Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟླ་བཞི་བ་ཚེས་དུས།

Posted on 2012-05-01 By ཁ་བརྡ་ 4 Comments on ཟླ་བཞི་བ་ཚེས་དུས།

གཡུ་དྲུག་དཀར། རྡ་ས།

ཟླ་བཞི་བ་ཚེས་དུས། ཕ་ཡུལ་ལ་དབྱར་ཕ་མ་འདྲ་ཞིག་འཇབ་ནས་ཡོང་གིན་ཡོད་ཅིང་། སྐྱིད་མེ་ཏོག་འདྲ་ཞིག་འཛུམ་གྱིས་བཞད་དེ་ཡོང་གིན་ཡོད་པས། ངས་ནམ་ཡང་རང་གི་ཕ་ཡུལ་དེ་ཟླ་བཞི་བའི་ཕ་ཡུལ་ཡིན་ཆོག་ཨང་སྙམ་གྱིན་ཡོད་མོད།
ད་ལོར་ཟླ་བཞི་བ་ཚེས་དུས། ངས་ཕ་ཡུལ་གྱི་སྔོ་དྭངས་དྭངས་ཀྱི་ནམ་མཁའ་དྲན་གྱི་མེད། ངས་ཕ་ཡུལ་གྱི་ལྗང་ཐིང་ཐིང་གི་སྤང་ལྗོངས་དྲན་གྱིན་མེད། ངས་ཕ་ཡུལ་གྱི་ཁྲ་ཆིལ་ཆིལ་གྱི་མེ་ཏོག་དྲན་གྱིན་མེད་ལ། ངས་ཕ་ཡུལ་གྱི་སྙན་ལྷང་ལྷང་གི་ཁུ་བྱུག་ཀྱང་དྲན་གྱིན་མེད།
ཟླ་བཞི་བ་ཚེས་དུས། ངས་སོང་མ་ཐག་པའིོ་ཕ་ཡུལ་གྱི་དཔྱིད་ཀ་དེ་དྲན་ཞིང་། དཔྱིད་ཀའི་བར་བར་ནས་ཏང་ཤོག་གི་དར་ཆ་ལྷབ་ལྷབ་གཡོ་བའི་མདུན་ས་ནས། ཏང་མི་ཆེ་ཆེ་གྲགས་གྲགས་དག་གིས་ཕ་ཡུལ་གྱི་གྱོད་དོན་ལྟག་སྒོ་བརྒྱུད་ནས་བཤད་ཡོད་པ་དེ་དྲན་འོང་།
དེ་བས། ཏག་ཏག་ཟླ་བཞི་བ་ཚེས་དུས། ངས་ཏང་མི་སྐོར་ཞིག་གིས་ཁྲི་མཐོན་པོའི་སྟེང་ནས། ཟས་རོལ་བརྒྱའི་མདུན་ནས། རྒྱུ་ཚོ་པོར་བསྙེས་ཏེ། ངའི་ཡུལ་མི་ཉམ་ཆུང་ཚོ་ཕར་སྐོར་ཚུར་སྐོར་གྱིས་སླར་ཡང་ཕ་ཡུལ་གྱི་རྩ་ཐང་མར་ཁུ་འདྲ་བོའི་སྟེང་དུ། ནང་འཁྲུག་གི་གཡུལ་ས་ཞིག་བསྐྲུན་ཡོད་པ་དེ་དྲན་གྱིན་ཡོད།
འཇིག་ཡེ་རེར་སྣང་ལ་ངེས་པའི་ཟླ་བཞི་བའི་ཕ་ཡུལ་དྲན་ན། ངས་ཡུལ་མི་ཉམ་ཆུང་དག་གི་ཀི་སྒྲ་སིང་སིང་དེ་དགུང་ལ་མཆེད་ཀྱིན་པ་གོ་བཞིན་ཡོད། འུར་རྡོ་ཐོག་འདྲ་དེ་མགོ་ལ་སྐོར་བཞིན་པ་མཐོང་གིན་ཡོད། དདུང་ཁོང་ཚོའི་ལུས་ཀྱི་རྨ་ཁ་ས་དང་རྡོ་ལྟར་འགད་ཀྱིན་པ་ཚོར་གྱིན་ཡོད་ལ། སེམས་ཀྱི་ཞེ་སྡང་མེ་ལྕེ་བཞིན་ལིང་ལིང་དུ་འབར་བའང་མྱོང་གིན་ཡོད།
ཟླ་བཞི་བ་ཚེས་དུས། ཕ་ཡུལ་ལོས་དྲན་མོད། ཕ་ཡུལ་གྱི་གཞི་འཛིན་བྲང་ལ་སྦྱར་ན། སྣང་བ་སྐྱིད་ལེ་རེད་དེ། སེམས་པ་བདེ་རྒྱུ་ཞིག་ག་ནས།

རྩོམ་རིག

Post navigation

Previous Post: ༅༅།། ས་གཤིས་རིག་པའི་ཟིན་བྲིས་ཐོར་བུ། ༥༽
Next Post: རླུང་ཁྲོད་ཀྱི་མར་མེ།

Comments (4) on “ཟླ་བཞི་བ་ཚེས་དུས།”

  1. པདྨ་བསམ་གྲུབ། says:
    2012-05-01 at 5:41 am

    དེ་རིང་ནས་བཟུང་སློབ་གྲྭའི་དབྱར་གནང་ཡིན། ད་རྩོམ་ཡིག་ཕྲིས་དང་ངས་བལྟ་ངེས་ཡིན།
    ངའི་དྲན་ངོར་ཡོད་པའི་ཕ་ཡུལ་གྱི་རྣམ་པ་དེ་ད་ལྟ་ཕལ་ཆེར་ངའི་སྣང་ཡུལ་ན་མ་གཏོགས་མེད་པ་འདྲ། ཁྱེད་ཀྱིས་ཕ་ཡུལ་གྱི་འགྱུར་ལྡོག་གསར་པ་མིག་གིས་རིག་པ་མ་ཟད། ་་་་་་་་་

  2. Jampadhundup says:
    2012-05-01 at 8:38 am

    Hi

  3. ཐུབ་པ། says:
    2012-05-01 at 9:33 am

    མྱངས་ཟིན།
    ཕ་ཡུལ་ནི་ནམ་ཡང་སེམས་ལ་གནས་ཡོད

  4. བསེ་རུ། says:
    2012-05-01 at 11:49 am

    ཕ་ཡུལ་ནམ་ཡང་ཕ་ཡུལ་ཡིན་ནའང་། སྔར་གྱི་ཕ་ཡུལ་གྱི་ཁ་དབུགས་རྔུབ་འདོད་སུ་ལའང་ཡོད་ཀྱང་། འདི་ལྟར་གེགས་བར་གྱི་རླུང་འཚུབ་དང་། མནར་གཅོད་ཀྱི་དྲག་ཆར་ཁྲོད་ཡིད་འོང་གི་ཕ་ཡུལ་གྱི་ཡོད་ཚད་བཅོམ་ཟིན་པའི་སྣང་བ་ངང་གིས་ཤར་ཡོང་གི།

    ཕྱིར་དྲན་གྱི་ཁྲོད་ནས་སྨྱུག་རྩེ་དེ་རང་དབང་མེད་པར་བསྒྱུར་དགོས་བྱུང་བ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme