོ་མང་བོའི་དམ་བཅའ་ཆེད་ ངོ་མ་དཔའ་བོ་ཆེད་ཚོའི་དམ་བཅའ་བརྟན་པོ་དེ་ལ་ཡི་རངས་ཞུ་

  4. སྦྲ་དཔལ་ལྡན། says:
    2012-05-14 at 10:39 am

    དགོངས་དག་ མི་འཇུས་ཞེས་པ་མ་འཇུས་དང་། ལི་རྒྱུས་ཟེར་པ་ལོ་རྒྱུས་དང་ མི་རིགས་སིག་གི་ཞེས་པ་ཤིག་གི་དཔའ་བོ་ཆེད་ཚོའི་ ཟེར་པ་དཔའ་བོ་ཁྱེད་ཚོའི་ ནོར་བཅོས་ཡོང་པར་ཞུ།

  5. བདེ་མོ་སྐྱིད། says:
    2012-05-14 at 11:25 am

    མི་རིགས་ཤིག་སླད་དུ་ཁྱིམ་ཚང་གཅིག་གིས་དཀའ་ལས་མང་ཙམ་བསྐྱོན་སོང་། བུ་རྒོད་པོ། ཇི་སྲིད་འཚོ་བའི་བར་དུ་དེ་སྲིད་དུ་་་་་་་

  6. ཕྱུགས་རྫི says:
    2012-05-14 at 1:02 pm

    སྦྲ་དཔལ་ལྡན་ལགས་ཀྱིས་གསལ་བཤད་མ་བྱས་ཀྱང་ངས་སྔ་ས་ནས་སྐུ་ཉིད་ཀྱིས་གསུང་གི་དོན་ཧ་གོ་སོང་ཧ་ཧ་ཧ་ཀུ་རེ་ཡིན་ནོར་བ་ནི་ཡར་རྒྱས་ཀྱི་གཞི་རྩ་ཡིན་པ་ཧ་གོ་བ་བྱོས།

  7. ཡུལ་གྱར་བ says:
    2012-05-14 at 2:24 pm

    བལ་དམག་སྡུག་རྩུབ་ཅན་གྱིས་རྒྱལ་ཞེན་པ་འདིའི་སྐུ་སྲོག་ལ་ཉེན་ཁ་བཟོ་ངེས་པས་ཅིས་ཀྱང་ང་ཚོས་སྲུང་སྐྱོབ་བྱེད་ཐབས་ལྟ་དགོས། མ་དང་བུ་མོ་གཉིས་ཚོགས་སྡེ་ཁག་དང་གཞུང་དམངས་ཚང་མས་ལྟ་སྐྱོང་གནང་དགོས། དེ་དང་ཆབ་གཅིག་ཁོང་གི་ཤ་ནས་ཆད་པའི་ཕྲུ་གུ་གཉིས་ཀྱི་མདུན་ལམ་ལ་འགན་སྲུང་གང་ཐུབ་ལྟ་དགོས། གལ་སྲིད་བོད་རིགས་ལྟ་བུ་ཁོའི་མཉམ་དུ་འགྲོ་མི་ཐུབ་འདྲ་བྱུང་ན་བལ་པོའི་མི་སེར་གླས་ཏེ་ཁོའི་གནས་སྟངས་རྒྱུས་ལོན་ཐབས་བྱེད་དགོས། གང་ལྟར་རྒྱལ་ཞེན་པ་འདི་བོར་བརླག་མ་སོང་བའི་ཐབས་ཤེས་གང་ཐུབ་གནང་དགོས། གལ་སྲིད་བོར་བརླག་ཏུ་སོང་ན་ས་ཕྱོགས་གང་དུ་འཚོལ། ཚུལ་ཇི་ལྟར་འཚོལ། ཁ་མཆུ་སུ་ལ་རྒྱག ཆུ་མ་ཡོང་གོང་ནས་རྐ། རྐྱེན་མ་ཡོང་གོང་ནས་རིམ་གྲོ་ཟེར་བ་ལྟར་ཅིས་ཀྱང་གྲ་སྒྲིག་གང་ལེགས་གནང་རོགས།

  8. གནམ says:
    2012-05-14 at 7:07 pm

    ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། ཕྱིར་ལ་ཕེབས་སུ་ཞུ།
    སྙིང་ཁུང་གི་བུ་དཔའ་རྒོད་ཞིག་ཡིན་པས་དགའ་བ་སྒོམ་རོགས།

  9. བློ་བཟང་། says:
    2012-05-16 at 3:25 am

    “ངའི་བུ་ཡི་བསམ་དོན་འགྲུབ་པར་ཤོག ་ཅེས་ཨ་མའི་སྨོན་ལམ་རྒྱག་གིན་འདུག་ཟེར་ནས་ཤོད” སྐད་ཆ ་ འདི་ཐོས་པ་ན། མིག་ཆུ་ཞིག་རང་དབང་མེད་པར་འཐོར། ངས་ཁྱེད་མ་བུ་གསུམ་ལ་སྙིང་ནས་གུས་འདུད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme