Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲུག་རྒྱལ་ཁབ་ནང་སློབ་གྲྭ་བཙུགས་ནས་ལོ་བརྒྱ་འཁོར་བ།

Posted on 2012-05-032012-05-03 By ཁ་བརྡ་ 17 Comments on འབྲུག་རྒྱལ་ཁབ་ནང་སློབ་གྲྭ་བཙུགས་ནས་ལོ་བརྒྱ་འཁོར་བ།

ཤིང་རྟ་ནས།

འབྲུག་རྒྱལ་ཁབ་ནང་དུ་སློབ་གྲྭ་འགོ་བཙུགས་ནས་༢༠༡༢ ལོར་ལོ་ངོ་བརྒྱར་སོང་ཡོད། དེའང་ཕྱི་ཟླ་ ༥ པའིཚེས་ ༢ ནས་བཟུང་ཉིན་གྲངས་དུ་མའི་རིང་དུ་དེང་སང་ཤེས་རིག་འགོ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་འདུག འབྲུག་རྒྱལ་ཁབ་ནང་ཕྱི་ལོ་ ༡༩༡༢ ཕན་ཆོད་དུ་ནང་པའི་ཤེས་ཡོན་བསླབ་སའི་བཤད་གྲྭ་མ་གཏོགས་དེང་སང་གི་ཤེས་ཡོན་བསླབ་སའི་སློབ་གྲྭ་མེད་པས། ཕྱི་སྐད་ཤེས་མཁན་རེ་གཉིས་ཤིག་ལས་མེད།དེང་སང་གི་ཤེས་ཡོན་ལམ་ལུགས་དང་ཕྱི་གླིང་པའི་སྐད་རིགས་དང་གནས་སྟངས་དབུ་ཁྲིད་ཚོས་མ་མཁྱེན་ན། ནང་པའི་ཤེས་ཡོན་རྐྱང་པས་འབྲུག་རྒྱལ་ཁབ་ཀྱི་མ་འོངས་པའི་མདུན་ལམ་དང་གཞུང་གི་ཆབ་སྲིད་འཛིན་སྐྱོང་བྱེད་མི་ཐུབ་པ་དགོངས་ཏེ། འབྲུག་རྒྱལ་དང་པོ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་དང་། རྒྱ་གར་ཀ་ལི་ཕུར་གནས་སྡོད་འབྲུག་གི་ངོ་ཚབ་ཀ་ཟི་ཨོ་རྒྱན་རྡོ་རྗེ་གཉིས་ཀྱིས་འབྲུག་ལ་སློབ་གྲྭ་བཙུགས་རྒྱུའི་ཐུགས་ཐག་བཅད་འདུག དེ་ཡང་ཕྱི་ལོ་ ༡༩༡༢ ལོར་འབྲུག་ཡུལ་གྱི་ནུབ་ཕྱོགས་ཧཱ་རྫོང་ཁག་ཏུ་དེང་སང་ཤེས་ཡོན་བསླབ་སའི་སློབ་གྲྭ་ཐོག་མ་དེ་བཙུགས་སྐབས་སུ་སློབ་ཕྲུག་བུ་རྐྱང་པ་༤༦ སློབ་གྲྭ་ནང་འཛུལ་ཞུགས་བྱས་ཏེ་དེང་སང་གི་ཤེས་ཡོན་བསླབ་ཡོད་པ་རེད་འདུག སློབ་ཕྲུག་དེ་དག་གིས་འབྲུག་ཧཱ་རྫོང་ཁག་ནང་ཡོད་པའི་སློབ་གྲྭ་ནང་ཟླ་བ་ ༦ དང་ཀ་ལི་ཕུ་རྒྱ་གར་སློབ་གྲྭ་ནང་ཟླ་བ ་༦ སློབ་སྦྱོང་བྱེད་ཚུལ་གྱི་ལོ་རྒྱུས་འདུག སློབ་ཕྲུག་དེ་དག་འབྲུག་ཧཱ་ས་གནས་ནས་ཆུམ་སྦིས་ལུང་གཤོང་དང་འབྲས་ལྗོངས་(སི་ཀིམ་)བརྒྱུད་དེ་ཀ་ལི་ཕུ་བར་དུ་ཉིན་གྲངས་བརྒྱད་ཀྱི་རིང་དུ་རྐང་ཐང་དུ་འགྲོ་དགོས་ཀྱང་དཀའ་ཁག་ཁྱད་དུ་བསད་དེ་སློབ་སྦྱོང་བྱས་པའི་གནས་ཚུལ་འཁོད་འདུག དེའི་རྗེས་འབྲུག་གི་སློབ་གྲྭ་གཉིས་པ་དེ་ཕྱི་ལོ་ ༡༩༡༣ ལོར་འབྲུག་རྒྱལ་དང་པོ་མཆོག་གིས་བརྒྱུད་འཛིན་གྱི་རྒྱལ་སྲས་འཇིགས་མེད་དབང་ཕྱུག་གི་དོན་དུ་འབྲུག་རྒྱལ་སའི་ཤར་ཕྱོགས་བུམ་ཐང་བླ་མའི་དགོན་པ་ཞེས་པ་རུ་སློབ་གྲྭ་ཞིག་གཞི་བཙུགས་གནང་འདུག དེ་ནས་བཟུང་སྟེ་ས་གནས་སོ་སོར་སློབ་གྲྭ་དུ་མ་སྒོ་ཕྱེས་ཏེ་རྒྱ་གར་གྱི་ས་གནས་གང་ས་ནས་སློབ་གྲྭའི་དགེ་རྒན་གདན་ འདྲེན་གྱིས་དེང་དུས་ཀྱི་ཤེས་ཡོན་གོང་འཕེལ་དུ་གཏོང་འདུག འབྲུག་རྒྱལ་ཁབ་དེ་རྒྱལ་སྤྱིའི་གྲལ་དུ་འཛུལ་ཞུགས་ཐུབ་པ་དེ་ནི་འབྲུག་གི་རྒྱལ་རབས་གསུམ་པ་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་ཁོང་གིས་མཛད་རྗེས་ཁོ་ན་རེད་འདུག ཁོང་ནི་ཕྱི་ལོ་༡༩༥༢ ལོར་གསེར་ཁྲིར་མངའ་གསོལ་ཞུས་པ་དང་། ཁོང་གིས་ཕྱི་ལོ་༡༩༥༣ ལོར་འབྲུག་གི་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་གསར་འཛུགས་གནང་བ་མ་ཟད་དབུལ་པོ་རྣམས་ཀྱང་ཚེ་གཡོག་ལས་བཀྲོལ་ཏེ་ཚོང་དང་སོ་ནམ་སོགས་རང་རང་གི་བློ་འདོད་ལྟར་ལག་ལེན་ཆོག་པའི་ཁེ་དབང་སྤྲད་ཡོད་འདུག
༡༩༥༥ ལོར་རྒྱུ་དངུལ་གྱི་ཁྲལ་རིགས་བསྡུ་སྲོལ་ཡོད་པ་པ་རྣམས་གུ་ཡངས་བཏང་སྟེ་དཔལ་འབྱོར་ཡར་རྒྱས་ཀྱི་གོམ་པ་མདུན་སྤོའི་ལམ་སྟོན་མཛད་འདུག ༡༩༦༡ རྒྱལ་ཁབ་གོང་འཕེལ་གྱི་ལས་རིམ་གསར་འཛུགས་གནང་ཡོད་པ་དང་། གོང་འཕེལ་གྱི་རྩ་བ་ཤེས་ཡོན་ཡིན་པ་དགོངས་ཏེ་རྫོང་ཁག་ ༢༠ ཡི་ནང་དུ་སློབ་གྲྭ་དུ་མ་གསར་འཛུགས་དང་ཡར་རྒྱས་བཏང་སྟེ་སྦས་ཡུལ་དུ་གནས་པའི་འབྲུག་མི་རྣམས་གོ་རྟོགས་སད་བཅུག་ཡོད་པ་རེད་འདུག ཁོང་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་མིའི་གྲལ་དུ་འཛུལ་ཞུགས་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་དུ་མར་མཐུན་འབྲེལ་མཛད་པ་དང་། རྒྱལ་ཁབ་དུ་མའི་ནང་དུ་གཞུང་ཚབ་ཁང་བཙུགས་པ་སོགས་ཀྱིས་ཕྱག་ལས་དུ་མ་གནང་རྗེས་འབྲུག་རྒྱལ་ཁབ་དེ་རྒྱལ་ཚོགས་སུ་འཛུལ་ཞུགས་ཐུབ་པའི་མཛད་རྗེས་བཞག་ཡོད་འདུག ཕྱི་ལོ་ ༡༩༦༣ ལོར་ཁེ་ན་ཌ་སོགས་ནས་སློབ་དཔོན་གདན་དྲངས་ཏེ་སློབ་ཕྲུག་རྣམས་ཀྱིས་ཚད་རིག་དང་རྩིས་ཀྱི་ཆུ་ཚད་གོང་མཐོར་བསླབ་པའི་འགོ་བརྩམས་ཡོད་པ་ མ་ཟད་འབྲུག་རྒྱལ་ཁབ་ནང་འཕྲུག་རིག་གི་ལས་དོན་རྣམས་ཀྱང་འགོ་བཙུགས་ཡོད་འདུག
དེང་སང་འབྲུག་རྒྱལ་ཁབ་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རྩིས་པའི་སློབ་གྲྭ་གྲངས་ ༧༠༠ བདུན་བརྒྱ་ལྷག་དང་སློབ་དཔོན་ནམ་དགེ་རྒན་༩༠༠༠ དགུ་སྟོང་ལྷག་དང་སློབ་ཕྲུག་ ༢༠༠༠༠༠ འབུམ་གཉིས་ལྷག་ཙམ་ཡོད་འདུག འབྲུག་གི་སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་མ་ཐོན་བར་དུ་སློབ་ཡོན་འབྲུག་སྒོར་གཅིག་ཀྱང་སློབ་གྲྭར་སྤྲད་མི་དགོས་པ་ཚང་ མར་གཞུང་གིས་རོགས་སྐྱོར་ཡོད་པ་རེད་འདུག སློབ་གྲྭའི་མཐུན་རྐྱེན་བཟང་བའི་དབང་གིས་ཕྱི་ལོ་ ༡༩༡༢ ལོར་སློབ་གྲྭ་འགོ་བཙུགས་པ་ནས་བཟུང་ལོ་ངོ་བརྒྱ་ཡི་རིང་ལ་འབྲུག་མི་འབུམ་བདུན་ལྷག་ཡོད་པ་རྣམས་ཤེས་ཡོན་བརྒྱ་ཆ་༦༤ ཙམ་ཞིག་ཡར་རྒྱས་སོང་ཡོད་པའི་གནས་ཚུལ་བཀོད་འདུག དེའང་ཕྱུག་པོ་རྣམས་ཀྱི་བུ་ཕྲུག་རྣམས་མཐོ་རིམ་སློབ་གྲྭར་འགྲིམ་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རི་སོགས་རྒྱལ་ཁབ་འདྲ་མིན་གྱི་སློབ་ཆེན་ནང་དུ་བཏང་སྟེ་སློབ་སྦྱོང་བྱེད་བཅུག་པ་དང་སློབ་མཐར་ཕྱིན་རྗེས་སླར་ཡང་རང་ཡུལ་དུ་ཡོང་ནས་འབྲུག་གཞུང་དང་རང་སྡེའི་མི་མང་རྣམས་ལ་ཞབས་ཏོག་ཞུ་བཞིན་ཡོད་འདུག

གསར་འགྱུར།

Post navigation

Previous Post: མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ།
Next Post: ཀ་ཁ་ག་ང་ཤེས་པའི་ཁེངས་པ།

Comments (17) on “འབྲུག་རྒྱལ་ཁབ་ནང་སློབ་གྲྭ་བཙུགས་ནས་ལོ་བརྒྱ་འཁོར་བ།”

  1. འཇིགས་མེད་བློ་གྲོས། says:
    2012-05-03 at 12:08 pm

    རྒྱལ་ཁབ་ཆུང་ཆུང་འདི་དངོས་གནས་ཚགས་ཚུད་པོ་རེད།

  2. BONPO says:
    2012-05-03 at 12:12 pm

    ཤིང་རྟ་ལགས། སྐུ་ཉིད་ཀྱིས་འདི་ལྟ་བུའི་གནས་ཚུལ་ཁ་གསལ་བྲིས་པ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཚོ་དང་ལྷན་དུ་སྐད་དང་རིག་གཞུང་ཆོས་ལུགས་སོགས་གང་ལ་གང་མཚམས་རིགས་མཐུན་དུ་གྱུར་པའི་གཡས་གཡོན་གྱི་ཁྱིམ་མཚེས་རྒྱལ་ཁབ། འབྲུག་དང་་་བལ་ཡུལ་་་སོག་པོ་་་་བཅས་ཀྱི་རང་འདྲའི་ཡུལ་ལུང་འདི་ཚོའི་ནང་དུ། ཉིན་མ་རེར་གསར་གཏོད་དང་འགྱུར་བ་ཇི་ལྟར་འགྲོ་བའི་གནས་ཚུལ་རྣམས་ཤེས་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ། གཞན་ཨ་རི་དང་ཡུ་རོབ་སོགས་ཆེ་ས་རྐྱང་རྐྱང་ཞིག་ལ་དུས་གཏན་དུ་མིག་ཅེར་ནས་བལྟ་བསྡད་བཞག་པ་ཡིན་ན། རང་ཉིད་སུ་ཡིན་པ་དེ་རང་ཉིད་ཀྱིས་ངོ་མ་ཤེས་པ་འདྲ་པོ་མཐོང་གི་འདུག། །

  3. དགེ་ལེགས་བློ་ལྡན says:
    2012-05-03 at 1:36 pm

    ད་ལྟའི་བར་དུ་འབྲུག་པ་ཚོ་ལ་མི་ལ་སྟོན་འོས་པ་དང་ངོམ་འོས་པ་ཞིག་ཡོད་པ་ནི་བོད་རྒྱུད་ནང་བསྟན་ཁོ་ན་རེད་

  4. བདག་པོ says:
    2012-05-03 at 7:23 pm

    ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པས་ཕྱིའི་གནས་ལུགས་མང་དག་ཞིག་མཁྱེན་ནས་བོད་དུ་དེང་དུས་སློབ་གྲྭ་འཛུགས་ཡས་དང་། ཕྱི་ཕྱོགས་སུ་བོད་ཕྲུག་རིག་པ་ཡག་པ་བརྒྱ་ཕྲག་གཏོང་རྒྱུའི་འཆར་གཞི་གཏིང་ཡང་རང་ལ་ཕུག་བསམ་ཡོད་པ་དང་གཞན་ལ་ཕུག་བསམ་མེད་པར་བཟོ་བའི་སྐུ་དྲག གནས་སྐབས་འཚོ་བར་ཞེན་པའི་གདན་སའི་དབུ་ཁྲིད་ཚོས་འཆར་གཞི་དེ་དག་ལམ་ལྷོངས་སུ་བཏང་མེད། ང་ཚོའི་མི་ཐོག་གོང་མ་ཚོར་རྒྱལ་ཁབ་འཛུགས་སྐྲུན་དང་། མཐའ་མཚམས་བརྟན་སྲུང་། དམངས་ཕན་སྲིད་ཇུས། འཕྲོད་བསྟེན་སློབ་གསོ། བཙན་རྒོལ་རྒྱལ་སྐྱོབ་ཀྱི་བསམ་བློ་རྒྱ་ཆེན་པོ་མེད་ཙང་རང་ས་ཤོར་བ་རེད། དེའི་བྱ་འབྲས་ཀྱིས་ད་ལྟའི་བོད་ཀྱི་དཀའ་ངལ་ལ་གཟིགས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་པའི་རྗེས་དེ་སྔའི་རྗེས་ལུས་ཀྱི་རྣམ་པ་དེ་དག་གཟིགས་ནས་རྒྱ་གར་ནང་དགོན་སྡེ་དང་། སློབ་གྲྭ་ཁག་དེང་དུས་དང་འཚམ་པའི་ཤེས་ཡོན་གྱི་སྡེ་ཞིག་གསར་འཛུགས་གནང་ཡོད། གྲངས་ཀ་བརྒྱབ་ན་ང་ཚོར་གྲངས་ཚད་ལོན་པ་ཡོད་ཀྱང་༧གོང་ས་མཆོག་ནས་གསོ་སྐྱོང་གནང་བའི་བོད་ཕྲུག་མི་ཉུང་བ་ཞིག་ལ་བོད་པའི་ལྟ་བ་དང་། བོད་པའི་ལྷག་བསམ་དེ་ཙམ་མེད་དུས་སེམས་པ་སྐྱོ་ཡག་མ་གཏོགས་བསྡད་མི་འདུག བོད་གཞུང་ནས་ཕྱི་རྒྱལ་སློབ་གྲར་བཏང་ན་ཚུར་མ་ལོག་པར་བོད་པའི་ཡ་རབས་བཟང་སྤྱོད་ལ་སྐྱོན་ཆ་བཟོས་པ་རེད། འབྲུག་པས་ཐབ་ཆུང་ཆུང་ཞིག་ནས་མེ་ཚ་པོ་གཏོང་གི་ཡོད་རེད། གང་ལྟར་བརྒྱ་བཤད་སྟོང་བཤད་བྱས་ནའི་འབྲུག་པ་ལས་ཐབས་སྐྱོ་བ་ཆགས་འདུག ད་ནས་བཟུང་ང་ཚོས་གཞན་གྱི་ཡོན་ཏན་གྲངས་ཀ་མ་རྒྱབ་པར་རང་གི་ཡོན་ཏན་གྲངས་ཀ་རྒྱག་རྒྱུ་གལ་ཆེ་བར་མཐོང་།

  5. མེ་ཏོག་དཀར་པོ། says:
    2012-05-03 at 9:16 pm

    སློབ་གྲྭ་དང་ཤེས་ཡོན་ཐད་སྐབས་དེའི་སྐྱ་བོའི་དཔོན་རིགས་མ་འགྲིག་པ་དེ་འདྲ་ལབ་ས་ཨ་ཡོད། ༡༩༤༠ ནང་སྐུ་དྲག་གི་བུ་བཞི་དབྱིན་ལེན་དུ་སློབ་སྦྱོང་ལ་ཕྱིན་པ་དང་རྒྱ་གར་དར་ཇི་གླིང་སོགས་སུ་དེང་དུས་སློབ་སྦྱོང་བྱས། རྒྱང་རྩེར་དབྱིན་ཇིའི་སློབ་གྲ྄་བཙུགས་པ་སོགས་རེད་དོ། །དེ་ལ་གནོད་སྐྱེལ་མཁན་ངོ་མ་དེ་དགེ་ལུགས་པའི་དགོན་ཆེན་སེ་རག་སོགས་གསུམ་གྱི་མཁན་པོ་སོགས་ལས་ཀྱི་སྣེ་མོར་གཏོགས་པ་དེ་ཚོ་རེད། ཆབ་སྲིད་སྐོར་ཀླད་པ་སྟོང་རྐྱང་ཡིན་ནའང་བོད་རྒྱལ་ཡོངས་ཚོགས་ཆེན་ལྟ་བུའི་ནང་རྐུབ་སྟེགས་ཀྱི་ས བཀག་སྟེ་བཀོད་པ་གཏོང་གི་ཡོད། སྐྱབས་འགྲོ་ཡིན་ན་ཞིག་གི་བསླབ་བྱ་དང་འགལ་རབས་བཤད་དེ་དབྱིན་ཇིའི་སློབ་གྲྭ་སྒོ་རྒྱབ། ཁོང་ཚོའི་རྟ་དྲེལ་ཚོའི་ཡོངས་ཁུངས་ཁེགས་འགྲོ་བར་བསྙད་དེ་སྣ་ཐོད་ལ་ནས་ལྷ་སའི་བར་གྱི་འཁོར་ལམ་བཟོ་རྒྱུ་བཀག འོ་དེ་འདྲ་གནང་པ་རེད། ཆོས་སྐྱོང་སྲུང་མས་བྱེད་གི་མིན་འདུག་ཟེར་སྡུག་ཡུས་བཤད་ས་མེད་རེད། མིས་མ་འབྱོན་ན་སྲུང་མས་གདོང་གྲོགས་གང་འདྲ་བྱེད་དགོས་རེད།

    སྐབས་སུ་བབ་པ་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ནང་དེང་དུས་ཅན་གྱི་སློབ་གྲ྄་བཙུགས་ནས་ལོ་བརྒྱ་འཁོར་བར་བཀྲ་ཤིས་བདེ་ལེངས་ཞུ། ད་དུང་ཁྱེད་རང་ཚོའི་སྐད་ཡིག་ཐོགཅལ་དོ་སྣང་གནང་རོགས། ཀླད་མེད་མང་པོས་ནེ་པ་ལིའི་སྐད་ཁོ་ན་རྒྱབ་ནས་སྔོན་མཐོན་དུ་རྩིས་གི་འདུག་པ་དེ་དང་ལ་སྟངས་འཛིན་གནང་འོས། བོད་རྒྱལ་ལོ། འབྲུག་རྒུལ་ལོ། བོད་འབྲུག་གཉིས་བུ་སྤུན་རེད་ད།

  6. ལ་སྟོད་བུ། says:
    2012-05-03 at 9:29 pm

    ཡ་མཚན་པ་ལ།
    འབྲུག་པས་བོད་ཡིག་ལ་བོད་ཡིག་མི་ཟེར་ཆོས་ཡིག་ཆོས་སྐད་ཅེས་བརྗོད་ཀྱིན་པ་དེ་རེད།
    གཅིག་བྱེད་ན་ཆབ་སྲིད་ཀྱིས་ཡིན་རྒྱུ་རེད། དེ་འདྲའི་རྣམ་རྟོག་རང་ད་མི་དགོས་སྙམ། དཔེར་ན། རྒྱལ་ཁབ་སོ་སོ་རང་བཙན་ཡོད་པ་བལ་པོས་ཧིན་དྷིའི་སྐད་རྒྱབ་ཀྱི་རེད། རྒྱ་གར་གྱིས་ཀྱང་ཧིན་དྷིའི་སྐད་བཀྱོན་གྱི་རེད།
    བྱས་ཙང་གནད་འགག་དེ་འདྲ་རང་ཆེན་པོ་མི་འདུག འབྲུག་ལ་དེང་རབས་ཀྱི་སློབ་གྲྭ་བཙུགས་ཏེ་དམངས་གཙོའི་རང་བཞིན་ཚད་དང་ལྡན་པ་ཞིག་ཆགས་ཏེ། འབྲུག་མི་རིགས་རྣམས་ཀྱི་རང་གི་སྔར་གྱི་ཕ་མེས་ཀྱི་ཆོས་ལུགས་གྲུབ་མཐའ་རང་མལ་དུ་སྤྱོད་ཆོག་ཅིང་རྒྱལ་ཕྱི་ནང་ཀུན་རང་དབང་གིས་གནས་བསྐོར་དང་ལྟ་སྐོར་ལ་འགྲོ་ཆོག་པ་སོགས་དམངས་གཙོའི་ལམ་ལུགས་མཐའ་དག་ལེགས་འགྲུབ་ཡོང་བའི་རེ་བ་ཡོད། ང་ནི་འབྲུག་ལ་དགའ་ཞིང་འབྲུག་ཟས་ལ་སྲེད། འབྲུག་གླུ་ལ་ཡིད་ཆགས་ཤིང་འབྲུག་ཡུལ་ལ་འགྲོ་འདོད་ཀྱི།

  7. མེ་ཏོག་དཀར་པོ། says:
    2012-05-03 at 9:42 pm

    གོང་དུ་ཡི་གེ་མ་དག་པ་མང་པོ་ཤོར་འདུག་པར་ཀློག་མཁན་ལ་དགོངས་དག་ཞུ།

  8. མེ་ཏོག་དཀར་པོ། says:
    2012-05-03 at 10:32 pm

    ལ་སྟོད་བུ་ལགས། འབྲུག་པས་ནེ་པ་ལིའི་སྐད་བེད་སྤྱོད་པར་མི་འོས་པ་ལྟ་བུ་བཤད་པ་ནི་བལ་སྐད་ལ་སྡང་བས་གཏན་ནས་མིན་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་ན་གསལ་པོ་ཡིན།
    བལ་པོ་ས་ཡ་ ༢༧ ཡས་མས་ཤིག་གི་སྐད་ཡིག་ཉམས་རྒྱུ་ལས་སླ་པོ་མ་རེད་ལ། འབྲུག་པ་ས་ཡ་ ༡ མ་ཟིན་ཙམ་གྱི་སྐད་ཡིག་ཉམས་རྒྱུ་ལས་སླ་པོ་རེད། གལ་འབྲུག་ནས་འབྲུག་གི་སྐད་ཡིག་ཉམས་ཆགས་ཤོར་ན་གྱོང་གུད་དེ་ཧི་མ་ལ་ཡའི་བོད་རིགས་ཚང་མས་མཉམ་ཁུར་བྱ་དགོས་མ་རེད་དམ།

  9. གངས་སྤྲེལ་ཚ། says:
    2012-05-04 at 4:08 am

    འབྲུག་པ་ཚོ་ཁོང་ནག་ནི་རེད་་་་་་བོད་ཡིག་ལ་ནང་པའི་ཡི་གེ་ཟེར་བ་ལས་བོད་མི་ཟེར་་་་་ཁོ་ཚོས་རྫོང་ཀར་ཟེར་ཡ་འཁྱོག་བྲིས་མ་དག་པ་ཞིག་ཡོད་རེད་་་ཡིན་ན་ཡང་་་ལོ་ཁ་ཤས་ནས་འབྲུག་པའི་ནང་བསྟན་ཉམས་ངེས་རེད་་་་དེ་ནི་ཡི་གེ་དག་མ་ཞིག་མེད་པས་རེད་་་ཁོ་ཚོ་རང་དབང་གི་རྒྱལ་ཁབ་ཞིག་ཡིན་ཀྱང་་་་རིགས་གཞུང་བདག་པོ་བརྒྱབ་ཐུབ་ཀྱི་མི་འདུག་ལ་་་་བདག་པོ་རྒྱག་བསམ་གྱི་བསམ་བློ་ཡང་མི་འདུག་་་་་ཡི་གེ་ནི་ཁ་སྐད་དང་་དབྱིན་སྐད་མཉམ་སྤྲེལ་ཅན་ཞིག་རེད་་་་་

  10. ལ་སྟོད་བུ། says:
    2012-05-04 at 4:23 am

    ཨ་ཅེ་མེ་ཏོག་ལགས།
    འབྲུག་པས་བལ་སྐད་ལ་ལོས་སྡང།
    བལ་པོ་ལ་སྡང་དུས་དེ་ཡི་སྐད་དང་རིག་གཞུང་ཐམས་ཅད་ལའང་རང་བཞིན་གྱིས་སྡང་པ་རེད།
    བལ་བོད་ཀྱི་རྐུབ་ལ་ལྕག་ཚན་བཞུས་པ་མཁྱེན་མེད་དམ།
    ཡང་ཁྱོད་ལ་ཁྱོ་ཀ་འབྲུག་ཕོ་ཞིག་ཡོད་ན་ཁག་མེད།
    ཨ་ལགས་སྐུ་རྩེད་ཞུས་ཡིན་དྭ་ང་ཚོ་ལ་དེ་ཙམ་གྱིས་ཇུས་གཏོགས་མི་འདུག
    འབྲུག་པའི་ཨེ་མ་དྷ་ཙེ་དེ་ཚ་སེ་ཡོད་དྭ།

  11. མེ་ཏོག་དཀར་པོ། says:
    2012-05-04 at 5:11 am

    ལ་སྟོད་ལགས། ངའི་སྐད་ཆ་གང་གཟབ་བཤད་ཡིན་མོད་ཁྱོད་ཀྱིས་ཀྱལ་ཀ་འདྲ་བྱས་ཏེ་བྲོ་བ་མེད་པ་བཟོས་སོང་། ད་གཡུག་ཞོག

  12. གླིང་དཀར་ལྷ་རྗེས། says:
    2012-05-04 at 7:16 am

    ཤིེང་རྟས་དངོས་ནས་རྒྱུས་མངའ་གང་ཙམ་འདུག་ལ་། དཔལ་ལྡན་འབྲུག་གཞུང་ནི་རང་ཚུགས་ལྡན་པའི་ཆོས་ལྡན་ཞིང་ཁམས་ཡིན་ལ་འཛམ་གླིང་ནང་མགྲིན་པ་འདེགས་ནས་དུས་སྐབས་དང་མཐུན་པའི་ཤེས་རིག་ཡར་རྒྱས་འགྲོ་བཞིན་ཡོད་པ་འདས་པའི་མེས་དཔོན་བཀའ་དྲིན་ལས་བྱུང་བ་ཞིག་ཡིན། ད་ཆ་ངེད་བོད་པ་ཚང་ལ་ད་ལྟའི་ལུང་མེད་ཡུལ་འགྱར་བའི་ཁ་དོག་དང་། འདས་པའི་སྐུ་དྲག་བླ་ཆེན་རྣམས་པས་ང་ཆེ་ང་བཙན་ཐབ་རྩོད་ལས་༸གོང་ས་༸བཅུ་གསུམ་པའི་ཞལ་གདམས་གཞིར་ཟུང་བསྐྱོད་མི་ཐུབ་པས་ལོ་ངོ་སུམ་བརྒྱ་སྔོན་ལ་ཡན་ཕྲན་གྱུར་བའི་འབྲུག་གཞུང་ལས་ངེད་ཚང་ཐབ་སྐྱོ་བ་མ་ཡིན་ནམ་ B B T བརྙན་འཕྲིན་གཟིགས་དང།

  13. པད་དཀར་ཕོ་ཉ says:
    2012-05-05 at 9:22 am

    ཤིང་རྟ་ལགས་ཀྱིས་བཀོད་འདུག་པ་ལྟར། རང་རེའི་འབྲུག་ཁབ་དེའི་མི་རིགས་ཀྱི་ཤེས་ཡོན་ཆུ་ཚད་གོང་མཐོར་གཏོང་ཆེད། གཞུང་ཞབས་ལས་བྱེད་པ་ཚོས། གཞོན་སྐྱེས་རྣམས་ལ་དེང་རབས་རིག་གསར་ཤེས་བྱའི་སློབ་སློང་བྱེད་པར་དབང་བའི་ཐབས་སྒོ་ཞིག་འཚོལ་བཞིན་པ་ནི། ཆེས་དགའ་འོས་པའི་གནས་ཚུལ་ཞིག་རེད། འོན་ཀྱང་། བྱ་བཞག་དེའི་ལག་བསྟར་གྱི་ཐད་ནས་ང་ཚོས་ངེས་པར་དུ་གཟབ་དགོས་པ་ཞིག་ལ། བབ་ཅོལ་ངང་ཕྱི་གླིང་བའི་ཡིན་ནོ་ཅོག་བཤུ་རྐྱང་མི་བྱེད་པར། རང་རེའི་རིག་གཞུང་གི་ནུས་པ་དང་། མི་རིགས་ཀྱི་ཆུ་ཚད་མཐོར་འདེགས་བཅས་ལ། ཕན་མིན་གྱི་ཐད་དུ་ལེགས་པར་བརྟགས་ཤིང་། ཁེ་ཕན་ནམ་དགེ་མཚན་ཆེ་བའི་རིགས་ཁོ་ནར་སློབ་སྦྱོང་གི་བྱེད་སྒོ་གང་ལེགས་ཤིག་བརྒྱུད། ཕྱི་གླིང་བའི་རིག་གསར་ལས་ལེགས་ཆ་བསྡུ་ལེན་བྱེད་དགོས་པར་སྣང་ངོ་།།

  14. སྐྱབས་བཅོལ་བ་ says:
    2012-05-06 at 12:21 am

    གནས་ཚུལ་འདི་འདྲའི་རིགས་མཁོ་སྤྲོད་གནང་བ་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    ཕྱོགས་གཅིག་གི་གནས་ཚུལ་བསྐྱར་འགོད་བྱས་པ་ལྟ་བུར་མ་ཡིན་པ་ཕྱོགས་གང་སའི་གནས་ཚུལ་ངོ་སྤྲོད་
    བྱ་མཁན་ཡོད་ཡི་རང་ཡོད།

  15. དེ་ཕོ། says:
    2012-05-06 at 12:27 am

    སྐུ་ཉིད་ཀྱིས་འདི་ལྟ་བུའི་གནས་ཚུལ་ཁ་གསལ་བྲིས་པ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཚོ་དང་ལྷན་དུ་སྐད་དང་རིག་གཞུང་ཆོས་ལུགས་སོགས་གང་ལ་གང་མཚམས་རིགས་མཐུན་དུ་གྱུར་པའི་གཡས་གཡོན་གྱི་ཁྱིམ་མཚེས་རྒྱལ་ཁབ། འབྲུག་དང་་་བལ་ཡུལ་་་སོག་པོ་་་་བཅས་ཀྱི་རང་འདྲའི་ཡུལ་ལུང་འདི་ཚོའི་ནང་དུ། ཉིན་མ་རེར་གསར་གཏོད་དང་འགྱུར་བ་ཇི་ལྟར་འགྲོ་བའི་གནས་ཚུལ་རྣམས་ཤེས་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ། གཞན་ཨ་རི་དང་ཡུ་རོབ་སོགས་ཆེ་ས་རྐྱང་རྐྱང་ཞིག་ལ་དུས་གཏན་དུ་མིག་ཅེར་ནས་བལྟ་བསྡད་བཞག་པ་ཡིན་ན། རང་ཉིད་སུ་ཡིན་པ་དེ་རང་ཉིད་ཀྱིས་ངོ་མ་ཤེས་པ་འདྲ་པོ་མཐོང་གི་འདུག། །

  16. མིག་བརྒྱད་པ། says:
    2012-05-06 at 4:41 am

    དེང་སང་འབྲུག་ཡུལ་གྱི་སློབ་ཕྲུག་མང་པོ་ཞིག་བོད་ཀྱི་གདན་ས་ཁག་ཏུ་ཞུགས་ནས་བོད་ཀྱི་རིག་གཞུང་སློབ་བཞིན་པ་རེད། འབྲུག་བོད་གཉིས་བསྡུར་ས་འགྲོ་ནི་མ་རེད། འབྲུག་ཡུལ་ནི་ས་རྒྱ་ཆུང་བ་དང་ཐོན་ཁུངས་ཉུང་བ་དང་། བོད་ཡུལ་ནི་ས་རྒྱ་ཆེ་བ་དང་ཐོན་ཁུངས་མང་པས་ཁྱིམ་མཚེས་རྒྱ་ནག་ནས་བཙན་འཛུལ་བྱས་པ་རེད། འབྲུག་ཡུལ་ལ་བཙན་འཛུལ་བྱེད་མཁན་མ་བྱུང་བས་ཁོ་ཚོ་ཞི་བདེར་བག་ཕེབས་ངང་གནས་ཐུབ་པ་རེད།

  17. མེ་ཏོག་དཀར་པོ། says:
    2012-05-06 at 6:07 am

    ག་རེ་མིག་བརྒྱད་པ་མིག་ཚ་གི་འདུག་གེ

    བོད་བོད་པས་མ་འཇོན་ནས་རྒྱ་ལག་ལ་ཤོར་བ་རེད། འབྲུག་པས་གནོད་སྐྱེལ་ཡོད་མ་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme