Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མའི་ཉིན་མོར་ཨ་མ་དྲན་པའི་མགུར།

Posted on 2012-05-142012-05-14 By ཡེ་ཤེས་ 11 Comments on ཨ་མའི་ཉིན་མོར་ཨ་མ་དྲན་པའི་མགུར།

ཀླུ་སྨྱོན།
ཀ་ར་ལྟ་བུའི་བྱམས་བརྩེ་མངར་མ། །

ཁ་ཚིག་དར་དཀར་ལས་ནི་འཇམ་མ། །

ག་དུས་ཡིན་ཡང་བུ་ལ་བརྩེ་མ། །

ང་ཡིས་དེ་རིང་ཨ་མ་དྲན་མ། །

ཅ་རིལ་ལྟ་བུའི་སྙིང་གི་དབུས་ནས། །

ཆ་ཤས་ཙམ་མིན་ཡོངས་སུ་བརྩེ་མ། །

ཇ་ཆང་འཛོམ་པའི་ཨ་རིའི་ཡུལ་ནས། །

ཉ་གང་ཟླ་བཞིན་ཡིད་མཁར་ཤར་མ། །

ཏ་ལེན་ལྟ་བུའི་མ་བུ་གཉིས་པོ། །

ཐ་མར་ལོ་ངོ་བཅུ་བདུན་བྲལ་མ། །

ད་ལྟ་དགུང་ལོ་བགྲེས་པའི་ཨ་མ། །

ན་ནིང་དོ་ཚིགས་ལྷག་ཏུ་དྲན་མ། །

པ་ལས་ཆེས་ལྷག་བྱམས་བརྩེ་ཅན་གྱི། །

ཕ་མ་གཉིས་ལས་ལྷག་པའི་ཨ་མ། །

བ་ལང་མ་བུའི་ལྷན་འཛོམས་མཐོང་ན། །

མ་ཁྱོད་བཀའ་དྲིན་ལྷག་ཏུ་དྲན་མ། །

ཙ་རི་འདྲ་བའི་བུ་ངའི་ཡིད་མཁར། །

ཚ་ཟེར་ཨ་མའི་ཉི་མ་འཆར་མ། །

ཛ་དྲག་མི་ཚེ་ཕྱེད་ཀར་བསླེབས་དུས། །

ཝ་ལེར་ཨ་མ་ཁྱེད་ཉིད་དྲན་མ། །

ཞ་ཞི་ཆུང་ཆུང་ཡིན་པའི་དུས་ནས།

ཟ་འཐུང་གོས་ཀྱིས་བསྐྱངས་པའི་ཨ་མ། །

འ་ཅག་ཀུན་གྱི་སེམས་ནས་དྲན་དུས། །

ཡ་ཆུང་སེམས་པ་མིག་ཆུས་ཁེངས་མ། །

ར་བ་གངས་རིས་བསྐོར་པའི་ཡུལ་གྱི། །

ལ་ལུང་སྨུག་པ་ལྟ་བུའི་ཨ་མ། །

ཤ་ཁྲག་ལུས་པོ་སྦྱིན་པའི་ཨ་མ། །

ས་མཐའ་འདི་ནས་དེ་རིང་དྲན་མ། །

ཧ་ཅང་ཨ་མ་དྲན་པའི་ལོ་ཟླ། །

ཨ་མས་ང་རང་དྲན་པའི་ཉིན་མཚན། །

དེ་རིང་ཨ་མའི་ཉིན་མོར་བྲིས་པའི། །

དགེ་བས་འགྲོ་ཀུན་ཨ་མར་འཕྲད་ཤོག །

གསར་འགྱུར།

Post navigation

Previous Post: དབུ་མའི་ལམ་གྱི་འཁྲུལ་སྣང་།
Next Post: <བོད་བསྟན་སྲིད་ཀྱི་ཕན་བདེའི་སླད་དུ་བདེན་དོན་ཞི་བའི་བློས་གཏོང་ཆེན་པོ།>

Comments (11) on “ཨ་མའི་ཉིན་མོར་ཨ་མ་དྲན་པའི་མགུར།”

  1. འཇའ་བ་རི་ནག says:
    2012-05-14 at 2:38 am

    སྨྱོས་པ་ལགས་ནས་རྩོམ་ཡིག་ཡག་པོ་ཅིག་སྤེལ་འདུག་གདའ།

  2. འཁྱམས་པོ། says:
    2012-05-14 at 2:50 am

    ཐམས་ཅད་ཀྱིས་གཟམ་རོགས།

  3. མེ། says:
    2012-05-14 at 9:55 am

    ཡག་པོ་ཞིག་བལྟས་ཡིན་ཏེ
    ཚིག་རྐང་ཁ་ཤས་ཀྱི་སྡེབ་སྦྱོར་དེ་ཙམ་རེད་འདུག

  4. ཤིས་ཚང་ལྗང་མྱུག says:
    2012-05-14 at 11:37 am

    དྲ་གྲོགས་ཤིག་གིས་ཁོ་བོའི་དྲ་མིང་མེ་ཞེས་པའི་མིང་ཐོག་ནས་མཆན་ཁ་ཤས་འདེབས་ཀྱིན་འདུག་པས་དེ་ནི་ཁོ་བོ་ཤིས་ཚང་ལྗང་མྱུག་མིན་པ་དགོངས་འཇགས་འཚལ།

  5. གླིང་གི་མི་ཆུང་། says:
    2012-05-14 at 1:14 pm

    ཀ་ར་དགོས་དུས་ཨ་མར་འབོད་མ། །
    ཁ་ལག་བྱིན་དུས་འཛུམ་ཞིག་བསྟན་མ། །
    ག་ལ་ཐུག་དུས་ཨ་མར་དྲན་མ། །
    ང་ཚོར་དྲིན་ཆེན་མ་ལས་མེད་མ། །

  6. ཡར་ཁམས་ཁྲི་རྒྱལ། says:
    2012-05-14 at 3:29 pm

    མི་ཚེ་ས་མཐར་བསྐྱེལ་མཁན་ང་ཚོ།།
    ཨ་མ་དྲན་སྟངས་གཅིག་མཁན་ང་ཚོ།།
    དྲན་སྣང་གླུ་རུ་ལེན་མཁན་ང་ཚོ།།
    མ་བུ་ལྷན་འཛོམས་དུས་དེ་ནམ་ཞིག། །།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-14 at 4:20 pm

    ར་བ་གངས་རིས་བསྐོར་པའི་ཡུལ་གྱི། །
    སྐད་རྙིང་མིང་མཐའ་འདྲེན་ལུགས་དང་མཐུན་པས་བློ་དགའ།

  8. བསྟན་འོད་ says:
    2012-05-14 at 9:20 pm

    ཀ་མ་ལ་ལྟར་བློ་སེམས་དཀར་མ་།
    ཁ་ཞེ་གཉིས་མེད་དུང་བ་རྩོལ་མ་།
    ག་དུས་ཡིན་ཡང་བརྗེད་རྒྱུ་མེད་མ་།
    ང་ཡི་དྲིན་ཅན་ཨ་མ་དྲན་མ་།

  9. ཅོག་རོང་གི་མྱི། says:
    2012-05-14 at 9:25 pm

    གང་ལྟར་བྲིས་ཀྱང་སྦྱར་ཡང་བཤུས་རུང་བཏབ་ཀྱང་མངོན་ཡང་། ཉེར་གཅིག་བསྟོད་པའི་བྲོ་བའི་རྡུལ་ཙམ་ཡང་མི་མངའ།
    ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ།

  10. བསྟན་འོད་ says:
    2012-05-14 at 10:26 pm

    ཅོག་རོང་ཁྱེད་གྱི་སེམས་ལ་གནོད་མ་། གནོད་པའི་རྒྱུ་མཚན་དེ་ནི་ཅི་ཞིག་།

  11. མེ། says:
    2012-05-15 at 10:31 am

    ཀ་ར་སྦྱིན་དུས་ཨ་མ་དྲན་མ།།
    ཁ་ནས་མ་གཏོགས་ཨ་མ་མེད་མ།།
    ག་དུས་ཡིན་ཡང་ཨ་མས་སྐྱོབས་མ།།
    ང་ཚོ་བུ་རྣམས་ཨ་མའི་གཤེད་མ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme