Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རྒྱ་གར་དང་བལ་ཡུལ་ས་མཚམས་སུ་འབྱོར་བ།

Posted on 2012-05-102012-05-11 By ཁ་བརྡ་ 35 Comments on གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རྒྱ་གར་དང་བལ་ཡུལ་ས་མཚམས་སུ་འབྱོར་བ།

༢༠༡༢།༥།༡༠་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠་ཕྱེད་སྟེང་གླིང་ཚ་མ་བུ་གསུམ་བལ་ཡུལ་གྱི་ས་མཚམས་སོ་ན་ལེ་ཉེ་སར་སླེབས། བལ་ཡུལ་ནས་ཕེབས་པའི་མགྲོན་པོ་ཁག་ཅིག་གིས་ཕེབས་བསུའི་ཁ་བཏགས་སྒྲོན་འབུལ་ཞུས། ཆུ་ཚོད་༡༡་དང་ཕྱེད་ཀའི་སྟེང་སོ་ན་ལའི་རྒྱ་གར་གྱི་འགག་སྒོ་བརྒལ་ཏེ་བལ་ཡུལ་འགག་སྒོ་དང་པོ་བརྒལ། ཉེན་རྟོག་པ་ཁག་ཅིག་གིས་ལམ་ཁ་བཀག་སྟེ་འདྲི་བརྩད་བྱས། ཆུ་ཚོད་གསུམ་རིང་གསལ་བཤད་དང་ཨུ་ཚུགས་བྱས་རྗེས་བོད་ཀྱི་རྒྱལ་དར་མ་འཁྱེར་ན་བལ་ཡུལ་ས་ཁོངས་སུ་འགྲོ་ཆོག་པར་བཤད། གླིང་ཚ་མ་བུས་ང་ཚོ་གང་དུ་སླེབས་སར་བོད་ཀྱི་རྒྱལ་དར་འབྱོར་དགོས་པའི་དམ་བཅའ་བརྟན་བཟུང་བྱས། ཕྱི་དྲོ་ཆུ་ཚོད་༥་མ་ཟིན་ཙམ་ལ་ཉེན་རྟོག་ལས་ཁུངས་ཀྱི་ཕྱིར་ཕུད་དེ་རྒྱ་གར་དུ་ལོག་དགོས་ཚུལ་བཤད། གླིང་ཚ་མ་བུས་ཁས་ལེན་མ་བྱས་པ་དང་། བལ་ཡུལ་ཉེན་རྟོག་པས་འགྲོ་རུ་མ་བཅུག་པ་སོགས་ཀྱིས་ད་ཆར་ཁོང་མ་བུ་གསུམ་བལ་ཡུལ་དང་། རྒྱ་གར་ས་མཚམས་ཀྱི་སྒོ་ཆེན་འོག་ཏུ་བཞུགས་ཡོད། འདྲ་པར་འདི་ནི་གླིང་ཚ་མ་བུ་ཚོ་བལ་ཡུལ་ཉེན་རྟོག་པས་འགོག་བཞིན་པའི་སྐབས་ཡིན།

གསར་འགྱུར།

Post navigation

Previous Post: རྔ་པ་ནས་བུད་མེད་ཉིས་བརྒྱའི་ཞི་རྒོལ།
Next Post: སྐར་ལྔའི་དར་དམར་ལས་འཕྲོས་པའི་དྲི་བ་འགའ།

Comments (35) on “གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རྒྱ་གར་དང་བལ་ཡུལ་ས་མཚམས་སུ་འབྱོར་བ།”

  1. མེ་ཏོག་དཀར་པོ། says:
    2012-05-10 at 12:41 pm

    ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།

    འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །
    མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །
    མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །

    ད་རེམ་རེམ། བོད་དར་འཁྱེར་ནས་བལ་ཡུལ་དུ་འཛུལ་ཐུབ་ན་ལས་འགུལ་གྱི་གྲུབ་འབྲས་ཕྱེད་ཐོབ་ཟིན་པ་རེད།

  2. གཉིས་མེད་སེངྒེ says:
    2012-05-10 at 12:54 pm

    གླིང་ཚ་མ་བུ་གསུམ་བལ་ཡུལ་གྱི་ས་མཚམས་སུ་སླེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-05-10 at 12:58 pm

    བོད་དར་བཞག་དགོས་ཀྱང་། བལ་བོད་ས་མཚམས་བར་དུ་སླེབས་ཐུབ་པ་བྱེད་དགོས་རེད་སྙམ་ལགས།

  4. བཀྲ་རྡོར།། says:
    2012-05-10 at 1:12 pm

    བལ་ཡུལ་ས་མཚམས་བར་སླེབས་པར་འཚམས་འདྲི་ཞུ། ཁྱེད་མ་བུ་གསུམ་བོད་མི་རིགས་ཀྱི་དཔའ་བོ་ཡིན། བལ་ཡུལ་འདིས་སླར་ཡང་རྒྱལ་སྤྱིའི་མདུན་ན་རང་མདོག་ཐེངས་གཅིག་མངོན་པ་རེད། ཁྱེད་ནང་མི་རྣམས་ལ་རྐྱེན་ངན་གོད་ཆག་མི་ཡོང་བའི་སྨོན་ལམ། བོད་ཀྱི་ལྷ་སྲུང་འཕྲིན་ལས་ཅན་རྣམས་ཀྱིས་མགོན་སྐྱབས་མཛད་རོགས།

  5. ཨ་ར་དཀར་པོ says:
    2012-05-10 at 1:17 pm

    གནས་སྐབས་བོད་དར་མ་ཕྱར་ཀྱང་སྐྱོན་མི་འདུག རྒྱལ་ཁབ་འདྲ་མིན་ལ་ལྟ་བ་འདྲ་མིན་རེད། ཡར་ལུང་མཁན་པོར་བསྟུན་ན་ལེགས། དོན་དག་གཙོ་བོ་མ་འཆུག་ན་འགྲིག་པ་རེད། གལ་ཏེ་བོད་སར་སླེབས་སོང་ན་བོད་དར་འཕྱར་ཐུབ་བམ། དེ་དུས་རྒྱ་དར་གཅིག་པུ་ཕྱར་ནས་དགོས་འདུན་བཏོན་ཀྱང་ཆོག་གི་རེད།

  6. དཔལ་སྟུག says:
    2012-05-10 at 2:09 pm

    ཁྱེད་མ་བུ་གསུམ་དཀའ་ངལ་གྲོལ་ཏེདམིགས་ཡུལ་མྱུར་ཏུ་འགྲུབ་པའི་རེ་བ་དང་སྨོན་ལམ་ཡོད།

  7. དབྱངས་འཛོམས། says:
    2012-05-10 at 2:09 pm

    གླིང་ཚ་མ་བུ་གསུམ་གྱི་རླབས་ཆེན་གྱི་ལས་དོན་འདིར་རྗེས་སུ་ཡི་རངས་ཞུ། དཀའ་བ་བརྒྱ་ཕྲག་ཁྱད་དེ་ཟད་དེ་རྒྱལ་མཚམས་ཞིག་བརྒལ་ཀི་ཡོད་པ་དེ་ངོ་མ་བཀའ་དྲིན་ཞིག་དྲན་དགོས་པ་འདྲ།

  8. ཀླུ་སྨྱོན། says:
    2012-05-10 at 2:18 pm

    དར་ཆ་དང་དགོས་འདུན་ཁ་ཁ་རེད། ལྷག་པར་དུ་ལམ་དབུ་མ་དང་བོད་ཀྱི་དར་ཆ་གཉིས་རྒྱབ་འགལ་རེད། ལམ་དབུ་མ་དང་རྒྱ་ནག་གི་དར་གཞི་མཐུན་རེད། རང་བཙན་ལྟ་བ་དང་བོད་ཀྱི་དར་ཆ་གཉིས་གཞི་མཐུན་རེད། ངས་ཚེ་བརྟན་རྡོ་རྗེས་བོད་དར་འཕྱར་བར་ངོ་རྒོལ་བྱེད་ཀི་ཡོད་ལ། སྔོན་གྱི་བོད་གཞུང་དང་ད་ལྟའི་བོད་ཚོགས་གཉིས་ཀས་ཁ་ནས་དབུ་མ་བཤད་བཞིན་ལག་ནས་རང་བཙན་དར་ཆ་འཕྱར་གིན་ཡོད་པ་དེར་སྐྱོན་བརྗོད་བྱེད་ཀིན་ཡོད། བོད་རྒྱའི་གྲོས་མོལ་ལ་འབྲས་བུ་མ་འབྱུང་བའི་རྐྱེན་རྩ་ཚང་མ་རྒྱ་ནག་གིས་བཟོས་པ་རྐྱང་རྐྱང་མིན་པར་ང་ཚོའི་ཁ་ནང་གི་མེས་རྒྱལ་གཅིག་གྱུར་རམ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་དང་ལག་གི་རང་བཙན་རྒྱལ་ཁབ་མཚོན་པའི་དར་ཆ་འདི་གཉིས་ཀྱིས་ཀྱང་ད་བར་དུ་བོད་རྒྱའི་གྲོས་མོལ་ལ་གཏོར་བརླག་ག་ཚོད་ཅིག་བྱས་ཡོད་པ་རེད།

  9. མིག་བརྒྱད་པ། says:
    2012-05-10 at 2:49 pm

    རེད། ཁོང་མ་བུ་གསུམ་གནད་འགག་ཅིག་ལ་བསླེབས་ཚར་འདུག །བོད་ཀྱི་རྒྱལ་དར་ཕྱར་ནས་བསྐྱོད་ཐུབ་ན་རབ་དང་དེ་མིན་བོད་ཀྱི་རྒྱལ་དར་བཞག་ནས་འགྲོ་མི་ཉན། སྐར་ལྔའི་རྒྱལ་དར་འཕྱར་ནས་བོད་ལ་བསླེབ་ཐུབ་ན་ཐང་མོད། བོད་བར་དུ་འགྲོ་ཐུབ་མ་ཐུབ་གཙོ་བོ་མ་རེད། དེ་ཤེས་བར་མཛོད། ཕལ་ཆེར་བལ་ཡུལ་ནས་བོད་ཀྱི་རྒྱལ་དར་འཁྱེར་བཅུག་མདོག་ཁ་བོ་རེད། དེ་ནས་ཕར་ཁག་པོ་རེད།
    དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེས།།
    རྐྱེན་ངན་བར་ཆད་བཟློག་པར་བྱིན་གྱིས་རློབས།།
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
    མ་བུ་གསུམ་གྱི་ལམ་སྣ་འདྲེན་པར་ཤོག།

  10. ལ་སྟོད་བུ། says:
    2012-05-10 at 2:53 pm

    ཀླུ་སྨྱོན་འདི་རིག་རྩལ་ངོ་ཐོག་འདུག
    ང་ཡང་དེ་རང་བསམ་ཡོད། འོན་ཀྱང་ང་ནི་དེ་ལྟར་ཤོད་ཕོད་པའི་སྤོབས་པས་མ་འདངས་ནས་ལུས་པ་རེད།
    ཁྱེད་ཀྱི་གསུང་ལ་མངོན་པར་བསྟོད་དོ།

  11. ཀརྨ་ཡེ་ཤེས says:
    2012-05-10 at 3:08 pm

    རྒྱ་དར་མ་འཕྱར་ན་དགའ་མིན་འགྲོ། །

  12. ཆོས་འཕེལ་དར་རྒྱས་ says:
    2012-05-10 at 4:21 pm

    ཀྲུང་གོའི་དར་དམར་གཉིས་རིམ་བྱས་ནས་བོད་དར་དཀྱིལ་ལ་དབྱུབ་ན་ག་འདྲ་འདུག

  13. མེ་ཏོག་དཀར་པོ། says:
    2012-05-10 at 4:51 pm

    རྒྱ་དར་འཕྱར་བར་འགྲིག་འདུག་ཟེར་བརྗོད་ཡིན་ལ་སེམས་ནས་ཀྱང་དྲན་བྱུང་། ཡིན་ནའང་ངེས་པར་བོད་དར་ཡང་འཕྱར་དགོས་པ་ཞིག་ཏུ་བསམ་གི་ཡོད།
    བོད་དར་རྒྱ་དར་འདྲ་མཉམ་དགོས། རང་བཙན་ཡིན་ནའང་བོད་དར་དགོས། རང་སྐྱོང་ཡིན་ནའང་བོད་དར་དགོས། བོད་དར་མི་དགོས་ཟེར་མཁན་ཚོ་་་་་་་་

  14. མེ་ཏོག་དཀར་པོ། says:
    2012-05-10 at 4:53 pm

    ཀྲུང་གོ་མ་ཟེར་རོགས། རྒྱ་ནག་ཟེར་རོགས། སྐུ་མཁྱེན།

  15. ཆོས་འཕེལ་དར་རྒྱས་ says:
    2012-05-10 at 5:02 pm

    ཀྲུང་གོའི་དར་དམར་རྒྱ་ནག་ལྕག་རི་སོགས།
    དགའ་དང་མི་དགའི་ངོ་བོ་ཙམ་མིན་ནོ།

  16. སྟག་སྨྱོན། says:
    2012-05-10 at 6:01 pm

    ཀླུ་སྨྱོན་སོགས་དབུ་མ་མགོ་མ་ཚོས་མཁན་ཚོ་ལ་ཕན་རེས་གསལ་བཤད་ཐུང་ཙམ་ཞུ་ཆོག ལམ་དབུ་མའི་དམིགས་ཡུལ་བོད་ཀྱི་ངོ་བོ་དང་རིག་གཞུང་གི་ཆ་ཤས་མ་བརླག་པར་རྒྱ་ནག་གི་ཁོངས་ནས་འདུག་གི་ཡིན་ཟེར་གི་ཡོད་ཚོད་འདུག བོད་ཀྱི་རྒྱལ་དར་སོགས་བོད་ཀྱི་དམིགས་བསལ་མཚོན་རྟགས་རྣམས་མེད་པ་བཟོས་ནས་རྒྱ་ནག་གི་འོག་ལ་གཅེར་རེ་དམར་ཧྲེང་མར་འགྲོ་གི་ཡིན་ལབ་ཀི་ཡོད་པ་མ་རེད། དེ་འདྲ་ཡིན་ན་བོད་ཀྱི་རྒྱལ་དར་སྐབས་དེར་རྒྱ་ནག་གི་མངའ་འོག་གི་བོད་ཀྱི་མངའ་སྡེའི་མཚོན་རྟགས་ཆགས་དགོས་པ་རེད། དེ་ནི་མི་སྲིད་པ་གང་ཡང་མ་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་མངའ་སྡེ་སོ་སོར་དམིགས་བསལ་རྩ་ཁྲིམས་དང་མངའ་སྡེའི་དར་ཆ་མ་འདྲ་བ་མང་པོ་ཡོད་པ་རེད། དར་ཆ་དེ་དག་མངའ་སྡེ་ནང་ཁུལ་ལུས་རྩལ་འགྲན་སྡུར་སོགས་ཀྱི་སྐབས་བེད་སྤྱོད་ཡག་་པོ་ཡོད་རེད། གཞན་མོ་ཏྲའི་ཨང་གྲངས་ཀི་ཟུར་སྣེ་གཅིག་ལ་རྒྱལ་ཁབ་ཀྱི་མཚོན་རྟགས་བཀོད། ཟུར་སྣེ་གཞན་དེར་མངའ་སྡེ་སོགས་སོ་སོའི་རྟགསབཀོད་་ཡོད་པ་རེད། བྱས་ཙང་རྒྱལ་དར་གཅིག་གི་འོག་ལ་མངའ་སྡེ་སོ་སོར་དར་ཆ་མི་འདྲ་བ་མང་པོ་གནས་ཆོག་གི་རེད། མདོར་ན་རྒྱལ་ཁབ་སོ་སོར་དབུས་གཞུང་གི་སྤྱི་ཁྲིམས་ཡོད་པའི་ཐོག་ལ་མངའ་སྡེ་སོ་སོའི་དམིགས་བསལ་གྱི་ཁྲིམས་ཡོད་ཆོག་གི་རེད། དེ་བཞིན་རྒྱལ་ཁབ་སྤྱིའི་རྒྱལ་དར་གྱི་སྟེང་ལ་མངའ་སྡེ་སོ་སོའི་དར་ཆ་བསྒྲེངས་ཆོག་གི་རེད།

  17. ནག་ཐར་སྐྱིད། says:
    2012-05-10 at 7:11 pm

    ཀླུ་སྨྱོན་འདི་རང་བློ་རང་ལ་གསལ་བ་བཞིན྄། ཁ་རོག་གེ་ཆགས་གཏམ་སྐོར་ནས་ཚིག་གྲུབ་རེ་བཟོས་ནས་བསྡད་ཡོད་རྒྱུས་ན། སྟག་སྨྱོན་གྱི་མཆེ་བར་ར་ལྷུང་དགོས་དོན་ཡོད་ནི་མ་རེད། ད་གང་ལྟར་རྐང་བ་ཡ་གཅིག་ཕྱི་མའི་ཡུལ་དུ་ཧྲེང་ཚར་སོང་ནི་རེད། མགོ་འགྲོ་རེག་བར་དུ་གནས་ལུགས་འདྲ་ཡོད་ན་ཤོད་མ་གཏོགས། ཡུམ་་་འཆི་ཁ་གཟུར་ཁ། ཁྱོད་འདྲ་མོའི་རྣམ་ཤེས་བར་རྡོ་ནས་ལྷག་འགྲོ་ན་ཐང་། གུ་རེ་ཡིན་ལོ།

  18. བཀྲ་རྣམ། says:
    2012-05-10 at 7:42 pm

    ཀླུ་སྨྱོན་ཀྱིས་བོད་རྒྱའི་གྲོས་མོལ་མ་བྱུང་བའི་འགལ་རྐྱེན་གཙོ་བོ་དེ་བོད་ཀྱི་རྒྱལ་དར་མ་དོར་བས་རེད་ལབ་འདུག་ཀྱང་རང་དབང་ལུང་པར་ཅི་བཤད་རང་དབང་ཡིན། འོན་ཀྱང་ཁྱོད་རང་བོད་དགྲ་རྒྱ་དམར་ལ་འཐའ་གཅིག་ཏུ་ཕྱོགས་མཁན་ཞིག་མིན་ན་༸སྐྱབས་མགོན་རིན་པོ་ཆེས་ང་ལ་བོད་དར་འདི་སྒྲེང་པའི་ཆོག་མཆན་དེ་མའོ་ཡིས་གནང་བྱུང་ཞེས་གསུང་པ་ནི་ཉུང་ཉུང་མིན་ལ་རིང་པོའི་དུས་སུ་གསུངས་པ་ཡང་མིན་པས་དེ་ལ་བསམ་གཞིག་ཅིག་བྱས་ན་ཅི་འདྲ་རེད། ༸སྐྱབས་མགོན་རིན་པོ་ཆེས་བོད་རང་བཙན་གྱི་ལོ་རྒྱུ་དོར་མེད་ལ་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་དོར་མེད་ཀྱང་ཁྱེད་ཚོ་སྔོ་ཐོན་ལ་རྔོམ་པ་ཚོས་རིག་གསར་སྐབས་ཀྱི་ཧུར་བརྩོན་པ་ཚོས་ཅི་བྱས་ལ་ཕྱི་ལྟས་ཅིག་བྱོས་དང་། བོད་ཀྱི་ཁེ་དབང་ཡོངས་རྫོགས་བློས་གཏོང་དགོས་པའི་དབུ་མའི་ལམ་ཞིག་སུས་རྩོད་ཀྱིན་ཡོད་དམ།

  19. ཀླུ་སྨྱོན། says:
    2012-05-10 at 7:56 pm

    སྟག་སྨྱོན་གྱིས་རྒྱལ་དར་དང་མངའ་སྡེའི་དར་ཆ་གཉིས་ཀྱི་ཁྱད་པར་ཕྱེས་མི་འདུག ང་ཚོའི་དར་ཆ་དེ་ལ་བོད་ཀྱི་རྒྱལ་དར་ཟེར་གི་ཡོད་པ་མ་རེད་པས། ང་ཚོར་ད་དུང་འགྲེལ་བཤད་རྒྱག་ས་མི་འགྲོ་བའི་བོད་ཀྱི་རྒྱལ་གླུ་ཟེར་བ་ཞིག་ཀྱང་ཡོད་བསམས་སོང་། ད་རྒྱལ་གླུ་དེ་ཡང་བོད་ཀྱི་མངའ་སྡེའི་གླུ་གཞས་ཡིན་ཟེར་ནས་དབྱངས་ལ་བཀུག་སྟེ་ལེན་བཞིན་བོད་ལ་སོང་ན་ཆོག་ས་རེད། འོ་ན་ཚད་མེད་ཡོན་ཏན་མ་གང་ལ་འཇོག

  20. ཀླུ་སྨྱོན། says:
    2012-05-10 at 7:59 pm

    མངའ་སྡེའི་ཐོབ་ཐང་རྩོད་དུས་རང་བཙན་ཡིན་དུས་བཟོས་པའི་དར་ཆ་འཁྱེར་ཡོང་བ་འདི་ལ་འགྲེལ་བཤད་རེ་ཡོད་དམ།

  21. གཞོན་ནུ་ཟླ་མེད། says:
    2012-05-10 at 8:23 pm

    མ་བུ་གསུམ་པོ་ཕ་ཡུལ་ལ་འགྲོ་དུས། བལ་བོད་གཉིས་ཀྱི་ས་མཚམས་པར་དུ་བོད་ཀྱི་རྒྱལ་དར་ལ་རྟེན་ནས་འགྲོ་རྒྱུ་རེད། དེའི་ཕར་ཕྱོགས་ནས་བོད་དར་བརླགས་འགྲོ་ནི་རེད། གུང་ཁྲན་གྱིས་བོད་དར་ཁས་ནས་ཡོང་གི་འཇུག་ནི་མ་རེད། དར་ཆ་དམར་པོ་ཁས་ཡོང་ཡོད་པས། ཕྱི་མིའི་བོད་རིགས་སྤུན་ཟླ་མེས་རྒྱལ་གྱི་པང་དུ་ལོག་པའི་གསར་འགྱུར་ཚ་ཐག་ཆོད་ཅིག་ཡོང་ཐག་ཆོད་རེད་སྙམ། གང་ལྟར་ནའང་། ད་ལྟའི་བོད་གཞུང་གི་ལངས་ཕྱོགས་དང་རྒྱབ་འགལ་དུ་སོང་མི་འདུག རང་དོན་ཡང་ཚགས་ཚུད་པོ་ཞིག་ཡོང་རེ་འདུག སྐད་གྲགས་ཀྱང་ཚུར་ཕྱོགས་ན་ཡོད་ལ། ཕར་ཕྱོགས་ན་ཡང་ཡོད་པ་ཞིག་ཡོང་རྒྱུ་ཐག་གི་ཆོད། འོན་ཀྱང་བོད་གཞུང་གིས་ལམ་དབུ་མར་གནས་ནའང་། སྐར་ལྔའི་དར་དམར་མ་བསྒྲེངས་གོང་། བོད་མི་སྒེར་བ་ཞིག་གིས་རང་དབང་ལུང་པར་སྐར་ལྔའི་དར་དམར་བསྒྲེངས་ནས་འགྲོ་བ་འདི། ཡག་རྟགས་སྡུག་རྟགས་ཡང་ཡིན་མི་ཤེས།

  22. ལྷ་ལྡན་བུ། says:
    2012-05-10 at 9:10 pm

    ཀླུ་སྨྱོན་གྱི་གསུང་ལ་མངོན་པར་བསྟོད་དོ།

  23. ཁྱུང་སེང་བུ་ནས། says:
    2012-05-10 at 10:53 pm

    བོད་རྒྱའི་རྒྱ་དར་གང་ཡིན་ཡང་དེ་གཙོ་བོ་མ་རེད་བསམ་གི གཙོ་བོ་ཁོ་རང་བོད་ལ་འགྲོ་ཐུབས་ན་དེས་རང་དབང་གི་འཐབས་རྩོད་གླེང་གི་རེད་མ་གཏོགས་རེ་ཡུག་གཉིས་ཀྱིས་བྱ་བ་གང་ཡང་བྱེད་ཐུབ་ཀྱི་མ་རེད། གང་ལྟར་ཁོང་རྣམ་པ་ཚོ་བཀྲིན་ཆེ། བྱ་བ་རླབས་ཆེན་ཞིག་བསྒྲུབས་ཟིན་པ་དང་། ད་ཏུང་མུ་འཐུད་ནས་ཡོད་པར་བཀྲིན་ཆ། ངས་ནན་ཀྱིས་རེ་བསྐུལ་ཞུ་རྒྱུ་ཞིག་ལ། ང་ཚོ་ཚངས་མའི་ནུ་མོ་ལྷ་མོ་སྐྱིད་ལགས་ཁྱེད་ངེས་པར་དུ་རྒྱ་གར་དང་བལ་པོ་ས་འཚམས་ནས་ཕྱིར་འཐེན་གནངས་རོགས་ཞུ་རྒྱུ་ཡིན། འདི་མི་མང་པོ་ཞིག་གི་རེ་འདོད་ཡིན་པས་ངེས་པར་ཏུ་ཕྱིར་འཐེན་གནངས་རོགས།

  24. རིག་བློ says:
    2012-05-11 at 12:32 am

    མོ་ཙེ་དུང་གིས་ཀྱང་བོད་ལ་རྒྱལ་དར་ཡོད་པ་ཤེས་ཏེ་རྒྱ་དར་དང་བོད་དར་མཉམ་དུ་སྒྲེང་དགོས་པའི་སྐད་ཆ་བཤད་ཡོད། བོད་དར་བཞག་ནས་རྒྱ་དར་གཅིག་པོ་འཁྱེར་བ་དེ་རྩ་བ་གཡུག་ནས་ཡལ་ག་ལ་འབྱར་བར་རྟེན་སྙིང་པོ་མི་འདུག་སྙམ། ཀླུ་སྨྱོན་ལ་བཤད་རྒྱུ་ཞིག་ལ། ཁྱེད་ལུས་པོ་ཨ་རི་ཡོད་ཀྱང་སེམས་པ་པེ་ཅིན་ཕྱོགས་པའི་ཁྱི་སྤྱང་ཞིག་ཡིན་པ་གཞིས་བྱེས་བོད་མི་ཚོས་ཤེས་ནི་རེད་ལ་ཁྱོད་བླ་ནག་ཚང་གི་ཞབས་འདྲེན་ཡིན་པ་ཨ་མདོ་བ་ཚོས་ཤེས་ནི་རེད། སྔོན་མ་ཕ་ཡུལ་དུ་འགྲོ་འདོད་དེ་རྒྱ་མིར་ཁ་ཡག་བཤད་ཆེད་ གཉན་ཆེན་ཐང་ལྷའི་ཚགས་ཤོག་ཐོག༼རྡ་ས་ནས་པཎ་ཆེན་ཐག་བཅད་ཆོག་ན་ལྷ་ས་ནས་ཐག་གཅོད་མི་ཆོག་པ་གང་ཡིན༽ཟེར་ནས་གཞེས་བྱེས་བོད་མིའི་མངོན་འདོད་དང་མི་འཚམས་པའི་རྩོམ་ཡིག་སྤེལ་བ་རྟིང་བརྗེད་དུ་སོང་ག་ལ་ཡོད། དེ་ལས་ཆགས་སྲེད་ཀྱི་སྙན་ངག་ཕྲིས་ནས་སྡོད་དང་ཁྱོད་ལ་འགྲིག་ནོ་དེ་རེད། ཚེ་རིང་སྐྱིད་བོས་ནས་ཀེའུ་མོ་མོ་རེ་མཉམ་དུ་བཟའ་ཞོར་འོ་རེ་བསྐྱལ་ནས་བསྡད་ན་མི་འགྲིག་ག

  25. ཁ་བ་དཀར་བོ། says:
    2012-05-11 at 12:56 am

    ཀླུ་སྨྱོན་གྱིས་གསུང་བར་མངོན་པར་བསྟོད་དོ།སེང་གེ་རྟགས་ཅན་གྱི་དར་ཆ་འདིའི་འགྲེལ་བཤད་ལ་བལྟས་དུས་དར་ཆ་འདི་ནི་བོད་རྒྱལ་ཁབ་ཆེན་པོའི་དབུ་བཙུགས་པ་ནས་ཡོད་པ་ཞིག་མ་རེད།འགྲེལ་བཤད་རིས་མ་ཅན་འདིས་བོད་མི་ཡོངས་ཀྱི་བློ་ཡིད་ཚིམས་ཐུབ་ཡོད་པ་མ་རེད།རྗེས་ནས་རྒྱལ་དར་བཟོ་དུས་གྲུབ་མཐའ་དང་ཡུལ་ཕྱོགས་ཀྱི་འཐེན་སོར་མ་ཤོར་བར་བོད་སྤྱིའི་ངོ་བོ་མཚོན་ཐུབ་པ་ཞིག་དགོས།

  26. ཀླུ་སྨྱོན། says:
    2012-05-11 at 1:10 am

    མའོ་ཡིས་ག་རེ་བཤད་ཡོད་མེད་ཀྱིས་དེང་སང་ཕན་གི་མ་རེད་ལ་ཏེང་ཞོ་ཕེང་གིས་ག་རེ་བཤད་ཡོད་མེད་ཀྱིས་ཀྱང་ད་ལྟ་ཕན་གི་མ་རེད། ད་ལྟ་ང་ཚོར་ཕན་དང་མི་ཕན་གྱི་སྐད་ཆ་ནི་ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོའི་ལངས་ཕྱོགས་དང་སྐད་ཆ་རེད། རྒྱ་ནག་གི་མི་རབས་དང་སྲིད་ཇུས་འགྱུར་བཞིན་པ་འདི་མཐོང་བཞིན་དུ་ད་དུང་སྔོན་མའི་སྐད་ཆ་རྙིང་པ་ཞིག་ལ་འཇུས་བསྡད་ན་ཕན་མི་སྲིད།

  27. ནུབ་ཕྱོགས་གངས་ཕྲུག་ says:
    2012-05-11 at 1:34 am

    ང་ནི་རྒྱ་དར་འཕྱར་མཁན་ལ་དགའ་བསུ་མེད།

  28. ཞོལ་ཕྲུག says:
    2012-05-11 at 1:58 am

    ཚང་མར་བདེན་པ་ཡོད་པ་འདྲ་པོ་འདུག
    ཚང་མར་ཐུགས་ཁག་མེད་པ་འདྲ་པོའང་འདུག
    གང་ལྟར་ཐག་གཅོད་ཁག་ཙམ་འདུག
    དེ་ཡིན་དུས། ཚང་མར་བརྒྱ་ཆ་ལྔ་བཅུ་རེ་ཕུལ་རྒྱུ་ཡིན།

  29. ཞོལ་ཕྲུག says:
    2012-05-11 at 2:02 am

    རང་བཙན་ལེན་འདོད་ཡོད་ཀྱང་། སྤྲོད་མཁན་མི་འདུག
    དབུ་མ་རྩོད་འདོད་ཡོད་ཀྱང་། ཁ་ཡ་བྱེད་མཁན་མི་འདུག
    རྒྱ་དར་གནམ་ལ་འཕྱར་ཡང་ཁྱེད་ཀྱི་རང་དབང་རེད།
    བོད་དར་ས་ལ་གཡུག་ཀྱང་ཁྱེད་ཀྱི་འདོད་པ་རེད།

    གཞོང་པ་སྟོང་པའི་གཞོང་འཛིང་བརྒྱབ་ན་སྐྱིད་ཤོས་རེད།

  30. ཕྱུགས་རྫི says:
    2012-05-11 at 2:39 am

    ང་རང་གི་བསམ་ན་གླིང་ཚ་མ་བུ་གསུམ་གྱིས་འཐབ་རྩོད་ནི་བོད་ནང་ལ་སླེབ་མི་སླེབ་ཀྱི་སྐད་ཆ་མ་རེད་འདོད། ཁོ་རང་གི་དགོས་འདུ་དོན་ཚན་ལྔ་བཀོད་ཡོད་པ་དེ་རྒྱ་ནག་གི་ངོས་ལེན་ཡོད་མེད་རེད་སྙམ། རྒྱལ་དར་ཁྱེར་དགོས་མིན་གྱི་སྐད་ཆ་མང་པོ་གླེང་གི་འདུག དར་ཆ་འཕྱར་ནས་ལས་འགུལ་སྤེལ་ཞིང་བགྲོད་དགོས་པ་ལས་་ཁ་ཁུར་སིམ་པོ་བོད་ལ་ལོག་དགོས་ན་རྒྱ་མའི་གཞུང་ཚབ་ནས་ལོག་ཆོག་གི་ལག་ཁྱེར་ལེན་ནས་བདེ་ངོས་ལོག་ན་དགའ་སྙམ།།

  31. མེ་ཏོག་དཀར་པོ། says:
    2012-05-11 at 2:43 am

    ད་གཅིག་བཤད་མ་འདུག ཤོད་བསམ་ནཁོང་གསུམ་ས་མཚམས་ལ་སླེབས་ནས་ཉིན་མཚན་ཧྲིལ་པོ་གཅིག་འཁོར་ཟིན་སོང་བས་གནས་ཚུལ་གསར་པ་ག་རེ་འདུག་ཤོད་རོགས།

  32. སྟག་སྨྱོན། says:
    2012-05-11 at 5:02 am

    ཀླུ་སྨྱོན། ངས་གོང་དུ། ༼དེ་འདྲ་ཡིན་ན་བོད་ཀྱི་རྒྱལ་དར་སྐབས་དེར་རྒྱ་ནག་གི་མངའ་འོག་གི་བོད་ཀྱི་མངའ་སྡེའི་མཚོན་རྟགས་ཆགས་དགོས་པ་རེད།༽ ཅེས་སྐབས་དེར་ཞེས་པ་དང་། ་་་་་་་་་་ཆགས་དགོས་པ་རེད་ཞེས་པའི་གོ་བ་ཡག་པོ་ལེན་རོགས།

  33. ཁྲི་གདུགས། says:
    2012-05-11 at 5:18 am

    གང་ལྟར་གླིང་ཚ་མ་བུ་གསུམ་གྱིས་བོད་ཀྱི་རྩ་དོན་ཆེད་དཀའ་དུབ་མང་པོ་མྱོང་དགོས་བྱུང་སོང་། རྒྱ་དར་དང་བོད་དར་གང་འཕྱར་ཡང་ཁྱད་པར་མི་འདུག གང་ལྟར་ཁོང་མ་བུ་གསུམ་བོད་ཀྱི་ས་ཐོག་ཏུ་སླེབས་ཐུབ་ན་ལྟ་རྒྱུ་ཞིག་ཡོད་ངེས།

  34. ཁྲི་གདུགས། says:
    2012-05-11 at 7:07 am

    གོང་གི་མཆན་ ༣༠ ཕྱུགས་རྫི་ཟེར་བ་དེའི་སྐད་ཆ་ཕྱུགས་རྫིའི་སྐད་ཆ་རང་རེད་འདུག

  35. མདའ་བ་ཚང་། ལྷ་མོ། says:
    2012-05-11 at 8:37 am

    རྒྱ་ནག་གི་དར་དམར་སྒྲེང་བ་ཙམ་མ་ཚད་བོད་དར་མེ་རུ་གླིང་ཙ་མ་བུ་གསུམ་ནས་བསྲེགས་ནའང།
    རྒྱ་ནག་དཔོན་རིགས་རྣམས་དོགས་པ་ཆེ་རུ་འགྲོ་ངེས་ལ། དབུ་མའི་ལམ་གྱི་ལས་འགུལ་ཚོགས་པས་རྒྱབ་སྐྱོར་དང་དགའ་དད་ཆེ་རུ་འགྲོ་ངེས་ལ། གཞོན་ནུ་ལྷན་ཚོགས་ལ་དྲང་བདེན་མེད་ཚུལ། ལས་བྱས་ལ་གྲུབ་འབྲས་མེད་ཚུལ་སོགས་དམོད་ཚིག་རྒྱུན་མི་ཆད་སྙོམ།།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme