Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་གཅིག་སྐྱ་ཡ་འཚོལ་བའི་བརྡ་ཁྱབ།

Posted on 2012-05-062012-05-06 By ཡེ་ཤེས་ 81 Comments on ཚེ་གཅིག་སྐྱ་ཡ་འཚོལ་བའི་བརྡ་ཁྱབ།

ཀླུ་སྨྱོན།

—གྲོགས་པོ་མི་རྐྱང་ཞིག་གི་ཚབ་བྱས་ཏེ་བྲིས།
ཚེ་འདིར་ཡོང་བའི་དོན་ཆེན་ཏེ། །
ཚེ་གཅིག་སྐྱ་ཡ་འཚོལ་བའི་ཕྱིར། །
ཚེ་གང་བཀླགས་ཀྱང་མི་སུན་པའི། །
ཚེ་གྲོགས་འགུག་པའི་བརྡ་ཁྱབ་འབྲི། །
སྐྱེས་ས་བོད་ནས་ཡིན་པ་ཞིག །
ཕ་ཡུལ་གཅིག་པ་ཡིན་པ་ཞིག །
ཨམ་སྐད་དག་མ་བཤད་པ་ཞིག །
མེ་ཏོག་མ་ཞིག་ཡིན་པ་ཞིག །
དུང་སོ་སུམ་ཅུ་དཀར་བ་ཞིག །
དབུ་སྐྲ་རྒྱ་ལྕང་ནག་པ་ཞིག །
ཞལ་རས་དུང་ཟླ་ཚེས་འདྲ་ཞིག །
མཁུར་མགོ་ཅུང་ཟད་དམར་པ་ཞིག །
མིག་ལ་ཆག་ག་ཡོད་པ་ཞིག །
སྨིན་མ་ཕྲ་ཞིང་རིང་བ་ཞིག །
སྣ་བུག་ཧ་ཅང་ཆུང་བ་ཞིག །
མཆུ་འདབ་དམར་ཞིང་སྣུམ་པ་ཞིག །
མགྲིན་པ་རི་མོ་གསུམ་ལྡན་ཞིག །
ནུ་མ་དུང་དཀར་ཆ་འགྲིག་ཅིག །
སྐེད་པ་ཕྲ་ཞིང་ལྡེམ་པ་ཞིག །
བརླ་ཤ་མཁྲངས་ཤིང་ཟླུམ་པ་ཞིག །
བྷ་ག་ཚ་ཞིང་དམ་པ་ཞིག །
འཕོང་ཚོས་འབུར་ཞིང་རན་པ་ཞིག །
རྐང་བ་ཆུང་ཞིང་མཛེས་པ་ཞིག །
ལག་པ་འཇམ་ཞིང་མྱུར་བ་ཞིག །
ཉིན་མོར་ལས་ཀར་འཇོན་པ་ཞིག །
ཁྱིམ་མཚེས་ཚང་མས་སྨོན་པ་ཞིག །
མཚན་མོར་རྒྱོ་ལ་མཁས་པ་ཞིག །
རྒྱོ་སྒྲས་ཁྱིམ་མཚེས་དཀྲོགས་ནི་ཞིག །
ཟ་མ་ལས་ནོ་ཞིམ་ནི་ཞིག །
མགྲོན་པོ་ཡོང་ན་དགའ་ནི་ཞིག །
ཁྱོ་གར་བརྩེ་དུང་ཟབ་ནི་ཞིག །
འཕུར་མཉེད་ལག་རྩལ་སྦྱངས་ནི་ཞིག །
བྱིས་པར་བྱམས་སེམས་ལྕི་ནི་ཞིག །
ཨ་མའི་རྣམ་ཐར་སྐྱོང་ནི་ཞིག །
རྒན་རྒོན་ལྷ་བཞིན་བཀུར་ནི་ཞིག །
དོགས་པ་རྣམ་རྟོག་ཆུང་ནི་ཞིག །
སྐད་རིགས་གཉིས་གསུམ་ཤེས་ནི་ཞིག །
འཕྲུལ་རིགས་བེད་སྤྱོད་ཐུབ་ནི་ཞིག །
སྒོར་མོ་བཙལ་ན་ངར་ནི་ཞིག །
སྒོར་མོ་བེད་སྤྱོད་མཁས་ནི་ཞིག །
དགྲ་ལ་ཐུག་ན་དཔའ་ནི་ཞིག །
གཉེན་ལ་འཕྲད་དུས་བྱམས་ནི་ཞིག །
བཟང་ངན་དབྱེ་བ་ཤེས་ནི་ཞིག །
གཞན་ཕན་དོན་གཉེར་ཡོད་ནི་ཞིག །
སྐྱིད་དུས་སྐྱིད་གླུ་ལེན་རོགས་ཤིག །
སྡུག་དུས་སྡུག་གཏམ་བཤད་རོགས་ཤིག །
ལོ་ཟླ་སྐྱེལ་རོགས་བྱེད་ནི་ཞིག །
ཚེ་གང་འགྲོག་ནས་འདུག་ནི་ཞིག །
རྒྱན་ཆ་རན་ཙམ་འདོག་ནི་ཞིག །
གསར་རྙིང་ཐལ་ཆ་མེད་ནི་ཞིག །
ཆོས་ལ་དད་པ་ཡོད་ནི་ཞིག །
སྡིག་ལ་འཛེམ་ཟོན་ལྡན་ནི་ཞིག །
ལྟོགས་དུས་ཟ་མ་སྤྲོད་ནི་ཞིག །
ན་དུས་ནད་གཡོག་བྱེད་ནི་ཞིག །
རི་མགོར་སྤྲོ་བསང་འགྲོ་ནི་ཞིག །
མཚོ་འགྲམ་གཅེར་ཉལ་བྱེད་ནི་ཞིག །
མི་དགོས་ངོ་ཚ་ཆུང་ནི་ཞིག །
དགོས་པའི་ཕྱི་ཐག་རིང་ནི་ཞིག །
སྐད་ཆར་འོ་དྲི་བྲོ་ནི་ཞིག །
ཟུར་མིག་བཟི་ཁ་ལྡན་ནི་ཞིག །
སྦྱར་ན་ཤ་རྩ་དྲོས་ནི་ཞིག །
མནན་ན་སྣང་བ་སྐྱིད་ནི་ཞིག །
བཀྱགས་ན་ཚོར་བས་སྨྱོ་ནི་ཞིག །
བསྣུན་ན་ཆགས་པས་བརྒྱལ་ནི་ཞིག །
འཁུན་ན་ཉིན་མཚན་བརྗེད་ནི་ཞིག །
མཆོད་ན་ལྷ་མོ་ཡིན་ནི་ཞིག །
འགྲོག་ན་མཛའ་མོ་ཡིན་ནི་ཞིག །
ཁ་ཚིག་འཇམ་པོ་ཡིན་ནི་ཞིག །
གཙང་སྦྲ་འཕྲོད་བསྟེན་ཡོད་ནི་ཞིག །
མི་དགོས་ཅ་ལག་ཉུང་ནི་ཞིག །
བྱ་བྱེའུ་འབའ་འབུར་དགའ་ནི་ཞིག །
ཁྱི་དང་ཞི་མིར་གཅེས་ནི་ཞིག །
ཚོགས་བསག་ཞོར་ནས་བྱེད་ནི་ཞིག །
ཕྱི་མར་ཡིད་ཆེས་ཡོད་ནི་ཞིག །
བླ་མར་དད་ལོག་མེད་ནི་ཞིག །
ཕ་མར་ཚིག་ལོག་ཉུང་ནི་ཞིག །
ཕྱི་ན་ཁྱོ་ཡན་མེད་ནི་ཞིག །
ནང་ནས་ཁྱོ་རྡུང་མིན་ནི་ཞིག །
རང་བྱུང་མཛེས་སྡུག་ངོམ་ནི་ཞིག །
བཅོས་མའི་མིག་སྤུ་མེད་ནི་ཞིག །
མདོར་ན་ང་ལ་གཅེས་ནི་ཞིག །
ང་ཡིས་གཅེས་ས་འགྲོ་ནི་ཞིག །
ཕར་གཅེས་ཚུར་གཅེས་ཡིན་ནི་ཞིག །
གཅེས་ཕྲུག་འགའ་རེ་སྐྱེ་ནི་ཞིག །
འདི་མོའི་ཞི་མོ་གང་ན་ཡོད། །
ཕ་ཡུལ་བལ་ཡུལ་རྒྱ་གར་དང་། །
ཡོ་རོབ་ཨ་རི་ལ་སོགས་པའི། །
རྒྱལ་ཁབ་གང་ན་ཡོད་ཀྱང་རུང་། །
ང་ལ་དགོས་པའི་མནའ་མ་ཡིན། །
ང་ཡང་ཕོ་སྒོ་འབྲིང་ཙམ་ཡིན། །
ལོ་ཚོད་སུམ་ཅུའི་ནང་ན་ཡོད། །
ཨ་མེ་རི་ཀའི་ལག་ཁྱེར་ཡོད། །
གྲྭ་ལོག་ཆོས་སེམས་ཆེ་བ་ཡོད། །
ཕོ་རབས་ཤིག་གི་ཚུགས་ཀ་ཡོད། །
ཆང་འཐུང་དུ་འཐེན་བརྗེད་ནས་ཡོད། །
ཤོ་འཕེན་རྒྱལ་འཇོག་བསྐྱུར་ནས་ཡོད། །
ཉིན་མཚན་ལས་ཀར་བྲེལ་ནས་ཡོད། །
སྒོར་མོ་དགའ་རབ་བསགས་ནས་ཡོད། །
ཁང་པ་ཉོ་བའི་དངུལ་ཞིག་ཡོད། །
འདོམ་གྱི་སྦ་བ་ཆེ་ཙམ་ཡོད། །
དེ་ཡང་ལངས་ན་མཐོ་གང་ཡོད། །
མཐོ་གང་མཚན་གང་ཐོ་ཐུག་ཡིན། །
སང་ཞོགས་ད་རུང་ཐང་ཐང་ཡིན། །
མིག་གི་རྫི་མ་ཆེ་ཙམ་ཡོད། །
ཁ་སྣ་རི་མོར་བྲིས་འདྲ་ཡོད། །
ལྕེ་ལེ་གཡག་ལྕེ་ངར་མ་ཡོད། །
བལྡགས་ན་སྐྱིད་ཀྱི་གཞི་མ་ཡོད། །
བྲང་ཤ་མཁྲེགས་པོ་རྡོ་ཞིག་ཡིན། །
རེག་ན་འཁུན་པ་འཆོར་ལེ་ཡིན། །
དཔུང་པའི་ཤ་རྒོད་ལྕགས་ཤིག་ཡིན། །
བསྡམས་ན་གཅིན་པ་འཆོར་ལེ་ཡིན། །
གཟུགས་པོའི་རིང་ཐུང་རན་ཙམ་ཡོད། །
དེ་ཡང་ཚོ་རྗིད་ཏག་ཏག་ཡིན། །
འཆར་གཞི་ཁོག་ན་ཁྲིགས་སེ་ཡོད། །
ཡོན་ཏན་བོད་དབྱིན་ཐག་སེ་ཡོད། །
རྩོམ་ཡིག་ཁངས་སྐྱ་འབབ་ཡིན། །
སྙན་ངག་བོང་མཇེ་འཁེར་འཁེར་ཡིན། །
ཁ་བདེ་སྨན་བླའི་སྡེ་བའི་ཡིན། །
མཛའ་མོའི་སྙིང་གི་སྐྱོ་རོགས་ཡིན། །
གྲོགས་མོའི་སེམས་ཀྱི་འཁྲི་ཤིང་ཡིན། །
བཟའ་ཚང་འཚོལ་ན་ང་འདྲ་ཚོལ། །
ཚེ་གཅིག་ང་ལ་འགྲོག་གི་ཤོག །
ལུས་གཅིག་ང་ལ་འབུལ་དུ་ཤོག །
སེམས་གཅིག་ང་ལ་གཏད་དུ་ཤོག །
སྟུ་གཅིག་ང་ལ་མཆོད་དུ་ཤོག །
ཀྰ་མ་དེ་བ་ང་ཉིད་ཡིན། །
ཀྰ་མ་སུཏྲ་ང་རང་ཡིན། །
ཀྰ་མ་པུ་ཛ་ང་ཉིད་ཡིན། །
ཀྰ་མ་ར་ཛ་ང་རང་ཡིན། །
ང་ཡི་ཆུང་མ་ལས་ཅན་ཡིན། །
ཚེ་གཅིག་སྐྱིད་ཀྱི་འཁོར་ལོ་ཡིན། །
ལུས་གཅིག་འདོད་པའི་ལོངས་སྤྱོད་ཡིན། །
འདི་ཚོ་ཚང་མ་བདེན་པ་ཡིན། །

གསར་འགྱུར།

Post navigation

Previous Post: རེབ་གོང་དུ་དམ་དྲག
Next Post: འདང་ཅན་དྲན་པ།

Comments (81) on “ཚེ་གཅིག་སྐྱ་ཡ་འཚོལ་བའི་བརྡ་ཁྱབ།”

  1. གཞོན་ནུ་ཟླ་མེད། says:
    2012-05-06 at 5:32 pm

    དེ་རིང་ཡང་བལ་བོའི་ཁྱིམ་ཚང་ཞིག་ལ་ཞབས་བརྟན་ལ་སོང་ནས་ཆང་རྒྱགས་ཙིག་འཐུང་ཚར་འདུག

  2. ནག་ཐར་སྐྱིད། says:
    2012-05-06 at 6:27 pm

    བླ་མ་རིན་པོ་ཆེ་བདེ་ཐོག་ན་ཡོད་ལ། ཁ་བརྡ་ཚང་འདི་ཁྱོད་ལ་ཤ་ཚ་མོ་འགུ། དེ་མ་གཏོགས་ཁྱོད་འདྲ་བོ་ཆགས་སྨྱོན་འབྲི་སྨྱོན་གཉིས་ག་འཕར་བསྡད་ཡོད་ནོ་ཤེས་ན། སེང་རྡོར་དྲ་བ་ཚང་གིས་རྒྱང་ཕུལ་ལ་བཏང་སོང་བ་ནང་ལྟར། ས་འདི་བ་ཞིག་ནས་མགོ་འབུར་གི་འཇུག་ན་ཡུམ། ཧོ་ཧོ་་་སེམས་ཆུང་བྱས་མ་གཏོགས། རིན་པོ་ཆེ་ཚང་གི་ཕྱག་བྲིས་ཆ་བོ་ཡང་མོ་འདྲ་དག་དག་ཡིན་རེད། ས་འབབ་རེག་བར་དུ་གནམ་ནས་གཏོར་མི་འཇོག་གི་ན། ཚེ་སྐྱིད་འདི། གཏམ་གུ་རེ་ཡིན་ལོ།

  3. བདག་པོ says:
    2012-05-06 at 7:26 pm

    མི་ཕམ་བཙུན་པས་གསན་ནས་བྲིས་པ་ལྟ་བུ་མ་ཡིན་པར་རང་གི་མྱོང་བའི་ཐོག་ནས་འདོད་པའི་བསྟན་བཅོས་གོ་བདེ་ཞིག་འབྲི་ཐུབ་ན་ཡག་པོ་ཡོང་ས་རེད། རྣལ་འབྱོར་ཁྱེད་ནས་ལམ་རིམ་དང་ལམ་འབྲས་ལ་འབད་བརྩོན་བྱེད་མ་ཐུབ་ནའི་དེའི་ཐོག་རིགས་གཅིག་རྐང་འཛིན་གྱི་འབད་བརྩོན་གནང་ཐུབ་ནའི་ཡག་པོ་འདུག བོད་མི་རིགས་འདི་གྲངས་ཉུང་མི་རིགས་ནས་གྲངས་མང་མི་རིགས་ཤིག་ལ་བསྒྱུར་བཅོས་གཏོང་དགོས། དང་པོ་འདོད་པའི་བསྟན་བཅོས་ཀྱི་གཞུང་ལ་སློབ་སྦྱོང་བྱས་ཏེ་དུམ་མཚམས་གཉིས་པར་བྱད་གཟུགས་ལེགས་པའི་མི་སྣ་འབོར་ཆེན་འཕེལ་རྒྱས་གཏོང་དགོས་ངེས་རེད།

  4. ཚངས་དབྱངས། says:
    2012-05-06 at 9:37 pm

    རྒན་ཀླུ་སྨྱོན་གྱིས་ཆོས་སྐྱོང་སྲུང་མ་ནུས་མེད་རྣམས་ལ་སྨྲས་པའི་ཁ་མེད་སྣ་མེད་ཀྱི་ཀ་རྩོམ་འདི་མིན་འདུག
    དེ་རྒན་ཀླུ་སྨྱོན་གྱིས་བླངས་པ་ཡིན་ནམ། ཁ་བརྡས་བླངས། འགྲེལ་བཤད་ཤིག་གནོངས་རོགས། ཐུགས་རྗེ་ཆེ།

  5. ལ་སྟོད་བུ། says:
    2012-05-06 at 10:10 pm

    ཨ་ཁུ་ཀླུ་སྨྱོན་གྱིས། བློ་མི་བདེ་ས་གླེང་བླང་མང་། ཞེས་བཤད་པ་ལྟར། ཞེས་ཆུང་དུས་སྨྲ་བརྗོད་རང་དབང་གི་ཆོག་མཆན་མེད་པར་བརྟེན། ད་སྨྲ་བརྗོད་རང་དབང་གི་ཡུལ་ལུང་དུ་ཡོད་པས་གང་སྨྲ་འདོད་པ་རྣམས་ཤོད་རྐྱང་གྱིས། དེ་བཞིན་མཆན་བུ་བ་རྣམས་ཀྱང། ཀླུ་སྨྱོན་གྱིས་བྲིས་པ་རྣམས་ལ་བསྟོད་མཁན་གྱིས་བསྟོད་རྐྱང་གྱིས། སྨོད་མཁན་གྱིས་སྨོད་རྐྱང་གྱིས། གང་ལྟར་ཀླུ་སྨྱོན་གྱི་རྩོམ་འདི་ལ་མཆན་བུ་མང་ཤོས་འབྲི་བ་འདི་ནི་ཁྱེད་ལ་བསམ་ན་དེ་ལེགས་པའི་ཆ་ཞིག་ཏུ་བརྩི་ཆོག
    གང་ལྟར་ཀུན་ལ་སེམས་ཀྱི་བསམ་པ་གཅིག་མོད་ཁ་ཡི་ཤོད་མཁན་ཁྱེད་ཉིད་གཅིག་ལས་མེད།
    ད་ལམ་གྱི་རྩོམ་འདི་རིང་ཤོས་ཞིག་རེད་འདུག ངས་ཡིད་མ་རངས་པ་ནི། ཁྱེད་ཀྱིས་རྩོམ་བྲིས་ཟིན་རྗེས་དེ་ལ་རྗེས་འདེད་དང་གསལ་བཤད་ཀྱི་ལན་མེད་པ་འདི་ཡིན། རྩོམ་བྲིས་ཕལ་ཆེར་ཆུ་ནང་དུ་རྡོ་གཡུག་པ་ནང་བཞིན་བྱེད་བཞིན་པ་འདི་རེད། བྱུང་ན་འགོག་མཁན་རྣམས་ལ་གསལ་བཤད་དང། བསྟོད་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་འདྲ་ཡོད་ན་ལེགས།
    བྱུང་ན་ཁྱེད་ཀྱིས་ཚེ་རིང་སྐྱིད་ཀྱི་སྐོར་ལ་གཅིག་འབྲི་ཐུབ་ན་ལེགས་བསམ། གང་ཡིན་ཟེར་ན་མི་མང་པོ་ཞིག་གིས་ཁྱེད་ལ་དེ་ཡི་སྐོར་ལ་ཨ་སྐོར་ཡང་སྐོར་བྱེད་དེ་བཤད་ཀྱིན་འདུག་གཱ

  6. ཨ་མའི་བུ། says:
    2012-05-06 at 10:13 pm

    སྙིང་རྗེ་བུ་མོ་མཛེས་མ་དགའ་ས་ཞིག་འདུག། འོན་ཀྱང་སྟབ་མ་ལགས་པ་ཞིག་ལ་མོའི་ལག་པ་གཡོན་པ་མེད་པ་འདྲ།

  7. མྱུར་མགྱོགས་ཅན། says:
    2012-05-06 at 11:00 pm

    སྤྲུུལ་སྙོན་འདོད་ཆགས་ཆེ་ནོ་འདི།།
    གཞོང་བཙོང་བུ་མོའི་བདེ་སྐྱིད་རེད།།

  8. ཕུར་པ་སྐྱབས says:
    2012-05-06 at 11:27 pm

    བླ་མ་ལགས། པར་ནང་གི་ཞི་མོ་འདི་ཆ་ལུགས་ལ་བལྟས་ན་རྔ་བཟའ་མ་ཞིག་ཡིན་པ་འདྲ་བོ་འདུག ཨེ་རེད།

  9. རུ་ཤུལ་བུ་ says:
    2012-05-06 at 11:43 pm

    བདག་པོས་བཤད་བཞིན། འདིའི་རིགས་ཀྱི་རིགས་གཅིག་རྐང་འཛིན་བྱས་ན་ཏག་ཏག་རན་འདུག རྒྱུ་ཆ་ཅི་ཞིག་དགོས་ཀྱང་འཚོལ་རོགས་བྱེད་ཆོག གོ་སོང་ངམ་ཀླུ་སྨྱོན།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-06 at 11:45 pm

    ཨ་ཁུ་ཀླུ་སྨྱོན་འདི་ཤད་ལ་ཧ་ཅང་གི་དག་འདོད་ཆེ་བར་མངོན།

  11. ཐུབ་པ། says:
    2012-05-07 at 12:03 am

    རྡོག་རྡོག་ཁོ་རང་ཅིག་དགོས་ཀི་ཡོད་ས་རེད།
    ད་ཚེ་རིང་སྐྱིད་ལ་སྐད་ཐོངས་ཤིག
    མོ་དེ་མུར་བསྡད་དེ་རྒན་མོ་ཆགས་ས་རེད།

  12. ཤེལ་དཀར་བུ། says:
    2012-05-07 at 12:06 am

    བན་ལོག་འདིའི་འོད་གཏམ་ཆེ་ལོད་ལ་བལྟས་ན།

  13. ཤེལ་དཀར་བུ། says:
    2012-05-07 at 12:08 am

    བན་ལོག་འདིའི་འདོད་གཏམ་ཆེ་ལོད་ལ་བལྟས་ན་སྦྲང་འབུའི་སྐྱེ་བ་ཞིག་ཡིན་ཚོད་འདུག

  14. གནམ says:
    2012-05-07 at 12:10 am

    ཨམ་མདོའི་ཡུལ་ལ་མ་སོང་ནས་མ་བཙལ་ན།།
    ཨམ་མདོའི་བྱིས་མོ་དཀོན་པོ་ཉིན་སྐར་རེད།།
    ཨམ་མདོའི་བྱིས་མོ་སྐོམ་ནས་ཉི་ཚེ་ཟད།།
    ཨམ་མདོ་ཁྱོ་ཡང་འདི་ལྟར་ལྷག་རྒྱུ་རེད།།

  15. གནམ says:
    2012-05-07 at 12:14 am

    ཨམ་མདོའི་ཡུལ་ལ་སོང་ནས་མ་བཙལ་ན།།

  16. རྒྱ་གར་རྨ་བྱ། says:
    2012-05-07 at 12:43 am

    སྙིང་རྗེ་མོ་འདུག

  17. བྲོ་འཚལ། says:
    2012-05-07 at 1:09 am

    ལུས་སེམས་མཐུན་པའི་ཆུང་མ་བཙལ་བའི་བརྒྱུད་རིམ་ལ་བལྟས་ན་ངོ་མ་རེ་བ་ཆེན་པོ་རུ་སྣང་བས་དེ་འདྲའི་མཛེས་མ་ཞིག་རེག་པར་དཀའ་ལས་ཏོག་ཙམ་མེད་འགྲོ།་་་ཕོ་ཁོ་ལ་ཡོད་པ་ནི་མཇེ་དང་སྒོར་ཏོག་ཙམ་ཡོད་ཟེར་བ་མ་གཏོགས་གཞན་ཅི་ཡང་མེད་པ་འདྲ་བས།་་་ཚེ་འདི་ལ་ཚེ་གཅིག་སྐྱ་ཡ་དེ་འདྲ་ཞིག་བཙལ་གྱི་ཡིན་ཟེར་ན་ཕོ་ཧྲེང་ལ་ལུས་རྒྱུ་ནི་གདོན་མི་ཟ།་་་དེ་བས་རེ་བ་དེ་ཡང་རེ་བའི་ངང་དུ་བཞག་ནས་རང་མཚམས་སུ་བཞུགས་ན་དགའ་བ་ནི་ཆེས་ལེགས་པའི་རེ་བ་དེ་ཡིན་པར་སྙམ།

  18. ཀླུ་སྨྱོན། says:
    2012-05-07 at 1:35 am

    ཁྱོད་ཚོས་ཁྱོའི་ཁ་དང་ངའི་སྣ་ཟེར་ནས་འདུག་པ་ལས་རྩོམ་ཡིག་གི་སྒྱུ་རྩལ་དང་དེའི་རྒྱབ་ལྗོངས་སོགས་ལ་སྐད་ཆ་རེ་བཤད་མི་ཤེས་སམ།

  19. བློ་བཟང་། says:
    2012-05-07 at 2:24 am

    ཁྱོད་ཀྱི་བསྒྲགས་རྩོམ་ཀློག་པའི་དུས།།
    ན་ཚོད་རན་པའི་མཛེས་མ་མཐོང་།།
    གང་མགྱོགས་ཁྱོད་ཀྱི་རྩོམ་ཡིག་ཕུལ།།
    ཚར་གཅིག་བཀླགས་ནས་འདང་ཞིག་བརྒྱབ།།

    ངོ་ཚས་ངོ་མདངས་དམར་པོ་ཆགས།།
    ཚིལ་གཉའ་དགོས་ན་ང་ལ་ཡོད།།
    ཆུ་གཉའ་དགོས་ན་ང་ལ་མེད།།
    མེ་ཏོག་མ་ནི་མི་ཤེས་ཟེར།།

  20. ངག་ཆེན་ says:
    2012-05-07 at 2:31 am

    བླ་མ་ཀླུ་སྨྱོན་ལགས་ཁྱེད་ཀྱི་མཁྱེན་པའི་རྩལ་རྣམས་འཇིག་བརྟེན་ཕལ་པ་ང་འདྲ་བས་ངག་འཆལ་གླེང་བ་ལྟ་བུ་་ལས་ ཉིད་ཀྱི་ལོ་མང་རིང་ངལ་བ་དང་ལེན་གྱིས་ནང་ཆོས་སོགས་ལ་སློབ་གཉེར་གནང་ནས་རང་རྒྱུད་འདུལ་ཐབས་ཀྱིས་རྩོམ་གང་མང་བྲིས་ན་ང་དང་འདྲ་བའི་སྐྱེ་བོ་མང་པོ་ཞིག་ལ་ཕན་ངེས་སོ། རེ་བ་ཡིན་དགོང་འགལ་མེད་པ་མཁྱེན་
    དེ་མིན་ཁ་བརྡའི་ནང་བན་བོན་གྱི་བགྲོ་གླེངས་གནང་མཁན་ཕྱོགས་གཉིས་ཀར་ཐུགས་རྗེ་ཆེ་ལགས་ རྒྱུ་མཚན་ནི་མ་རིག་པ་དང་ལོགས་རྟོགས་མང་པོ་ཞིག་བསལ་གྱི་འདུག། དེ་ཡང་ཕན་ཚུལ་ཚིག་མཚོན་མེད་ན་ཤིན་དུ་བཟང།
    ཐུགས་རྗེ་ཆེ་
    ངག་ཆེན་

  21. ཆབ་བྲག་ལྷ་མོ་སྐྱབས། says:
    2012-05-07 at 2:33 am

    ཀླུ་སྨྱོན་གྲུབ་སྨྱོན་ཆགས་རན་འདུག
    རིག་མ་བསྟེན་རྒྱུའི་གསང་བརྡ་རེད།
    དམ་ཚིག་སྡོམ་པ་མ་ཉམས་པར།
    གསང་ལམ་མྱུར་དུ་མཐར་ཕྱིན་སྨོན།

  22. གཅན་བཟོད་རྒྱམ། says:
    2012-05-07 at 3:09 am

    དེ་རིང་གི་རྩོམ་ཡིག་འདིས་ང་ལ་བསམ་བློ་གཏོང་རྒྱུའི་ཚོར་བ་ཞིག་སྤྲད་སོང་། ད་དུང་ཁྱོད་ཚིག་སྦྱོར་བདེ་མོ་དེ་ཚོ་ངོ་མ་བྲག་ངོས་ནས་ཆུ་བབས་པ་དང་ཞིང་། དོན་གྱི་གནང་རྣམས་རྡོ་སྦས་རྡོ་བཟོ་ཚོས་རྡོ་བསྒྲིགས་བསྒྲིགས་བྱས་འདུག་པས་ན། ངས་ད་བར་དུ་ཁྱོད་ཀྱི་རྩོམ་ཡིག་ལས་འདི་འདྲ་བཀླགས་མ་མྱོང་ཟེར་ན་ཆོག་གམ་སྙམ།

    རྩོམ་ཡིག་འདི་ཁྱོད་ཀྱིས་ངའི་ཚབ་བྱས་ནས་བྲིས་པར་ཆ་ཞོགས། སྐད་ཆ་འདི་ཚོ་ཡང་ངས་བཤད་པར་ཆ་ཞོགས་ཤིག ངས་བཤད་འདོད་པའང་འདི་འདྲ་ཞིག་ཡིན་ངེས།

    ཁྱོད་ཀྱི་སྐུ་ཚེ་བརྟན་ཅིང་རྩོམ་གྱི་མཚོ་མོ་འདི་ལྟར་སྐྱོམ་པར་མཛོད་ཅིག་གུ

  23. ཐོས་པ་དགའ། says:
    2012-05-07 at 3:13 am

    ཁ་གྲགས་མི་ཐུབ་པའི་གྲྭ་ལོག་མང་པོའི་སྙིང་གི་སྐད་ཆ་འདི་ན་འདུག འགའ་ཞིག་ཁ་གྲགས་ཀྱང་བཤད་མི་ཤེས་པར་དེ་ལྟར་ལྷག་ཡོད་པ་ཤོད་ཅི་དགོས། ཀླུ་སྨྱོན་ཨ་རིའི་རྩེ་མོར་བསྡད་ནས་སེམས་ཅན་གྱི་འགྲོ་དོན་བསྐྱངས་པ་བཟང་ཡང་སྐབས་རང་ཉིད་ཉོན་གྱི་མྱོས་ཏེ་བྲིས་པ་མིན་ནམ་སེམས། གང་ལྟར་རྩོམ་ཡིག་དོན་ཟབ་ཚིག་བཟང་དངོས་མཐུན་འདིར་སྤེལ་པར་ཡི་རང་ཞུ།།

  24. བློ་ཡར་ says:
    2012-05-07 at 3:23 am

    འདོད་པའི་སྒྱུ་རྩལ་མཁས་དགོས་ན།།
    རྒྱ་གར་ནག་རིས་བཙལ་ན་བཟང་།།

  25. དོམ་ཁྲ says:
    2012-05-07 at 5:15 am

    གཞན་པའི་དོན་ལ་ཡིན་ཚུལ་བཤད་ཀྱང་དོན་དངོས་ཐོག་ཨ་ཁུ་ཀླུ་སྨྱོན་ཚང་ཁོང་རང་གི་འདོད་པ་ཡིན་འདུག་བ།

  26. བོད says:
    2012-05-07 at 6:33 am

    ཨ་རིའི་ལག་འཁྱེར་ཡོད་པའི་ཁར། །ཨ་སྒོར་འབུམ་ཚོ་ག་ཚོད་ཡོད། །ཨ་མདོའི་བུ་མོ་བཙལ་ཡོང་ན། །ཨ་མར་རིན་པ་ག་ཚོད་སྟེར། །ཨ་ཁུ་ཁྱེད་རང་ལོ་ཆེ་བས། །ཨ་སྒོར་ཧ་ཅང་འབོར་ཆེན་ཞིག །ཨ་མའི་ལག་ཏུ་མ་བཞག་ན། །ཨ་ཞིང་ཨ་ཁུས་འགོད་རྒྱུ་རེད། །ཨ་མདོའི་བུ་མོ་ཆུང་ཆུང་ཞིག །ཨ་མའི་འཁྲིས་ན་ཡོད་ནི་ཞིག །ཨ་སྒོར་མང་བོ་ལེན་ནི་ཞིག །ཨ་རིར་ཡོང་འདོད་ཡོད་ནི་ཞིག །ཨ་ལགས་ཚང་ལ་འབུལ་ཐབས་བྱེད། །ཨ་བོ་གླ་ཆ་ཏོག་ཙམ་དགོས། །

  27. བོད་སྲིད་འབྱོར་རིག་གསུམ says:
    2012-05-07 at 6:33 am

    ཀླུ་སྨྱོན་ལགས་་་་སེམས་པ་འདྲེ་རེད་་་་་སྡོམ་པ་གདོན་རེད་་་་་གཟན་ཤམ་རྩེད་ཆས་་་་་་དེང་སང་གི་དུས་འདིར་ཚད་ལས་རྒལ་པའི་བྱ་བ་རྣམས་ཧ་ཅང་མང་དེའི་ནང་ནས་ཀྱང་སྟོན་པའི་རྗེས་འཇུག་པའི་མིང་ཅན་ཚོས་ཁ་ནས་གང་བྱུང་དང་ལག་ནས་ཅི་བྱུང་བྱས་ན་འོས་པ་ཞིག་ཡིན་ནམ་སྐྱེ་བོ་དེ་འདྲའི་ཁ་ནས་བོད་མི་རིགས་དང་བསྟན་པ་རྒྱུད་འཛིན་ཆོས་ལུགས་མཐུན་སྒྲིལ་ཟེར་གྱི་རེད་དོན་དངོས་སུ་ལག་ལེན་ཁྲོད་ན་ཅི་ཡང་མེད་པའི་ཁ་བཤད་སྟོང་བ་ཙམ། འདི་ལྟར་བྱས་ན་རྒྱལ་ཕྱི་ནང་གི་ནང་བ་མང་པོའི་སེམས་སུ་གང་འདྲ་ཤར་ངུར་སྨུག་གི་ན་བཟའ་གྱོན་མཁན་ཚོས་ཁ་མིག་གིས་གང་བྱུང་དུ་ལྟས་ན་དད་ལོགས་འགྲོ་བའི་རྒྱུ་རུ་འགྱུར་བ་ལས་མ་འདས། སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་ག་དུས་ཡིན་ཡང་རྩོག་གཏམ་དང་ཆགས་གཏམ་ལས་རྩོམ་ཡིག་སྤེལ་བ་ཉུང་ཉུང་རེད།
    རྩོམ་འདི་དག་དྲྭ་ཉུལ་བའི་གདོས་རྫས་དང་གད་རྙིག་ལས་ཡང་དག་པའི་སྤང་བླང་གི་གནད་ཡོད་པ་སུ་ཞིག་གིས་ཀྱང་མ་མཐོང་པས་དྲྭ་རྩོམ་གྱི་གད་རྙིག་དག་མི་བུ་གང་འདྲ་ཞིག་ཡིན་ཀྱང་རྨོངས་པའི་དབང་དུ་འགྲོ་བ་ལས་ཤེས་བྱ་གསར་བའི་རྣེ་གཅིག་ཀྱང་མི་འདུག ལྷག་པར་དུ་

  28. ཨ་རིག་དགེ་མཐོང་། says:
    2012-05-07 at 6:58 am

    ཀླུ་སྨྱོན་ལགས་ཀྱིས་ཧ་ཅང་སྣར་འགྲོ་ནི་ཞིག་བྲིས་འདུག་པས་དགའ་ཡོད། འོན་ཀྱང་རྒྱབ་ལྗོངས་བསྔོག་རྒྱུའི་ཤེས་ཡོན་དང་དུས་ཚོད་གཉི་ག་མེད་པས་གནས་སྐབས་དེ་རིང་དགོངས་སེལ་ཞུ། བསམ་བློ་རེ་བཏང་སྟེ་ཅིག་འཆར་ན་སྤེལ་ཆོག

  29. ལུང་རྟོགས། says:
    2012-05-07 at 7:12 am

    འདི་འདྲའི་བུད་མེད་ཞིག་ད་རག་རྒྱུ་བཞགས་ནས་རིག་རྒྱུ་ཡང་ཡོད་མ་རེད། ཆ་རྐྱེན་མཐོ་བའི་མི་དེ་ཚེ་གང་ཁེར་རྐྱང་ལྷག་རྒྱུ་ཉག་ཅིག་རེད།

  30. བོད་སྲིད་འབྱོར་རིག་གསུམ says:
    2012-05-07 at 7:31 am

    ཀླུ་སྨྱོན་ལགས་་་་སེམས་པ་འདྲེ་རེད་་་་་སྡོམ་པ་གདོན་རེད་་་་་གཟན་ཤམ་རྩེད་ཆས་་་་་་དེང་སང་གི་དུས་འདིར་ཚད་ལས་རྒལ་པའི་བྱ་བ་རྣམས་ཧ་ཅང་མང་དེའི་ནང་ནས་ཀྱང་སྟོན་པའི་རྗེས་འཇུག་པའི་མིང་ཅན་ཚོས་ཁ་ནས་གང་བྱུང་དང་ལག་ནས་ཅི་བྱུང་བྱས་ན་འོས་པ་ཞིག་ཡིན་ནམ་སྐྱེ་བོ་དེ་འདྲའི་ཁ་ནས་བོད་མི་རིགས་དང་བསྟན་པ་རྒྱུད་འཛིན་ཆོས་ལུགས་མཐུན་སྒྲིལ་ཟེར་གྱི་རེད་དོན་དངོས་སུ་ལག་ལེན་ཁྲོད་ན་ཅི་ཡང་མེད་པའི་ཁ་བཤད་སྟོང་བ་ཙམ། འདི་ལྟར་བྱས་ན་རྒྱལ་ཕྱི་ནང་གི་ནང་བ་མང་པོའི་སེམས་སུ་གང་འདྲ་ཤར་ངུར་སྨུག་གི་ན་བཟའ་གྱོན་མཁན་ཚོས་ཁ་མིག་གིས་གང་བྱུང་དུ་ལྟས་ན་ནང་ཆོས་ལ་དད་པ་ཤུན་ཏུ་ཆེ་བའི་སྐྱེ་འགྲོ་མང་དག་ཞིག་དད་ལོགས་འགྲོ་བའི་རྒྱུ་རུ་འགྱུར་བ་ལས་མ་འདས། སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་ག་དུས་ཡིན་ཡང་རྩོག་གཏམ་དང་ཆགས་གཏམ་ལས་བློ་རིག་གི་སྒོ་མོ་འབྱེད་པའི་སྙན་ རྩོམ་ཞིག་ངས་ད་སྔ་མཐོང་མྱོང་མེད།
    རྩོམ་འདི་དག་དྲྭ་ཉུལ་བ་ཚོའི་་གདོས་རྫས་དང་གད་རྙིག་ལས་ཡང་དག་པའི་སྤང་བླང་གི་གནད་ཡོད་པ་སུ་ཞིག་གིས་ཀྱང་མ་མཐོང་།དྲྭ་རྩོམ་གྱི་གད་རྙིག་དག་མི་བུ་གང་འདྲ་ཞིག་ཡིན་ཀྱང་རྨོངས་པའི་དབང་དུ་འགྲོ་བ་ལས་ཤེས་བྱ་གསར་བའི་རྣེ་གཅིག་ཀྱང་མི་འདུག

  31. ལ་སྟོད་བུ། says:
    2012-05-07 at 7:34 am

    ཨ་ཁུ་ཨ་རིར་ཡོད་ན།
    ཨ་ཡུ་ཨ་སྡུག་མི་དགོས།
    ཨ་མདོའི་ཨ་ཅེ་མ་ཟད།
    ཨ་ནེ་ཡན་གྱིས་ཚང་ཁ།

    ཨ་ཁུའི་གཏམ་ལ་དགག་པ།
    ཨ་རོ་ཟེར་ནས་སྨོད་ཀྱང།
    ཨ་ཅག་སེམས་ལ་མི་བསམ།
    ཨ་མའི་བུ་རྒོད་སུ་ཡོད་དམ།

    ཨ་ཁུ་སེམས་པ་མ་སྐྱོ།
    ཨ་ཅ་ཡིད་ལ་མ་བསམ།
    ཨ་བ་དྷུ་ཏཱིའི་དཀྱིལ་དུ།
    ཨ་ཅེ་ལྷ་མོ་བཞུགས་ཡོད།

  32. དགེ་འདུན་བསྟན་པ། says:
    2012-05-07 at 7:50 am

    མཛངས་མ་ཚེ་སྐྱིད་སད་རན་རེད།། གྲུབ་སྨྱོན་རྡོ་རྗེ་ཁྲོས་ཤས་ཆེ།། ད་ནི་ཕྱག་རྒྱ་མ་བསྟེན་ན།། གྲུབ་སྨྱོན་ཁོང་ལ་འཚུབ་ཆ་ཆེ།།མཛངས་མ་ཚེ་སྐྱིད་གྲགས་གྲགས་ཀྱང་།། བན་ལོག་མ་གཏོགས་རག་གི་མེད།། བན་ལོག་སྟོང་ལས་གྲུབ་སྨྱོན་ཁོང་།། ཆོས་དང་འཇིག་རྟེན་གཉིས་ཆ་མཁས།། གྲུབ་ཆེན་དོ་རྡོ་དངོས་ཡིན་ན།། རིག་མ་བསྟེན་ཀྱང་ངན་བཤད་མེད།། ནང་གི་རྟོགས་པ་མཐོ་མི་མཐོ།། དུས་ལ་བབས་ན་ཤེས་པར་འགྱུར།།

  33. རིལ་མ། says:
    2012-05-07 at 8:00 am

    དེ་འདྲ་ཞིག་ད་ཨ་རིའི་རྒྱལ་ས་ན་ཡོད་ཚོད་ཡིན་པས། བརྩེ་དུང་གི་མེར་བསྲེག་ལས་འགུལ་ཞིག་སྤེལ་རན་ཡོད་པ་མིན་འགྲོ།

  34. བོད says:
    2012-05-07 at 8:40 am

    ཨ་མདོའི་བུ་མོ་ཨ་རིར་དགའ་ནི་ཞིག །ཨ་མ་ཨ་ལགས་ཡིན་ན་འཐད་ནི་ཞིག །ཨ་མདོའི་ཡུལ་ནས་ཨ་ཕོས་རག་བཞག་ཐ།  །ཨ་ཁུ་མགྱོགས་པོར་ཨ་སྒོར་གྲ་སྒྲིགས་བྱོས། །

  35. རུ་ཤུལ་བུ་ says:
    2012-05-07 at 8:47 am

    ཨ་ལགས་ཀླུ་སྨྱོན་གྱིས་བརྩེ་གདུང་གི་ཆེད་དུ་བརྩེ་དུང་གི་གོམ་བགྲོད་ཅིག་བྱེད་རྩིས་ཡོད་རབ་གོ གནས་ཨ་རི། ཆ་ལུགས་ཆོས་གོས་གྱོན། མཁར་ཚུལ་ཐོག སློང་གཟེད་བཟུང་། དུས་ནམ་ཞིག་ཡིན་མིན་མ་གོ་མོད་མི་རིང་བར་ལས་འགུལ་དེ་སྤེལ་རྩིས་རེད་ཟེར། དེ་དུས་བརྩེ་དུང་གི་ནད་པ་དག་གིས་རྒྱབ་དཔུང་བྱེད་དགོས།

  36. གཡུ་ཐོག་བུ། says:
    2012-05-07 at 8:47 am

    གཅན་བཟོད་རྒྱམ་གྱིས་ཟེར་ན་ཀླུ་སྨྱོན་གྱིས་ཁྱོའི་ཚབ་བྱས་ཆོག་པར་བཤད། ངས་བལྟས་ན། དེ་འདྲ་བསྟན་ནས་ཡོང་མི་སྲིད། གང་ཞེ་ན། ཁྱོད་ཡུལ་ཨ་རིར་དངུལ་དང་རྒྱུ་ཡི་འཁོར་ལོ་མེད་པས་སོ

  37. མདའ་མོ་བ། says:
    2012-05-07 at 8:59 am

    དཀོན་མཆོག་མཁྱེན། ད་འདི་མྱུར་ཏུ་སྨྱོ་ནད་ཁང་ལ་སྐྱེལ་རན་འདུག ངོ་མ་སེམས་གཏམ་ཡིན། ཨ་མའི་ཤ

  38. ལ་རྒྱའི་བདག་པོ་ says:
    2012-05-07 at 10:35 am

    ཀླུ་སྨྱོན། ཁ་བརྡའི་(Hero)ཧི་རོའོ།།

    དེ་སྔ། བལ་ཡུལ་དུ་བཞུགས་དུས།།
    གཉན་ཆེན་ཐང་ལྷའི་རྩོམ་སྒྲིག་མིང་ཐོག་ནས།།
    བོད་དོན་དང་ལ་རྒྱ་གླུ་རུ་བླངས་ཤིང་རྩོམ་དུ་བྲིས།།
    ཀླུ་སྨྱོན་ཧེ་རུ་ཀ་ཡི་མིང་དེ་གང་ཙམ་གྲགས།།

    ད་ཆ། ཨ་རིའི་ལུང་པར་སླེབས་ཙ་ན།།
    སེམས་ཀྱི་རང་དབང་ཐོབ་ནས།།
    འདོད་པས་གཟིར་བའི་ཆགས་གཏམ་དང་རྒྱོ་གཏམ་གྱིས།།
    ཁ་བརྡ་དྲ་རྒྱ་བཙོག་པ་བཟོས་ལ་འདོད་ལྡན་སྐྱེ་བོའི་བློ་ཡང་བཀུག །
    ཀླུ་སྨྱོན། ཁ་བརྡ་ཚང་གི་(Killer)ཀི་ལར་ཡིན།།

    གཞི་ནས། ཁ་བརྡ་དྲ་རྒྱར་རྩོམ་ཡིག་ཡག་པ་ཞིག་བྲིས་ན།།
    མཆན་བུ་འགོད་མཁན་དཀོན་ལ། བཀོད་ཀྱང་ཡ་མ་ཟུང་།།
    ཀླུ་སྨྱོན་སྤྱང་གྲུང་ལྡན་པས། གང་ལ་གང་འདུལ་མཛད།།
    དེ་ནི་ཀླུ་སྨྱོན་གྱི་ན་ཚ་མིན་ལ། སྤྱི་ཚོགས་ཀྱི་དགོས་མཁོ་ཡིན།།
    ཀླུ་སྨྱོན། ཁ་བརྡ་ཚང་གི་(Hero)ཧི་རོའོ་ཡིན།།

  39. མགོན་པོ་ཕྱག་གཉིས་པ། says:
    2012-05-07 at 10:44 am

    འདོད་པ་ཆེན་པོ་རེད། །ཆ་རྐྱེན་མང་པོ་རེད། །ཧམ་པ་ཚ་བོ་རེད།། སེམས་པ་ན་བྱེད་རེད།།

    ལྷད་མེད་ཀྱི་བརྩེ་བ་མ་གླེང་ཟིག། གཅིག་མཐུན་གྱི་ལྟ་བ་མི་དགོས་གི། འཚོ་བ་ཡི་ཟབ་དོན་རྟོགས་མེད་གི། བརྩེ་བ་ཡི་རིན་ཐང་ཤེས་མེད་གི།

    རང་ལོ་སུམ་ཅུ་ལོན་པ་ཞིག་གིས།། མེ་ཏོག་མ་འཚོལ་བ་ཁྲིམས་འགལ་རེད།། ཀུན་སློང་ལ་བལྟས་ན་འབག་བཙོག་རེད།། ཧམ་པ་དེ་རྫབ་ཆེན་རྫབ་ཆེན་རེད།།

    ཁ་སྣ་ཡི་ཆ་རྐྱེན་ཆེ་སོང་ཟིག། རྒྱོ་སྟུ་ཡི་ལབ་རྙོག་མང་སོང་ཟིག། ལུང་ཚན་གྱི་བསམ་བློ་དོག་སོང་ཟིག། རྩོམ་མཁན་གྱི་གོ་རྟོགས་དམའ་སོང་ཟིག།

    སྙན་ངག་པའི་དུངས་སེམས་འདྲེས་སྟངས་མ་རེད།། འཇིག་རྟེན་པས་ཆུང་མ་ཉོ་སྟངས་རེད་འདུག། འདོད་ཆེན་གྱི་རྒད་པོའི་འདོད་པར་མཐུན་ཡང་།། ན་ཆུང་ཚོའི་བློ་ངོར་འགྲོ་ཚོད་མ་རེད།།

    བསམ་བློའི་རྒྱབ་ལྗོངས་དེ་དམན་པ་དང།། དེང་གི་དུས་ཚོད་དང་མི་མཐུན་པས།། སྒྱུ་རྩལ་གྱི་རིན་ཐང་ཡོད་རེ་རྐན།། རྙང་མ་ཡིས་བརྒྱངས་པའི་རྒྱུ་མ་བཞིན།།

  40. གྲགས་པ་རྒྱ་མཚོས་ says:
    2012-05-07 at 11:26 am

    ཨ་ཁུ་ཀླུ་མྱོན་ཕྱི་གླིང་ཡུལ་ནས་མྱོས།།
    ཆགས་སྲེད་གཏམ་གྱིས་དྲ་ངོས་གང་སར་བཀང་།།
    སེམས་ཀྱི་རྟ་ཕོ་སྲབ་མེད་མི་ཐུབ་ན།།
    སྟོན་པའི་ན་བཟའ་དེ་ཡང་ཕུད་ན་དགའ།།

  41. ཀརྡོ་གཉེར་ཕྱག་པ་ says:
    2012-05-07 at 11:31 am

    ཁྱེད་ཀྱི་ཆུང་མ་ལས་ཅན་དེ། །
    ཚེ་རིང་སྐྱིད་དེ་ཡིན་ཡང་སྲིད། །
    ལུས་གཉིས་སེམས་གཅིག་ལོངས་སྤྱད་ནས། །
    བདེན་ཚད་ཚང་མ་དོན་ལྡན་ཤོག །

  42. ཀརྡོ་གཉེར་ཕྱག་པ་ says:
    2012-05-07 at 11:32 am

    ཧ་ཧ།
    སྐུ་རྩེད་ཡིན་ནོ་ཀླུ་སྨྱོན་ལགས། །

  43. ཞི་བ་དགའ། says:
    2012-05-07 at 11:57 am

    ཀླུ་སྨྱོན་འདི་དེ་འདྲའི་ངོ་ཚ་ཁྲེད་མེད་བསྟན་བཤིག་འདྲེ་ངན་ལྟ་བུ་ཞིག་ཡིན་པ་ནི། དྲ་ངོས་སུ་ཟིན་བྲིས་དང་གླེང་གཞི་སྤེལ་བ་དག་ལས་ར་འཕྲོད་བྱུང་།ཁ་དཔེ་ལ་ཡང་། དཀོར་ཁ་བབས་ན་མི་བཤད་དགུ་བཤད།དཀོར་སྙིང་ལ་བབས་ན་མི་དྲན་དགུ་དྲན་ཟེར་བ་ལྟར་བླ་མ་དང་གྲྭ་བའི་མིང་ཁྱེར་དེ་དཀོར་ནག་ཟ་ཡ་མང་དྲག་པ་རེད།

  44. ཨ་འདུས་མིག་ཆུ། says:
    2012-05-07 at 12:32 pm

    བདེན་པའི་དོན་ལ་དཔྱོད་ཞིབ་མི་ཤེས་ཤིང་།།
    ཚིག་གི་ལོ་མར་ཞེན་པའི་ཡིག་འབྲི་བ།།
    གང་ཡང་མི་ཤེས་ཅི་ཡང་མི་འཇོན་མཁན།།
    བོད་མིའི་དྲ་ཐོག་བླུན་པོ་ཀུན་ཀྱི་གཤིས།།

    ཚིག་གི་སྒྱུ་རྩལ་ཟེར་ན་གོ་ཐོས་ཙམ་ཡང་མེད།།
    དོན་གྱི་འབྲས་བཅུད་ཟེར་ན་ལེན་ཤེས་སུ་ཡང་མེད།།
    ཀུན་ལ་ཁ་བརྡུང་གཏོང་བའི་ཀུན་སྤྱོད་ཅན།།
    དྲ་ཐོག་བླུན་པོ་དག་གི་གཤིས་ཀ་ཉིད།།

    ཞྭ་མོ་བཟོ་ན་ང་མཁས་ཁྱེད་མཁས་རེད།།
    སྒྱུ་རྩལ་འཚོལ་ན་སྨྲ་མེད་ཁྱི་རྒན་རེད།།
    གནས་ལུགས་དོན་ལ་ལྟ་ཤེས་མེད་པ་དེ།།
    དྲ་ཐོག་བླུན་པོའི་ཚོགས་ངན་སྤྱོད་རེད།།

  45. མཁན་པོ་ཉི་མ། says:
    2012-05-07 at 1:14 pm

    འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་གང་ལ་བལྟས་ཀྱང་སྐབས་དེའི་སྙན་ངག་པ་དག་གི་ཀུན་སྤྱོད་དང་བསམ་བློ་སྤྱི་ཚོགས་ཀྱི་བློ་ངོར་ཤོངས་ཐུབ་ཀྱིན་མེད་པ་ནི་གཅིག་མཐུན་ཡིན་པ་འདྲ།

    John Donne ཀྱི་མི་སེར་ཐོབ་ཐང་མེད་པར་བཟོ་དགོས་པའི་རྒྱུ་མཚན་དང་དེ་བཞིན་John Melton ཁེར་རྐྱང་དུ་ལྷག་དགོས་དོན། ད་དུང་ཉེ་རབས་ཀྱི་རྩྭ་ལོ་མུ་མཐུད་སྙན་ངག་གི་རྩོམ་པ་བོ་white man ཁོང་ཡང་ཨ་རིའི་སྲོལ་རྒྱུན་མཁན་དག་གི་ཁ་རྡུང་གཏོང་ཡུལ་དུ་གྱུར་བ་སོགས་ཧ་ཅང་མང་།

    འོན་ཀྱང་། ད་ལྟ་གོང་དུ་བཀོད་པའི་སྙན་ངག་པ་ཚང་མ་འཛམ་གླིང་སྙན་ངག་གི་རྒྱལ་ཚབ་ཏུ་འགྱིང་ནས་ཡོད། དེ་ཀླུ་སྤྱོན་གྱི་འཆར་ཡན་མྱུར་བའི་སྙན་ངག་དེ་ཚོ་ཡང་དེ་དག་དང་འདྲ་བོ་འདུག

    གལ་སྲིད། སྙན་ངག་རོལ་མྱོང་བྱེད་མཁན་ཞིག་གིས་གོང་གི་སྙན་ངག་དེ་འབྲི་མཁན་གྲྭ་བ་ཡིན་མིན་དང་། སྙན་ངག་གི་བརྗོད་དོན་ཀུན་སྤྱོད་དང་ཆོས་ལུགས་ལ་མཐུན་མིན་གྱི་སམ་བློ་ཁུར་ནས་རོལ་མྱོང་བྱེད་ཚེ། ཐ་ན་ཁྱོད་རང་ལ་སྒྱུ་རྩལ་སྙན་ངག་ཀློག་མཁན་རྣལ་མ་ཞིག་གི་མཚན་ཉིད་ཀྱང་ཚང་མེད་པ་རེད།

  46. བསྟན་འོད་ says:
    2012-05-07 at 1:19 pm

    མིང་ལ་བདེ་སྐྱིད་སྒྲོལ་མ་།
    ཕ་ཡུལ་ཨ་མདོ་མགོ་ལོག་།
    ལོ་ན་ཉི་ཤུ་རྩ་བདུན་།
    ཨ་ཁུའི་ཆུང་མ་འེ་ཉན་།
    མོ་རྒོ་བར་མ་བར་ཞིག་།
    ཡིད་སེམས་དྲང་མོ་མདའ་ཡིན་།
    བརྩེ་བ་ཞིག་ལ་རྒུག་ཡོད་།
    རེ་བ་ཞིག་ལ་འཕྲེང་ཡོད་།
    ལག་དང་ལས་ག་མི་ཤེས་།
    རྒོར་མོའི་དགའ་ཞིག་ང་མེད་།
    ཁྱེད་ལ་རེ་བ་ཡོད་ན་།
    ཉིན་མཚན་གཉིས་ལ་བཞོན་ཆོག་།

    ཁ་རྐུབ་འདེམ་ག་བྱེད་ཆོག་།
    སྔོན་རྒྱབ་ཁྱད་བར་ང་མེད་།
    སྟུ་རྐུབ་གཉིས་ག་སྤྲོད་རྒྱུ་།
    སྟེང་འོག་གང་ནས་རྒྱོ་ཆོག་།

    ནུ་མ་སྦར་མོའི་འཛིན་ཆོག་།
    གཉའ་མ་ལྕེ་ཡིས་ལྡག་ཆོག་།
    ཡང་ནས་དུ་རྒྱོ་ཆོག་།
    གང་ས་གང་ནས་རྒྱོ་ཆོག་།

    བླ་རྒོ་རྒྱ་རྒོ་འདྲ་ཞིག་ཕྱེ་།
    སྟུ་ཁ་ཆུ་མགོ་འདྲ་ཞིག་རློན་།
    སྟུ་བུག་ཚ་བོ་མེ་ཡིན་།
    སྟུ་ཁ་མ་དོམ་ང་མིན་།

    ཨ་ཁུ་ཁུ་ལོ་ལོ་ལོ་།
    ཁུ་མཇེ་ནར་མོ་ལོ་ལོ་།
    ཁུ་བ་དཀར་བོ་ལོ་ལོ་།
    ཁུ་སེམས་ཉི་མ་རྒུག་ཡོད་།

    བདེ་སྐྱིད་རྒྲོལ་མའི་གླུ་འདི་བསྟན་འོད་ནས་ཡི་གེར་ཕབ་པ་དོན་རྡན་ད་གྱུར་ཅིག་།

  47. ཀླུ་སྨྱོན། says:
    2012-05-07 at 1:32 pm

    ངའི་རྩོམ་འདི་བཀླགས་རྗེས་བསྟོད་པ་བྱེད་མཁན་དང་སྡིག་དམོད་བྱེད་མཁན་གཉིས་ཀ་རྩོམ་འདི་རིགས་ཀློག་པར་དགའ་བའི་ཀློག་པ་པོ་རྐྱང་རྐྱང་རེད། སྡིག་དམོད་བྱེད་མཁན་ཚོས་རྩོམ་འདི་བཀླགས་ཏེ་ཁྱེད་ཅག་གི་མིག་ལ་གོས་པའི་སྡིག་པའི་དྲི་མ་འདག་ཕྱིར་རྡོར་སེམས་སྒོམ་བཟླས་དང་ལྟུང་བཤགས་སོགས་འདོན་པར་འབད་རོགས། སྤྱིར་ན་ཁྱེད་ཚོའི་བྱེད་སྟངས་འདི་ནི་ངའི་རྩོམ་སྔོན་མ་རྩོམ་རྒོད་རི་ཤོར་མ་ཞེས་པའི་ནང་གི མ་ལས་སྐྱེས་ཀྱང་མ་རྣམས་དགྲ་རུ་འཛིན། །སྟུ་ལས་སྐྱེས་ཀྱང་སྟུ་ལ་སྣ་སྙེར་བའི། །སྟོན་ཆེན་ཟོག་རྫུ་ཅན་གྱི་རིགས་འདི་དག །བསྟན་དགྲ་ཡིན་པའི་ཁ་ཚོན་བདག་གིས་བཅད། །ཅེས་པའི་དཔེར་མཚོན་རེ་རེ་ཡིན་ནམ་མིན།

  48. བསྟན་འོད་ says:
    2012-05-07 at 1:41 pm

    གླུ་སྨྱོན་ལགས་མུ་འཐུད་དུ་རྩོམ་རོག་རྒུག་ནས་ཡོད་།

  49. རྒྱལ་མཚན་ says:
    2012-05-07 at 1:53 pm

    གྲྭ་ལོག་གྲྭ་པའི་ཞབས་འདྲེན་ཟེར་བ་ཅིས་མི་བདེན།

  50. འདྲེ་རྐང་ཐོ། says:
    2012-05-07 at 2:30 pm

    སྙན་མོ་བྱུང་།

  51. འདྲེ་རྐང་ཐོ། says:
    2012-05-07 at 2:33 pm

    གྲྭ་བས་གྲྭ་བའི་ཞབས་འདྲེན་མ་ཞུས་ན་་་་གྲྭ་ལོག་གིས་གྲྭ་བའི་ཞབས་འདྲེན་ཞུས་ན་འགྲིག་གི་རེད་པ།

  52. ཀླུ་སྨྱོན། says:
    2012-05-07 at 4:00 pm

    ཁྱེད་ཀྱིས་མེ་ཏོག་གམ་ཡང་ན་ཕྱེ་མ་ལེབ་གང་རུང་ཞིག་ལ་ཕྱི་ངོས་ནས་འགྲེལ་བརྗོད་བྱེད་ཆོག་ནའང་མི་ཞིག་ལ་འདི་ལྟར་འགྲེལ་བརྗོད་བྱེད་མི་རུང་།
    ——————ཐེ་གོར།

  53. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-07 at 10:10 pm

    ལོ་ངོ་༣༠ཙམ་སྔོན་དུ་ང་ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭར་ཨཻན་སྐད་སློབ་པར་འགྲོ་སྐབས་སུ་རྩོམ་བྲིས་ཤིག་བཀླགས་པ་དེ་སྙན་པོ་དང་རང་གི་བྱེད་སྟངས་ལ་ཕན་པའི་གཏམ་ཞིག་ཏུ་མངོན། ཨ་ཁུ་ཀླུ་སྙོན་ཚང་གི་སྙན་རྩོམ་དག་་ཀྱང་དེ་དང་ཕྱོགས་མཚུངས་སུ་འདུག ཁ་སང་དང་། དུས་གཞན་ལ་ཡང་དབུ་མའི་གཞུང་ལ་སློབ་སྦྱོང་བྱེད་མཁན་དག་ལ་མེ་ལྕེབ་ཕྱེ་མ་ལེབ་ཅིག་གི་ལོ་རྒྱུས་དེའཆད་ཀྱི། རང་རེས་ཕལ་ཆེ་བས་དབུ་མ་ལ་སྦྱོང་བ་དེ་མེ་ལྕེབ་ཕྱེ་མ་ལེབ་དེ་ཡི་སྒྲུང་དང་འདྲ་སྟེ། དོན་དག་དངོས་དེ་མ་བྱུང་ཡང་། མི་ཚེ་ལེགས་པར་འཁྱོལ་བ་དང་སེམས་ལ་དགའ་སྣང་འབྱུང་བ་ལ་ཕན་ཞེས་བཤད་ཅིང་། བདག་གི་རྩོམ་ཡིག་དེ་གཉེར་བཅག་མ་བྱུང་བ་ལ་འགྱོད་ཅེས་པ་ན། ཉན་པོ་པོ་ཞིག་གིས་རྩོམ་སྒྲུང་དེ་གློག་ལམ་བརྒྱུད་བསྐུར་འོང་ཞེས་པ་ལྟར་ལག་སོན་བྱུང་བས་བློ་དགའ་ཞིང་། ལོང་འབྱུང་ན་སྒྲུང་དངོས་མ་དེ་དལ་བུར་འབྲི་ངེས།

  54. ལ་རྒྱའི་བདག་པོ་ says:
    2012-05-07 at 10:26 pm

    རྒན་ལ་དྭགས་པ་ལོ་ངོ་སུམ་ཅུ་སྔོན་ནས་ཨ་རིའི་གྲགས་ཅན་མཐོ་སློབ་ཀྱི་དབྱིན་སྐད་སློབ་དཔོན་ཡིན་ནམ།

  55. བསྟན་འོད་ says:
    2012-05-07 at 10:46 pm

    བདེ་སྐྱིད་སྒྲོལ་མ་ང་ཡི་།
    བདེན་དོན་གླུ་རུ་བླང་མོད་།
    ཁྱེད་ལ་ཡ་ལན་མེད་ན་།
    རང་སེམས་སྡུག་ལ་མ་བསྦྱར་།

    བསྟན་འོད་སོར་མོའི་འདུ་བྱེད་།
    དོན་མེད་ཆུད་ཟོས་མ་གཏོང་།
    སྙིང་སྡུག་སྒྲོལ་མ་བདག་གི་།
    ད་དུང་རེ་ས་སྒུག་ས་།

  56. ཟུར་གནས། says:
    2012-05-07 at 11:14 pm

    ག་རེ་ཡིན་རུང་མིན་རུང་། ཀླུ་སྨྱོན་གྱི་དོན་དང་ཚིག་སྦྱོར་གཉིས་ཀ་ལེགས་ཐག་ཆོད་འདུག ཧ་ལམ་ཚིག་ལ་རང་དབང་ཐོབ་པ་ལྟ་བུ་རེད། སྦྱང་འདོད་འདུག་རུང་ཤེས་ཀྱི་མིན་འདུག བྱས་ཙང་ཡིད་རངས་ཤོར་སོང་། སྔོན་མ་རྒྱལ་བ་རིན་པོ་ཆེས་བཀའ་མོལ་ཞིག་གི་ནང་ནས། བླ་མ་ཁོང་ལ་དད་པ་ཆེ་རུ་ཕྱིན་སོང་། ཁོང་གིས་ཕྱི་རྒྱལ་ཞིག་ལ་གསུངས་པར། “ཀརྨ་པ་རིན་པོ་ཆེ་ང་ཐུག་པར་ཡོང་སྐབས། དངོས་གནས་བོད་ཀྱི་བསྟན་པ་དང་སྲིད་ལ་འགན་ཞིག་འཁུར་ནས་བྲོས་བྱོལ་ལ་ཡོང་བ་ཡིན་ཞེས་གསུངས་བྱུང་ལ། ཁོང་གི་མིག་གཉིས་པོ་ནས་དེ་གསལ་ཐག་ཆོད་བསྟན་གྱི་འདུག དེ་བཞིན་ཀརྨ་པས་སྙན་ངག་ཤིན་དུ་ཡག་པོ་འབྲི་ཐུབ་ཀྱི་འདུག ཁོང་གིས་ལོ་བཅུ་གྲངས་སྐབས་ལ་བྲིས་པའི་སྙན་ངག་དེ་ལྟ་བུ་ངས་ད་ལྟ་ཡང་འབྲི་མི་ཐུབ། “ཅེས་གཞན་གྱི་ཡོན་ཏན་ལ་ཡིད་རངས་གནང་བ་དེས་ང་ལ་བློ་སྒོ་ཞིག་ཕྱེ་བ་ནི། རང་ལ་ཡོན་ཏན་མེད་ན། གཞན་གྱི་ཡོན་ཏན་ལ་ཡིད་རངས་དང་སེམས་ཤུགས་འཕར་བ་བྱེད་རྒྱུ་དེ་རེད། བྱས་ཙང་རྡོག་རྡོག་ཀླུ་སྨྱོན་གྱི་སྙན་ངག་དེ་ཚོ་སྙན་པོ་འདུག ནང་དོན་ཡང་ལེགས་ཐག་ཆོད་འདུག ཁོང་གིས་བྲིས་པའི་སྲུང་མ་རྣམས་ལ་ཁ་མེད་སྣ་མེད་ཀྱི་སྙན་ངག་དེ་ཕབ་རྒྱུ་མ་བྱུང་བས་སེམས་གཏིང་ནས་འགྱོད་པ་སྐྱེས།

    སྔོན་མ་བླ་མ་ག་གེ་མོ་ཞིག་ལ་བསྟོད་པ་དང་། ལྷ་ག་གེ་མོ་ཞིག་ལ་བསྟོད་པ་རེ་བྲིས་ནས་དེ་ནང་དོན་དང་ཚིག་སྦྱོར་ལེགས་ཟེར་རུང་། ད་ལྟའི་སྤྱི་ཚོགས་འདིའི་ནང་ལ་ནང་དོན་དེ་ཚོ་ནུས་པ་ཨེ་ཡོད།
    དེ་ལས་བུ་ལ་བུ་མོའི་བརྗོད་བྱ། བུ་མོ་ལ་བུའི་བརྗོད་བྱ་ལྡན་པའི་སྙན་ངག་བྲིས་ན་འཚམ་པ་འདུག བཅོམ་ལྡན་འདས་ཀྱིས། ཕོ་ཡི་རྣ་ལ་བུད་མེད་སྙན་པ་སྟེ། གཅིག་ཤོས་དེ་ཡང་འདི་ལྟར་རོ་གསུངས་པ་དེ་ཤིན་དུ་མི་བདེན་ནམ།

    མི་མང་པོ་ཞིག་གིས་ཀླུ་སྨྱོན་ལ་སྐྱོན་འཛུགས་གཙོ་བོ་ནི། ཁོང་གྲྭ་པ་རེད། ཅིའི་ཕྱིར་བུད་མེད་གླེང་ཟེར་བ་དེ་རེད། རིགས་པ་གཏོང་དགོས་ན། སྙིང་མའི་བླ་མ་མང་པོ་ཞིག་གིས་བུད་མེད་ཉར། ཕྲུ་གུ་བཟོས། གྲྭ་ཆས་གྱོན་གྱི་འདུག གཞན་ལ་ཁུ་བ་སྦྱིན་ན་སྔགས་ཀྱི་སྡོམ་པ་ཤོར་གྱི་རེད་ཟེར་བཞིན་དུ་ཕྲུ་གུ་གྲངས་ལས་འདས་པ་བཟོ་བཞིན་འདུག དགེ་ལུགས་བླ་མ་མང་པོ་ཞིག་གིས་ལམ་རིམ་བཀའ་ཆོས་གནང་ནས་ཚེ་འདི་གློད་གཏོང་ཟེར་བཞིན་སྒོར་མོ་གསོག་གི་འདུག བཀའ་བརྒྱུད་བླ་མ་མང་པོ་ཞིག་གིས་མི་ལ་རས་པ་ལ་སློབ་སྦྱོང་བྱེད། མི་ཚེ་སྒོམ་དང་མཉམ་པ་དགོས་ཟེར། དེ་ང་ཚོ་བཀའ་བརྒྱུད་པའི་ཐུན་མིན་གྱི་བརྒྱུད་པ་ཡིན་ཟེར་བཞིན། ཁང་པ་ཐོག་བརྩེགས་མང་པོ་རྒྱག་གི་འདུག་འདུག་ག དགོན་པ་ལ་གསེར་དང་དངུལ་མང་པོ་དགོས་ཀྱི་འདུག་ག

    ང་ཚོས་རང་གི་ཕ་མ་གསོད་མཁན། མི་རིགས་བཅོམ་མཁན། ལུང་པ་འཕྲོག་མཁན་དེ་ཚོར། རྒྱ་མི་ཁོང་ཚོ་ལ་ཁོང་ཁྲོ་བཟའ་མི་ཉན། སྙིང་རྗེ་སྒོམ། ཁོང་ཚོ་ཡང་མི་རེད་པ་ཞེས་ཆོས་གསུངས་དུས་བླ་མ་མང་པོས་གསུང་གི་འདུག རྒྱལ་བ་རིན་པོ་ཆེ་ཡང་འདིའི་ནང་ལ་ཚུད་ཡོད། རང་གི་སྤུན་ཟླ་མི་རིགས་འགའ་ཤས་ཀྱིས་ནོར་འཁྲུལ་ཏོག་ཙམ་ཤོར་ན། འདྲེ་གསོལ་མཁན། དམ་ཉམས། དེ་ཚོ་དང་ཆོས་དང་འཇིག་རྟེན་གྱི་ཟང་ཟིང་གི་འབྲེལ་བ་གཙང་མ་གཅོད་ཟེར་གྱི་འདུག སྐབས་འདི་དུས་བྱམས་སྙིང་རྗེ་དེ་ག་པར་ཕྱིན་པ་རས། འདྲེ་གསོལ་མཁན་དེ་ཚོ་ཡང་རང་གི་ཤ་ཁྲག་གཅིག་ལས་སྐྱེས་པའི་གངས་ལྗོངས་ཀྱི་རྒྱུད་པ་མ་རེད་དམ། དེ་ཚོ་ལ་བཟོད་པ་སྒོམ་བཞིན་བྱམས་བརྩེས་བློ་སྐོང་ཐབས་མ་བྱེད་པ་འདི་ཅིའི་ཕྱིར། ཁོང་ཚོ་ཡང་ཐོག་མ་རང་ཡུལ་བཞག་ནས་གཞན་ཡུལ་ལ་ཡོང་བ་འདི་བླ་མ་དང་མི་རིགས་ཀྱི་འདུ་ཤེས་ཤིག་འཁུར་ནས་ཡོང་བ་མ་ཡིན་ནམ།

    ད་དུང་ཡོད། དོལ་རྒྱལ་རྗེས་བྲངས་པ་དེ་ཚོ་ཡང་། རྒྱ་མིས་རང་གི་ཕ་མ་དང་ལུང་པ་བཅོམས། སྤུན་ལ་སྡུག་གཅོང་འདི་འདྲ་གཏོང་བར་བཟོད་ཐུབ་པར། བོད་སྤྱི་པའི་དོན་དུ་ལྷ་ཞིག་འཇོག་ཟེར་ན། རང་སྲོག་ཚང་མ་གློད་བཏང་ནས་བོད་པར་ཚུར་རྒོལ་ཐུབ་པའི་སྙིང་སྟོབས་འདི་ག་ནས་བྱུང་བ་རས། ལྷ་གསོལ་མཁན་དེ་ཚོ་བོད་ལ་རྒྱ་མིས་རང་གི་ཕ་མ་སྤུན་ཉེ་རྣམས་ལ་སྡུག་གཅོང་འདི་འདྲ་གཏོང་དུས། གྲི་ཁྱེར། ལྟོ་གོས་གློད་བཏང་ནས་རྒྱ་ལ་ཁ་གཏད་འཇལ་མ་སོང་། རང་གི་འགོ་ཁྲིད་དང་བླ་མས་བཀའ་གཅིག་གཏོང་དུས། དེ་ལ་མ་བཟོད་པར་མི་གསོད་ཡག་བསད། བཅོམ་ཡག་བཅོམས། མགོ་གཏག་ཡག་བཏགས་ནས་ཕྱིན་སོང་།

    ད་དེ་ཚོ་སྦས་ནས་འདི་ལ་བསྟོད་པ་ཞིག་དང་དེ་ལ་བསྟོད་པ་ཞིག་བྲིས་ན། དགའ་བ་སྒོམ། རང་རིགས་ཀྱི་སྐྱོན་ལ་མཛུབ་མོ་བཙུགས་ན་འདྲེ་ལྟར་ལྟ་བ་འདི་ང་ཚོར་འཇམ་དཔལ་དབྱངས་ཀྱིས་གནང་བའི་རིག་པ་དེ་རེད་པས། སྤྱན་རས་གཟིགས་སྒྲུབ་པའི་རྟོགས་པ་འདི་རེད་པས། ང་ཚོ་མི་རིགས་འདི་ཐབས་སྡུག་འདི་འདྲ། རྩ་སྟོང་འགྲོ་བའི་དུས་ཚོད་འདི་འདྲར་སླེབ་པ་འདི་ང་ཚོའི་ཀླད་པའི་ནང་ལ་རྩ་དཀྲུག་སྟངས་གལ་ཆེན་པོ་ཞིག་ནོར་འཁྲུལ་ཤོར་གྱི་འདུག ད་དེ་ཤེས་དགོས་ཀྱི་འདུག དེ་ཆོས་ལ་དད་པ་བྱས་པ་ལ་བརྟེན་ནས་ཡོང་བ་མ་རེད། དེ་བོད་པ་རྩམ་པ་ཟོས་ཙང་ལན་པ་མ་རེད། འདི་གང་གིས་ལན་ཟེར་ན། བོད་པ་སྤྱིའི་ངོ་བོ་གསལ་པོ་ཞིག་ངོས་འཛིན་མ་ཐུབ་པ་དང་། ཆུང་ཙག་ཆོལ་ཁ་དང་ཆོས་ལུགས་ཀྱི་དུག་སྐྱོན་ཤོར་ནས་ཡོང་གི་འདུག མཐའ་མ་ང་ང་ང་ཟེར་བའི་གླེན་རྟགས་ཚ་བའི་རྨོངས་དད་འདིས་མི་རིགས་འདི་ཉམས་འགྲོ་གི་འདུག

    རེད་པས།

    དེ་བཞིན།

  57. ཆོས་ལྡན་དཔལ་མོ། says:
    2012-05-08 at 12:56 am

    ལེགས་པར་བཤད་པའི་ཀླུ་སྨྱོན་མཆོག་ལ་བདག་གི་སྒོ་གསུམ་ཤིན་ཏུ་གུས། །་་་་་་་་་་་་་་་་་་་་་

  58. སྤྲིན་དཀར་གྲོང་གཙོ says:
    2012-05-08 at 12:58 am

    རྒྱང་བཞུགས་ཨ་ཁ་ཀླུ་སྨྱོན་ལགས།།
    སེམས་དང་བསམ་པའི་སྐད་ཆ་ཞིག།
    ཁྱེད་ཀྱི་བཤད་པར་དགའ་ནས་ཡོད།།
    ལུས་དང་ལོངས་སྤྱོད་ཡོད་ཚད་ཀུན།།
    ཁྱེད་ལ་འབུལ་འདོད་བྲེལ་བཞིན་འདུག།
    ངོ་སྒོ་མཛེས་པས་གཞན་ཡིད་འཕྲོག།
    ལས་ལ་ངར་བའི་འཛངས་མ་ཡིན།།
    རང་ལོ་ཉེར་གསུམ་སོན་དང་ལྡན།།
    ཁྱེད་ཀྱི་ཆུང་མར་འདོད་དང་ལྷན།།
    སྟབས་ལེགས་གཉིས་ཀྱི་བར་སོ་ནས།།
    ཚེ་གཅིག་གཏན་གྲོགས་དབྱངས་སུ་གྱེར།།
    དཔལ་འབྱོར་ཚེ་གང་གསོ་ཐུབ་ཙམ།།
    གཤིས་ཀ་དྲང་ཞིང་རྒན་ལ་བཀུར།།
    ཡོན་ཏན་ཅན་ལ་བཀུར་སྟི་ཆེ།།
    ཡ་རབས་ཐམས་ཅད་མིག་དཔེར་ལྟ།།
    ལུས་དྲང་ཚུག་དྲུག་རྙིག་མ་འདྲ།།
    བཞིན་གྱི་ཁུར་འཚོའི་དམར་ལ་འཇམ།།
    སྐྲ་ལོ་ནག་ཅིང་སྣུམ་མདངས་ལྡན།།
    ལུས་གྱི་རིང་ཟད་ཁྲི་ཚེ་དྲུག།
    ལྕིད་ཚད་རྒྱ་མ་བརྒྱ་ཙམ་ཡིན།།
    ཤ་མདོག་དཀར་ཞིང་མཉེན་འཇམ་ལྡན།།
    རེག་པ་ཙམ་གྱི་སྤུ་ལོང་རྒྱས།།
    བྷང་ག་ཏམ་ཞིང་གསར་བ་ཉིད།།
    ཁྱེད་ཀྱི་ཆུང་མར་ཡོང་འདོད་ཆེ།།
    མི་རིང་མྱུར་དུ་ལེན་པར་ཕ྄ེབས།།
    རེ་བ་སྟོང་གི་གཡང་གཟར་ནས།།
    ཉིན་མཚན་མེད་པར་ཁྱེད་ལ་སྒུག།
    སུ་དང་གང་ཡང་མི་འདོད་པར།།
    ང་ཉིད་གཅིག་བུ་འདོད་པར་ཤོག།

  59. འདྲེ་རྐང་ཐོ། says:
    2012-05-08 at 2:48 am

    འཇིག་རྟེན་པའི་མི་ཚེའི་འདོད་པ་ངོ་མར་མཚོན་པའི་རྩོམ་ཡིག་འདི་འདྲ་འབྲི་བར་འཇུ་མི་ཕམ་པས་ཀྱང་དཀའ་ཚོད་རེད།
    ཆོས་པ་དག་གིས་མི་ཤེས་ཤིང་། །
    རྒད་པོ་ཚོས་ཀྱང་མི་ཤོད་པའི། །
    རིན་ཆེན་གསེར་ལས་ལྷག་པ་ཞིག །
    སྙན་ངག་སྨྲ་བའི་ཁ་ནས་བསྐྱུགས། །

  60. ཨ་ནུ་ཐང་བསོད་ནམས says:
    2012-05-08 at 4:38 am

    གོང་དུ་ཀླུ་སྨྱོན་གྱིས་ཡག་པོ་བྲིས་འདུག སྐྱག་ལང་ཤོར་ན་མིའི་འདོད་འདུན་ལ་ཚད་མེད་པའི་བདེན་དཔང་བྱས་པས་ཡིན་ལ། སྐྱ་ལངས་ཤོར་མཁན་གྱི་མིའི་སེམས་འཚོར་དངོས་འབྲི་བྱས་བས་ཡིན། སྐྱ་ལངས་ཤོར་ན་ཕྲན་གཙོ་བོའི་གྱུར་བའི་འཇིགས་རྟེན་གྱི་མི་རྣམས་ཀྱིས་མི་གཞན་རྒྱུ་ནོར་རམ་ཇ་དངོས་མ་གཏོགས་འདུ་ཤེས་མི་འཛིན་པས་ཡིན། དེ་འདྲའི་སེམས་ཀྱི་ས་བོན་ཞིག་འཇིག་རྟེན་གྱི་མི་ཀུན་ལ་ཡོད། བླ་སྤྲུལ་ཡིན་ཡང་གུས་བཀུར་མེད་ཚེ་ཁྱེད་ལ་མི་མོས་ལ། ཁ་ལ་མ་ཉན་ཚེ་གདུལ་བྱའི་ཁྲོད་ན་ཕྱི་ཕུད་བཏང་ངེས་ཡིན། ཁ་ལ་ཉན་ནས་ཁོང་ཚོས་ཅི་འདོད་དུ་བཀོལ་དུ་བཅུག་ཚེ་སྲས་ཀྱི་ཐུབ་པོ་ཟེར་ནས་བྱམས་སྐྱོང་ཡོད་ལ། འཁོར་གྱི་དངས་མ་ཟེར་ནས་རིན་ཐང་སྤྲད། འུ་ཐུག་ཚེ་དེ་འདྲ་ཆ་རྐྱེན་ལྟ་ཅི་གཞོན་ཤ་ཆགས་ཤིང་ཉན་བདེ་ཡིན་ན་འགྲིག་པ་ཡོང་སྲིད།
    ཕྲན་གྱིས་ལྟས་ན་སླད་མེད་ཀྱི་བརྩེ་དུང་བ་ལ་བཀག་རྒྱ་མེད་ཅིང་ཁ་དོག་མེད། དངོས་གཞི་མེད་ལ་ཆ་རྐྱེན་མེད། རྒྱུ་མཚན་ནི་སླད་མེད་ཀྱི་བརྩེ་དུང་ནི་བརྩེ་བ་དང་དུང་བ་ཟུང་འཇུག ཆགས་པ་དང་སྙིང་རྗེ་ཟུང་འཇུག ཞེ་སྣང་དང་བདེ་བ་ཟུང་འཇུག སྣང་བ་དང་རྨི་ལམ་ཟུང་འཇུག བྱམས་པ་དང་འཚོར་འདུ་ཟུང་འཇུག དགའ་བ་དང་མོས་བ་ཟུང་འཇུག འཆར་བ་དང་ནུབ་པ་ཟུང་འཇུག རྒྱུ་ཡོད་དང་རྒྱུ་མེད་ཟུང་འཇུག རྐྱེན་ཡོད་དང་རྐྱེན་མེད་ཟུང་འཇུག གཞི་ཡོད་དང་གཞི་མེད་ཟུང་འཇུག་སོགས་ཡིན་པས་རེད། འདི་འདྲའི་མཆོག་གྱུར་གྱི་བདེ་འཚོར་ཞིག་འཇིག་རྟེན་དུ་ཕོ་མོའི་བརྩེ་དུང་མ་གཏོགས་སྤྲད་མཁན་མེད་ལ། ཐོབ་ཐབས་བྲལ་བས་མྱོང་བ་དེས་རིག་རིགས་ལ་དབྱེ་བ་མེད་ཅིང་། པགས་མདོག་ལ་ཁྱད་པ་མེད། ལོ་ཚོད་ཀྱི་བཀག་རྒྱ་མེད་ཅིང་རྒྱུ་ནོར་གྱི་གྲལ་རིམ་མེད། འོན་ཀྱང་དེ་འདྲའི་སླད་ཀྱི་དུང་བ་ཞིག་འཇིག་རྟེན་འདིར་རྙེད་ནས་ལོངས་སུ་སྤྱོད་མཁན་གྱི་བསོད་ནམས་ཅན་ཉུང་ལ་ཤར་གླིང་དུ་དེ་བས་ཉུང་། རྒྱུ་མཚན་ནི་མི་རྣམས་ཀྱིས་རང་ཉིད་དུང་སའི་སླད་མེད་ཀྱི་མི་ཞིག་རྙེད་དཀའ་ཞིང་རང་གིས་འདོད་ཀྱང་གཞན་གྱི་མི་འདོད་པས་རེད་ལ། ཤར་གླིང་ན་དེས་བས་རྒྱུ་ནོར་དང་ཕ་མའི་བཀོད་འདོམས་འོག་ཏུ་གཙོ་ཚེར་འགྲོ་བས་ཡིན།
    གང་ལྟར་ཀླུ་སྨྱོན་གྱིས་དེ་ལྟར་བྲིས་བ་ཐུགས་རྗེ་ཆེ། ཧ་ཅང་རིན་ཐང་བདེན་པ་འདོད། རྒྱུ་མཚན་ནི་གཤིས་ལུགས་དང་འབྲེལ་བའི་བདེན་དོན་ཡིན་པས་ཡིན། བདེན་དོན་དེ་གུ་དོག་གི་སྤྱི་ཚོགས་ཀྱི་བཀག་རྒྱ་ལས་བརྒལ་ནས་ཐོན་པས་ཡིན།

  61. ཨ་ནུ་ཐང་བསོད་ནམས says:
    2012-05-08 at 4:48 am

    འོན་ཀྱང་དེ་འདྲའི་སླད་ཀྱི་དུང་བས་ཞེས་བ
    དེ་འདྲའི་སླད་མེད་ཀྱི་དུང་བ་ཞེས་བས་བཅོས་བ་ཡིན།

  62. སྦྲ་དཔལ་ལྡན། says:
    2012-05-08 at 4:55 am

    ཀླུ་སྨྱོན་གྱི་ད་ཐེངས་སྙན་ངག་ཡག་པོ་ཞིག་བྲིས་འདུག་ ཐེངས་གཉིས་བཀླགས་ཡིན

  63. ཁྱི་ཕྲུག says:
    2012-05-08 at 4:59 am

    ཁྱེད་ཀྱི་སྙན་ངག་ཡག་པོ་བྲིས་འདུག   མཛེས་མ་ཚེ་སྐྱིད་ཀྱི་སྙིང་གི་ལྟེ་བ་ལ་མདའ་ཟུག་ཡོད་ཤག་རེད།  དེ་མ་གཏོགས་ད་གོམ་བགྲོད་དེ་འགོ་འཛུགས་རན་རེད།

  64. ཞི་བ་དགའ། says:
    2012-05-08 at 5:07 am

    དགེ་བ་ཡིན་ན་དེའི་འཁོར་དུ་ཁྲེལ་དང་ངོ་ཚ་གཉིས་ཀ་ཡོད་པས་ཁྱབ། མི་དགེ་བ་ཡིན་ན་དེའི་འཁོར་དུ་ཁྲེལ་དང་ངོ་ཚ་གཉིས་ཀ་མེད་པས་ཁྱབ། མི་ཚེ་ཐུང་ཐུང་འདིའི་རིང་ལ་དགེ་སྡིག་གང་བྱེད་རང་ལག་རེད།

  65. བོད says:
    2012-05-08 at 6:47 am

    སྟུ་ཁ་གཞན་གྱིས་ལྡག་མྱོང་མེད། །སྟུ་སྤུ་རང་གིས་བྲེགས་མྱོང་མེད། །སྟུ་འདི་ཐེངས་གཅིག་བཀྲུ་མྱོང་མེད། །ཨ་རིའི་ཡུལ་ན་མེད་པའི་སྟུ། །ཨ་ལགས་ཚང་ལ་མཁོ་སོང་ན། །ཨ་མདོའི་བུ་མོ་ང་ལ་ཡོད། །

  66. འགར་ཚེ་རྒྱལ། says:
    2012-05-08 at 7:11 am

    དེ་འདྲའི་བུ་མོ་ཡོད་ལེ་གདའ།།
    སྒེག་ཉམས་དེ་དག་མངོན་ནས་འདུག།
    སྒྱུ་རྩལ་དེ་དག་རྫོགས་ནས་འདུག།
    གཤིས་ཀ་དེ་དག་ལྡན་ནས་འདུག།
    ཆ་རྐྱེན་ཡོད་ཚད་ཚང་ནས་འདུག།

    ཕོ་སྒོ་རྫིག་ཉམས་སྟོན་བྱེད་རེད།།
    སྒོར་མོ་མགོ་འཕང་མཐོ་བྱེད་རེད།
    ཡོན་ཏན་ང་རྒྱལ་སྐྱེ་བྱེད་རེད།།
    ཁོ་མོར་དགོས་པའི་ཕོ་སྐྱེས་ཀྱི།།
    ཆ་རྐྱེན་ཁྱོད་ལ་ཚང་མེད་ཀི།

    ལྦ་བ་ཆེ་བས་རོ་ལ་རྒྱག།
    མཐོ་གང་ཡོད་ནས་གཏོ་ལ་རྒྱག།
    བྲང་ཁ་མཁྲེགས་ནས་ཅི་ཞིག་རྡུང་།།
    དཔུང་ཤ་མཐུག་ནས་སུ་ལ་འཛིང་།།
    ཕོ་སྐྱེས་དེ་འདྲ་མི་དགོས་ཟེར།།

  67. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-05-08 at 9:35 am

    ལ་རྒྱའི་བདག་པོལེགས།
    རྒན་ལ་དྭགས་པ་ལོ་ངོ་སུམ་ཅུ་སྔོན་ནས་ཨ་རིའི་གྲགས་ཅན་མཐོ་སློབ་ཀྱི་དབྱིན་སྐད་སློབ་དཔོན་ཡིན་ནམ། ག་པ་ག་པར་ཨིན་སྐད་ཀྱི་སློབ་དཔོན་བྱེད་ཐུབ། སློབ་མ་ཡིན། ཡིག་རྒྱུགས་ཤིག་གཏོང་བར་འགྲོ་སྐབས་སུ་བལྟས་པས། ང་རང་དེ་རྣམས་ན། རྒན་ཤོས་ཡིན་འདུག

  68. ལ་རྒྱའི་བདག་པོ་ says:
    2012-05-08 at 10:37 am

    ལགས་སོ་རྒན་ལེགས།
    ད་ཤེས་སོང་། ཁྱེད་དབྱིན་སྐད་སློབ་དཔོན་བྱེད་ཐུབ་ཀྱང་། སློབ་མ་གནང་བ་ཤིན་ཏུ་མཚར།

  69. ཆོས་འཕེལ says:
    2012-05-08 at 11:51 am

    སྐྱ་ཡ་འཚོལ་བའི་སྙིང་སྟོབས་ཡོད་གྱུར་ཀྱང་།།
    སྤྲུལ་ཟོལ་ཡིན་པའི་གསལ་བསྒྲགས་མ་ཕོད་མཚར།།
    ཕོ་མཚན་ཆེ་ཆུང་ཕྱིར་བསྒྲགས་ཕོད་གྱུར་ཀྱང་།།
    ཇི་ཙམ་སྤྱད་པའི་ཁྱབ་བསྒྲགས་མ་ཕོད་མཚར།།

  70. བདེ་ཡང་། says:
    2012-05-08 at 12:38 pm

    ཨ་ཁུ་ཀླུ་སྨྱོན་ཚང་ལ་སྟུ་ཡག་མོ་ཞིག་རག་པའི་སྨོན་འདུན་ཡང་ཡངཞུ།

  71. ཀླུ་སྨྱོན། says:
    2012-05-08 at 12:42 pm

    ཁྱོད་ཚོ་ཚང་མའི་མིག་ཐང་ཐང་མེད་པ་མི་ཡིན་རྒྱུ་མ་རེད། ངས་གྲོགས་པོ་མི་རྐྱང་ཞིག་གི་ཚབ་ཏུ་བྲིས་པ་ཡིན་ཞེས་གསལ་བཤད་བྱས་ཡོད་པ་མ་མཐོང་ངམ།

  72. ལ་སྟོད་བུ། says:
    2012-05-08 at 1:09 pm

    ་ཨ་ཁུ་རང་མིག་ཐང་ཐང་ཡིན་ནམ།
    ༼ཁྱེད་ཚོ་ཚང་མ་ཟེར་ན་གང་འདྲ་འདུག༽ ཡག་པོ་བྱེད་དེ་གཟིགས་དང། ཚང་མས་དགག་པ་རྒྱབ་མི་འདུག

  73. དགེ་འདུན་བསྟན་པ། says:
    2012-05-08 at 4:56 pm

    སྙན་ངག་པ་ཡི་པུར་རྩེ་ཅི་ཡང་མཛེས།། བཤད་བཤད་ཐམས་ཅད་བདེན་པའི་ངེས་པ་མེད །། ཀླུ་སྨྱོན་ད་དུང་གྲྭ་བ་རེད་སྙམ་ཀི ། དེ་མིན་ཚེ་སྐྱིད་ཆུང་མར་ལེན་རྒྱུ་རེད །།

  74. འདོད་ལྷ་ཁམས་པ། says:
    2012-05-08 at 5:51 pm

    དད་ལྡན་དགེ་བཤེས་མཁས་བླུན་ཚོ། །
    ཁ་བརྡ་དྲ་བར་འཛོམས་ནས་ནི། །
    སྟུ་དང་མཇེ་ཡི་ཚོགས་བསྡུས་ནས། །
    བགྲོ་གླེང་ལྷུག་པོ་གནང་བར་དགའ། །

  75. ལོ་མ་ལྗང་ཁུ says:
    2012-05-08 at 9:56 pm

    ང་ལ་མེ་ཏོག་ལྷ་མཛེས་ཡོད་།
    དགོས་ན་འབྲེལ་བ་འདིར་བྱེད་ཤོག
    ཡིན་ཡང་འབྲེལ་བ་མ་བྱེད་གོང་།
    ཁྱེད་ལ་དྲི་བ་ཁ་ཤས་ཡོད་།
    ཁོ་བོའི་བྱ་བ་ག་རེ་རེད་།
    མགོ་ཡི་སྐྲ་ལོ་གང་འདྲ་འདུག
    ཁོ་ལ་རླང་འཁོར་གང་འདྲ་ཡོད་།
    དགའ་དུས་སྐྱིད་པོ་འུ་ཤེས་ཀི
    སྡུག་དུས་སེམས་འགོ་འུ་སྣོན་གི
    འདོད་པའི་དགའ་མར་འཕྲད་པའི་དུས་།
    བརྩེ་བ་སྤྲོད་ཚུལ་འུ་ཤེས་ཀི
    དྲི་བ་འདི་ཚོར་ལན་ཐེབས་ན་།
    བུ་མོ་རྒྱ་མཚོའི་ཕ་རོལ་མེད་།
    བོད་མོའི་ཁྱད་ཆོས་ཡོངས་ནས་ཚང་།
    སང་ཉིན་གནངས་ཉིན་བསྒུག་མི་དགོས་།
    ད་དང་དེ་རིང་ཡོང་ཆོག་ཡིན
    འུ་གོ་ཨ་ཁུ་གླུ་ཡི་བུ་།
    གོ་ན་ཡིག་ལན་དམྱུར་དུ་བྲིས་།

  76. དཔྱིད་འགོའི་མེ་ཏོག says:
    2012-05-08 at 11:14 pm

    འདོད་ལྡན་མི་རྐྱང་དེ་ཉིད་ལ།།
    འདོད་བློ་ཐལ་དྲགས་མང་མངའ་ཡང་།།
    དེ་འདྲའི་བུ་མོ་ང་ཡིན་སྲིད།།
    མི་རིང་མྱུར་དུ་གཉེན་སྒྲིག་བྱ།།
    ལས་ཀ་ཅི་ཙམ་མང་ན་ཡང་།།
    སྒྱིད་ལུགས་བྱ་བའི་གཤིས་ཀ་མེད།།
    རྒྱུན་དུ་མཛུམ་མདངས་འགྱུར་མེད་ཡིན།།
    ཡག་དང་ལས་ཀ་གཉིས་ལྡན་ཡིན།།
    ཟས་ལ་དྲོ་བ་སྣ་བརྒྱ་ཡོད།།
    ཇ་ལྗང་སྣ་ཚོགས་བཟོ་ཡང་ཤེས།།
    ལྦུ་རག་མངལ་མོ་སྡེབ་ཀྱང་ཤེས།།
    ཆོ་ག་ཉིན་ཉལ་མཚན་ཉལ་ཡང་།།
    སྡུག་སྨྲེ་གཏོང་བའི་སྲོལ་ཡང་མེད།།
    ཕྱི་རོལ་གཡེང་ལ་འགྲོ་བ་དགའ།།
    བཟའ་བཏུང་ཞིམ་སྣ་ཤེས་ནས་ཡོད།།
    རོལ་རྩེད་སྣ་ཚོགས་རྩེད་ལ་དགའ།།
    ཐ་མག་སྣ་མང་འཐེན་བཞིན་ཡོད།།
    ཨ་རག་སྣ་ཚོགས་རྒྱུན་འཐུང་ཡིན།།
    ནང་མ་དག་ལ་རྒྱུན་ཉུལ་ཡིན།།
    མི་འཁྱམ་ཚོགས་ལ་རྒྱུན་འགྲོག་དགའ།།
    གཤིས་ཀ་ཡ་མ་བརླ་ཡི་རྒྱན།།
    སྐད་ཆ་ར་མ་ལུགས་དང་འདྲ།།
    རྒྱ་ལུགས་བོད་ལུགས་བསྲེས་ནས་ཡོད།།
    ཉིན་མཚན་གཉིས་རེ་ཡོང་མི་སྲིད།།
    སྣུམ་ནག་སྐྲ་ལོའི་ལན་བུ་ནི།།
    འདོད་ལྡན་སྐྱེ་བོའི་དྲན་ཤིང་ཉིད།།
    བཞིན་གྱི་དམར་མདངས་རྒྱས་ནས་ཡོད།།
    དུང་སོ་སུམ་ཅུ་གྲལ་དག་ཡིན།།
    མཉེན་ཞིང་འཇམ་པའི་ལུས་འདི་ལ།།
    སྐྱེ་བོ་རྣམས་ཀྱི་འདྲེན་བྱེད་འཕྲོག།
    ཨ་རོགས་མི་རྐྱང་ལས་ངན་ཁྱོད།།
    དགོང་ལོ་སུམ་ཅུ་ལོན་ན་ཡང་།།
    ཆུང་མ་མ་རག་སྡུག་ནས་འདུག།
    ང་རང་ལོ་ན་ཉེར་གཅིག་ཙམ།།
    གནམ་ས་འདྲ་བའི་ཁྱད་པར་འདུག།
    ཁྱེད་འདྲའི་ཆོ་ག་དགོས་མི་འདུག།
    ཆ་རྐྱེན་དེ་དག་འཛོམས་ས་ཞིག།
    འཇིན་རྟེན་འདི་ལ་ཡོད་མི་སྲིད།།
    དེའི་ཕྱིར་བསམ་བློ་རྣལ་དུ་ཕོབ།།
    ཡང་མིན་ལྷ་ཡི་ཞིང་དུ་འཚོལ།།
    དེ་མིན་དམྱལ་ཁམས་ཡུལ་དུ་སོང་།།
    ཁྱེད་ལ་མཁོ་བའི་ཆུང་མ་དེ།།
    ལྷ་ཀླུའི་ཡུལ་ན་ཡོད་ཀྱང་སྲིད།།

  77. ཞི་བ་དགའ་ནས says:
    2012-05-09 at 5:47 am

    སྤྱིར་བཏང་གྲྭ་འཁྱམ་ང་ནི། ཀླུ་སྨྱོན་ཁྱེད་ལ་རྒྱབ་སྐྱོར་གནང་མཁན་དང་ངོ་ཤེས་རྙིང་པ་ཡིན།
    འོན་ཀྱང་ཁྱེད་ཀྱི་ཟིན་བྲིས་ནང་ཁ་བརྩོག་དེ་དག་མཐོང་བ་ན། ཡིད་སེམས་ལ་བརྣག་དཀའ་བའི་ན་ཟུག་
    དང་ཧྲོ་ལངས་པ་ཞིག་རང་བཞིན་གྱིསཡོང་གིན་འདུག རྒྱུ་མཚན་ནི། དགེ་ཚུལ་སློང་ཡིན་ན་སྟོན་པ་བཀའ་དྲིན་ཅན་གྱི་འདུལ་ཁྲིམས་རིན་པོ་ཆེ་ལ་དེ་འདྲའི་ཁྱད་གསོད་བྱས་ནས་གང་དྲག་བསམ་པ་སོགས་ཀྱིས་རེད།
    གྲྭ་ལོག་ཡིན་ན་ཡང་ལོག་ནས་མ་ཆོག་ད་དུང་ངག་ཀྱལ་རྐྱང་རྐྱང་བཤད་པ་ཡོག་པོ་མ་རེད། རང་དབང་ཡོད་ལ་ཚད་བཀག་མེད་ན། ཆོས་དང་འཇིག་རྟེན་གྱི་སྲོལ་གང་ཡང་བརྩི་མི་དགོས་བ་ཨེ་ཡིན་ནམ།

  78. ཆོས་འཕེལ says:
    2012-05-09 at 2:12 pm

    ཧེ

  79. ཨ་སི་མན says:
    2012-05-10 at 1:41 am

    ཡིད་སེམས་མཐུནཔའི་གྲོགས་པོ།།
    ག་ས་ག་ལ་མཆིས་ཀྱང་།།
    བུ་ངའི་ཡིད་སེམས་འཁོར་ས།།
    ཨ་ཅ་ཁྱོད་ལས་མི་འདུག།

  80. ཉི་མ་གཞོན་ནུ། says:
    2012-05-10 at 2:28 am

    ཀླུ་སྨྱོན་ལགས། བཀྲ་ཤིས་བདེ་ལེགས་ཞུ། གུས་པ་ཁྱེད་ཀྱི་སྙན་རྩོམ་ལ་ཤིན་ཏུ་དགའ་མོས་ཡོད་མཁན་ཞིག་ཡིན། རྩོམ་འདི་ཤིན་ཏུ་སྙན་པོ་འདུག་ལགས། ཐུགས་རྗེ་ཆེ་ཞུ།

  81. ཁྲོ་ཐུང་ says:
    2012-05-10 at 2:24 pm

    ཨ་ཁུ་ཀླུ་སྨྱོན་རྩོམ་ཡག་པོ་འདུག་ཞི་མོ་འདི་ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme