Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་དཀྲིས་དམར་པོའི་འོག་གི་གསང་བ།

Posted on 2012-05-08 By ཁ་བརྡ་ 2 Comments on མགོ་དཀྲིས་དམར་པོའི་འོག་གི་གསང་བ།

……..རྩེ་སྐར།

གནག་སྣུམ་སྐྲ་ལོ་གླས་མའི་ལན་བུ་འགྲམ་པའི་མཁུར་ཚོས་ཐུར་དུ་དཔྱངས།།
བཅུ་དྲུག་ལང་ཚོའི་ནུ་འབུར་ཟུང་དེ་སྟོད་གོས་ཐུ་ལ་བཙན་གྱིས་བཙུར།།
གཞོན་ཤ་ཆགས་པའི་རྐེད་པའི་ལྡེམ་སྒེག་གོམ་པའི་འདེགས་འཇོག་བར་ན་གསལ།།
ཕོ་སྐྱེས་རིག་ན་ངོ་ཚའི་ཟོལ་ཞིག་ཟུར་མིག་གཡོ་བའི་ཞོར་ནས་མངོན།།
ད་ནི་མགོ་དཀྲིས་དམར་པོའི་འོག་ན་སེམས་ཀྱི་འདོད་པ་ཅི་ཞིག་ཡོད།

ཞོགས་པའི་གཟན་རྩྭ་ཆར་གྱིས་བཀྲུས་ཏེ་རི་དང་ལུང་ཁ་ནེམ་ཞིང་སྣུམ།།
གཡང་དཀར་ལུག་ཁྱུ་ལྷས་ལས་བུད་དེ་རྩི་མགོའི་ཟིལ་བས་སུག་བཞི་བརླན།།
ཤར་གྱི་སྐྱ་རེངས་དཀར་གསལ་གྱུ་ལེར་ས་གཞིའི་སྒལ་བ་ཉི་མས་དྲོས།།
རྫ་ཁའི་སྨུག་སྤྲིན་མིག་གིས་འཚོས་ཏེ་འཁྲེང་བའི་ལ་གཞས་ལེན་ཞོར་དུ།།
མདང་ནུབ་མགོ་དཀྲིས་དམར་པོ་འཁྱེར་ཏེ་བརྩེ་བ་བཞག་པའི་མྱི་དེ་བཙལ།།

ནུབ་ཁའི་མཚམས་སྤྲིན་རེ་ལྡེར་འཁྱིལ་བའི་མགོ་སྦྲ་སྨུག་པོའི་སྒོ་འགྲམ་ན།།
གཡང་ཟོག་འབྲི་མོ་རྡང་ལ་བསྟར་བའི་ཕྱུགས་ཀྱི་ལྷས་ར་གྲུ་བཞིའི་ནང༌།།
བསིལ་རླུང་ཡན་པོས་བསྐྱལ་ཏེ་འོང་བའི་ལྕི་བའི་དྲི་མ་སྣོམ་བཞིན་དུ།།
རྐེད་ན་བཟེད་པའི་བཞོ་ཟེའུ་ཁ་རུ་རེ་བའི་མིག་ཟུང་རྒྱང་ལ་ཕྱོགས།།
དོ་ནུབ་མགོ་དཀྲིས་དམར་པོའི་ཁུད་ནས་དངུལ་གྱི་མཛུབ་དཀྲིས་གོན་རྒྱུར་བྲེལ།།

ཁྱིམ་གྱི་ཕ་རྒན་རྒྱུ་ལ་སྲེད་དམ་འབྱོར་བདག་མྱི་ཞིག་གཉེན་དུ་བཟུང༌།།
བྱམས་ལྡན་ཨ་མས་ལས་འཕྲོ་ཡིན་ཟེར་གནས་ལ་འགྲོ་སའི་ཁྱིམ་ཞིག་བཙལ།།
ཅི་སྟེ་ཆ་རྒྱུས་མེད་པའི་མྱི་ཞིག་ཚེ་གཅིག་གཏན་གྱི་གྲོགས་སུ་བསྡེབས།
སང་ཞོགས་ཝ་ཞྭ་གྲ་དམར་དེ་ནི་མགོ་དཀྲིས་དམར་པོའི་ཚབ་ཏུ་གྱོན།།
རྟ་ཕོའི་གོང་ནས་མིག་ཆུ་རུམ་གང་བཞུར་བའི་སྐྱོ་བ་སུ་ཡིས་སངས།།

ཉི་མའི་འོད་ཐིག་ཟེར་ལམ་ལམ་མེར་རླབས་ཀྱིས་སྒུལ་བའི་ཆུ་བོའི་གཞུང༌།།
ཡ་གིའི་རི་བོའི་སྤོ་ནས་ལྷུང་སྟེ་རླུང་གིས་རྒུམ་པའི་རྩ་ལྡུམ་དག།
དབུ་བ་དཀར་པོའི་ཐོད་དུ་བབས་ཏེ་ཆུ་ཁར་གཡེང་བའི་བར་སྐབས་ན།།
ཤུག་དམར་ཟོ་བ་ལག་པས་བསྐྱོར་བའི་ན་ཆུང་མ་ཞིག་ཡུན་རིང་ལྷག།
མགོ་དཀྲིས་དམར་པོའི་འོག་གི་སྐྱོ་བ་ཆུ་མོར་གླེང་བ་ཅིས་མ་ཡིན།།

ད་ནས་སྙིང་གི་དཀྱིལ་ལ་བཅངས་པའི་ཆུང་འདྲིས་བྱམས་པ་རྒྱང་ནས་བསྐྱུར།།
དོགས་ལ་འཚེར་བའི་གནས་ཁྱིམ་ཞིག་ནས་ཆ་མེད་ངོ་སོ་འཚོ་བཞིན་དུ།།
བརྩེ་བའི་མཛུབ་གོར་ལུས་ནས་རྙིང་ཏེ་སེམས་གཏམ་ཡོད་ཚད་ཁོག་ཏུ་བཅུག།
དང་ཐོག་སེམས་པ་གཅིག་ལ་གཏད་དེ་སྙིང་གཏམ་གླེང་སའི་མྱི་དེ་ལ།།
འཕྲད་པའི་ལས་སྐལ་ཡོད་ན་བསམ་སྟེ་མགོ་དཀྲིས་དམར་པོར་ཡང་ཡང་བལྟས།།
དྲ་གྲོགས་འཇིགས་བྱེད་ཚེ་རིང་ལགས་ཀྱིས་<<མགོ་དཀྲིས་དམར་པོ་>>ཞེས་པའི་བརྩེ་དུང་གི་ཚགས་པར་ཞིག་པར་བསྐྲུན་བྱ་འཆར་གྱི་གསལ་བརྡ་དེས་རྒྱུ་དང་རྐྱེན་ལྟ་བུ་བྱས་ཏེ། ཁོ་བོའི་སེམས་སུ་གློ་བུར་ཐོལ་བྱུང་གི་ཚུལ་དུ་<མགོ་དཀྲིས་དམར་པོའི་འོག་གི་གསང་བ་>ཞེས་པའི་བཅད་རྩོམ་འདི་འདྲ་ཞིག་འབྲི་རྒྱུ་བྱུང༌།

སྙན་ངག

Post navigation

Previous Post: རྩོམ་པ་པོ་ཀླུ་སྨྱོན་ལགས་སུ་རྒྱང་འདྲི་ཞིག
Next Post: བདེན་པ་རྒྱབ་སྐྱོར་གྱི་གསར་འགོད་གསལ་བསྒྲགས།

Comments (2) on “མགོ་དཀྲིས་དམར་པོའི་འོག་གི་གསང་བ།”

  1. མིང་མེད། says:
    2012-05-09 at 3:38 am

    སྙན་པ་ཟེར་ན་འདི་ལྟ་བུ་ཞིག་དགོས་ཚོད་རེད་དེ། ཅང་མི་འདུག་སྙམ།

  2. མིང་མེད། says:
    2012-05-09 at 3:39 am

    སྙན་ངག་པ་ཟེར་ན་འདི་ལྟ་བུ་ཞིག་དགོས་ཚོད་རེད་དེ། ཅང་མི་འདུག་སྙམ། དགོངས་འདག། གོང་དུ་ངག་ཆད་སོང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme